Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་གྲྭ་ཚོའང་མི་ཡིན།

Posted on 2012-07-10 By ཁ་བརྡ་ 27 Comments on བླ་གྲྭ་ཚོའང་མི་ཡིན།

སེར་ཤུལ་རིན་ཆེན་དོན་གྲུབ།

ཕྱི་ཚུལ་ཙམ་གྱིས་རིན་ཐང་གླེང་བ་ནི་རིན་ཐང་གི་ལྟ་ཚུལ་དང་རིན་ཐང་གླེང་ཚུལ་ཡང་དག་པ་ཞིག་མིན། རིན་ཐང་གླེང་བའི་བརྒྱུད་རིམ་གྱི་ཁྲོད་དུ་ངེས་པར་དུ་ཤེས་དགོས་པ་ཞིག་ནི་གང་ཞིག་གི་རིན་ཐང་དང་དགེ་སྐྱོན་སོ་སོར་ལེགས་འབྱེད་ཐུབ་དགོས་པ་དེ་ཡིན། རིན་ཐང་གི་ལྟ་ཚུལ་ནི་མི་རེ་རེའི་དཔྱོད་ཤེས་ཀྱི་ནུས་ཤུགས་དང་འབྲེལ་བའི་ཐོག་ནས་ཅི་རིགས་ཡོང་སྲིད་ཀྱང་། སྤྱི་ཚོགས་དང་། མི་རིགས་ཀྱི་དགོས་མཁོའི་ཕྱོགས་སུ་བསྙེག་པའི་ལེགས་བྱས་ནི་རིན་ཐང་ལྟ་བུའི་ཁ་ཕྱོགས་ཀྱི་དམིགས་འབེན་ཡང་དག་པ་ཞིག་ཡིན་དགོས། རིན་ཐང་གི་ལྟ་ཚུལ་འདི་འདྲ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་བལྟས་ན་བླ་མ་དང་གྲྭ་བ་ཚོར་བོད་ཀྱི་སྤྱི་ཚོགས་ཀྱི་དགེ་མཚན་ངོས་ནས་མཛད་རྗེས་ཆེན་པོ་ཡོད། ད་སྐབས་བོད་མི་རིགས་ལ་ངོམ་དུ་འོས་པ་དང་སྤོབས་པར་འོས་པའི་དགེ་མཚན་གྱི་ཕྱོགས་ཡང་དག་པ་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་མཚོན་རྟགས་དང་དཔུང་གཉེན་དམ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རིགས་ཀྱི་རྒྱུད་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་དང་ཀུན་སྤྱོད་དག་ཡིན། དེ་མིན་གྱི་ལེགས་ཕྱོགས་དང་དགེ་མཚན་གྱི་ཆ་ཡོད་ངེས་ཀྱང་གོ་ལ་ཧྲིལ་བོའི་མི་མང་དང་ཤེས་ལྡན་པའི་སེམས་ནང་གི་འོད་ཐིགས་ནི་འདི་ཙམ་ཡིན་པ་འདྲ། རྒྱུ་མཚན་ནི་ད་བར་དུ་སུས་ཀྱང་བོད་མི་རིགས་ལ་དཔལ་འབྱོར་ཀྱི་ཆ་དང་། རྣམ་པའི་ཆ། གཟུགས་སྟོབས་ཀྱི་ཆ། དེང་དུས་ཤེས་ཡོན་གྱི་ཆ། ཚན་རིག་ལག་རྩལ་གྱི་ཆ་སོགས་ནས་བསྔགས་པ་ཐོབ་མ་མྱོང་ལ་འདི་དག་གི་ཆ་ནས་འཛམ་གླིང་གི་སྡིངས་ཆར་སྐད་གྲགས་ཆོད་པའི་བོད་མི་ཆེས་ཉུང་ཉུང་ཡིན། གླིང་འདིའི་གོ་ལ་ཧྲིལ་བོའི་མི་མང་གིས་ཆེས་མཆོག་ཏུ་བཀུར་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ནང་ཆོས་དང་གང་གི་དགེ་རྒན་དམ་པ་བླ་གྲྭ་སོགས་ཀྱི་བྱིན་མཐུ་ལས་བྱུང་བ་ཡིན་ལ་འཛམ་གླིང་ན་སྐད་གྲགས་ཆོད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱང་བོད་ཀྱི་ནང་ཆོས་ཀྱི་བསླབ་བྱ་ལས་བྱུང་ཞིང་དེ་ཡང་ཕར་དེད་ན་ཆོས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་དང་ཉམས་བཞེས་ཅན་གྱི་སྐྱེས་བུ་དམ་པ་ཚོར་ཐུག་ཡོད། དེ་འདྲའི་སྐྱེས་བུ་དེ་དག་ཀྱང་ཕལ་ཆེ་བ་གྲྭ་བ་དང་བླ་མ་ཡིན། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་ཆོས་ཀྱིས་ཆབ་སྲིད་བརླགས་སོང་བར་བསམ་མཁན་དང་སྒྲོག་མཁན་ཡོད་ཀྱང་དེང་སྐབས་རང་ལུས་མེ་རུ་བསྒྲོན་ཏེ་འཛམ་གླིང་ཐོག་ངོ་མཚར་བའི་སྙིང་སྟོབས་ཀྱི་གསར་གཏོད་མཁན་པོ་དེ་དག་ཀྱང་ཆོས་ཀྱི་བྱིན་རླབས་དང་དད་པའི་སྟོབས་ཤུགས་ཀྱིས་གྱེན་དུ་ལངས་ཏེ་མདུན་དུ་ཐོན་བཞིན་འདུག་སྟེ་ཁོང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོར་དད་གུས་དང་ཁོང་ཉིད་ཕྱིར་བོད་ཀྱི་ཕེབས་པའི་རེ་སྒུག། བོད་མི་རིགས་ཀྱི་རང་དབང་བདེ་སྐྱིད་བཅས་ཀྱི་ཆེད་དུ་ལས་གཞི་འདི་ལྟར་རྩོམ་བཞིན་ཡོད་པ་ཁོང་ཚོའི་ཁ་ཆེམས་དག་ལས་ཤེས་ཐུབ། དེས་ན་རང་སྲོག་མེ་རུ་སྦར་བའི་མི་རིགས་ཀྱི་འཐབ་རྩོད་ནང་དུའང་ནང་ཆོས་ཀྱི་ནུས་ཤུགས་ཡོད་ལ་བླ་གྲྭའི་འཇོན་ནུས་ཀྱང་ཡོད་པ་གསལ་བོ་ཡིན། ད་དུང་རིག་གཞུང་སྲུང་སྐྱོབ་དང་། མི་རིགས་ལེགས་སྐྱེད་སོགས་ཀྱི་ལས་གཞི་གང་དུ་ཡང་བླ་མ་དང་གྲྭ་བའི་ནུས་ཤུགས་ཀྱིས་ཁྱབ་ཡོད་པ་བསྙོན་དུ་མེད། འདི་ཚོ་ནི་ཤེས་དགོས་པའི་གནད་དོན་ཡིན། ངས་འདིར་བརྗོད་བསམ་པ་ནི་བླ་གྲྭ་ཡོད་ཚད་མཆོག་ཏུ་བསྒྲུབ་བསམ་པ་མིན་ལ་ཐོབ་ཐང་རྩོད་ལེན་གྱི་དར་ཆ་འཕྱར་འདོད་པའང་དེ་བས་མིན། གང་ཡིན་ན་ཅི་ཞིག་གླེང་ཡང་ལེགས་ཉེས་འབྱེད་པའི་བློ་མིག་གིས་བལྟས་ཤིང་གླེང་དགོས་པའི་འབོད་སྒྲ་ཙམ་བསྒྲག་ཆེད་ཡིན། བླ་གྲྭ་བྱེ་བྲག་པ་རེའི་སྡིག་ཉེས་ཀྱིས་འོད་ཟེར་ཡོད་ཚད་མུན་དོང་དུ་གཡུག་རྐྱང་མི་བྱེད་པའི་ཆེད་དུ་ཡིན། དེང་རབས་སྤྱི་ཚོགས་ནང་དུ་ཁ་ཡོད་ལག་ཡོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ཆའི་རིགས་དང་། དེ་བཞིན་ཟ་ཆས་རིགས་སོགས་གང་ལྟར་དུས་ཀྱི་འཚོ་བའི་དགོས་མཁོ་ཆེ་ཞིང་དམིགས་བསལ་གནས་བབ་ཀྱི་ངོས་ནས་དགག་བྱ་མེད་པའི་ཅ་དངོས་རིགས་ལ་ཁྱེད་ཅག་གིས་ཅི་དགར་བེད་སྤྱོད་གཏོང་བཞིན་དུ་བླ་གྲྭ་ཚོས་དེ་དག་ལ་ལག་པ་འཆང་སྐབས་མིག་ལྡིར་ལྡིར་དང་། ཁ་གསེག་གསེག་གིས་སྡིག་ཉེས་སུ་བགྲང་བཞིན་པ་ནི་དོན་དངོས་ཐོག་བླ་གྲྭ་ཚོ་མི་གྲལ་ནས་འབུད་རྩིས་བྱེད་པ་དང་མཚུངས་པས་དེ་ནི་དྲང་པོའི་ལྡོག་ཕྱོགས་སུ་ཕྱིན་པ་འབའ་ཞིག་གོ། དེའི་ཕྱིར་ངས་བླ་གྲྭ་ཚོའང་མི་ཡིན་ཞེས་པའི་དྲན་སྐུལ་འདི་ཁྱེད་ཅག་ལ་ཕུལ་བ་ཡིན། ༡༠༡༢/༦/༢༦

སྣ་ཚོགས།

Post navigation

Previous Post: ༄༅། ། མ་ཧཱ་པཎྜི་ཏ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བསྟོད་པ་དད་ལྡན་ཁྱེའུའི་སྨོན་པ་ཞེས་བྱ་བ་བཞུགས་སོ།
Next Post: གངས་ལྗོངས་སྐྱོབ་པའི་དཔའ་བོ་རྒྱལ་གྱུར་ཅིག

Comments (27) on “བླ་གྲྭ་ཚོའང་མི་ཡིན།”

  1. ཨོ་རྒྱན་ཉི་མ། says:
    2012-07-10 at 5:22 am

    འདུལ་ལུང་སྡེ་བཞི་དང་། མདོ་རྩ་དང་། དེའི་དགོངས་འགྲེལ་ལ་ལེགས་པར་གཟིགས་ཤིག ངོ་མ་བླ་རྒན་འཁྲུལ་འདུག མི་རིང་བར་ངའི་རྗེས་སུ་བསླེབ་ངེས་རེད། ཧཧཧཧཧཧཧཧཧཧཧ

  2. མངའ་རིས་ཕྲིན་ལས། says:
    2012-07-10 at 6:10 am

    སེར་ཤུལ་རིན་ཆེན་ལགས་ཀྱི་དཔྱད་གཏམ་བདེན་ལ་སྣང་བར་འགྲོ་ཞིང་མང་ཉུང་རན་པ་ཞིག་བྲིས་འདུག་དགའ་བསུ་དང་རྒྱབ་སྐྱོར་ཡོད།

  3. རིག་པའི་བུ says:
    2012-07-10 at 6:14 am

    གྲྭ་བ་མི་ཡིན་ཡང་བླ་མའམ་སྤྲུལ་སྐུ་ཚོ་མི་མིན། གྲྭ་བ་དང་མང་ཚོགས་རང་གི་ཁེ་ཕན་ཆེད་བེད་སྤྱ྄ོད་བྱེད་མཁན་གྱི་ལག་དམར་པ་ཡིན། འདིས་བོད་མི་རིགས་ཀྱི་མི་འབོར་ཉུང་དུ་བཏང་ཞིང་རང་མཚན་དང་གོ་གནས་ཆེད་ག་ས་གང་ནས་སྦྱིན་བདག་བཙལ་ཞིང་། ཕྱི་ཁ་ནང་འདྲེན་བྱས་བས་བོད་མི་རིགས་འདི་ཉམས་པས་ཉེས་བ་འདང་ཐབས་མེད། ཕྲན་ཡང་དེ་སྔོན་བླ་སྤྲུལ་ཚོས་ལག་ཆ་བེད་སྤྱོད་བཏང་ཡང་གོ་རྟོགས་སེལ་ཁོང་ཚོས་ཁ་ལ་མ་ཉན་པས་དངའ་བོ་བྱེད་ཀྱི་མི་འདུག མ་དགའ་ན་ཡག་པོ་རེད། བླ་སྤྲུལ་ཡི་བྲན་གཡོག་བྱེད་འདོད་མེད།

  4. རིག་པའི་བུ says:
    2012-07-10 at 6:17 am

    གྲྭ་བ་མི་ཡིན་ཡང་བླ་མའམ་སྤྲུལ་སྐུ་ཚོ་མི་མིན། གྲྭ་བ་དང་མང་ཚོགས་རང་གི་ཁེ་ཕན་ཆེད་བེད་སྤྱ྄ོད་བྱེད་མཁན་གྱི་ལག་དམར་པ་ཡིན། འདིས་བོད་མི་རིགས་ཀྱི་མི་འབོར་ཉུང་དུ་བཏང་ཞིང་རང་མཚན་དང་གོ་གནས་ཆེད་ག་ས་གང་ནས་སྦྱིན་བདག་བཙལ་ཞིང་། ཕྱི་ཁ་ནང་འདྲེན་བྱས་བས་བོད་མི་རིགས་འདི་ཉམས་པས་ཉེས་བ་འདག་ཐབས་མེད། ཕྲན་ཡང་དེ་སྔོན་བླ་སྤྲུལ་ཚོས་ལག་ཆ་བེད་སྤྱོད་བཏང་ཡང་གོ་རྟོགས་སེལ་རྗེས། ཁོང་ཚོས་ཁ་ལ་མ་ཉན་པས་དགའ་བོ་བྱེད་ཀྱི་མི་འདུག མ་དགའ་ན་ཡག་པོ་རེད། ད་ནི་ཡང་སྐྱར་བླ་སྤྲུལ་ཡི་བྲན་གཡོག་བྱེད་འདོད་མེད།

  5. མེ་ཏོག་དཀར་པོ། says:
    2012-07-10 at 7:44 am

    སྤྲུལ་སྐུ་ཟེར་དུས་བྱིས་པའི་སྐབས་ནས་དམིགས་བསལ་གྱི་ཁེ་སང་ཤ་སྟག་བླངས། ཅུང་ནར་སོན་པ་འཁྲིག་སྲེག་ལ་ཤིན་ཏུ་མྱོས་པར་གྱུར། ནར་སོན་པ་ན་འཇིག་རྟེན་གྱི་ཕ་གཞིས་སྐྱོང་ནས་བྱིས་པ་བཅུ་ནས་བརྒྱ་ཕྲག་གི་བར་གྱི་འདུན་ལམ་གཏན་མེད་དུ་བཟོས་ཏེ་བླུན་པོ་ཁྱུ་གཅིག་བཟོས། དེ་དག་ཚེ་གཡོག་ཏུ་ཉར། རེ་གཉིས་གཉིད་ལས་སད་ནས་སློབ་སྦྱོར་སྐོར་བཤད་ན་ང་རྒྱལ་ཆེན་པོ་ཆགས་གི་རེད། ཁ་བདེ་པོ་ཙམ་མ་གཏོགས་ཆོ་མེད་རབས་བཤད། འཁོར་བཅལ་སྙིང་པོ་མེད་རབས་བཤད། ཡང་ཁ་གཅིག་གིས་ཕྱི་རྒྱལ་སོགས་འགྲོ་འདུན་གླེང་བ་ན། དེར་དཀའ་ངལ་ཤིན་ཏུ་ཆེ་རབས། དཔེ་ཤ་ཡོད་ནའང་དེས་ཕན་པ་ལས་གནོད་པ་ཆེ་རབས་བཤད། བྱུང་ན་མཚམས་སྡོད་ཟེར། དེ་ནི་མཚམས་འདྲ་སྡོད་ན་གནས་སྐབས་ཁོས་གར་བཤད་ཉན་གི་ཡོད་པ་ལས་དེས་དོ་བདག་ལ་ཕན་པའི་ཆེད་ག་ལ་ཡིན། སྤྲུལ་སྐུ་ཟེར་མཁན་དེ་ཚོ་གཉའ་གནོན་ཤུ་གཞོག སྤྱི་ཚོགས་ཀྱི་ཁུར་པོ། སངས་རྒྱས་བསྟན་པ་དང་འགལ་བ། སྤྱི་ཚོགས་འགྲོ་སྟངས་དང་མི་མཐུན་པ་ཤ་སྟག་རེད། སྤྲུལ་སྐུ་དེ་ཚོ་རེ་རེ་འཐབ་འཛིང་གཏོང་འོས། ཡང་ཁ་ཤས་ཀྱིས་འོ་ན་༧གོང་ས་མཆོག་ཀྱང་སྤྲུལ་སྐུའོ་སྙམ་ན། ༧གོང་ས་མཆོག་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གྱིས་དད་པ་དང་གུས་པ་ག་ལ་ཡིན། ཁོང་གིས་ཆུང་ནས་ད་ལྟའི་བར་མི་ལོ་ ༦༠ ལྷག་ལ་ག་རེ་གནང་འདུག དེས་ནའོ།། ལར་ནས་མི་ལ་རྡོ་རྗེ་རྒྱལ་མཚན་གྱིས། སྤྲུལ་སྐུར་ལྟ་ན་ལོག་ལྟ་ཡིན། གསུངས་པའང་སྣང་ལགས་སོ།།

  6. མེ་ཏོག་དཀར་པོ། says:
    2012-07-10 at 8:18 am

    འདིའི་རིགས་རྙིང་མ་དང་བཀའ་རྒྱུད་པའི་ནང་མང་། དགོན་པ་ཆེ་མ་ཆུང་དགོན་བདག་གི་ཁྱིམ་ཚང་འདྲ་པོ། དགོན་པ་འདྲ་པོ། སྙིང་པོ་ཡོད་མ་རེད་ཟེར། བུ་མོ་ཡོད་ཚད་རྒྱོ། རྒྱུ་ཁབ་ཡན་ཆད་གསོག་ཅི་ཐུབ་བྱེད། སྣུམ་འཁོར་འབུམ་ཉི་ཤུ་སུམ་ཅུའི་རིན་ཐང་ཅན་སྤྱོད། གྲྭ་ཆུང་ཚོའི་རྐང་པར་སྒོར་ ༤༠ ཅན་གྱི་ཅ་པ་ལི་ཡང་མེད། ཡིན་ནའང་ངོ་མི་ཚ། ངོ་ཚ་ཟེར་མཁན་དེ་ཉོན་སྒྲིབ་རེད། སྤྲུལ་སྐུར་ངོས་འཛིན་པ་དང་སྤོང་བ་དུས་མཉམ་རེད། ཉམ་ཆུང་ཚོར་ཡ་མི་བྱེད། ཕྱུག་པོའི་ཁཅཔར་གཏོང་ཐེངས་གཅིག་ལ་དགའ་ཞིང་ལས་ལ་འཇུག
    ད་འདི་ཚོ་མི་རེད་དམ།

  7. Gonpo says:
    2012-07-10 at 10:27 am

    དགེ་ལུགས་ཚོའི་སྤྲུལ་སྐུ་རྒྱ་ཆ་བདུན་བཅུ་ཅོ་རྡོ་རྗེས་ངོས་འཛིན་བྱས་བ་ཡིན་འདུག
    དེང་སང་རིག་ལམ་དགེ་བཤེས་བློ་བཟང་ཡན་མཁན་སྤྲུལ་དགེ་བཤེས་སྤྲུལ་སྐུ་ཟེ་ཡག་འདི་ཚོ་ངོ་མ་ཡག་པོ་བསམ་བློ་གཏོང་དགོས་བ་འདྲ།

  8. མེ་ཏོག་དཀར་པོ། says:
    2012-07-10 at 11:30 am

    དགེ་ལུགས་པའི་སྤྲུལ་སྐུ་ནི་ཤོག་དྲིལ་འཕེན་ནས་སྒྲུག་གི་རེད། དེ་བྱ་ཁྱི་ཕག་གསུམ་ནང་འཕང་ནའང་དེའི་ནང་གཅིག་སྤྲུལ་སྐུ་ཡིན་ཡིན་པ་རེད། ཧ་ཧ་ཧ་

  9. བདེ་བ་ says:
    2012-07-10 at 12:07 pm

    དངོས་གནས་དགེ་ལུགས་པའི་སྤྲུལ་སྐུ་དེ་ཚོ་ཕལ་ཆེར་ཆབ་སྲིད་ཀྱི་སྤྲུལ་སྐུ་ཤ་སྟག་རེད། དེ་ལས་ང་ཚོ་བཀའ་རྙིང་གཉིས་ཀྱི་སྤྲུལ་སྐུ་ཚོ་ཨོ་ཙི་རེད། སེར་འབྲས་དགའ་གསུམ་ལ་ལྟོས་དང་དགེ་ལུགས་པ་རང་གིས་སྤྲུལ་སྐུའི་མཚན་ཉིད་ག་རེ་བཞག་འདུག དེ་འུ་ཐུག་ནས་བཤད་པ་རེད་མ་གཏོགས་གཞན་ག་རེ་ཧ་ཧཧ་་ཧ་་
    རིན་དོན་ཁོ་རང་ལ་སྤྲུལ་སྐུ་སྦྱི་བདག་ཡོད་འགྲོ་ཁག་མེད་་་་་་་་་་་་་་་་་་་་་་་་་་་

  10. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-10 at 2:10 pm

    རིན་ཆེན་ལགས་ནས་ཡག་པོ་བྲིས་གནང་འདུག དྲྭ་གྲོགས་ཚོ་སྤྱི་སྟངས་ནས་བསྟན་པ་སྤྱི་མཚན་དང་། གང་ཟག་སྒེར་མཚན་ཟེར་བ་ཞིག་ཡོད་པ་མ་རེད་དམ། ཡིན་ན་ཡང་ཤེས་རབ་ཀྱི་བློ་མིག་ལྡན་པའི་བགྲོ་གླེང་ལྷུག་པོ་གནང་རོགས།

  11. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-10 at 2:24 pm

    དགོང་དག་ངག་དབང་སྟོབས་ལྡན་ནས་༼ནས ༽གཉིས་པ་དེ་བསུབ་རོགས།

  12. ཐུབ་བསྟན says:
    2012-07-10 at 3:33 pm

    ཁར་སང་རྒྱལ་བ་རིན་པོ་ཆེ་འཁྲུངས་སྐར་དུས་ཆེན་སྐབས་ཡོ་རོབ་རྒྱལ་ཁབ་belgiumནང་དགེ་ལུགས་གྲ་བ་དེ་ཚོ་དང་པོ་གར་འཆམ་རྒྱབ་ཞལ་འདོན་གསུང་དེ་རྗེས་གྲ་ཆས་ཕུད་ནས་བྲོ་འཁྲབ་དེ་རྗེས་གྲ་ཆས་བསྣམས་ནས་ཨུ་ཚུགས་རྒྱབ་ནས་ཞལ་འདེབས་སློང་བ་སོགས་རི་བོའི་དགེ་ལྡན་པས་ནང་བསྟན་ལ་ཕན་པའི་ཕྱག་ལས་མང་པོ་གནང་སོང་།ད་དུང་དེ་འདྲ་ཕྱག་ལས་མུ་འཐུད་གནང་ན་ནང་བསྟན་རྩ་མེད་བཟོ་ས་རེད།དག་པའི་ཞིང་ཁམས་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བཞད་མོ་བཞད་ཆེ་དྲག་ནས་སྤྱན་ཆབ་སིལ་བཞིན་བཞུགས་ཡོད་འགྲོ།

  13. མེ་ཏོག་དཀར་པོ། says:
    2012-07-10 at 9:17 pm

    སེར་བྱེས་ངག་དབང་སྟོབས་ལྡན་གྱིས་གང་གསུངས་པ་དེ་ལེགས་སོ།།

  14. འདྲེ་རྐང་ཐོ། says:
    2012-07-10 at 9:25 pm

    རྒྱལ་བ་ཙོང་ཁ་པ་ལ། །
    ཉེ་རིང་ཕྱོགས་ཞེན་མེད་ཀྱང་། །
    རང་གི་སློབ་མ་དག་ལ། །
    ཞེན་པ་སྔ་ནས་ལོག་ཡོད། །

  15. བདེ་བ་ says:
    2012-07-10 at 10:26 pm

    རྒྱལ་བ་ཙོང་ཁ་པ་ཡི།།
    རྨད་བྱུང་མཛད་པའི་རྣམ་ཐར།།
    འཛམ་གླིང་ཁོར་མོ་ཡུག་ཏུ།།
    སྙན་གྲགས་ས་གྲགས་གནམ་གྲགས།།

    དེང་དུས་རྗེས་འཛིན་ཕལ་གྱིས།།
    ཆོས་དང་ཆབ་སྲིད་འདྲེས་མས།།
    ཐུབ་པའི་བསྟན་པ་བཙོང་ནས།
    ཞབས་འདྲེན་ཕུ་བཞག་མདའ་བཞག །
    སྐྱོ་བ་ལ།

  16. ལུང་རྟོགས། says:
    2012-07-10 at 11:17 pm

    རིན་ཆེན་དོན་འགྲུབ་ལགས་ནས་ཡག་པོ་གསུང་འདུག

  17. ལུང་རྟོགས། says:
    2012-07-10 at 11:23 pm

    གྲྭ་བཙུན་རྣམས་ནི་སྤྲུལ་སྐུ་དག་ལ་སྡང་།།
    སྐྱ་བོ་རྣམས་ནི་གྲྭ་བཙུན་དག་ལ་སྡང་།།
    འདོར་ན་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར།།
    ཆགས་སྡང་བློ་ཡིས་མ་བཅོམ་སུ་ཞིག་ཡོད།།

  18. སྣྲོན་ངག་ཁྲི། says:
    2012-07-11 at 1:34 am

    ཁ་སང་ངས་མཆན་མང་པོ་ཞིག་འདིར་རྒྱབ་ཀྱང་ཕལ་ཆེར་གློག་གི་རིག་མཛོད་ཡོ་ཆས་འདི་ལ་ཡིད་བརྟན་མི་འདུག་པས་ཚང་མ་ཟུབ་ཚར་འདུག་པས་དེ་ནས་ཉོབ་སོང་བས། ཡང་བསྐྱར་འདྲི་བའི་ངལ་བ་མ་བསྟེན་པར་བཏང་སྙོམས་སུ་བཞག་པ་ཡིན།

    ད་ཆ་རྣམ་པ་ཚོར་བཀའ་འདྲི་ཞུ་ཡས་གཞན་ཞིག་ནི།། སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་གྱིས་དགེ་ཚུལ་སློང་ཀུན་ལ་ཉེ་རིང་མེད་པར་རང་རང་གི་ཁྲིམས་སྣ་ཚོགས་ཤིག་བཅས་གནང་བ་དཔེར་ན་གསེར་ལ་བཟུང་བར་མི་བྱའོ། ཕྱི་དྲོའི་ཁ་ཟས་ཟ་མི་བྱ།། ཞེས་སོགས་ཉི་བརྒྱ་ལྔ་བཅུུ་རྩ་གསུམ་དང་། གསུམ་བརྒྱ་དྲུག་ཅུ། བླང་འདས་སོ་དྲུག་སོགས་བཅས་པ་གནང་བ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་ཡིན་ནམ།
    ཡང་ན། དེང་སང་ཁྱེད་རྣམ་པ་དུས་རབ་ཉེར་གཅིག་པར་རྟོགས་པ་དམིགས་གསལ་ཅན་
    ཤ་སྟགས་ཡིན་པས་རེད་དམ། སྟོན་པ་སངས་རྒྱས་ཀྱིས་དེ་ལྟར་དགག་བྱ་གནང་དགོས་དོན་གང་ཡིན་ནམ།
    དགག་བྱ་དང་དགོས་པ་ཁྱད་པར་ཅན་གང་གང་ཡོད་དམ།
    དགེ་སློང་ཕ་མས་གསེར་ལ་བཟུང་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།
    དགག་བྱ་ག་རེ་རེདདམ།
    ཁྱེད་རྣམ་པས་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྐོར་གྱི་ཁ་མཆུ་རྒྱག་གི་ཡོད་དམ།
    ཞར་དུ་སེར་བྱེས་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་ཀྱིས་ཡག་པོ་གསུངས་འདུག་ཀྱང་ཡི་གེ་ཁ་ཤས་ནོར་འདུག་པ་ནི། སྤྱི་སྟངས་མ་རེད་སྤྱིར་བཏང་རེད།ཁྱེད་ཀྱི་གསུངས་པ་དེ་ཁ་སྐད་ཀྱི་སྒྲ་ཐད་ཀར་བྲིས་པའི་སྐྱོན་རེད་སྙམ།
    གཞན་ཡང་གང་ཟག་སྒེར་མཚན་མ་རེད་སྒོས་མཚན་རེད་སྙམ། སྒེར་མཚན་ཞེས་གོ་རྒྱུ་ཡོད་ཀྱང་ནམ་རྒྱུན་འབྲི་སྟངས་དེ་མ་རེད། གདམ་ང་ཅན་ཡིན་ན་ངས་མི་ཤེས།
    མཆན་ཞབས་པ་འགའ་ཞིག་གིས་བླ་མ་དང་སྤྲིལ་སྐུར་བཀུར་རྒྱུག་པ་ལེབ་རྡུང་གིས་
    བཀུར་བ་མང་པོ་བཏབ་འདུག་ཀྱང་དེ་དག་ནི་རང་གི་ནང་རྫས་དེ་ཉིད་ཕྱི་ལ་བཀྲམ་ཐུབ་
    ཙམ་མ་གཏོགས་གཞན་ཕན་ཐོག་མེད་པ་མ་ཟད་ཁྱེད་རང་ཉིད་ལ་དམའ་འབེབས་བཏང་བའང་ཡིན་ཏེ། རྒྱའི་ཁ་རྒྱུན་དུ་མགོ་སྐོར་ལན་གཅིག་ཐེབ་པ་ནི་གཞན་གྱི་སྐྱོན་ཡིན་དུ་ཆུག་ཀྱང་
    ལན་མང་པོ་མགོ་སྐོར་ཐེབ་ཡོད་པ་དང་ཚེ་གང་མགོ་སྐོར་ཐེབ་ཡོད་ན་ཁྱེད་རང་
    གཅིག་པུའི་ནོར་འཁྲུལ་རེད། ཅེས་ཟེར་བ་བདེན་པ་རེད་ལ་རྒྱུ་མཚན་ཤིན་ཏུ་ཆེ། དེ་ལ་བསམ་བློ་ཐོང་།།

  19. ལུང་རྟོགས། says:
    2012-07-11 at 3:02 am

    སྡོམ་པ་ལེན་མཁན་གྱི་གང་ཟག་ཞིག་ཡིན་ན་ངེས་པར་དུ་འཁོར་བ་ལ་ངེས་འབྱུང་དགོས་ཤིང་། ངེས་འབྱུང་གི་བློ་མེད་ན་སྡོམ་པ་མི་སྐྱེ་བ་རེད། དེས་ན་དེང་གི་དུས་སུ་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་སྡོམ་པ་ཞུ་མཁན་ཇི་ཙམ་ཡོད་ན། ངས་བལྟས་ན་ཉིན་སྐར་ལྟ་བུ་ཡིན་རྒྱུ་རེད་སྙམས། བསྟོན་པ་ཐུགས་རྗེ་ཅན་གྱིས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་གསུང་པ་དེ་རྣམས་ཀྱང་ངེས་འབྱུང་ཅན་གྱི་གང་ཟག་དེ་དག་ཐར་པ་ཐོབ་པའི་ཆེད་དུ་ཡིན་པ་ལས་བཙན་ཁྲིམས་ལྟ་བུ་ཞིག་མིན་ན་ཡང་། ཕྱིས་སུ་བོད་ནང་ལ་ལམ་ལུགས་སྲོལ་ལྟ་བུ་ཞིག་ཆགས་ནས་ཕྲུ་གུ་ཆུང་ཆུང་བསམ་མེད་དུས་ནས་དགོན་པར་སྐྱེལ་བ་དང་། འགའ་ཞིག་འདོད་པ་མེད་བཞིན་དུ་ཕ་མ་སོགས་ཀྱི་བཀས་གྲྭ་པ་བྱེད་བཅུག་པ་སོགས་འདི་དག་ལ་འདུལ་བ་ནས་གསུང་པ་ལྟར་བྱས་ན་སྡོམ་པ་སྐྱེ་རྒྱུ་ཡང་ཁག་པོ་རེད། འདི་ལྟར་བསམ་ན་དངོས་གནས་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་ཇི་ཙམ་ཡོད་ན།

  20. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-11 at 8:05 am

    གུས་པ་ནི་དྲྭ་ཐོག་ཏུ་ཡོང་བ་དང་པོ་ཡིན་པས་ཡིག་ནོར་དང་བཏགས་ནོར་མང་པོ་ཡོང་བཞིན་འདུག་ན་བོད་ཀྱི་སྐད་ཡིག་ལ་དུངས་བ་ཟབ་པའི་དྲྭ་གྲོགས་ཡོངས་ཀྱིས་དགོང་ཚུལ་དང་སློབ་སྟོན་གནང་བར་བཀའ་དྲིན་ཤུན་ཏུ་ཆེ། གང་དུ་དྲྭ་གྲོགས་སྣྲོན་ངག་ཁྲི་ནས་གུས་ལ་དགེ་བཤེས་གསུང་འདུག་ན་ད་ཆར་གུས་ནི་དགེ་བཤེས་གཏོང་ཡ་ལོ་ཁ་ཤས་ལུས་ཡོད་གསལ་བཤད་དང་འབྲེལ་གང་དུ་དྲྭ་གྲོགས་འགའ་ཞིག་གིས་བཀའ་བརྒྱུད་དང་ས་སྐྱ་རྙིང་མ་དགེ་ལུགས་སོགས་ཆོས་བརྒྱུད་སྤྱི་བའི་མིང་ནས་སྨོས་ཏེ་སྐྱོན་བརྗོད་དང་ཟུར་ཟ་གནང་བཞིན་འདུག་ན་དེ་ནི་ཤུན་ཏུ་མི་འོས་པ་མཐོང་། གང་ཞེ་ན་སྤྱི་ཡི་ཆར་ནས་ཐམས་ཅད་རྒྱ་གར་འཕགས་པའི་ཡུལ་ནས་ཡང་དག་པའི་བརྒྱུད་པའི་ཚད་མ་དང་ལྡན་པས་སོ། དེ་ཙམ་མ་ཟད་ཆོས་ལུགས་མཐུན་ལམ་སོགས་ལ་ཡང་གནོད་པ་དུ་མ་མཐོང་ངོ་།
    རྗེས་སུ་རིམ་གྱིས་ཞུ་ཆོག

  21. མེ་ཏོག་དཀར་པོ། says:
    2012-07-11 at 9:55 am

    ངག་དབང་སྟོབས་ལྡན་ལགས། འདིར་ཕེབས་པ་གསར་པ་ཡིན་པས་རེད། བཞུགས་གིས་གནང་ད། ཁྲེབ་ཏོ། ཆགས་གི་རེད། ལྟོས་ཨ།

  22. མེ་ཏོག་དཀར་པོ། says:
    2012-07-11 at 10:38 am

    ལུང་རྟོགས་ལགས། འདི་དགོན་པ་མ་རེད་ད། ནང་ཆོས་སློབ་གི་ཡོད་པའི་བཟོ་འདུག མ་ཚད་སྡོམ་པ་ཟེེར་བ་འདི་དགོས་ཡ་ག་རེ་ཡོད་རེད། དགོས་ན་སྒེར་ལ་དགོས་རྒྱུ་ཡིན་དྲོ།

  23. ལྷ་སྲས་ཐ་ཆུང་། says:
    2012-07-12 at 4:59 am

    གོང་དུ་སེར་ཤུལ་རིན་ཆེན་དོན་འགྲུབ་ཀྱིས་བཤད་པ་བདེན་པ་རེད། ༧ གོང་ས་མཆོག་གིས་ཀྱང་དུས་རྒྱུན་དུ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་ཡང་ཡང་གསུངས་པས་ན་ང་ཚོའི་བོད་ཀྱི་བླ་གྲྭ་རྣམས་ཀྱིས་ཀྱང་མི་ཞིག་ཡིན་པའི་ཆ་ནས་དུས་རབས་ཀྱི་འགྲོས་དང་བསྟུན་རྒྱུ་དེ་ཤིན་ཏུ་གལ་ཆེ། འོན་ཀྱང་། དུས་རབས་དང་བསྟུན་རྒྱུ་དེ་ཡང་ནུབ་ཕྱོགས་པ་རྣམས་ཀྱིས་ཁྲིམས་མེད་ལུགས་མེད་ཀྱི་ལས་ཀ་བྱེད་པ་ནང་བཞིན་མ་ཡིན་པར་རང་གི་རྣམ་དཔྱོད་ཀྱིས་ལེགས་པར་བརྟག་སྟེ་སེམས་ཅན་གྱི་དོན་བྱེད་རྒྱུ་དེ་གལ་ཆེའོ།
    དྲྭ་གྲོགས་རྣམས་ཀྱིས་མཆན་བུ་བཀོད་པའི་ཚེ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རས་དབང་དུ་མ་སོང་བར་བོད་ཀྱི་རིག་གཞུང་ཐོག་ལ་བགྲོ་གླེང་བྱས་ན་རང་གཞན་གཉིས་ཀར་ཕན་ཐོག་པར་སྙམ།

  24. ལྷ་སྲས་ཐ་ཆུང་། says:
    2012-07-12 at 5:09 am

    དྲྭ་གྲོགས་ཁ་ཤས་ཀྱིས་ས་སྟོང་འདི་བརྒྱུད་ནས་ཆོལ་ཁ་ཆོས་ལུགས་དང་གཞུང་སྒེར་སོགས་ཀྱི་དགེ་སྐྱོན་ལ་བསམ་བློ་ཅི་ཡང་མ་བཏང་བར་དམའ་འབེབས་དང་སྒྲོ་སྐུར་མཐའ་གཅིག་ཏུ་བྱེད་པ་ནི་རང་ཉིད་བསམ་བློ་བ་ཞིག་གམ་མི་ཡི་མཚན་ཉིད་མ་ཚང་བའི་སྐྱོན་འབའ་ཞིག་གོ།

  25. རི་རྒྱལ་ཏི་སེ། says:
    2012-07-12 at 12:36 pm

    བླ་གྲྭ་ཟེར་བའང་མི་ཡིན། །གཏོར་མ་ཞེས་པའང་སྤགས་ཡིན། །ཞེས་པ་ལྟར་རོ།།

  26. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-12 at 2:48 pm

    སྤུན་ཟླ་ཚོ་སེམས་ཚོར་དང་འགན་འཁུར་གཉིས་ལྡན་ཐོག་དྲང་བདེན་གྱི་གཞུང་ལམ་བརྒྱུད་དེ་སྤྱི་ཚོགས་ཀྱི་དཔྱོད་བརྗོད་གང་མང་སྤེལ་ན་དགེ་མཚན་ཧ་ཅང་ཆེ་སྙམ། བོད་རྒྱལ་ལོ།

  27. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-12 at 2:56 pm

    གང་དུ་དྲྭ་གྲོགས་མེ་ཏོག་དཀར་པོ་ནས་སེམས་པ་དཀར་པོ་གཏིང་ནས་ཐུགས་ཁུར་གྱིས་བསླབ་བྱ་གནང་བར་སྙིང་ནས་གུས་འདུད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme