Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེས་འཁོད་བོད་མི་ལོངས་ཤོག །

Posted on 2012-12-042012-12-04 By ཁ་བརྡ་ 10 Comments on བྱེས་འཁོད་བོད་མི་ལོངས་ཤོག །

བསམ་གླིང་ཚེ་རིང་ལྷ་མོ།

 

གཞིས་ནས་མེ་ཆེན་སྤར་སོང་།།

བྱེས་ནས་མེ་འོད་བསྐྱེད་རོགས།།

ད་ནི་མི་རེ་ངོ་རེ།།

རྫུ་སྦག་འོག་ལ་མ་སྡོད།།

ད་ནི་བཙན་བྱོལ་བོད་མི།།

སྡེབ་ལང་བྱས་ནས་ལོག་འགྲོ།

བླ་ཆེན་མི་ཆེན་ཡོངས་ནས།།

སྣེ་འཁྲིད་གནང་ནས་ལོག་འགྲོ།

 

རང་ཡུལ་ལུང་པའི་ནང་ནས།།

འཐབ་རྩོད་མུ་མཐུད་བྱས་ཚེ།།

དྲག་པོ་མིན་པའི་ཐབས་ལམ།།

ག་ཚོད་དགོས་དགོས་ཡོད་རེད།།

 

དགྲ་བོས་ངོ་ཚ་མེད་པར།།

དྲག་གནོན་བྱེད་རྒྱུར་མ་སྐྲག།

དེ་དུས་འཛམ་གླིང་མི་མང་།།

ང་ཚོའི་རྒྱབ་ནས་ལང་ཡོང་།།

 

ད་ནི་ཞི་འགྲིག་ཟེར་བའི།།

གཏམ་ལ་སྒུག་ནས་གང་ཡོང་།།

ད་ནི་དབུ་མའི་ལམ་ལ།།

ང་ཚོས་རྐང་ལག་སྒུལ་དགོས།།

 

གང་ལྟར་གུང་ཁྲན་གཞུང་གི།

སྲིད་སྒྲོམ་འོག་ལ་བསྡད་ན།།

རང་འགུལ་སྡེབ་ལང་བྱ་ནས།།

བོད་ལ་ལོག་ན་ཡག་ཤོས།།

 

ལོ་གཅིག་ལོ་གཉིས་ནང་ལ།།

དཀའ་ངལ་ཏོག་ཙམ་འཕྲད་ཀྱང་།།

རང་ཡུལ་རང་གིས་སྐྱོང་བའི།།

ལས་དབང་ལེགས་སུ་འགྲོ་ངེས།།

 

བོད་མིའི་དབུ་འཕང་མཐོ་དུས།།

སྐྱབས་མགོན་རྒྱལ་བའི་དབང་པོ།།

དེ་དུས་རང་ཡུལ་ཕྱོགས་ལ།།

ག་ལེར་གདན་འདྲེན་ཞུ་ཆོག །

 

གཞིས་ལུས་བོད་མིའི་ལུས་སེམས།།

ས་ཡ་དྲུག་ལ་ཕུལ་ཀྱང་།།

ང་ཚོས་གོ་མེད་ཚོད་མེད།།

ཉིན་མཚན་སྒུག་ནས་གང་ཡོང་།།

 

དམར་པོའི་མེ་ལྕེ་འབར་དུས།།

ང་ཚོས་ལུས་སེམས་སྒུལ་དགོས།།

སོ་སོར་ལུང་པ་དགོས་ན།།

ད་ལྟའི་དུས་ལ་ལོངས་ཤོག།

 

བདེན་པ་ང་ཚོར་ཡོད་ཟེར།།

ཉིན་མཚན་སྒུག་ནས་བསྡད་ཀྱང་།།

སྡོང་པོའི་སྟེང་གི་འབྲས་བུ།།

ང་ཚོའི་པང་ལ་མི་འོང་།།

 

ད་ནི་མི་ཆེན་དཔོན་ཆེན།།

ཐུགས་བསམ་བཞེས་རོགས་གནང་དང་།།

ང་ཚོ་གཉིད་ལས་སད་པའི།།

དུས་ནི་ད་ལྟ་ལོས་ཡིན།།

 

ཞི་ཅིང་ཕིང་དེ་འཛུམ་ཀྱང་།།

ང་ཚོས་སྒུག་ནས་མི་ཕན།།

རྒྱལ་ཚོགས་རྒྱབ་ལ་ཡོད་ཀྱང་།།

ང་ཚོས་རེ་ནས་མ་སྡོད།།

 

ང་ཚོ་བོད་ཀྱི་ལས་དབང་།།

ཕྱེད་ཀ་ང་ཚོར་ཡོད་པས།།

འཕག་འཕག་སྤྲུག་སྤྲུག་སྒུལ་ན།།

བསྒང་ཚང་ང་ཚོར་ལོས་ཐོབ།།

 

ཞལ་ཟས་ཁྱི་ཡིས་འཁྱེར་ཀྱང་།།

འཛུམ་པ་འདྲ་སྐུའི་ལྷ་རེད།།

སྤུན་ཟླས་མེ་ལ་བསྲེགས་ཀྱང་།།

ང་ཚོས་འཛུམ་ན་འདྲེ་རེད།།

 

སྤུན་ཟླས་དམར་པོའི་མེ་ལ།།

ཐེ་ཚོམ་མེད་པར་མཆོངས་ཀྱང་།།

ང་ཚོས་དཔོན་གནས་ཤིག་ལ།།

ཤི་འཐམ་རོ་འཐམ་མ་གནང་།།

 

ཤ་ཁྲག་གཉིས་ཀྱིས་སྒྲུབ་པའི།།

སྙིང་ཞིག་ང་ཚོར་ཡོད་ན།།

ད་ནི་སྤུན་ཟླ་འཚིག་པར།།

སྡུག་ཁུམས་བརྒྱབ་ནས་མ་སྡོད།།

 

བླ་ཆེན་མི་ཆེན་མཁས་ཆེན།།

རྫིག་ཉམས་སྟོན་ནས་མ་བཞུགས།།

ང་ཚོ་སྡེབ་ལང་བྱ་བའི།།

གྲོས་ཞིབ་གནང་རོགས་གནང་དང་།།

 

ཉིན་གཅིག་དུས་གཅིག་ལས་འགུལ།།

མི་མང་འབུམ་ཚོ་འཛོམས་ཀྱང་།།

བྱས་པའི་མིང་ཞིག་མ་གཏོགས།།

བོད་ལ་ཕན་ས་མ་རེད།།

 

ད་ནི་བོད་མི་ལོངས་ཤོག །

གདོང་དམར་བོད་པ་ལོངས་ཤོག །

ཆེ་ཆུང་ཡོད་ཚད་ལོངས་ཤོག །

མི་ཆེན་བླ་ཆེན་ལོངས་ཤོག །

 

 

 

སྙན་ངག

Post navigation

Previous Post: ངེས་པར་དུ་ཀློག་དགོས་པའི་སྐབས་བབ་ཀྱི་དོན་རྐྱེན་འགའ།
Next Post: མགོ་ལོག་པད་མ་རྫོང་ནས་མེར་བསྲེགས་གནང་བ་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་སྐོར་གྱི་གནས་བསྡུས་གསར་བ།

Comments (10) on “བྱེས་འཁོད་བོད་མི་ལོངས་ཤོག །”

  1. གནམ says:
    2012-12-04 at 4:09 pm

    སྣེ་ཁྲིད་ནིའི་མི་བུ་ཞིག་ཡོད་ན་ལང་རྐྱང་ཡིན།

  2. ཐུ་བ་རྒྱ་མཚོ། says:
    2012-12-04 at 4:43 pm

    བསམ་གླིང་ཚེ་རིང་ལྷ་མོ། །
    བསམ་བློ་འཁོར་བ་གནང་དང་། །
    ང་ཚོ་སྡེབས་ལངས་བྱས་ཡང་། །
    སྡེབས་གསོད་བྱེད་ན་ཅི་བྱེད། །

    རྒྱ་འདྲེ་དམར་པོ་ཚང་ལ། །
    ལྷ་ཀླུ་གདོན་བགེག་ལ་སོགས། །
    ལས་དང་རྒྱུ་འབྲས་མེད་ན། །
    ངོ་ཚ་ཞེ་སྣང་ཡོད་དམ། །

    སེམས་ཤུགས་ཆེ་བ་ལེགས་མོད། །
    བློ་གདེང་འཁེལ་བ་མེད་ན། །
    བསམ་བཞིན་དགྲ་བོའི་བཙོན་ལ། །
    འཛུལ་ན་རང་གི་གྱོང་ཡིན། །

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-04 at 7:46 pm

    གཞིས་བྱེས་སྡེབ་ལང་དུས་ཚོད། །

    བྱེས་འཁོད་བོད་མི་ལོངས་ཤོག །
    གཞིས་སྡོད་བོད་མི་ལོངས་ཤོག །
    གལ་སྲིད་སྡེབ་ལང་དགོས་ན། །
    གཞིས་བྱེས་གཉིས་ནས་ལོངས་ཤོག །

    གཏན་འབེབ་བྱས་ནས་ལོངས་ཤོག །

  4. མངའ་རིས་ཕྲིན་ལས། says:
    2012-12-04 at 8:26 pm

    གཞིས་བཞུགས་རང་རིགས་རྣམས་ནས།
    རང་སྲོག་བློས་གཏོང་ཐུབ་ན།
    ང་ཚོ་བཙན་བྱོལ་རྣམས་ནས།
    དཀའ་སྡུག་མི་ནུས་ཅི་ཡོད།
    ལོངས་ཤོག་ཕྱི་སྡོད་རང་རིགས།
    སྟན་འཛིན་བསྟན་ལ་དགོངས་ནས།
    བསྟན་པ་གནས་དགོས་གཟིགས་ཚེ།
    བསྟན་དགྲ་རྒྱ་དམར་འོག་ནས།
    བསྟན་འཛིན་སྐྱེས་བུ་སྐྱོབས་དང་།
    ལོངས་ཤོག་ཕྱིར་བཞུགས་བསྟན་འཛིན།
    བོད་མིའི་མིང་བྱང་འོག་ནས།
    སྙན་གྲགས་འགྲོ་དོན་རྒྱས་པའི།
    བླ་ཆེན་མི་ཆེན་རྒྱུ་ཆེན།
    སློབ་ཚོགས་འཁོར་འབང་ཁྲིད་ནས།
    བོད་ཀྱི་དོན་དུ་ལོངས་ཤོག
    ཆབ་སྲིད་ལྟ་གྲུབ་མཐུན་མིན་མི་རྩོད་པར།
    དབང་ཡོད་བློ་ལྡན་རྣམས་ཀྱི་སྣེ་འཁྲིད་ལ།
    འབོད་སྒྲ་གཅིག་དང་རྡོག་སྒྲ་གཅིག་སྒྲིལ་ནས།
    ཆོས་རྒྱུད་ཆོལ་ཁ་དབྱེར་མེད་ད་ལོངས་ཤོག
    ལོངས་ཤོག ལོངས་ཤོག ལོངས་ཤོག
    སྣེ་འཁྲིད་མཁན་བླ་ཆེན་མི་ཆེན་རྒྱུ་ཆེན་རྣམས་ལ་བསྒུག་ཡོད།
    གྲོགས་བྱེད་མཁན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་རྣམས་ལ་རེ་ཡོད།
    གཞིས་བྱེས་བོད་རིགས་སེར་སྐྱ་མཆོག་དམན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་རྣམས་དང་བཅས་པ་བཙན་འོག་འ་ན་ཆད་འུ་ཐུག་པའི་ཉམས་ཐག་བོད་མིའི་སྡུག་བསྔལ་ལས་སྐྱོབས་ཆེད་སྡེབ་ལངས་ཆེན་མོ་བྱེད་རྒྱུ་ཕྱིས་མེད་ནའང་སྔ་དྲག་མེད་པས་ཆོས་འཆད་ཉན། དབང་བྱིན་བརླབས། དཔལ་འབྱོར་འདུ་འགོད། བསྔོ་བ་སྨོན་ལམ། རང་མལ་འཁྲིས་ནས་མར་མེ་ཁྲོམ་སྐོར་དང་། ཇ་ཁང་འཁྲིས་ནས་སྡར་མའི་ངར་སྐད་སོགས་ཙག་ཙིག་གིས་ཆོག་མི་འཛིན་པར། རྒྱ་གྲམ་དམར་པོ་དང་། རྒྱལ་དར་དམར་པོ་གར་ཡོད་དེར་ལོངས་ལ། བླ་ཆེན་རྣམས་ཀྱི་གཟི་བརྗིད། དཔོན་ཆེན་རྣམས་ཀྱི་མངའ་ཐང་། རྒྱུ་ཆེན་རྣམས་ཀྱི་དཔལ་འབྱོར་། དཔའ་ཡོད་རྣམས་ཀྱི་དཔའ་ངོམ། མཐུ་ཡོད་རྣམས་ཀྱི་མཐུ་རྩལ། མདོར་ན་ཡོད་ཚད་བེད་སྤྱོད་བྱེད་པའི་དུས་ལ་སླེབས་ཡོད། ལོངས་ཤོག ལོངས་ཤོག ལོངས་ཤོག

  5. བསེ་རུ། says:
    2012-12-05 at 12:56 am

    ང་ཡིས་སྙིང་ག་ཚིག་སོང་།།
    ཁྱེད་ཀྱི་ཐུགས་སེམས་ཚིག་འདུག།
    ང་གཉིས་ཚིག་ཀྱང་མི་ཕན།།
    འཐབ་རྩོད་ལོ་རྒྱུས་རིང་ངོ་།།

    ལོངས་ཤོག་ཕེབས་ཤོག་ཟེར་དུས།།
    གཞན་གྱིས་རྣ་བས་མི་གོ།
    རང་མགོར་མེ་མདའ་འཛུགས་དུས།།
    དཔའ་རྟགས་གཞི་ནས་བཏོན་ཡོང་།།

    བྱེས་བཞུགས་སྤུན་ཟླའི་སེམས་པ།།
    རང་བཙན་དབུ་མར་གྱེས་འདུག།
    རང་བཙན་དབུ་མའི་ཐབས་བྱུས།།
    བཟང་རབས་ངན་རབས་མི་ཤེས།།

    བསམ་གླིང་ཚེ་རིང་ལྷ་མོས།།
    ཚོར་འདུ་དབྱངས་སུ་གྱེར་འདུག།
    རང་སེམས་རང་གིས་གསོ་གིན།།
    བྱིས་པའི་ལང་ཚོ་གསོ་རོགས།།

    འཛིན་ཁང་གྲུ་བཞིའི་ནང་དུ།།
    དཔའ་བོ་དཔའ་མོ་ཡོད་དོ།།
    ན་ཆུང་རྣམ་རིག་རྒོད་པོ།།
    བདེན་དོན་བདག་པོ་ཡིན་ནོ།།

  6. བསེ་རུ། says:
    2012-12-05 at 12:57 am

    ང་ཡིས་སྙིང་ག་ཚིག་སོང་། །
    ཞེས་པ་
    ང་ཡི་སྙིང་ག་ཚིག་སོང་།། ཞེས་པར་བཅོས།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-12-05 at 2:54 am

    ལོངས་ཤོག
    ལོངས་ཤོག ལོངས་ཤོག་བོད་མི་རྣམས།
    གཞིས་བྱེས་བོད་མི། ང་ཚོའི་རྒྱབ་ཏུ་ལོངས་ཤོག
    ང་ཚོ་མེར་སྲེག་རྣམས་ཀྱི། རྗེས་སུ་ལོངས་ཤོག གཞིས་བྱེས་བོད་མི་ལོངས་ཤོག
    ལོངས་ཤོག

  8. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-12-05 at 10:49 am

    ད་སྣེ་འཁྲིད་མཁན་མི་བུ་གཅིག་གཉིས། ཚོགས་པ་གཅིག་གཉིས། ལང་མཁན་དེ་མི་གཅིག་གཉིས། ལང་ཡུན་དེ་ཉི་མ་གཅིག་གཉིས་ཀྱིས་ཡོང་ཐབས་རྩ་བ་ནས་མི་འདུག ། སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་འོག་ནས་རྒན་སྐྱོར་གཞོན་འཁྲིད། ཡང་ན་བཅོ་བརྒྱད་དྲུག་བཅུ། ཡང་ན་ཐེམ་རེ་མི་རེ་བྱས་ནས་བོད་དུ་བསྐྱོད། བོད་ནས་ཀྱང་ཟས་བཅད་ངོ་རྒོལ་ལ་སོགས་ལོ་ནས་ལོ་བསྟུད་ནས་བྱེད་དགོས་ཀྱི་འདུག །

  9. མངའ་རིས་ཕྲིན་ལས། says:
    2012-12-05 at 11:44 am

    ལོངས་ཤོག་ཤར་ལྷོ་ནུབ་བྱང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཡོངས་རྫོགས་འབོད་སྒྲ་དང་རྡོག་སྒྲ་གཅིག
    གིས་ལོངས་ཤོག སྐུ་མཁྱེན་གཟིགས་དང་། སྡེབ་ལངས་ཀྱིས་དར་དམར་དང་རྒྱ་གྲམ་དམར་པོ་ངོ་ཚ་བོ་བཟོ་དགོས། ང་ཚོ་བོད་པ་རྣམས་འགྲོ་བ་མི་མིན་པའི་ཁུང་སྐྱེལ་དགོས་པའི་ཁྲིམས་ལ་སྦྱར་དགོས། དྲུང་ཆེ་བྷིན་ཀུ་མོན་ལ་ངོ་བརྒོལ་གྱི་སྒྲག་གཏམ་སྤེལ་དགོས། ད་ནི་དོན་འབྲས་ཤིག་མ་ཐོན་བར་དུ་སྡེབ་ལངས་མཚམས་འཇོག་མི་ཉན། སྣེ་ཁྲིད་དང་ང་ཚོ་གྲ་སྒྲིག་ཡོད།

  10. བརྩོན་འགྲུས་རྒྱ་མཚོ་ says:
    2012-12-05 at 2:08 pm

    ལངས་དགོས་པ་བདེན་པ་རེད། འོན་ཀྱང་འཆར་གཞི་དང་བཀོད་བསྒྲིགས་མེད་ན་ང་ཚོ་ལ་ཁ་ཕྱོགས་མི་འདུག ང་ཚོ་ལ་སྣེ་ཁྲིད་མཁན་མི་འདུག དེ་མེད་ན་ནུས་པ་མི་ཐོན་པ་མ་ཟད་མི་ཚང་མས་ལྟ་སྟངས་ཡ་མཚན་པ་ཞིག་བཟུང་ནས་ཡོང་གི་འདུག་པ་མཐོང་ཆོས་སུ་གྲུབ་ཡོད། ཉེ་ཆར་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་གཙུག་ལག་ཁང་ལ་ཡོང་ནས་ལས་འགུལ་སྤེལ་གྱི་ཡིན་མཉམ་དུ་འགྲོ་ཟེར་དུས་མི་གཅིག་ཀྱང་ཡོང་མཁན་མེད་པ་དཔེ་མཚོན་ཙམ་ཡིན། དྲ་ཐོག་ནས་ལངས་དགོས་ཟེར་མཁན་དང་། ལོངས་ཤོག་ཟེར་མཁན་ཚོས་སྣེ་འཁྲིད་ཀྱི་མི་འདུག སྣེ་འཁྲིད་མཁན་མགོ་སེར་པོ་ཅན་ཞིག་མི་ཡོང་། མིག་ལྗང་ཁུ་ཅན་ཞིག་མི་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme