Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།

Posted on 2014-11-152014-11-16 By ཁ་བརྡ་ 13 Comments on བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།

གནས་ཚུལ་མཁོ་གཏོང་བ། ཐུབ་བསྟན་རྒྱལ་མཚན།

 

བྱེས་ཀྱི་གདན་ས་ས་སྐྱ་ཆོས་སྒར་ཕྱག་བཏབ་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན།

ཕྱི་ལོ་༢༠༡༤། ༡༡། ༡༣་དང་༡༤ སྟེ་ཉིན་གཉིས་ཀྱི་རིམ་རྒྱ་གར་བྱང་ཕྱོགས་མངའ་ཁུལ་དཱེ་ཧཱ་རཱ་དུན་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོ་རྒྱས་པ་ཞིག་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གྱི་ཚོགས་མགོན་དུ་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་དང་། སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ། དེ་བཞིན་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེ། རང་གཞུང་བཀའ་ཤག་གི་སྐུ་ཚབ་ཆོས་དོན་བཀའ་བློན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོག་གཙོ་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། ཝ་ར་ནཱ་སིའི་མཁས་དབང་མི་ཤཱ་མཆོག ། གཞན་ཡང་ངོར་མཁན་པོ་ཁྲི་པ་དབུས་པའི་བླ་སྤྲུལ་མཁས་དབང་དགེ་འདུན་རྣམས་དང་། འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་མང་སྟོང་ཚོ་གསུམ་ལྷག་ཙམ་ཞིག་འདུ་འཛོམས་གནང་སོང་།

1488054_743621852357913_6596876604010208451_n

ཐོག་མ་སྐུ་མགྲོན་རྣམ་པས་རྣམ་གསལ་ཞལ་འབྱེད་གནང་ནས་གྲལ་ལ་འཁོར་རྗེས། ས་སྐྱ་ཆོས་སྒར་གྱི་གྲྭ་ཆུང་ཁག་ཅིག་དང་བཙུན་དགོན་གྱི་བཙུན་མ་ཁག་ཅིག་གིས་རིམ་བཞིན་བསྟོད་དབྱངས་ཀྱི་ཤིས་ཚིག་ཕུལ་བ་དང་། དེ་ནས་རིམ་བཞིན་འབྲེལ་ཡོད་ཁག་གི་གསུང་བཤད་དང་རང་གཞུང་བཀའ་ཤག་གི་གསུང་འཕྲིན་སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་གསུང་བཤད་ཟབ་རྒྱས་གནང་རྗེས། སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེས་བཀའ་སློབ་བསྩལ་དོན། འདས་པའི་མི་ལོ་ལྔ་ཅུ་ཟེར་དུས་ལོ་རྒྱུས་ཀྱི་དབང་དུ་བྱས་ན་རྒྱུན་རིང་པོ་མིན་ན་ཡང་མི་གཅིག་གི་མི་ཚེར་ཆར་བགོས་ན་རིང་པོ་རེད། ཆོས་སྒར་འདི་ཐོག་མ་ཕྱི་ལོ་༡༩༦༤ ལོའི་ཕྱི་ཟླ་༣ ཚེས་༡༦ ལ་དབུ་བརྙེས་པ་ནས་ད་བར་བརྩིས་ན་ལོ་ལྔ་བཅུ་ཧྲིིལ་པོ་འཁོར་གྱི་ཡོད་རེད། དུས་དྲན་བྱེད་དགོས་ཡ་དེ་འདས་པའི་ལོ་ལྔ་བཅུ་ལ་ཕྱི་མིག་ཅིག་བལྟས་ན་ང་རང་ཚོས་ག་རེ་བྱས་ཐུབ་ཡོད་པ་དང་། མ་འོངས་པའི་ལོ་ལྔ་བཅུ་ལ་ག་རེ་གནང་དགོས་ས་རེད་དེ་དག་ལ་བསྐྱར་ཞིབ་བྱས་ཡ་རེད་ཅེས་དང་། སྐབས་དེར་དཔལ་འབྱོར་གྱི་འཁོས་བབ་ཧ་ཅང་ཞན་པས་དགེ་འདུན་པ་རྣམས་ཚོགས་ཁང་དང་ཉལ་ཁང་རས་གུར་ཕུབ་ནས་བཞུགས་དགོས་པའི་གནས་སྟངས་བྱུང་བ་སོགས། མདོར་ན་ད་བར་གྲུབ་འབྲས་ག་རེ་བྱུང་ཡོད་པ་དེ་༸་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པས། གང་ཉིད་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཡིན་ཞེས་དང་། ད་བར་གནས་ཡུལ་རྒྱ་གར་གཞུང་དང་མངའ་སྡེ་དང་ཡུལ་མི་སོགས་ཀྱི་མཐུན་འགྱུར་གནང་བ་ལ་ཐུགས་རྗེ་ལེགས་གསོལ་ཞུ་བ་སོགས་བཀའ་སློབ་ཟབ་རྒྱས་བསྩལ་གནང་བྱུང་།

10409390_743621845691247_8077328671830002756_n

དེའི་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ། གསུང་བཤད་ཀྱི་མཛད་རིམ་ཁག་གྲུབ་རྗེས། སྐྱབས་མཆོག་༸གོང་མ་རིན་པོ་ཆེ་མཆོག་གིས་ས་སྐྱའི་མ་དགོན་བཤད་གྲྭའི་སློབ་པ་མཐར་སོན་པ་ཁག་ཅིག་ལ་བཀའ་བཅུ་པ་དང་སློབ་དཔོན་གྱི་ཕྱག་འཁྱེར་གནང་སོང་། དེ་ནས་ཉེ་བསྐོར་དུ་ཡོད་པའི་སློབ་གྲྭ་ཁག་དང་ས་སྐྱ་གཞིས་ཆགས། གླུ་པ་ཚེ་རིང་འགྱུར་མེད་དང་མཁྱེན་བརྩེ་སོགས་ཀྱིས་རིག་གཞུང་འཁྲབ་སྟོན་དང་གཞས་སྣ་གཟིགས་འབུལ་ཞུས་སོང། རྒྱ་གར་བྱང་ཕྱོགས་དཱེ་ཧཱ་རཱ་དུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་ས་སྐྱའི་ཆོས་ཚོགས་འདི་ཉིད་ཐོག་མ་ཕྱི་ལོ་༡༩༦༤ ལོར་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་གནང་བ་དང་། སྐབས་དེར་འཁོས་བབ་ཧ་ཅང་ཞན་པས་ཐོག་མའི་ཆར་ཁང་གླ་འབུལ་རྒྱུ་མེད་པས་བླ་གྲྭ་རྣམས་རས་གུར་ཕུབ་ནས་སྡོད་དགོས་བྱུང་བའི་ལོ་རྒྱུས་བྱུང་འདུག

དུས་འགྱུར་མ་བྱུང་གོང་བོད་ས་སྐྱའི་གདན་སར་ཆོས་སྡེ་ལྷོ་བྱང་གཉིས་ཞེས་མདོ་སྔགས་ཀྱི་སློབ་སྦྱོང་གནང་ས་ཐ་དད་ཡོད་པ་ལྟར་ར་ཛ་སྤུ་ས་སྐྱ་ཆོས་སྒར་འདི་ཉིད་ཀྱང་གཙོ་བོ་སྔགས་ཕྱོགས་ཀྱི་སློབ་གཉེར་གནང་ས་བསྟི་གནས་ཤིག་ཡིན་པ་དང་། ད་བར་གཙོ་བོ་ཡི་དམ་ཁག་གི་སྒྲུབ་མཆོད་ཀྱི་དབུ་འཛིན་དང་། རྡོ་རྗེ་སློབ་དཔོན། དཔོན་སློབ། ཕུར་སྒྲུབ་འདོན་པའི་རྒྱུགས་སྤྲོད་ཟིན་པ་བཅས་ཁྱོན་མི་སྣ་སུམ་བརྒྱ་ཡས་མས་ཞིག་སྐྱེད་སྲིང་གནང་ཡོད་འདུག

ད་ཆ་གདན་ས་འདིའི་ཡན་ལག་ལྟ་བུ་གཞུང་ཆེན་ཁག་གི་སློབ་སྦྱོང་གཙོ་བོ་གནང་ས་སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭ །བཙུན་དགོན་རིན་ཆེན་ཆོས་གླིང་། ས་སྐྱ་སྨན་ཁང་། གྲྭ་ཆུང་གི་གཞི་རིམ་སློབ་གྲྭ་བཅས་ཡོད་འདུག་པ་མ་ཟད། མི་རིང་བར་འཁོན་གདུང་སྐུ་གཞོན་རིན་པོ་ཆེས་ཐུགས་འགན་གཙོ་བཞེས་ཐོག་གནའ་དེང་གི་སློབ་སྦྱོང་ཆ་ཚང་ཡོད་པའི་སློབ་གྲྭ་གསར་པ་ཞིག་ཀྱང་གསར་བརྒྱབ་ཟིན་ནས་རིང་མིན་དབུ་འཛུགས་གནང་རྒྱུ་རེད་འདུག

unnamed-1

ཁ་སང་ཕྱི་ཚེས་༡༤ ཉིན་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེས་ཕྱི་ནང་གི་སྐུ་མགྲོན་ཁག་གཙོ་བོ་གྱུར་པའི་མི་མང་ལ་ནོར་བུའི་བསྟན་པའི་སྤྱི་དབང་གི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་དེ་མི་མང་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་དེ་ལྔ་བཅུའི་དུས་དྲན་གྱི་མཛད་སྒོ་རྒྱལ་ཁ་ངང་ལེགས་གྲུབ་ཟིན་པ་དང་། རིང་མིན་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཟླ་འདིའི་ཕྱི་ཚེས་༡༦ ནས་༣༠ བར་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔའི་གསུང་འབུམ་ཆ་ཚང་ལྗགས་ལུང་གནང་རྒྱུའི་མཛད་རིམ་ཡང་འདུག

ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།

གསར་འགྱུར།

Post navigation

Previous Post: གླུ་ཚིག་རིན་མེད་དུ་སྐུལ་བ།
Next Post: གཱན་རྡི་རྗེས་ནི་དབང་ཕྱུག་ཆེན་མོར་དད་མཁན་ཞིག་ཡིན།

Comments (13) on “བྱེས་ཀྱི་ས་སྐྱ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན།”

  1. བློ་བཟང་རིག་འཛིན། says:
    2014-11-15 at 10:19 am

    འདི་ཚོ་བཙན་བྱོལ་ལ་བོད་མིའི་རང་དབང་རང་བཙན་རྩོད་པར་སླེབས་པ་མིན་པར། ཆོས་རྒྱུད་བྱེ་བྲག་པ་རེ་སྤེལ་ཐབས་ལ་སླེབས་པ་ཙམ་རེད།

  2. ནུབ་ཕྱོགས་གངས་ཕྲུག says:
    2014-11-15 at 12:34 pm

    བློ་བཟང་རིག་འཛིན་ལགས། དེ་སྔ་༢༩༤༠ ཞེ་གྲངས་ནང་མདོ་སྟོད་སྨད་ཁུལ་ནས་རྒྱ་དམར་བཙན་འཛུལ་བྱེད་སྐབས། རང་ས་སྲུང་བའི་དོན་དུ་ས་ཁུལ་སོ་སོས་རྒྱ་དམར་ལ་འཛིངས་བ་མ་གཏོགས་བོད་སྤྱི་འམ་རང་བཙན་གྱི་དོན་དུ་འཛིངས་བ་མ་རེད། ཕྱིས་སུ་བོད་དང་བོད་བརྒྱུད་ནང་བསྟན་སྤྱིའི་དགྲ་སོང་ཙང་མཉམ་རུབ་བྱས་ནས་བསྒྲིགས་འཛུག་བཙུགསཔ་རེད། སྒྲིགས་འཛུགས་ཀྱི་མིང་དེའང་ནང་ཆོས་དང་འབྲེལ་བ་ཡོད་པ་སོང་ཙང་བསྟན་སྲུང་དྭང་བླངས་ཞེས་བཏགས་པ་རེད།

  3. ནུབ་ཕྱོགས་གངས་ཕྲུག says:
    2014-11-15 at 12:39 pm

    རྒྱ་གར་དུ་སླེབས་ནས་ཆོས་བརྒྱུད་སོ་སོས་བཤད་གྲྭ་དང་། སྒྲུབ་གྲྭ་བརཙུགས་ནས་སངས་རྒྱས་གྱི་བསྟན་པ་སྤེལ་ཐབས་བྱས་དང་བྱེད་བཞིན་པ་དེ་ནི་ཡིད་རང་དང་དགའ་བསུ་ཡོད། བོད་བརྒྱུད་ནང་བསྟན་དང་བོད་པའི་སྐད་ཡིག་རིག་གཞུང་མི་ཉམས་བྱེད་པ་དེ་ཡང་བོད་པའི་རྩ་དོན་གྱི་ཆ་ཤས་སུ་བརྩི་མཆོག

  4. པདྨ says:
    2014-11-15 at 2:59 pm

    ས་སྐྱ་སང་གི་སྔགས་པ་དང་རབ་བྱུང་གི་བཤད་སྒྲུབ་ལ་ཡི་རང་ཡོད།

  5. གནམ says:
    2014-11-15 at 4:09 pm

    གོང་ས་ཚང་དང་། ས་སྐྱ་ཚང་དང་ཀིརྟི་ཚང་སོགས་ཀྱིས་རིགས་གནས་སློབ་གྲྭ་བ་མང་པོ་བསྐྱངས་སོང་བས། གུས་སོ། དད་དོ། ཞབས་ལ་དུད་དོ།

  6. རྟ་དབྱངས། says:
    2014-11-15 at 8:28 pm

    སྐབས་དེར་སྐུ་མགྲོན་གྱི་ཚོགས་མགོན་དུ་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་ཟེར། དེ་ཡིན་ན་བདག་ལ་དྲི་བ་ཞིག་ཡོད་པ་ནི། ཁྲི་ཐོག་དང་སྐུ་འཁྲུངས་གཉིས་གཅིག་པ་ཨེ་རེད།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-15 at 8:38 pm

    དཔལ་ལྡན་ས་སྐྱ་པའི་མཛད་འཕྲིན་ལས་སྔར་བོད་ལྗོངས་སུ་བོད་རིག་གཞུང་ལ་ཡར་རྒྱས་ཆེན་པོ་བྱུང་། ད་ལྟའི་ཆར་ཡང་༧སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་སོགས་ཀྱི་ཐབས་མཁས་མཛད་པས་བོད་ཀྱི་རིག་གཞུང་འཛིན་པར་མཛད་ཅིང་། འདི་ཉིད་རྒྱ་གར་སོགས་ཛམ་གླིང་ཡུལ་ལྗོངས་མང་པོར་སྤེལ་བཞིན་པའི་རླབས་ཆེན་མཛད་པ་རྣམས་གོང་ནས་གོང་འཕེལ་ཕྱིར་ཡིད་སྨོན་ཞུའོ།

  8. རིག་པའི་གླེང་བུ། says:
    2014-11-15 at 10:05 pm

    དྲྭ་གྲོགས་རྟ་དབྱངས་་ལགས་་་་ཁྲི་ཐོག་དང་སྐུ་འཁྲུངས་པ་གཉིས་ཁ་ཁ་རེད། ཁྲི་ཐོག་ཅེས་པ་ས་སྐྱ་ཁྲི་པའི་གོ་རིམ་ཞིག་རེད། སྐུ་འཁྲུངས་པ་ནི་་འཇིག་རྟེན་་གྱི་ཁམས་འདིར་བྱོན་པ་ནི་སྐུ་འཁྲུངས་པ་རེད།

  9. སྐལ་ཚེ། says:
    2014-11-15 at 10:58 pm

    ཆོས་འཆད་ཉན། སྒོམ་སྒྲུབ་ཉམས་ལན། དབང་ལུང་དར་སྤེལ། བཤད་སྒྲུབ་ཀྱི་སྡེ་བཙུགས་ཏེ། བསྟན་པ་རྒྱས་སྐྱེད་གནང་བ་སོགས་ནི་ངོ་མ་བླ་མའི་མཛད་པ་རེད། དེ་མིན་བླ་མས་གད་ཕྱག་གནང་བ། བླ་མས་ཐབ་ལས་བྱེད་པ། བླ་མས་ཁྱིམ་ཚང་སྐྱོང་བ། བླ་མས་མཛེས་མ་འཚོལ་བ་སོགས་བསྟན་པ་རྨང་ནས་ཉམས་པའི་སྔ་ལྟས་རེད། ས་སྐྱ་གོང་མ་ནི་ཚད་ལྡན་གྱི་བླ་མ་ཞིག་རེད། དགའ་བསུ་ཞུ

  10. རྟ་དབྱངས། says:
    2014-11-16 at 2:24 am

    རིག་པའི་གླེང་བུ་ལགས། ཁྱེད་ནི་ངོ་མ་དོན་གྱི་རིག་པའི་གླེང་བུ་རང་རེད་འདུག མ་ཟད་བདག་ལ་གསལ་བཤད་གནང་བར་བཀའ་དྲིན་ཆེ།

  11. ཇུས་ཏོག says:
    2014-11-16 at 2:59 am

    ས་སྐྱའི་ཆོས་སྒར་བཙན་བྱོལ་སྤྱི་ཚོགས་ནང་ཕྱག་བཏབ་ནས་མི་ལོ་ལྔ་་བཅུ་
    འཁོར་བའི་དུས་ཚིག་སྲུང་རྩི་ལ་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་།
    ཞུ་བ་མཉམ་འཁོན་རིགས་བསྟན་པའི་སྲོག་ཤིང་གོང་མ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོང་ཐ་དག་དགེག་མེད་་ལྷུན་གྱི་འགྲུབ་
    ནས་ཆོས་སྒར་ཆེན་པོ་འདི་བཞིན་སྔར་ལས་དར་ཞིང་རྒྱས་པའི་གསོལ་བ་སྨོན་
    ལམ་ཁ་བརྡ་དྲ་རྒྱ་བརྒྱུད་ནས་་ཞུ་གི་ཡོད་།

  12. བསོད་ནམས་རྡོ་རྗེ། says:
    2014-11-16 at 11:29 am

    དཔལ་ས་སྐྱའི་ཆོས་སྒར་ཕྱག་བཏབ་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞུ་བ་ལ་གུས་པས་སྙིང་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཡོད།ས་སྐྱ་༧གོང་མ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་དུ་བརྟན་པ་ཤོག

  13. ཀརྡོ་གཉེར་ཕྱག་པ་ says:
    2014-11-16 at 11:36 am

    དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་པ་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme