Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེར་འགྲམས་ཀན་སར་ (Metastatic cancer) སྐོར་གྱི་དྲི་བ་དང་ལན་འདེབས།

Posted on 2018-02-042018-02-07 By འཚོ་བྱེད་བུ 7 Comments on བྱེར་འགྲམས་ཀན་སར་ (Metastatic cancer) སྐོར་གྱི་དྲི་བ་དང་ལན་འདེབས།

སྨན་པ་གཡང་འབུམ་རྒྱལ་གྱིས་བསྒྱུར།

༡།   ཅི་ཞིག་ལ་ཀན་སར་ཟེར།

ཀན་སར་(འདི་ལ་བོད་སྨན་དུ་འབྲས་ནད་ཟེར)ནི་ནད་རིགས་མང་པོར་འབྲེལ་བ་ཡོད་པ་ཞིག་ཡིན།  ཀན་སར་ཚང་མ་དང་པོ་ལུས་པོའི་དབང་རྟེན་དང་ཕྲུང་གྲུབ་ཆགས་བྱེད་ཀྱི་ཕྲ་ཕུང་ངམ་སལ་cellནས་མགོ་རྩོམ་གྱི་ཡོད།  དབང་རྟེན་དང་ཕུང་གྲུབ་སྲ་བརྟན་ཅན་གྱི་ནང་ལོགས་ནས་སྐྱེས་པའི་ཀན་སར་ལ་སྐྲན་སྲ་མཁྲེགས་ཅན་ཟེར་ཞིང་།  ཁྲག་གཤེར་གྱི་ཕྲ་ཕུང་ནས་གྲུབ་པའི་ཀན་སར་ལ་ལིའུ་ཀེ་མི་ཨ་ leukemia ཁྲག་འབྲས་དང་སྣེ་མང་སྨེ་ལོ་སྨ myeloma  ཞེས་རུས་རྐང་འབྲས་ནད་ཡང་ན་ལིམ་ཧྤོ་སྨ་lymphoma ཞེས་རྨེན་བུའི་འབྲས་ནད་ཟེར་གྱི་ཡོད།

སྤྱིར།  ཕྲ་ཕུང་རྣམས་གཟུགས་པོའི་དགོས་མཁོ་ལྟར་ཆེར་སྐྱེད་ནས་མང་དུ་འཕེལ་གྱི་ཡོད།  ཕྲ་ཕུང་རྣམས་རིམ་བཞིན་རྙིང་པ་ཆགས་ཏེ་ཤི་འགྲོ་བ་དང་དེ་བཞིན་ཕྲ་ཕུང་གསར་པས་ཤི་ཚར་པའི་ཚབ་བྱེད་པ་ཡིན།  གཟུགས་པོ་ལ་དགོས་མཁོ་མེད་ཀྱང་ཕྲ་ཕུང་གསར་པ་རང་བཞིན་གྱིས་འཚར་སྐྱེ་བྱེད་པ་དང་ཕྲ་ཕུང་རྙིང་པ་ཤི་དགོས་ཀྱང་མ་ཤི་བར་སྡོད་ཀྱི་ཡོད།

ཕྲ་ཕུང་རྙིང་པའམ་འཐོལ་བ་དེ་དག་གིས་ཕུང་གྲུབ་རྡོག་པོ་སྐྱེ་བར་བྱེད་པས་དེར་འབུར་རྡོག་གམ་སྐྲན་ཞེས་ཟེར།  སྐྲན་རྣམས་ཀན་སར་ཡིན་པ་དང་མིན་པ་གཉིས་ཀ་ཡོད།  ཀན་སར་མིན་པའི་སྐྲན་ནི་གཟུགས་པོའི་གནས་གཞན་པ་ལ་ཁྱབ་མི་འགྲོ་བར་གནས་གཅིག་ཏུ་སྡོད་ཅིང་སྲོག་ལ་ཉེན་ཁ་དེ་ཙམ་མེད།  ཀན་སར་ཡིན་པའི་སྐྲན་ནི་གཟུགས་པོའི་གནས་གཞན་ལ་ཁྱབ་འགྲོ་བ་དང་སྲོག་ལ་ཉེན་ཁ་ཡོད་སྲིད།

༢།  ཅི་ཞིག་ལ་ཐོག་མའི་ཀན་སར་ primary cancerཟེར།

ཀན་སར་ནི་གཟུགས་པོའི་ཆ་ཤས་དང་དབང་རྟེན་གང་རུང་ཞིག་ཏུ་སྐྱེ་ཐུབ།  ཐོག་མའི་སྐྲན་རྡོག་དེ་ལ་ཐོག་མའི་ཀན་སར་རམ་ཐོག་མའི་སྐྲན་ཟེར།  གཟུགས་པོའི་གནས་གང་དུ་ཡོད་པ་དང་ཕྲ་ཕུང་རིགས་གང་ཞིག་ནས་སྐྱེས་པ་ཡིན་མིན་ལ་བརྟེན་ནས་མིང་འདོགས་བྱེད་ཀྱི་ཡོད།

༣།  ཅི་ཞིག་ལ་བྱེར་འགྲམས་ཀན་སར་ཟེར་རམ།  དེ་ཇི་ལྟར་འབྱུང་ངམ།

བྱེར་འགྲམས་ཀན་སར་ཟེར་དོན་ནི་ཀན་སར་ལུས་ཀྱི་གནས་གཞན་ལ་བཀྲམ་པ་ལ་གོ་དགོས།   ཀན་སར་ཕྲ་ཕུང་རྣམས་ཐོག་མའི་སྐྲན་རྡོག་ནས་ཁ་གྱེས་ཏེ་ཁྲག་དང་རྨེན་བུའི་ཁྱབ་ཁོངས་ནང་དུ་འགྲོ་འཛུལ་བྱེད་ཀྱི་ཡོད(ཕྲ་ཕུང་བཟོ་འདོན་དང་ཉར་སྲུང་།  སྐྱེལ་འདྲེན་བྱས་ཏེ་གཉན་ཚད་མི་ཆགས་པར་འགོག་སྲུང་བྱེད་པའི་མ་ལག་ཅིག་ཡིན)།  དེ་ལྟར་ཀན་སར་ཕྲ་ཕུང་རྣམས་ལུས་པོའི་གནས་གཞན་ལ་མཆེད་པའམ་བྱེར་འགྲོ་ཡི་ཡོད།

ཀན་སར་ཕྲ་ཕུང་དབང་རྟེན་གཞན་ཞིག་ཏུ་ཁྱབ་སྟེ་དེར་སྐྲན་གསར་པ་ཞིག་ཆགས་སྐབས།  སྐྲན་གསར་པ་དེ་ནི་བྱེར་འགྲམས་ཀན་སར་ཡིན།  བྱེར་འགྲམས་ཀན་སར་ནང་གི་ཕྲ་ཕུང་རྣམས་ཐོག་མའི་སྐྲན་རྡོག་ནས་བྱུང་བ་ཡིན་པས།  དཔེར་ན།  ནུ་མའི་ཀན་སར་གློ་བའི་ནང་དུ་ཁྱབ་ཚེ།  གློ་བའི་ནང་གི་བྱེར་འགྲམས་ཀན་སར་ནི་གློ་བའི་ཕྲ་ཕུང་ནས་བྱུང་བ་མ་ཡིན་པར་ཀན་སར་ཅན་གྱི་ནུ་མའི་ཕྲ་ཕུང་ནས་བྱུང་བ་ཡིན།  འདི་ལྟར་གློ་བའི་ནད་འདི་གློ་བའི་ཀན་སར་མིན་པར་བྱེར་འགྲམས་ཅན་གྱི་ནུ་མའི་ཀན་སར་ཡིན།  ཆེ་མཐོང་ཕྲ་ཤེལ་འོག་ནས།  བྱེར་འགྲམས་ཅན་གྱི་ནུ་མའི་ཀན་སར་གྱི་ཕྲ་ཕུང་དེ་དག་ནུ་མ་རང་དུ་ཡོད་པའི་ཀན་སར་གྱི་ཕྲ་ཕུང་རྣམས་དང་འདྲ་བོ་ཡོད།

༤།  ཀན་སར་ལུས་གནས་གང་དང་གང་ལ་བྱེར་འགྲོ་ཡི་ཡོད་དམ།

ཀན་སར་ཕྲ་ཕུང་རྣམས་ལུས་ཀྱི་གནས་གང་སར་ཁྱབ་སྟེ་འགྲོ་ཐུབ།  ཀན་སར་ཕྲ་ཕུང་རྣམས་ཡང་ནས་ཡང་དུ་ཐོག་མའི་སྐྲན་གྱི་ཉེ་འཁོར་དུ་ཡོད་པའི་རྨེན་བུ་ཁག་ལ་(རྡོག་པོ་རིལ་རིལ་ཡིན་པའི་ཤ་ཤ་རྨེན་བུ) ཁྱབ་འགྲོ་བ་ཡིན།  འདི་ལ་རྨེན་བུ་དང་འབྲེལ་བའི་ནད་དམ་ཉེ་གནས་ཀྱི་ནད་ཟེར།  ཀན་སར་དེ་ཐོག་མའི་ཀན་སར་གྱི་རང་གནས་ལས་ཐག་རིང་བའི་དབང་རྟེན་དང་རྨེན་བུ་ཁག་ལ་ཁྱབ་ཡོད་ཚེ་བྱེར་འགྲམས་ཀན་སར་ཞེས་འབོད།  འདི་ལ་སྨན་པ་ཚོས་མཚམས་རེར་རིང་གནས་སམ་ཐག་རིང་ཀན་སར་ཞེས་ཟེར།

མཁྲེགས་གཟུགས་ཅན་གྱི་རྒྱུན་མཐོང་བྱེར་འགྲམས་ཀན་སར་འབྱུང་ཡུལ་ནི་གློ་བ་དང་རུས་པ།  མཆིན་པ།  ཀླད་པ་བཅས་ཡིན།  ཀན་སར་ཁ་ཤས་ལུས་གནས་ག་ས་གང་སུ་མ་ཡིན་པར་གནས་བྱེ་བྲག་ལ་མ་གཏོགས་ཁྱབ་ཀྱི་མེད།  དཔེར་ན།  གློ་བའི་ཀན་སར་དེ་ཀླད་པ་དང་རུས་པ་ཁོ་ནར་ཁྱབ་པ།   ལོང་གའི་ཀན་སར་ནམ་རྒྱུན་མཆིན་པ་གཅིག་པུར་ཁྱབ་པ།  སྐྱེས་པ་ཕོའི་བསམ་སེའུ་ཀན་སར་དེ་རུས་པ་ལ་ཁྱབ་པ།   ནུ་མའི་ཀན་སར་སྤྱིར་བཏང་རུས་པ་དང་གློ་བ།  མཆིན་པ།  ཀླད་པར་ཁྱབ་པ་ལྟ་བུ་ཡིན།   ཡིན་ནའང་ཀན་སར་འདི་དག་ལུས་ཀྱི་གནས་གཞན་ལ་ཡང་ཁྱབ་ཐུབ་པ་ཡིན།

ཁྲག་གི་ཕྲ་ཕུང་རྣམས་ལུས་ཡོངས་ལ་འཁོར་རྒྱུགས་བྱེད་ཀྱི་ཡོད་པས།  ལིའུ་ཀེ་མི་ཨ་དང་སྣེ་མང་སྨེ་ལོ་སྨ།  ཡང་ན་ལིམ་ཧྤོ་སྨ་ཀན་སར་གྱི་ཕྲ་ཕུང་རྣམས་ཀན་སར་ཡོད་པར་བརྟག་དཔྱད་ངོས་འཛིན་བྱེད་སྐབས་ལུས་གནས་གཅིག་ཏུ་འདུས་སྡོད་བྱེད་ཀྱི་མེད།  སྐྲན་རྡོག་གི་ཕྲ་ཕུང་རྣམས་ཁྲག་དང་རྨེན་བུ་རེ་ཟུང་།  མཆིན་པའམ་རུས་པ་ལྟ་བུའི་ལུས་གནས་གཞན་ནས་རྙེད་ཐུབ།  བྱེར་འགྲམས་འགྲོ་སྟངས་འདི་རིགས་ལ་བྱེར་འགྲམས་ཀན་སར་ཞེས་མི་འབོད།

༥།  བྱེར་འགྲམས་ཀན་སར་ལ་ནད་རྟགས་ཡོད་དམ།

བྱེར་འགྲམས་ཀན་སར་ཡོད་པའི་མི་སྐོར་ཞིག་ལ་ནད་རྟགས་ཅི་ཡང་མེད་མོད།  གློག་པར་དང་བརྟག་དཔྱད་གཞན་པ་བྱེད་སྐབས་བྱེར་འགྲམས་ཀན་སར་ནད་ཡོད་པ་ཤེས་ཀྱི་ཡོད།

བྱེར་འགྲམས་ཀན་སར་གྱི་ནད་རྟགས་ཐོན་སྐབས།  ནད་རྟགས་དང་དེ་མངོན་ཚུལ་གྱི་ཐེངས་གྲངས་གཉིས་བྱེར་འགྲམས་ཀན་སར་གནས་གང་དུ་བཀྲམས་ཡོད་མེད་དང་དེའི་ཆེ་ཆུང་ལ་རག་ལས་ཡོད།  དཔེར་ན།  རུས་པར་ཀན་སར་བཀྲམས་ཡོད་ཚེ་ན་ཟུག་སློང་ཞིང་རུས་ཁོག་ཆག་གས་ཐེབས་པ་བྱེད་ཐུབ།  ཀླད་པར་བྱེར་བའི་ཀན་སར་གྱིས་མགོ་ནད་དང་གཟའ་གྲིབ།  ལུས་སེམས་བརྟན་པོ་མེད་པའི་ནད་རྟགས་འདྲ་མིན་སྟོན་གྱི་ཡོད།   དབུགས་བརྩེགས་པའི་ནད་རྟགས་ཡོད་ཚེ་ཀན་སར་གློ་བར་སླེབས་པ་མཚོན་གྱི་ཡོད།  གྲོད་ཁོག་སྦོས་པའམ་མཁྲིས་པ་ཤ་སེར་མིག་སེར་ནད་རྟགས་ཡོད་ཚེ་ཀན་སར་མཆིན་པར་ཁྱབ་ཡོད་པ་མཚོན་གྱི་ཡོད།

མཚམས་རེར་མི་ཞིག་གི་ཐོག་མའི་ཀན་སར་དེ་བྱེར་འགྲམས་ཀན་སར་གྱི་ནད་རྟགས་སླེབ་ཚར་བའི་རྗེས་ནས་བརྟག་དཔྱད་ངོས་འཛིན་བྱེད་པ་ཡང་ཡོང་གི་ཡོད།  དཔེར་ན།  སྐྱེས་པ་ཞིག་ལ་བསམ་སེའུ་ཀན་སར་དེ་དཔྱི་རུས་ལ་བཀྲམས་ཚར་ཡོད་ཚེ་བསམ་སེའི་ནང་དུ་ཡོད་པའི་ཐོག་མའི་ཀན་སར་གྱིས་ནད་རྟགས་ཅི་ཡང་མ་ཐོན་གོང་རྐེད་པར་ན་ཟུག་གཏོང་བ་ཡིན།

༦།  སྨན་པས་ཐོག་མའི་ཀན་སར་དང་བྱེར་འགྲམས་ཀན་སར་གཉིས་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་དམ།

ཐོག་མའི་ཀན་སར་དང་བྱེར་འགྲམས་ཀན་སར་ཡིན་མིན་ངོས་འཛིན་ཐག་གཅོད་བྱེད་པར།  ནད་ཁམས་ཆེད་མཁས་སྨན་པ་ཞིག་གིས་ཕྲ་མཐོང་ཆེ་ཤེལ་འོག་ནས་སྐྲན་གྱི་དཔེ་མཚོན་ཆ་ཤས་ལ་བརྟག་དཔྱད་བྱེད་ཀྱི་ཡོད།  སྤྱིར་དབང་རྟེན་གང་ཞིག་ཏུ་ཀན་སར་སྐྱེས་ཡོད་པའི་ཕྲ་ཕུང་དེ་གནས་དེར་ཡོད་པའི་ཕྲ་ཕུང་ངོ་བོ་ལས་འགྱུར་ཏེ་ཡོད།   དམིགས་བསལ་བརྟག་དཔྱད་ཡོ་ཆས་བེད་སྤྱོད་ཀྱིས་ནད་ལུགས་ཆེད་མཁས་སྨན་པས་ཀན་སར་ཕྲ་ཕུང་དེ་གང་ནས་ཡོང་བ་བཤད་ཐུབ་ཀྱི་ཡོད།  ཀན་སར་གྱི་ཕྱི་ནང་གཉིས་ནས་རྙེད་པའི་དན་རྟགས་དང་ཨན་ཊི་ཇིན་antigenདེས་ཐོག་མའི་ཀན་སར་དེ་གནས་གང་ཡོད་པ་སྟོན་ཐུབ།

བྱེར་འགྲམས་ཀན་སར་དེ་ཐོག་མའི་ཀན་སར་གྱི་སྔོན་དང་དང་ཡང་ན་དུས་མཉམ་དུ་རྙེད་ཐུབ་ལ།  ཡང་ན་ཟླ་ངོ་ཁ་ཤས་དང་ལོ་ངོ་ཁ་ཤས་ཀྱི་རྗེས་ནས་མ་གཏོགས་མི་ཤེས།  ཀན་སར་གྱི་སྨན་བཅོས་བྱས་ཚར་བའི་ནད་པ་ཞིག་ལ་སྐྲན་གསར་པ་ཡོད་པ་རྙེད་ཚེ་མང་ཆེ་བ་བྱེར་འགྲམས་ཀན་སར་ཡིན་པ་ལས་ཐོག་མའི་ཀན་སར་མིན།

༧།  ཐོག་མའི་ཀན་སར་མེད་པར་བྱེར་འགྲམས་ཀན་སར་འབྱུང་སྲིད་དམ།

འབྱུང་མི་སྲིད།   བྱེར་འགྲམས་ཀན་སར་དེ་རྒྱུན་དུ་ལུས་གནས་གཞན་ཞིག་གི་ཀན་སར་ཕྲ་ཕུང་ནས་སྐྱེ་འཕེལ་འགྲོ་གི་ཡོད།  ཀན་སར་ནད་གཞི་མང་ཆེ་བར།  བྱེར་འགྲམས་ཀན་སར་ཡོད་པ་ཤེས་ཚོར་བྱུང་བ་དང་ཐོག་མའི་ཀན་སར་དེ་ཡང་རྙེད་ཀྱི་ཡོད།  ཐོག་མའི་ཀན་སར་དེ་ཚོད་ལྟ་ཁང་གི་བརྟག་དཔྱད་དང་གློག་པར། ཐབས་ལམ་གཞན་དག་བརྒྱུད་ནས་ཐོག་མའི་ཀན་སར་འཚོལ་ཐབས་ངོས་འཛིན་བྱེད་དགོས།  ཡིན་ནའང་ནད་པ་ཉུང་ཤས་ཤིག་ལ།  བྱེར་འགྲམས་ཀན་སར་ཡོད་པ་ངེས་རྙེད་བྱུང་རུང་བརྟག་དཔྱད་ཇི་འདྲ་བྱས་རུང་ཐོག་མའི་ཀན་སར་མི་རྙེད་པ་ཡང་ཡོང་གི་ཡོད།  ནད་ལུགས་ཆེད་མཁས་སྨན་པས་སྐྲན་རྡོག་དེ་བྱེར་འགྲམས་ཀན་སར་ཡིན་པ་ཤེས་ཀྱི་ཡོད།  གང་ཡིན་ཟེར་ན་སྐྲན་རྡོག་ཡོད་པའི་དབང་རྟེན་ནང་གི་ཕྲ་ཕུང་དེ་ཕྲ་ཕུང་གཞན་དང་མི་འདྲ་བ་ཡོད།  སྨན་པ་ཚོས་ཐོག་མའི་ཀན་སར་སྐོར་ཤེས་རྟོགས་མེད་པའམ་ཡང་ན་གབ་པ་ཡིན་པ་དང་།  ནད་པར་ཐོག་མའི་འབྱུང་ཁུངས་མི་ཤེས་པའི་ཀན་སར་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།  བརྟག་དཔྱད་བྱེད་ཐབས་ནི་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་པར་བརྟེན་ཐོག་མའི་འབྱུང་ཁུངས་མི་ཤེས་པའི་ཀན་སར་ནད་པའི་གྲངས་འབོར་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད།

༨།  བྱེར་འགྲམས་ཀན་སར་ནད་ལ་བཅོས་ཐབས་ཅི་ཞིག་ཡོད་དམ།

ཀན་སར་དེ་གནས་གཞན་ལ་བཀྲམས་ཡོད་སྐབས།  རྫས་སྦྱོར་བཅོས་ཐབས་དང་འོད་འགྱེད་བཅོས་ཐབས།  ཟུངས་སྐྱེད་བཅོས་ཐབས་biological therapy   ཧར་མོན་བཅོས་ཐབས།  གཤག་བཅོས།  ཆུ་འཁྱག་བཅོས་ཐབས་cryosurgeryདང་དེ་དག་མཉམ་སྡེབ་བྱེད་པའི་བཅོས་ཐབས་སྤེལ་གྱི་ཡོད།  བཅོས་ཐབས་ཀྱི་འདེམ་ཁ་དེ་ཐོག་མའི་ཀན་སར་དེ་རིགས་ཅི་ཞིག་ཡིན་མིན་དང་།  བྱེར་འགྲམས་ཀན་སར་གྱི་ཆེ་ཆུང་དང་གནས་ཡུལ།  ནད་པ་རང་གི་ལོ་ཚོད་དང་རྒྱུན་ལྡན་ལུས་ཁམས་བདེ་ཐང་།  དེ་སྔ་སྨན་བཅོས་ཅི་ཞིག་བྱས་ཡོད་མེད་བཅས་ལ་རག་ལས་ཡོད།  ཐོག་མའི་འབྱུང་ཁུངས་མི་ཤེས་པའི་ཀན་སར་ཅན་གྱི་ནད་པ་ལ་ཐོག་མའི་ཀན་སར་དེ་འཚོལ་རྙེད་མ་བྱུང་རུང་ནད་གཞི་ལ་སྨན་བཅོས་བྱེད་སྲིད་པ་ཞིག་ཡིན།  སྨན་བཅོས་བྱེད་པའི་དམིགས་ཡུལ་དེ་ཀན་སར་སྟངས་འཛིན་བྱ་རྒྱུ་དང་ཡང་ན་ནད་རྟགས་དང་སྨན་བཅོས་ལས་བྱུང་བའི་ཟུར་ཕོག་ཉུང་དུ་གཏོང་རྒྱུ་དེ་ཡིན།

༩།  བྱེར་འགྲམས་ཀན་སར་ནད་ལ་བཅོས་ཐབས་གསར་པ་ཅི་ཞིག་ཡོད་དམ།

བཅོས་ཐབས་གསར་པ་ཡོད།  ཀན་སར་གྱི་བཅོས་ཐབས་གསར་པ་མང་པོ་ཞིག་ལ་ཉམས་ཞིབ་བྱེད་བཞིན་ཡོད།  བཅོས་ཐབས་གསར་གཏོད་བྱེད་པར་རྒྱལ་ཡོངས་ཀན་སར་ལྟེ་གནས་ཀྱིས་སྨན་ཁང་དང་སློབ་གྲྭ་ཆེན་མོ།  གསོ་རིག་སློབ་གྲྭ།  ཀན་སར་ཞིབ་འཇུག་ཁང་མང་པོའི་ནང་དུ་ནད་ཐོག་ཉམས་ཞིབ་ལས་གཞི་ལ་རོགས་རམ་བྱེད་ཀྱི་ཡོད།  ནད་ཐོག་ཉམས་ཞིབ་ནི་སྨན་བཅོས་སྤུས་ཀ་ཡར་རྒྱས་གཏོང་བར་གནད་འགག་ཆེན་པོ་ཞིག་ཡིན།  བཅོས་ཐབས་གསར་པ་ངོ་སྤྲོད་མ་བྱས་གོང་སྨན་པ་ཚོས་བཅོས་ཐབས་དེ་ནད་པར་ཉེན་སྐྱོན་ཡོད་མེད་དང་ཕན་ངོ་ཡོད་མེད་ཤེས་རྟོགས་བྱེད་དགོས།  ཉམས་ཞིབ་འདི་འདྲས་ཀན་སར་ལ་སྨན་བཅོས་བྱེད་ཐབས་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པ་མ་ཟད་ཀན་སར་བཙལ་འཚོལ་དང་བརྟག་དཔྱད།  སྔོན་འགོག་བྱེད་ཐབས་གོང་སྤེལ་དུ་གཏོང་གི་ཡོད།  ནད་པ་གང་ཞིག་ནད་ཐོག་ཉམས་ཞིབ་ལས་གཞིའི་ཁོངས་སུ་མཉམ་ཞུགས་བྱེད་འདོད་ཡོད་ཚེ་སོ་སོའི་སྨན་པ་ལ་དེ་སྐོར་གླེང་མོལ་བྱེད་དགོས།

 

ཀན་སར་སྐོར་གྱི་དབྱིན་ཡིག་མ་རྩོམ་དྲ་གནས་ http://www.cancer.gov/publications  ལ་གཟིགས་རོགས།

 

 

 

གསོ་རིག, འགྱུར་རྩོམ།

Post navigation

Previous Post: བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་ལ་མི་འདོད་པའི་ལས་འགུལ་ལས་འཕྲོས་པའི་གཏམ།
Next Post: འདས་ཟིན་པའི་ལོ་རྒྱུས་ཀྱི་རྨ་ཁ།   

Comments (7) on “བྱེར་འགྲམས་ཀན་སར་ (Metastatic cancer) སྐོར་གྱི་དྲི་བ་དང་ལན་འདེབས།”

  1. བསོད་ནམས་ཟླ་བ། says:
    2018-02-05 at 10:50 am

    ཉེ་དུས་དྲ་ཚིགས་དང་སྤྱི་ཚོགས་དྲ་གནས་མང་པོ་ཞིག་ནང་དུ་ cancer ཞེས་པའི་ནད་གཞི་འདི་ནི་གཙོ་བོ་ Vitamin ཞིག་མི་ཚང་བའི་དབང་གྱི་ཡོང་ཡོད་པར་བཤད་པ་དང་། Cancer ལ་སྨན་བཅོས་དམིགས་བསལ་མི་དགོས་ཀྱང་དེང་གི་ཆར་སྨན་ཁང་སྨན་པ་ཚོས་ཚོང་ཟོག་དང་དངུལ་བཟོ་བའི་ཆེད་དུ་མི་མང་ལ་གསལ་སྟོན་བྱེད་ཀྱི་མེད་པ་རེད་ཟེར་བ་སོགས་དངོས་བདེན་ཡིན་མིན་གྱི་གནས་ཚུལ་མང་པོ་ཞིག་ཡོང་གི་འདུག །དོགས་གཞི་བྱེད་དགོས་མིན་མི་ཤེས།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-05 at 6:27 pm

    ནང་ཆོས་རིག་པར་ཉམས་ལེན་བྱེེེད་མཁན་ཞིག་ཡིན་ན་ཇི་འདྲ་བ་ཡིའི་ལས་བསགས་པ་དེ་འདྲ་བ་ཡིའི་འབྲས་བུ་སྦྱིན་ཟེར་བ་ནས་ནད་ཐམས་བཅས་སོ་སོའི་བྱེད་ལས་ལ་རག་པའི་འབྲས་བུ་དུས་ལ་སྨིན་པ་མ་རེད་དམ་།

    ྱ

  3. འཚོ་བྱེད་བུ། says:
    2018-02-05 at 8:27 pm

    འབྲས་ནད་ཅེས་པའི་ནད་གཞི་འདི་བོད་ཀྱི་གསོ་རིག་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་དང་དེ་མིན་པའི་སྨན་དཔྱད་གཞུང་དུ་མིང་སྨོས་བྱས་ནས་ལོ་རྒྱུས་ཡུན་རིང་སོང་ཡོད་པ་དང་། དེ་བཞིན་དུ་ཀན་སར་ཞེས་པ་ཡང་ཕྱི་ལུགས་གསོ་རིག་གི་གཞུང་དུ་བསྟན་ནས་ལོ་ངོ་བརྒྱ་ཕྲག་མང་པོ་ཕྱིན་ཡོད། འབྲས་ནད་ཀྱི་འབྱུང་རྐྱེན་ཡང་བོད་ཀྱི་གསོ་རིག་གཞུང་དུ་རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང་ཞེས་གསུངས་པ་དང་། ཕྱི་ལུགས་པས་གཙོ་བོ་ཕྱི་ཁོར་ཡུག་གི་རྒྱུ་རྐྱེན་ལ་བརྟེན་ནས་ནང་ལུས་ཀྱི་གཞི་རྩའི་རྫས་ཆའི་རྣམ་པ་འགྱུར་བ་genetic mutation ནས་འབྱུང་གི་ཡོད་ཅེས་བཤད་ཀྱི་ཡོད། ཝེ་སྟོབས་སྨན་vitamin ཞིག་མ་ཚང་བར་བརྟེན་ནས་འབྱུང་གི་ཡོད་པ་དང་། སྨན་པ་དང་སྨན་ཚོང་ཁང་ཚོས་དངུལ་དངོས་ཁེ་ཕན་ཆེད་མི་དམངས་ལ་དེ་དོན་གསལ་སྟོན་བྱེད་ཀྱི་མེད་ཅེས་པའི་ཟེར་སྲོལ་དེ་མི་སོ་སོས་ཡིད་ཆེས་བྱེད་མིན་ལ་རག་ལས་ཡོད།

  4. གཡུ་ཐོག་བུ། says:
    2018-02-06 at 10:01 am

    སྨན་པ་གཡང་འབུམ་ལགས། སྣེ་མང་སྨེ་ལོ་སྨ་ཟེར་བའི་དོན་གང་ཡིན་ནམ། གསལ་སྟོན་ཡོང་བ་ཞུ།

  5. གཡུ་ཐོག་བུ། says:
    2018-02-06 at 10:04 am

    སྨན་པ་ཚོའི་མདུན་དུ་ལྷག་པའི་དཀའ་ཚེགས་ཆེ་བའི་འབྲས་ནད་སྐོར་གྱི་རྕོམ་བསྒྱུར་གནང་བར་བཀྲིན་སྙ྄ིང་ནས་ཆེ་ཞུ།

  6. འཚོ་བྱེད་བུ། says:
    2018-02-06 at 11:07 pm

    སྣེ་མང་སྨེ་ལོ་སྨ་ཟེར་བ་ multiple myeloma ལ་གོ་དགོས། འདི་ནི་སྣ་མང་རང་བཞིན་གྱི་རུས་རྐང་འབྲས་ནད་བརྗོད་ཀྱང་འགྲིག མན་ངག་རྒྱུད་ཀྱི་འབྲས་ནད་ལེའུར། ཕྱི་ལ་ཤ་རུས་རྩ་ཡི་འབྲས་དང་གསུམ། ཞེས་བརྗོད་པ་ལྟར་རིགས་འགྲེ་ཆོག

  7. ཀརྡོ་རབ་འབྱམས་པ་ says:
    2018-02-08 at 12:36 am

    cancer = སྐྲན་ནད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme