Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)

Posted on 2021-12-312021-12-31 By ཁ་བརྡ 11 Comments on བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)

མཁྱེན་ལྡན་མ་ཉི་མ་མཚོ་ལགས་ཀྱིས་འདས་པའི་ལོ་གསུམ་ཙམ་ནང་བྱིས་སྒྲུང་དེབ་ ༣༢ བོད་སྐད་དུ་བསྒྱུར་གནང་ཡོད་པ་དང་། ད་ཐེངས་ཀྱང་བོད་ཀྱི་བྱིས་པ་རྣམས་ཀློག་སྤྲོ་ལ་རྒྱུན་ཤེས་ཕུན་སུམ་ཚོགས་པའི་བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར་འདུག གཞོན་ནུ་རྣམས་ཀྱི་ཤེས་བྱའི་སྐྱེད་ཚལ་དུ་གྱ་ནོམ་པའི་ལེགས་སྐྱེས་འདི་ལྟ་བུ་ཞིག་ཕུལ་རྒྱུ་ལས་སླ་བོ་ཞིག་གང་ནས་ཡིན།

ཉི་མ་མཚོ་ལགས་ཀྱིས་བོད་བསྒྱུར་གནང་བའི་བྱིས་སྒྲུང་གི་དཔེ་ཚོགས་འདི་ནི་བརྩམས་སྒྲུང་གི་མི་སྣ་གཙོ་བོས་རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་ཅིག་ཡིན།

དེ་ཡང་མི་སྣ་གཙོ་བོ་ཁེ་ན་ཌ་དང་རྒྱ་ནག ཧྥ་རན་སི་སོགས་རྒྱལ་ཁབ་ ༡༢ ལ་ཡུལ་སྐོར་དུ་སོང་ནས་རྒྱལ་ཁབ་རེ་རེའི་སྒོར་མོ་དང་ཡི་གེ རི་གྲགས་ཅན། ཆུ་གྲགས་ཅན། ནགས་གྲགས་ཅན། རྩེད་ཐང་གྲགས་ཅན། མཐོང་དཀོན་པའི་སེམས་ཅན། ཐུན་མོང་མ་ཡིན་པའི་ཆོས་གོས། ལྷ་ཁང་། རྒྱལ་ཁང་། ལུང་པ་རེ་རེ་ན་དར་ཁྱབ་ཆེ་བའི་ལུས་རྩལ་རིགས། ཟས་རིགས། དེང་རབས་ཁྲོམ་རའི་གནས་ཚུལ། རྒྱལ་ཁབ་ཀྱི་མཚོན་རྟགས་སོགས་མདོར་ན་རྒྱལ་ཁབ་རེ་རེའི་མི་མང་གི་རིག་གནས་ལྟ་ཚུལ་སོགས་ལ་ཚིག་ཉུང་ལ་གོ་བདེ་བའི་ངོ་སྤྲོད་བྱས་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་རི་བོ་མཐོ་ཤོས་དང་གཙང་བོ་རིང་ཤོས། གསེར་སྐུ་ཆེ་ཤོས། སྤྱི་གླིང་ཆེ་ཤོས། རི་མོ་སྒྱུ་རྩལ་གྱི་འགྲེམས་སྟོང་ཁང་ཆེ་ཤོས། བྲག་ཕུག་ལྷ་ཁང་ཆེ་ཤོས། རྒྱལ་ཁང་རྙིང་ཤོས། རླངས་འཁོར་གྱི་བཟོ་གྲྭ་ཆེ་ཤོས། རིག་དངོས་ངོ་མཚར་ཅན་བདུན་ལས་ལྕོག་མཁར་གཡོན་པོ་དང་ལྕགས་མདོང་རིང་མོ་སོགས་དེབ་འདི་དག་བཀླགས་པ་བརྒྱུད་ནས་འཛམ་གླིང་གི་གནས་ཚུལ་ཧ་ཅང་མང་པོར་རྒྱུས་ལོན་བྱེད་ཐུབ་རྒྱུ་ཡིན་པས་ལེགས་སྐྱེས་འདི་ནི་དགའ་བའི་གཏམ་བཟང་ཞིག་ཅི་ལ་མིན།

བྱིས་སྒྲུང་དཔེ་ཚོགས་འདི་ནི་ཕ་མ་དང་བྱིས་པའི་དབར་ཐུན་མོང་གི་སློབ་སྦྱོང་དང་། བགྲོ་གླེང་། མཉམ་དུ་གློག་བརྙན་ལ་བལྟས་པ་ལྟ་བུའི་དགའ་སྤྲོ་སྤེལ་བ་དང་། འཛམ་གླིང་གི་གནས་ཚུལ་ལ་གོ་རྟོགས་སྤེལ་ནུས་པའི་མ་བཀླགས་ཐབས་མེད་ཀྱི་དཔེ་ཚོགས་ཤིག་ཆགས་ཡོད། གྲོགས་པོ་ཚོ། ཁྱོད་ཚོས་ངེས་པར་དུ་གཟིགས་དང་། ཁྱོད་རང་དཔེ་ཚོགས་འདི་ལས་རྒྱལ་ཁབ་བཅུ་གཉིས་ལ་རིག་གནས་ཡུལ་སྐོར་བྱེད་ཐུབ་པ་རེད།

གསལ་བསྒྲགས།

Post navigation

Previous Post: ང་ཚོ་སད་རན།
Next Post: རེབ་གོང་གི་བླ་རྒན་ཞིག་གི་དགེ་ཕྲུག་ཤར་ཙོང་ཁ་བ།

Comments (11) on “བྱིས་སྒྲུང་བཅུ་གཉིས་བོད་བསྒྱུར་གྱིས་འགྲེམ་སྤེལ་བྱེད་འཆར།(འོས་སྦྱོར།)”

  1. འཕྲུལ་གྱི་བཙན་པོ། says:
    2022-01-03 at 6:13 pm

    ཉི་མ་འཚོ་ལགས་ཀྱིས་བྱིས་སྒྲུང་མང་པོ་ཞིག་བསྒྱུར་སྒྲིག་བྱས་པ་རྗེས་སུ་ཡི་རངས་ཡོད། ཡིན་ཡང་ཁོ་མོའི་བསྒྱུར་སྒྲིག་བྱས་པའི་བྱིས་སྒྲུང་དེབ་ཁ་ཤས་བདག་གིས་བླུ་ཡོན་ཞུས་ན་ཡང་། ཡི་གེ་དག་ཆ་མ་མཁྱེན་པ་ཡིན་ནམ་ཡང་ན་གཏགས་ནོར་ཤོར་བ་གང་ལྟར་ཡང་བྱིས་སྒྲུང་དེ་ནང་་ཡིག་ནོར་ཅན་དང་། ཚིག་སྦྱོར་ཡང་དེ་ཙམ་མི་བདེ་བ་མང་བས། དེ་ཐེངས་བྱིས་སྒྲུང་གསར་བ་དེབ་ཕྲེང་བདག་ཉིད་ཅན་དེའི་ནང་ཞུ་དག་ཡག་པོ་ཞིག་གནང་ནས་ཡིག་ནོར་གཅིག་ཀྱང་མ་ཤོར་བ་ཞིག་བྱེད་པར་གལ།

    སྐད་འདི་ཉི་མ་འཚོ་ལ་འཕྲོད་པར་ཤོག

  2. བོད་པ། says:
    2022-01-05 at 5:00 am

    དེ་སྔའི་སྒྱུར་དེབ་དེ་ཚོར་ཁ་སྐད་ཏོག་ཙམ་མཉམ་བསྲེས་བྱས་འདུག་པས་ཕྱིས་སུ་ལྟ་ཀློག་ཙམ་ཡང་བྱེད་མི་འདོད་པ་ཆགས་སོང་། ཉི་མ་འཚོ་ལགས་ཀྱིས་བྱིས་དེབ་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བོད་སྤྱི་སྐད་གཙོ་བཟུང་མ་བྱས་དེབ་དེ་ཚོས་ཕན་གནོད་ཇི་འདྲེན་ཤེས་དཀའོ།།

  3. ཉི་མ་འཚོ། says:
    2022-01-08 at 2:48 am

    བཀྲ་ཤིས་བདེ་ལེགས་འཕྲུལ་གྱི་བཙན་པོ།
    ང་ཉི་མ་འཚོ་ཡིན།
    ཁྱེད་ཀྱིས་བྲིས་པའི་མཆན་ལ་ངས་བལྟས་པ་ཡིན། བདེན་པའི་ཆ་ཡང་ཡོད་པས་བཀའ་དྲིན་ཆེ་ཞུ།
    ངའི་དཔེ་ཆ་དཔར་སྐྲུན་བྱས་ས་ནི་བོད་ཡིག་ན་གཅིག་མི་ཤེས་པའི་རྒྱ་གར་དཔར་ཁང་ཞིག་ཡིན་པས་དཔར་ཐེངས་དང་པོ་དང་གཉིས་པ་ལ་དཀའ་ངལ་ཡང་གང་འཚམས་བྱུང་། དེ་བཞིན་ཞུ་དག་དང་ནོར་བཅོས་ཀྱང་དཔར་ཁང་མཉམ་དུ་ཡོང་ཐབས་མ་བྱུང་ཡང་། དཔར་ཁང་གཞན་ནས་དཔར་སྐྲུན་ཞུས་པར་མ་རྩོམ་ཚང་གིས་ཆོག་མཆན་ཐོབ་མ་བྱུང་། དཀའ་ངལ་དེ་ཚང་མ་ང་སྒེར་གྱི་དཀའ་ངལ་ཡིན་པས་འདིར་ཞུས་དགོས་པ་དམིགས་བསལ་མེད་ན་ཡང་། བརྒྱུད་རིམ་ནི་བརྒྱུད་རིམ་རང་ཡིན་པས་སྤྱི་ཚོགས་དྲ་ལམ་གྱི་བཅར་འདྲི་ཁག་གི་ནང་དུ་ཡང་རོབ་ཙམ་ཞུས་ཡོད།
    བྱིས་སྒྲུང་གསར་བ་དག་ཏུ་ཡིག་ནོར་འབྲུ་གཅིག་མི་ཤོར་བའི་ཁས་ལེན་དམ་བཅའ་ཡང་ཞུ་ཐབས་བྲལ། འོན་ཀྱང་ངས་ནོར་བཅོས་དང་ཡོ་བསྲང་། ཡར་རྒྱས་སོགས་དམིགས་འབེན་དུ་བཟུང་ནས་དཀའ་ངལ་ག་འདྲ་ཞིག་ལ་འཕྲད་ཀྱང་གདོང་ལེན་གྱིས་མུ་མཐུད་བྱིས་པ་ཚོའི་དགོས་མཁོ་སྐོང་རྩིས་ཡོད།
    མ་གཞི་ནས་བཙན་བྱོལ་གྱི་དཔེ་ཆ་དང་ཚགས་པར། གསར་འགྱུར་སོགས་ཡིག་ནོར་འབྲུ་གཅིག་མེད་ས་གཅིག་ཀྱང་མེད་མོད། བོད་ཡིག་བཀོལ་བ་དང་བོད་ཡིག་གི་ཁོར་ཡུག་རྒྱ་སྐྱེད་གནང་རྒྱུའི་འགན་ནི་བོད་མི་ཚང་མར་ཡོད་པས། སྐུ་ཉིད་ཀྱི་ཐུགས་རེ་བཞིན་ཡིག་ནོར་འབྲུ་གཅིག་མེད་པའི་བརྩམས་ཆོས་ཤིག་ཁྱེད་ནས་མིག་དཔེའི་ཚུལ་དུ་དཔར་ཡོང་བར་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་ཁྱེད་ལ་སློབ་སྦྱོང་བྱ་རྒྱུར་གྲ་སྒྲིག་ཡོད།

    དངོས་མིང་བཀོལ་ནས་མཆན་འབྲི་བའི་རེ་བ་ཡོད།

  4. ཉི་མ་འཚོ། says:
    2022-01-08 at 3:01 am

    བོད་པ་ཞེས་པ་གང་དེར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ།
    ང་ཉི་མ་འཚོ་ཡིན།

    ངའི་བྱིས་སྒྲུང་དཔེ་དེབ་དག་ནི་བྱིས་པ་ཚོ་དང་ལྷན་དུ་སྒྱུར་སྒྲིག་བྱས་པ་ཞིག་ཡིན་པས་མ་འོངས་པར་ཡང་བྱིས་པ་ཚོ་དང་ལྷན་དུ་ལས་ཀ་བྱ་རྩིས་ཡོད། ཕན་ཐོགས་གང་འབྱུང་ཡང་བྱིས་པ་ཚོས་ཐག་གཅོད་གནང་ངེས། ངས་ཉན་ས་དང་ལྟ་ས་འདི་བྱིས་པ་ཚོ་ཡིན།

    ངས་ལས་གཞི་འདི་ཐོག་མར་སྒྲིག་དུས་བྱིས་པ་ཚོར་དབྱིན་ཡིག་གི་དཔེ་ཆ་འབད་འབད་ལྷུག་ལྷུག་དང་བོད་ཡིག་གི་དཔེ་ཆ་ཉུང་ངུ་ཙམ་ལས་མེད་དུས་ཤིག་ཡིན། ཕ་མ་འགའ་ཤས་ཀྱི་རེ་སྐུལ་དང་སྤྱི་ཚོགས་ཀྱི་སྟོང་ཆ་ཞིག་ལ་ཁ་གསབ་ཀྱི་ཆེད་དུ་འབད་པ་ཞུས་ཁུལ་རེད། འགྲིག་མིན་དང་ཕན་མིན་ནི་ད་ལྟ་བཤད་སྔ་སོང་སྙམ་ཡང་མ་མཐའ་ཡང་བོད་ཡིག་གི་དཔེ་ཆ་བཟུང་བའི་བྱིས་པ་ཚོ་མཐོང་དུས་ང་ལ་འགྱོད་སེམས་ཅི་ཡང་སྐྱེས་མྱོང་མེད།

    ང་ལ་སྤྱི་སྐད་དང་ལོག་སྐད་ཅི་ཡང་མེད། ངས་བོད་སྐད་བོད་ཡིག་བཀོལ་ཡོད། ངའི་དཔེ་དེབ་དག་ཁྱེད་ལ་དགོས་མཁོ་མེད་ཚེ་ང་ལ་ཕྱིར་སློག་གནང་རོགས། རིན་པ་ཡང་ཆད་ལུས་མེད་པར་ཕྱིར་སློག་ཞུ་ངེས།
    སྤྱིར་བཏང་མིང་མེད་པའི་དྲ་ལམ་གྱི་སྐད་ཆ་ལ་བདག་པོ་རྒྱག་འདོད་མེད་ཀྱང་ངས་ང་རང་གི་ཀློག་པ་པོ་ཚོར་འགན་གཙང་མ་འཁུར་རྒྱུ་ཡིན།

    སྐུ་ཉིད་ཀྱང་བོད་ཡིག་ལ་དུང་བ་ཡོད་པའི་བོད་པ་ཞིག་ལོས་ཡིན། ངའི་དཔེ་ཆ་དག་ལ་མ་འདང་ས་དང་མ་འཐུས་པ་རེ་མཐོང་ཚེ། འདང་བ་དང་འཐུས་ཚང་ཅན་གྱི་བརྩམས་ཆོས་རེ་ཡང་ང་ཚོ་སུས་ཀྱང་ཐོན་ཐུབ་པར་འབད་བརྩོན་གནང་དགོས་པར་དྲན།
    ཁྱེད་ཀྱིས་བཤད་བཞིན་པའི་སྤྱི་སྐད་ཀྱིས་ཡོངས་སུ་རྒྱན་པའི་དཔེ་དེབ་ཅིག་ཁྱེད་ནས་ཡོང་བར་རེ་བ་ཡོད། སྤྱི་སེམས་ཡོད་པའི་བོད་པ་ཚང་མས་སྤྱི་འགན་འཁུར་ནས་བརྩམས་ཆོས་རེ་དཔར་ཡོང་ན། ད་ལྟའི་བོད་ཀྱི་བྱིས་པ་ཚོར་ཡང་བདམས་བདམས་སྒྲུག་སྒྲུག་གི་བརྩམས་ཆོས་ཀྱི་ཀློག་སྐལ་ཞིག་ལྡན་ངེས།

    དངོས་མིང་གིས་མཆན་འབྲི་རོགས།

  5. སྲིན་པོ་རྫ་རྒན says:
    2022-01-10 at 9:27 pm

    བསྟན་བཅོས་ཀྱི་སྐད་དུ་འབྲི་བ་གལ་ཆེ། ཕ་མ་ཚོས་རང་ཁྱིམ་ན་བྱིས་སྒྲུང་དག་སློབ་དེབ་ཀྱི་ཚུལ་གྱིས་ཀྱང་་བེད་སྤྱོད་བྱེད་ཀྱི་ཡོད་པས། ཡིག་ནོར་མ་ཤོར་བའང་གལ་ཆེ། འོན་ཀྱང་། ཡིག་ནོར་གླེང་ན་རྩོམ་པ་པོ་ཚོར་ཕོག་འགྲོ་བ་འདི་ཡང་གནད་དོན་ཅིག་རེད། དཔེར་ན། རྒན་ཉི་མ་འཚོ་ལགས་ཀྱིས་”བཙན་བྱོལ་གྱི་དཔེ་ཆ་དང་ཚགས་པར། གསར་འགྱུར་སོགས་ཡིག་ནོར་འབྲུ་གཅིག་མེད་ས་གཅིག་ཀྱང་མེད་” ཅེས་རང་ཉིད་ཀྱི་དེབ་དེར་ཡིག་ནོར་འདུག་ལབ་པར་མ་དགའ་བ་དང་བཅས་བཙན་བྱོལ་ནང་ནས་དཔར་བ་ཡིན་པས་འགྲིག་ཡོད་པའི་སྒྲུབ་བྱེད་དུ་བཀོད་འདུག རེ་བ་གཞན་ཞུ་རྒྱུ་གང་ཡང་མེད། སྔར་གྱི་སྒྲུང་རྩོམ་དེ་ཚོ་ཁྱིམ་ན་བེད་སྤྱོད་བྱེད་བཞིན་པ་ཡིན། ཡིག་ནོར་དག་བཅོས་ནས་བྱིས་པར་ཀློག་འཇུག་གིན་ཡོད། དཀའ་ལས་མང་པོ་བརྒྱབ་འདུག་པར་ཐུགས་རྗེ་ཆེ་ཞུ།

  6. ཉི་མ་འཚོ། says:
    2022-01-11 at 11:02 am

    ཁྱོད་ཚོ་ཤེས་མཁན་ཚོ་ནང་ལ་འཛུལ་ནས་གཞན་གྱི་ཡིག་ནོར་ཞུ་དག་གནང་བ་ལས། ཡིག་ནོར་མེད་པའི་དེབ་རེ་བྲིས་ནས། ད་ལྟའི་བྱིས་པ་ཚོར་ཁ་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་ཕན་ཐོགས་པའི་རེ་བ་ཞུ།
    དེ་མིན་ང་ལྟ་བུའི་ཅང་མི་ཤེས་ཚོའི་ལག་ནས་དམིགས་བསལ་རེ་ཐོན་ཡོང་བར་རེ་བ་བརྒྱབ་ས་ཡོད་མ་རེད། གཞན་གྱི་ཡིག་ནོར་ཅན་གྱི་དེབ་དག་རང་གི་བྱིས་པར་སྤྲད་པ་ལས་རང་གིས་ཡིག་ནོར་མེད་པའི་དེབ་རེ་དཔར་ནས་སྤྲད་ན་ཧ་ཅང་ཕན་ཐོགས་ཡོད་པ་རེད།

    སྔོན་ཆད་ངས་ཀྱང་གཞན་གྱི་དེབ་ལས་ཡིག་ནོར་བཅོས་ནས་རང་གི་བྱིས་པར་སྤྲད་མྱོང་། དེ་བཞིན་ང་རང་གིས་ཀྱང་འབད་པ་བྱེད་བཞིན་ཡིན། ང་ཡང་དག་པ་ཞིག་ཡིན་ཟེར་ནས་ཐོན་ཡོང་བ་མིན་ཡང་མ་མཐའ་ཡང་ངས་ཚོད་ལྟ་ཙམ་བྱས་པ་ཡིན། མ་མཐའ་ཡང་ངས་གཞན་གྱི་དཀའ་ངལ་ལ་རྒྱུས་ལོན་ཞིག་བྱེད་དགོས་པས་ཡིན། མ་མཐའ་ཡང་བོད་པ་ཞིག་དང་ཕ་མ་ཞིག་གི་འགན་ཞིག་ཡོད་པས་མ་ཐུབ་པ་མ་གཏོགས་བྱས་ཡོད་པའི་རྣམ་འགྱུར་ཞིག་སྟོན་འདོད་པ་ཡིན།

    དེང་སང་ང་ཚོར་བཤད་མཁན་མང་པོ་དགོས་ཀྱི་མི་འདུག ལག་ལེན་གནང་མཁན་གྱི་དགོས་ཀྱི་འདུག བཤད་བཤད་ནས་ལོ་རྒན་དྲུག་ཅུའི་ནང་ལ་བྱིས་སྒྲུང་ཉིས་བརྒྱ་ཙམ་ལས་མེད་སོང་བ་རེད། འདས་པའི་ལོ་བཅུ་ཡས་མས་ལ་མི་ཤེས་མཁན་དང་མི་འཇོན་མཁན་འགའ་མར་ཐོན་ནས་བྱིས་པ་ཚོར་བོད་ཡིག་གི་བྱིས་དེབ་སུམ་བརྒྱ་ཙམ་བཏོན་སོང་། ངས་མང་པོའི་གྲས་ནས་སྤུས་ཚད་ཅིག་ལོངས་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད།

    མིང་འབྲི་མི་ཕོད་པའི་མི་ཚོས་དྲ་ཐོག་ནས་ཇི་ལྟར་བཤད་ཀྱང་། ངས་སྔར་བཞིན་འབད་དགོས་པའི་ལས་འདི་འཇོག་རྩིས་མེད་ད་་་་་་་་་་་། ང་རང་སྙིང་ཉེ་བའི་བོད་ཀྱི་བོད་པ་འདི་ཚོའི་ཆེད་དུ།

  7. ཉི་མ་འཚོ། says:
    2022-01-11 at 11:31 am

    ན་ནིང་ཕྱི་ཟླ་དང་པོའི་ནང་། དཔེ་མཛོད་དོ་དམ་པའི་འདུ་འཛོམས་ཤིག་གི་སྟེང་ནས་ངས་བོད་ཡིག་གི་བྱིས་དེབ་ངོ་སྤྲོད་བྱེད་དུས་ངས་འདི་ལྟར་བཤད་མྱོང་།
    ང་ཚོའི་བོད་ཡིག་བྱིས་དེབ་ཀྱི་གནས་སྟངས་འདི་བྱིས་པ་ཞིག་ལ་མཚོན་ན་ད་ལྟ་རྐང་རྗེན་རེད། རྐང་རྗེན་ཞིག་ལ་མཚོན་ན་དང་པོ་རྐང་པ་མ་འཁྱགས་པ་ཞིག་དང་རྨ་བཟོ་མ་དགོས་པ་ཞིག་ལ་བསམ་བློ་ཐོངས། གནས་སྟངས་མ་ཤེས་པར་རེ་བ་མཐོ་དྲགས་ན་བྱིས་པ་དེ་རྐང་རྗེན་མར་འཚར་དགོས་པ་རེད། དེ་བས་དབྱར་ལྷམ་དགུན་ལྷམ་གང་ཞིག་རག་ཀྱང་དང་ཐོག་ཕ་མ་དང་དགེ་རྒན་ཚོས་མ་འཁྱག་པ་ཞིག་གནང་དགོས་པ་ནི་གོམ་པ་དང་པོ་རེད། དེའི་གཞུག་ནས་དབྱར་ལྷམ་དང་དགུན་ལྷམ། ཆུ་ལྷམ། རྟིང་ཀ་ཙོག་ཙོག འཇུར་རྟ་ཡུ་རིང་སོགས་གང་ཞིག་དགོས་ན་དེ་ལ་བསམ་བློ་ཐོངས། དེ་མིན་ལྷམ་རན་པ་ཞིག་རག་དུས་རྐང་པ་འཁྱག་ཤི་ཐེབས་ཡོད་འགྲོ་་་་་་་་་ཞེས་བཤད་མྱོང་། ངས་ཁྱོན་ཡོངས་ཀྱི་གནས་སྟངས་ཤིག་ལ་ཞིབ་མོ་བལྟས་ནས་སྐད་ཆ་བཤད་པ་ཡིན། དྲང་གཏམ་དང་སྙིང་གཏམ་གཉིས་ཀ་ཡིན། ང་ཚོར་དྲ་ཐོག་ན་མཁས་པ་མང་པོ་འདུག སྤྱི་ཚོགས་ན་བྱིས་པ་ཚོར་དེབ་སྤུས་ལེགས་ཤིག་ཀྱང་མེད་ན། དེ་ང་ཚོ་ཚང་མའི་ངོ་ཚ་རེད། ཁྱོད་ཚོ་ཕྱིར་ནུར་ནས་ལྟད་མོ་ལྟ་ས་གཏན་ནས་ཡོད་པ་མ་རེད། ཚང་མས་བསམ་བློ་གཏོང་དགོས་པ་ཞིག ལྷག་པར་དུ་མཁས་པ་ཡིན་བསམ་མཁན་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད། ད་ལྟའི་དེབ་དཔར་སྐྲུན་གནང་མཁན་འགའ་ཤས་ཡོད་པ་ཙམ་ལ་འགན་ཆེན་པོ་ཞིག་སྤྲད་མ་སྤྲད་ཡོད་པ་མ་རེད། དེ་ཡོང་སྲིད་པ་ཞིག་དང་ཡང་ཡོང་མི་སྲིད་པ་ཞིག་ཀྱང་རེད། དེར་བརྟེན་ཡང་དག་པ་དང་མཁས་པ་ཚོས་དྲ་ཐོག་ཁོ་ན་ནས་མིང་རྫུན་རེ་བཀོལ་ནས་མཁས་རྟགས་སྟོན་པ་ལས། དངོས་ཡོད་སྤྱི་ཚོགས་ནང་མར་གདོང་བསྟན་ནས། མར་ཐོན་ཡོང་ནས། ལག་ལེན་གྱི་ཐོག་ནས་མཁས་རྟགས་ཤིག་སྟོན་ཐུབ་ན་དུས་ལ་བབས་འདུག་གོ།

  8. འཕྲུལ་གྱི་བཙན་པོ། says:
    2022-01-11 at 4:29 pm

    མཁྱེན་ཡངས་ཉི་མ་མཚོ་ལགས།
    ཉིད་ཀྱི་མཆན་བུ་བཀླགས་རྗེས་བདག་གིས་བསམ་ཡས་ལས་འདས་པའི་ཁྱོད་ཀྱི་ངོ་གདོང་མཐོང་སོང་།

    མ་གཞི་བདག་གིས་ཁྱོད་ལ་གུས་ཞབས་དང་བརྩི་བཀུར་ངང་བསམ་ཚུལ་ཁ་ཤས་ཞུ་བ་ཙམ་ལ་དེ་ལ་ཕོག་དགོས་དོན་འདུག་གམ།

    ངས་ནི་ཁྱོད་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་རྩོམ་པ་མོ་ཅུང་ཚད་ལྡན་ཅན་ཞིག་རེད་བསམ་བྱུང་། གོང་གི་མཆན་བུ་ལས་ཁྱོད་ཀྱི་བསམ་བློ་དང་ཀུན་སྤྱོད། ཤེས་རྒྱ་སོགས་མང་པོ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་རྟོགས་སོང་།
    དེ་བས་ཁྱོད་ལ་ལན་ཞིག་བྲི་འདོད་མེད་ཀྱང་གོང་གི་མཆན་ལ་བལྟས་རྗེས་མ་བྲི་ག་མེད་ཆགས་སོང་།

    གཅིག རྩོམ་པ་པོ་མཁྱེན་རྒྱ་ཡངས་མཁན་དང་ཀུན་སྤྱོད་ལེགས་པོ་ཞིག་ཡིན་ན་ཀློག་པ་པོའི་བསམ་ཚུལ་ལ་ཉན་རྗེས་བདེན་པ་ཡོད་ན་” དགོངས་སེལ་དང་ཡར་རྒྱས”གཏོང་བའི་སེམས་གསོ་ཞུ་ངེས་རེད། ཡིན་ཡང་ཁྱོད་ནི་དེ་ལས་ལྡོག་ཏེ་ཡིག་ནོར་ཤོར་བ་ཡོ་བསྲང་དང་ཞུ་དག་ཞུ་རྒྱུའི་ཚབ་ལ་ཡིག་ནོར་ནི་ “ཁྱོད་ཀྱི་གཟི་བརྗིད་དང་སྤོབས་པ་” རུ་བསྒོམ་འདུག ང་ནི་དངོས་གནས་ཧ་ལས་བཅུག་སོང་།

    གཉིས། ཁྱོད་རང་རྩོམ་པ་མོའི་མིང་ཞིག་ཡོད་པའི་ཆ་ནས་རྩོམ་པ་པོའི་འགན་འཁྲི་དང་དམིགས་ཡུལ་ཅི་ཡིན་ཧ་གོ་ཡི་ཡོད་ས་མ་རེད། དབྱངས་གསལ་སོ་བཞིའི་སྡེབ་སྦྱོར་སྒྲིག་ནས་ཡིག་ནོར་དང་ཚིག་སྦྱོར་གང་ལ་ཡང་མི་ལྟ་བའི་བུད་མེད་རྩོམ་པ་མོ་ཞིག་ཡིན་ས་རེད། སྐད་ཆ་འདི་ལས་ཁྱོད་ནི་” མིང་གྲགས་” ཀྱི་ཆེད་དུ་ཡིན་པ་རྟོགས་སོང་།

  9. འཕྲུལ་གྱི་བཙན་པོ། says:
    2022-01-11 at 4:29 pm

    གསུམ། བཙན་བྱོལ་སྤྱི་ཚོགས་ཀྱི་སྒེར་དེབ་དང་ཚགས་པར། དུས་དེབ་སོགས་པར་བསྐྲུན་བྱ་ས་བོད་ཡིག་ཚིག་འབྲུ་གཅིག་ཀྱང་མི་ཤེས་པའི་རྒྱ་གར་པར་བསྐྲུན་ཁང་ཡིན་པ་བླུན་པོ་ཞིག་མིན་ན་སུས་མི་ཤེས་སམ། ཡིན་ཡང་ཁྱོད་ཀྱིས་བཤད་པ་ལྟར་ན་བཙན་བྱོལ་སྤྱི་ཚོགས་ནང་ཡིག་ནོར་མེད་པའི་དཔེ་དེབ་་གཅིག་ཀྱང་མེད་ཟེར། དེ་ནི་འབྲི་མཁན་དང་ཞུ་དག་པ་དག་གིས་ཤེས་ཡོན་གྱི་ཆུ་ཚད་ཡོད་མེད་ལ་རེག་ལས། མིང་མ་བཏོན་རུང་བཙན་བྱོལ་ནང་གི་རྩོམ་པ་པོ་ཚད་ལྡན་དག་གི་ལྗགས་རྩོམ་ལ་ལྟོས་དང་། ཡིག་ནོར་ཡོད་པ་ཧ་ལམ་དཀོན་པོ་རེད། ཡིན་ཡང་ཁྱོད་ཀྱིས་ཨ་གསར་ལ་དགའ་ཞིང་ལམ་སང་པར་བསྐྲུན་ལ་དུངས་བ། ཡི་གེ་དག་ཆ་མི་ཤེས་པ་དག་གིས་པར་བསྐྲུན་བྱས་པའི་དཔེ་དེབ་དག་ལ་བསྡུར་གྱི་ཡོད་དམ། སྐད་ཅ་འདི་ལས་ཁྱོད་ཀྱི་ “རིན་ཐང་” རྟོགས་ཐུབ།

    བཞི་བ། དེབ་དང་ཡང་ན་རྩོམ་ཡིག་གང་རུང་ཞིག་རྩོམ་པ་པོས་ཆོག་མཆན་མེད་པར་གང་འདོད་དུ་བསྒྱུར་བའམ་ཡང་ན་པར་བསྐྲུན་བྱས་ཚེ། དེ་ནི་ཁྲིམས་འགལ་ཡིན་པ་ཤེས་ཡོད་དམ། ཁྲིམས་ཆད་ཅི་ཞིག་ཕོག་མིན་ཤེས་ཨེ་ཡོད། དཔེར་ན། ཁྱོད་ཀྱིས་རང་ཉིད་ཀྱིས་འབད་འབུངས་བྱས་པའི་བརྩམས་སྒྲུང་དེབ” ཟུར་ཞིག” ཅེས་པ་དེ་ཉིད་ཁྱོད་ཀྱི་ཆོག་མཆན་མེད་པར་པར་བསྐྲུན་བྱས་ནས་འཚོང་ན་ཁྱོད་ལ་ཚོར་བ་གང་འདྲ་འདུག་གམ། མ་གཞི་ཁྱོད་ཀྱི་དེབ་དེ་པར་བསྐྲུན་བྱ་མཁན་ཞིག་ཨེ་ཡོད་ལ། སྐད་ཆ་འདི་ལས་ཁྱོད་ཀྱི་ “མི་གཞི་” རྟོགས་ཐུབ།

    ལྔ་བ། ངས་ནི་ཁྱོད་ཀྱིས་བསྒྱུར་སྒྲིག་བྱས་པའི་བྱིས་སྒྲུང་དེབ་བརྒྱད་ལ་ཡིད་ཆེས་དང་གདེང་འཇོག་གིས་ཧིན་སྒོར་སུམ་སྟོང་མ་ཟིན་བྱིན་ནས་བླུ་ཡོན་ཞུས་ཡིན། དེ་ནི་ང་ནི་དངུལ་ལ་སེར་སྣ་སྐྱེས་པ་མིན་མོད། ངས་ཁྱོད་ལ་ཡིད་ཆེས་དང་གདེང་འཇོག་དེ་རྦད་དེ་བརླགས་བཅུག་སོང་། ཁྱོད་ཀྱི་བྱིས་པ་ཁ་གཡར་ནས་ “ཚོང་ལས་” གཉེར་བ་ཤུགས་ཀྱིས་རྟོགས་རྗེས་ང་ནི་ཧ་ལས་བཅུག་སོང་།

    དྲུག་པ། ཁྱོད་ཀྱིས་བཤད་པ་ལྟར་ན་”བྱིས་སྒྲུང་དག་བྱིས་པ་ཚོའི་ཆེད་དུ་སྒྲིག་པ་ཡིན་ལ་ཀློག་པ་པོ་ཡང་བྱིས་པ་ཚོ་རེད་ཟེར། ” དེ་ནི་བདེན་ཤས་ཆེ་རུང་དོན་ངོ་མར་བྱིས་པ་ཚོར་གློ་སྙིང་བྲང་གསུམ་གྱིས་སྙིང་ཉེ་ཉེ་དང་ཤ་ཚ་ཚ། བྱམས་འདོད་ཡོད་ན་ཐོག་མ་ཉིད་ནས་ཡིག་ནོར་གྱི་ཁེངས་བའི་བྱིས་སྒྲུང་བསྒྱུར་སྒྲིག་བྱེད་དོན་ཅི། བྱིས་པ་ཚོས་དེ་ཡིག་ནོར་རེད། ཚིག་སྦྱོར་མི་བདེ་ཀི་ཟེར་ཤེས་ཀི་མ་རེད། དེ་བས་སྐད་ཆ་དེ་ལས་ཁྱོད་ཉིད་ “འགན་འཁྲི་” ཅི་ཡང་མེད་པའི་ཨ་མ་ཞིག་དང་བུད་མེད་རྩོམ་པ་མོ་ཞིག་ཡིན་པ་རྟོགས་སོང་།

  10. འཕྲུལ་གྱི་བཙན་པོ། says:
    2022-01-11 at 4:31 pm

    བདུན་པ། བྱིས་སྒྲུང་གཅིག་གི་ནང་ལ་ཡིག་འབྲུ་བརྒྱ་ལས་ཉུང་བ་དེ་དག་ལ་ཞུ་དག་ཚད་ལྡན་ཞིག་གཏོང་མ་ཐུབ་ན་ཅིའི་ཕྱིར་བྱིས་སྒྲུང་བསྒྱུར་སྒྲིག་བྱས་པ་ཡིན། བྱིས་པ་ཁ་ལ་འཁྱེར་ནས་ཚོང་ཞིག་རྒྱག་བསམ་པ་ཡིན་ནམ། དེ་འདྲ་ཡིན་ན་དེ་ནི་ཁྱོད་ཀྱི་རང་དབང་དང་། ཐོབ་ཐང་ཡིན་པས་དགག་བྱ་ཅི་ཡང་མེད། ཡིན་ཡང་དྲི་མེད་དྭངས་གཙང་གི་བྱིས་པའི་སེམས་ཁམས་ལ་ཡིག་ནོར་གྱི་འབག་བཙོག་མ་བྱ་རོགས། དབྱངས་གསལ་སོ་བཞི་ཚོང་ལས་ཀྱི་ཆེད་ “རྩེད་མོ་མ་རྩེ་” རོགས་ཅེས་འབོད་སྐུལ་ཙམ།

    བརྒྱད། མཇུག་ཏུ་ ” སྐུ་ཉིད་ཀྱི་ཐུགས་རེ་བཞིན་ཡིག་ནོར་འབྲུ་གཅིག་མེད་པའི་བརྩམས་ཆོས་ཤིག་ཁྱེད་ནས་མིག་དཔེའི་ཚུལ་དུ་དཔར་ཡོང་བར་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་ཁྱེད་ལ་སློབ་སྦྱོང་བྱ་རྒྱུར་གྲ་སྒྲིག་ཡོད།” སྐད་ཅ་འདི་འདྲ་ཞིག་བཤད་རྒྱུ་སེམས་ངོགས་དྲན་ན་ཁ་ནས་བརྗོད་ཐུབ་བམ། གལ་སྲིད་ངས་བྱིས་སྒྲུང་ཞིག་བསྒྱུར་སྒྲིག་ཅིག་བྱས་ཡོད་ན། ཁྱོད་ནང་བཞིན་འགན་མ་འཁུར་བ་དང་ཡིག་ནོར་ཅན་གྱི་བྱིས་སྒྲུང་ཅིག་མི་དཔར་བ་ཁག་ཐག་བྱས་ནས་བཤད་ཆོག ཡིན་ཡང་ཡིག་ནོར་ཤོར་ཡོད་ན་ཀློག་པ་པོ་ལ་དགའ་ཞིང་སྤྲོ་བའི་ངང་དགོངས་སེལ་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་་ཀློག་པ་པོ་གང་དེས་གློ་བ་ཉེ་བར་བསམ་ཚུལ་གསུང་བ་ལ་ཐུགས་འཁུར་དང་རྒྱབ་སྐྱོར་ཡིན་པས་རེད། དེ་བས་གོང་གི་ཚིག་དེ་ལས་ ” ཁྱོད་ཀྱི་ཁོག་རྒྱ་ནི་ཁབ་མིག་དོག་ལ་ཧམ་པ་རི་བོ་བཞིན ” ཡིན་པ་ཉིད་ཀྱིས་གསལ་བོ་བསྟན་འདུག

    དགུ་བ། མཐའ་མ་དེར། ངའི་དངོས་མིང་བཀོལ་རོགས་ཞེས་བཤད་ཀྱང་། དེ་ནི་གལ་ཆེན་མ་རེད། གཙོ་བོ་ངས་ཁྱོད་ལ་གཞི་མེད་སྐྱོན་བརྗོད་དང་ཁྱད་གསོད་བྱས་ཡོད་ན་ད་གཟོད་དེ་ལྟར་ལབ་ན་འགྲིག་མོད། ངས་ཀྱང་བྱིས་པའི་མདུན་ལམ་དང་ཁྱོད་ཀྱི་བྱིས་སྒྲུང་གི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཞུ་བ་དེ་འདྲའི་ང་རྒྱལ་དང་ཕོག་དགོས་དོན་འདུག་གམ། གལ་སྲིད་དེ་འདྲ་ཞིག་ཡིན་ན་ངས་ཁྱོད་ལ་དེ་འདྲ་ལབ་ཀི་མ་རེད། དེའི་རྐྱེན་ཁྱོད་ཀྱིས་ཡིག་ནོར་གྱི་ཁེངས་པའི་དེབ་ཚོགས་ཤིག་པར་བསྐྲུན་བྱས་ནས་ནོར་གླིང་གི་བྱིས་པ་བསམ་མེད་ཚོར་ལོག་ལམ་ལ་འཁྲིད་ནས་ཡིན་མདོག་མདོག་དང་འཇོན་མདོག་མདོག་བྱས་ནས་སྡོད་ཡ།
    དུས་གཏན་དུ་བདེ་མོ་བྱོས།

  11. ཉི་མ་འཚོ། says:
    2022-01-12 at 12:40 am

    འཕྲུལ་གྱི་བཙན་པོ།
    ངས་ཁྲིམས་འགལ་བྱས་ཡོད་ན། ཁྱོད་ཀྱིས་ཁྲིམས་ཁང་ལ་གཏུགས་རོགས། དེ་མིན་དྲ་འབུ་བྱས་ནས་དྲ་ཐོག་གི་གད་སྙིགས་སྤུངས་ཡོང་བ་ལ་ང་ནི་ཁ་ཡ་བྱེད་ཁོམ་མེད།
    ཁྲིམས་ལ་གཏུགས་དང་ཁྲིམས་ཁང་ག་བར་ཡོང་དགོས་ན་ཡང་ང་ཡོང་ཆོག་ཆོག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme