Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།

Posted on 2009-10-162009-10-18 By དགེ་རབ་ 1 Comment on བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།

ངག་དབང་རྡོ་རྗེ་
———————-
ངོ་སྤྲོད།
ཨ་རིའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་ལོ་འཁོར་དུས་དྲན་སླེབས་ཉེར་ཡོད་པའི་ཉིན་གཉིས་ཀྱི་སྔ་རོལ་ཏུ། ང་ལ་སྟེས་དབང་ཞིག་གི་དབང་གིས་སྒྲུང་དེབ་འདི་འདྲ་ཞིག་ཐོབ་བྱུང་། (༸གོང་ས་མཆོག་གི་སྙིང་རྗེ་དང་ངོ་མཚར་ཆེ་བའི་ལྡུམ་ར། )
H. H.The Dalai Lamas Compassion
Wonder Garden
ཁྱི་རྒད་མོ་དང་རི་བོང་གི་ཕྲུ་གུའི་སྒྲུང་ཞེས་པའི་དེ་ངས་ཚར་གསུམ་བཀླགས་རྗེས། བསམ་གཞིགས་ཕྱི་སྐོར་ནང་སྐོར་བྱས་རྗེས་དུས་དྲན་ཁྱད་པར་ཅན་གྱི་ཉིན་མོ་འདིར་དྲ་ཐོག་ཏུ་སྤེལ་ནས་དྲ་གྲོགས་ཚོའི་སྤྱན་སྔར་བཤམ་རྒྱུ་སེམས་ཐག་བཅད་པ་ཡིན། འདི་ནི་༸གོང་ས་མཆོག་ལ་འཕགས་མཆོག་སྙིང་རྗེ་ཆེན་པོ་ཞེས་པའི་མཚན་བཟང་གསོལ་བའི་མཚན་དོན་དང་འབྲེལ་བ་ཆེ་ལ། ཁོང་གི་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ལ་ཇི་མི་སྙམ་པའི་ཐུགས་ཁུར་བཞེས་བཞིན་ཡོད་པའི་དན་རྟགས་ངོ་མ་ཞིག་ཀྱང་ཡིན་སྟབས། འདི་ལྟར་དོན་ལྡན་གྱི་བྱིས་སྒྲུང་འདི་དྲ་ངོས་སུ་འདོན་རྒྱུར་ཐབས་ཤེས་བྱས་པ་ཡིན།

སྒྲུང་འདི་ནི་ཉི་ཧོང་ན་སྐྱེས་ཤིང་ཨ་རིའི་ནིའུ་ཡོག་ཏུ་གཏན་སྡོད་གནང་མཁན་རྩོམ་པ་པོ་རི་མ་ཕུ་ཇི་ཏས་བརྩམས་པ་དང་རི་མོ་ཁག་ཀྱང་བྱིས་པའི་སེམས་ཁམས་དང་མཐུན་པའི་ཐོག་ནས་ཁོང་རང་ཉིད་ཀྱིས་བྲིས་པའི་བྱིས་སྒྲུང་ཞིག་ཡིན་ཞིང་། སྒྲུང་དེབ་དེ་ནི་དེབ་གཟུགས་ཚོན་ཁྲ་ཅན་ཞིག་གི་ཐོག་པར་སྐྲུན་བྱས་ཡོད་པ་མ་ཟད། སྟེང་དུ་སྒྲུང་གི་ནང་དོན་དང་འབྲེལ་བའི་རི་མོ་དང་། དེའི་གཤམ་དང་ཉེ་འགྲམ་གང་རུང་དུ་ཉི་ཧོང་དང་། དབྱིན་ཇི། བོད་ཡིག་བཅས་སྐད་ཡིག་གསུམ་ཤན་སྦྱར་གྱི་ཐོག་སྒྲུང་གི་ཚིག་རྣམས་སྤེལ་མར་བཀོད་སྒྲིག་བྱས་པ་ཞིག་རེད་འདུག་ལ། མཇུག་ཏུ་སྒྲུང་དེ་ཆ་ཚང་བོད་ཡིག་དབུ་མེད་ཀྱི་ཚུགས་ཐུང་ཐོག་ཆ་ཚང་ཞིག་ཀྱང་བྲིས་འདུག དེབ་གཟུགས་དེའི་སྤུས་ཚད་ལེགས་ལ་རི་མོ་ཁག་ཀྱང་བོད་ལུགས་ལྟར་བྲིས་འདུག ད་དུང་དེབ་དེའི་སྔོན་གླེང་དུ་༸གོང་ས་མཆོག་གིས་དབྱིན་ཡིག་ཐོག་བསྩལ་བའི་སྔོན་གླེང་ཞིོག་ཀྱང་འདུག སྒྲུང་དེབ་དེ་ནི་ཁོ་བོས་༸གོང་ས་མཆོག་དང་འབྲེལ་བའི་བྱིས་པའི་སྒྲུང་རྩོམ་དམིགས་བསལ་བ་ཞིག་ཏུ་མཐོང་ཞིང་། འདིར་དྲ་གྲོགས་ཚོར་མཁྱེན་རྟོགས་སླད་འགོད་འདོད་བྱུང་བ་ལྟར་བཀོད་ཡོད་ལ། ང་ཚོའི་བྱིས་པ་སྣབས་ལུག་དེ་ཚོར་ང་ཚོས་ཀྱང་བྱིས་སྒྲུང་འདི་དང་འདི་འདྲ་བའི་རིགས་བརྩམ་རྒྱུར་ཐུགས་སྣང་དགོས་པ་མཐོང་ཞིང་། ལྷག་པར་ང་རྩོམ་པ་པོ་ཡིན་པར་ཁས་འཆེས་མཁན་ཚོས་བྱིས་སྒྲུང་གི་ཐོག་ལ་ཡང་དོ་གལ་ཆེན་པོ་གནང་དགོས་པར་མཐོང་གིན་ཡོད། རྩོམ་ཡིག་འབྲི་མཁན་མང་ཡང་བྱིས་སྒྲུང་འབྲི་མཁན་མཛུབ་མོ་འཛུགས་ས་མེད་པ་ལྟ་བུར་གྱུར་ཡོད་པས་འདིའི་ཐོག་ང་ཚོས་ཇི་ལྟར་བྱས་ཏེ་གོམ་སྟབས་ཤིག་སྤོ་དགོས་སམ། ད་རེས་འདིར་རི་མོ་རྣམས་རིམ་པར་བཀོད་ན་འགྲིག་ཀྱང་། དྲ་ངོས་ཀྱི་ཤོང་ཚད་ལ་འགལ་རྐྱེན་དུ་འགྲོ་བར་དོགས་ནས་འདིར་འགོད་རྒྱུར་འབད་བརྩོན་བྱས་མེད།།

(དགོས་དབང་གིས་གཤམ་གྱི་སྒྲུང་ནང་ཡིག་ནོར་སོགས་གང་ཞིག་མཆིས་ཀྱང་ཐད་ཀར་བཤུས་པ་ཞིག་ཡིན་པ་ལས། རང་ཉིད་ཀྱིས་ནོར་བཅོས་གང་ཡང་བྱས་མེད།)

༸གོང་ས་མཆོག་གི་སྙིང་རྗེ་དང་ངོ་མཚར་ཆེ་བའི་ལྡུམ་ར།

ཁྱི་རྒད་མོ་དང་རི་བོང་གི་ཕྲུ་གུའི་སྒྲུང་།

(H. H.The Dalai Lamas Compassion)

(Wonder Garden)

1 ཉི་མ་ཡག་པོ་བསྟན་པའི་ཕྱི་དྲོའི་དུས་ཤིག་གི་ཚེ། བུ་མོ་ཞིག་བྱང་ཆུབ་ཤིང་གི་ཡལ་གའི་སྟེང་གཉིད་ཐུང་ཞིག་ཁུག་བཞིན་བསྡད་ཡོད། གློ་བུར་དུ་རི་བོང་གི་ཕྲུ་གུ་ཞིག་མཐོང་བའི་སྣང་བ་ཤར། རི་ཕྲུག་དེས་བུ་མོར་དོན་དག་ཅིག་ཤོད་ཡས་ཡོད་པ་ལྟ་བུའི་སྒོ་ནས་གདོང་པར་བལྟས་ཤིང་། སྣ་ཉེར་ཞིག་ཀྱང་བྱས་པ་རེད། བུ་མོ་ཆུང་ཆུང་དེས་མིག་ཧུར་རེར་ལྟ་བཞིན། རི་བོང་ལ། ག་རེ་བྱས་སོང་། ཁྱོད་རང་ག་ནས་ཡོང་། ཞེས་དྲིས། རི་བོང་གིས་ ང་ནི་༸གོང་ས་མཆོག་གི་ལྡུམ་ར་ནས་ཡོང་བ་ཡིན་ཞེས་ལན་བརྒྱབ་པ་རེད། བུ་མོ་དེས་ངོ་མཚར་དང་བཅས་དྲིས་དོན། ༸གོང་ས་མཆོག་ལྡུམ་ར་དེའི་ནང་སྐུ་འཆམ་ལ་ཕེབས་སྐབས་ག་འདྲ་ཞིག་ཡོད་དམ་སྙམ་པའི་བསམ་བློ་ཞིག་འཁོར་བའི་མུར། གཉིད་ལྗིད་པོ་ཁུག་པའི་སྟེང་ངོ་མཚར་བའི་རྨི་ལམ་མང་པོ་བཏང་ཡོད་པ་རེད།
2 སྐབས་དེར་རྡ་རམ་ས་ལར་ཉི་མ་ཡག་པོ་བསྟན་པའི་ཉིན་ཞིག་གི་སྔ་དྲོ་༸གོང་ས་མཆོག་ཞོགས་པའི་གསོལ་ཆས་སུ་ཤིང་ཏོག་ཀེ་ལ་དང་ཆབ་ཁོལ་མཆོད་པ་དང་ཆབས་ཅིག་སྔ་དྲོའི་ཚགས་པར་ཀློག་གིན་བཞུགས་ཡོད། ཚགས་པར་ནང་ལྡི་ལིར་འཁྱམས་ཁྱི་རྒད་མོ་ཞིག་མགྱོགས་པོ་གསོད་ཀྱི་ཡོད་པའི་གནས་ཚུལ་ཞིག་གཟིགས་པ་དང་། ལམ་སེང་ཞི་བའི་འཛུམ་མདངས་ཡོངས་སུ་ཡལ་ཏེ་སྐྱོ་གནས་ཀྱི་རྣམ་པར་གྱུར་པ་རེད།
3 ཡང་ལོ་མང་པོའི་སྔོན་༸གོང་ས་མཆོག་གིས་གཟིམ་ཁྱི་ཨབ་སོག་སྙིང་རྗེ་པོ་ཞིག་གཅེས་ཉར་གནང་ཡོད་པ་དང་། ཁྱི་དེ་ཚེ་འདས་སོང་རྗེས་༸གོང་ས་མཆོག་ཐུགས་ཕམ་ཆེན་པོ་བྱུང་སྟེ། སླར་གཅེས་སྐྱོང་སེམས་ཅན་ཉར་ཚགས་གནང་རྒྱུ་མིན་པའི་དམ་བཅའ་བཞེས་པ་རེད།
4 འོན་ཀྱང་འཁྱམས་ཁྱི་རྒད་མོའི་གནས་ཚུལ་དེས་ཁོང་གི་ཐུགས་ལ་གཡོ་འགུལ་ཤུགས་ཆེ་ཐེབས་ཏེ་ཁྱི་དེ་བདག་ཉར་གནང་རྒྱུའི་ཐག་གཅོད་གནང་། ཁྱི་དེ་ལོ་ཆེན་པོ་ཡིན་པའི་ཐོག གྲོང་ཁྱེར་གྱི་མི་ཚོས་ཀྱང་ཁ་རྡུང་གཏོང་གི་ཡོད། ཁྱི་མོ་དེས་མི་ལ་ཡིད་ཆེས་བྱེད་ཀྱི་མེད། གལ་ཏེ་མི་ཞིག་གི་མོ་རང་གི་ཉེ་འཁྲིས་སུ་ཡོང་གི་ཡོད་པ་ཡིན་ན། རང་ཉིད་བྲོས་འགྲོ་བའམ། ཡང་ན་ཡིབས་ནས་སྡོད་ཀྱི་ཡོད། ༸གོང་ས་མཆོག་གིས་ཁྱི་དེར་མིང་རྩ་བ་ནས་བཏགས་མེད། མིང་འདོགས་པ་ལ་བརྟེན་ནས་ཁྱི་དེ་ཁོང་གི་གཅེས་སྐྱོང་སེམས་ཅན་ཞིག་ཏུ་འགྱུར་འགྲོ་བ་དང་ཐུགས་ལ་གཅེས་ཞེན་གྱི་བློ་ཡང་སྐྱེ་ཡི་ཡོད་ཙང་མིང་གནང་མེད།
5 འོན་ཀྱང་ཁོང་གིས་ཁྱི་དེར་ལྟོ་དང་ཆུ་བསྟེར་བ་ཙམ་མ་ཡིན་པར་རྒྱང་ནས་གཟིགས་རྟོག་ཀྱང་ཡག་པོ་གནང་གི་ཡོད་པའི་སྟེང་། ཁོང་གི་ལྡུམ་རའི་ནང་རང་དབང་བྱས་ནས་རྩེད་མོ་རྩེ་རྒྱུ་བྱུང་ཡོད་པས། གཟུགས་པོ་ཉིན་རེ་ནས་ཉིན་རེ་ཐང་དུ་སོང་ཡོད།
6 ཉིན་གཅིག་ལྡུམ་ར་དེའི་ནང་ཨ་མ་ལས་ལོགས་སུ་ཁྱར་བའི་རི་བོང་གི་ཕྲུ་གུ་ཞིག་འཁྱམ་སྐྱོད་བྱས་ཤིང་། ཁོའི་ཨ་མ་བརླགས་པ་སོང་ཙང་སེམས་ནང་རང་ཉིད་གཅིག་པུ་ཡིན་པའི་གནོན་ཤུགས་དང་ལུས་སྟེང་ལ་རྨ་བཟོས་པ། རང་གིས་རང་སྐྱོབ་མི་ཐུབ་པའི་གནས་སྟངས་བཅས་ལ་བརྟེན་ནས་རེ་བ་མ་ཟད་བར་ཨ་མ་བཙལ་པ་རེད།
7 ཉིན་གཅིག་ཁྱི་དེར་རི་བོང་གི་གནས་སྟངས་ཤེས་རྟོགས་བྱུང་བ་དང་། ཁོའི་ཉེ་འགྲམ་དུ་སོང་སྟེ། རྨ་ཁ་ལྕེས་ལྡག་འགོ་བཙུགས་པ་རེད། གཞི་རྩའི་ཁྱི་དེ་རི་བོང་གསོད་རྒྱུར་སྦྱངས་པ་ཐོན་པའི་ཤ་ཁྱི་ཞིག་ཡིན་རུང་། རི་བོང་གི་ཕྲུ་གུ་དེ་ནི་དགའ་པོ་དང་ཞི་འཇམ་གྱི་སྒོ་ནས་གཅེས་སྐྱོང་བྱས།
8 གཅིག་བྱས་ན་༸གོང་ས་མཆོག་གིས་ཁྱི་དེར་གནང་བའི་སྙིང་རྗེའི་ནུས་པ་རི་བོང་གི་ཕྲུ་གུ་དེར་འཇུག་པ་ཡིན་གྱི་རེད།
9 དུས་ཚོད་གང་འཚམ་ཞིག་གི་རྗེས་རི་བོང་གི་ཕྲུ་གུའི་སེམས་ནང་ཁྱི་དེ་རང་གི་ཨ་མ་ཡིན་པའི་བསམ་བློ་ཞིག་འཁོར་བ་དང་། ཁྱི་མོ་དེ་གང་འགྲོའི་ས་ཆར་རྗེས་འབྲངས་བྱས་པས་མ་ཚད། འོ་མ་འཐུང་ཡས་ཀྱི་འབད་རྩོལ་ཡང་བྱས། ཁོ་པའི་བྱེད་སྟངས་དེར་ཁྱི་མོ་ཁ་སྐྱེངས་པོ་དང་ཐེ་ཚོམ་སྐྱེས་ཡོད་ཀྱང་། སེམས་པའི་གདིང་རང་ནས་ང་ནི་རི་བོང་གི་ཕྲུ་གུར་བདེ་བ་སྤྲོད་མཁན་ཞིག་ཡིན་སྙམ་པའི་དགའ་སྣང་ཡང་ཡོད།
10 སྙིང་རྗེ་ནི་མིག་འཕྲུལ་ལྟ་བུ་ཞིག་ཡིན། དེས་གདུལ་བྱའི་སེམས་པ་ཕན་སེམས་ཅན་དུ་ཁ་འགྱུར་བྱེད་པ་དང་། བྱམས་སེམས་སྐྱེ་བའི་སྤྲོ་བ་ཡང་རྒྱས་པར་བྱེད།
11 ངོ་མཚར་ཆེ་བ་ཞིག་ལ། ད་ཆ་ཁྱི་རྒན་འཁོགས་དེ་དང་རི་བོང་གི་ཕྲུ་གུ་གཉིས་ཀ་ཐང་པོ་དང་སྐྱིད་པོ་བྱས་ནས་བསྡད་ཡོད་པ་བཅས་སོ།།

མཇུག་ཏུ་གླེང་བའི་གཏམ།

ལོ་བཅུ་ཙམ་གྱི་གོང་ངའི་རྨི་ལམ་ནང་སྒྲ་སྐད་ཅིག་གིས། ཁྱོད་ཀྱིས་བོད་དོན་ཐོག་ལས་དོན་ཞིག་ངེས་པར་དུ་བྱ་དགོས་ཞེས་པ་ཞིག་གོ་བྱུང་། དེ་དུས་ངས་སྐྱབས་བཅོལ་ནང་ཡོད་པའི་བོད་ཕྲུག་ཚོའི་ཆེད་དཔེ་དེབ་གསར་བསྐྲུན་དང་། དེ་དག་ཞལ་འདེབས་བརྒྱག་རྒྱུའི་ཐག་གཅོད་བྱས་ཏེ། ཕྱི་ལོ་ 2001 ལོར་ངས་ཡ་མཚན་ཅན་གྱི་སྒྲུང་ཞེས་པའི་དེབ་ཅིག་དཔར་སྐྲུན་བྱས་ཤིང་། དེ་ནི་ངས་བྲིས་པའི་ཕྲུ་གུའི་སྒྲུང་དེབ་དང་པོ་རེད། ང་རང་ལ་ལམ་འགྲོ་ཡག་པ་ཞིག་ལ་སྔ་ལོ་རང་ཉི་ཧོང་ནང་འགྲིམ་འགྲུལ་བྱེད་པའི་སྐབས། ༸གོང་ས་མཆོག་གི་ཆིབས་ཞབས་སུ་བཅར་བའི་མི་སྣ་ཞིག་གིས་ཁྱི་རྒད་མོ་དང་རི་བོང་གི་ཕྲུ་གུ་ཞིག་གི་སྐོར་ལ་༸གོང་ས་མཆོག་ཐུགས་ཕམ་ཆེན་པོ་བྱུང་བའི་གནད་དོན་གཅིག་བཤད་གནང་བྱུང་། དེ་དུས་ངས་བྱུང་རབས་བཟང་པོ་དེ་གཞན་གྱི་གོ་སྐལ་དུ་འཇོག་ཆེད་ཕྲུ་གུའི་དེབ་གཉིས་པ་འདི་དཔར་འགྲེམས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། སྒྲུང་འདིས་ང་ཚོར། སེམས་ཅན་སུ་འདྲ་ཞིག་ཡིན་རུང་དེར་སྙིང་རྗེ་བྱས་པ་ཡིན་ན། དེ་ཉིད་སྙིང་རྗེ་དང་ལྡན་པ་ཞིག་ཆགས་ཐུགས་ཀྱི་ཡོད་པ་བསྟན་པ་དང་། སྙིང་རྗེ་སྦྱོང་བརྡར་བྱེད་ཡས་འདི། སྔ་ཡང་དྲགས་མེད་ལ་ཕྱི་ཡང་རྩ་བ་ནས་དྲགས་མེད་པའི་དྲན་གསོ་ཡང་གཏོང་གི་མི་འདུག་གམ། 2005 ཕྱི་ཟླ་གསུམ་པའི་ནང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཀོ་ལེ་སྒར་གཞིས་ཆགས་སུ་བལྟ་སྐོར་ལ་ཕྱིན་པ་ཡིན། གཞིས་གྲོང་ཁག་ནི་རྫོགས་མཐའ་མེད་པའི་ཨ་ཤོམ་ཞིང་གས་སྐོར་འདུག་ཀྱང་། གཞིས་གྲོང་གི་མི་ཚོར་སྤྲོད་རིན་ཆོག་པའི་རྒྱུ་ཆ་ཉུང་ཉུང་ཞིག་ལས་སྤྲད་མེད་པ་འདྲ། སྐབས་དེར་ང་ལ་ཐུག་འཕྲད་བྱུང་བའི་ཕྲུ་གུ་ཚོས་སོ་སོས་བདག་ཏུ་བཟུང་བའི་དངོས་པོ་ཉུང་ངུ་ཞིག་ལས་མེད་ཀྱང་ཚང་མ་ང་ལ་སྤྲད་འདོད་དང་། སྙིང་རྗེའི་རྣམ་འགྱུར་ཡང་ཤུགས་ཆེ་བསྟན་བྱུང་། ཁོ་ཚོའི་སྐྱིད་སྣང་དང་སེམས་བཟང་གི་རང་བཞིན་དེས་ངའི་སེམས་ལ་འགུལ་སྐྱོད་ཤུགས་ཆེ་ཐེབས་པ་མ་ཟད། བསམ་བློ་གཏོང་སྟངས་དེ་འདྲ་རྒྱུན་མར་ག་འདྲ་སེ་གནས་ཐུབ་པ་ཡིན་ནམ་སྙམ་སྟེ་ངོ་མཚར་ཡང་ནས་ཡང་དུ་སྐྱེ་གི་འདུག ངས་ཁོ་ཚོའི་གད་མོ་དགོད་སྟངས་ལ་བསམ་གཞིག་བྱེད་སྐབས། ༸གོང་ས་མཆོག་དང་འབྲེལ་བ་ཡོད་པའི་སྒྲུང་ཞིག་དྲན་གསོ་ཐེབས་པ་དང་། ཕྲུ་གུ་དེ་ཚོ་ནི་སྙིང་རྗེས་ཡོངས་སུ་ཕྱུག་པའི་མི་སྡེའི་ཁྲོད་འཚར་ལོངས་བྱུང་བའི་བསམ་བློ་ཡང་ཡང་འཁོར་བྱུང་། ངའི་སེམས་ནང་ཀོ་ལེ་སྒར་གཞིས་ཆགས་ནང་ཡོད་པའི་ཕྲུ་གུ་ཚོས་ངོ་མཚར་ཆེ་བའི་ལྡུམ་རའི་སྐོར་གྱི་སྒྲུང་དེབ་འདི་ཀློག་ཡས་ལ་སྤྲོ་སྣང་བྱེད་པའི་རེ་བ་དང་། གཞིས་ཆགས་ཀྱི་ཕྲུ་གུ་ཚོས་ངའི་བློ་སྟོབས་སྤེལ་བར་ཐུགས་རྗེ་ཆེ། མཐར་ངས་དེབ་འདི་ཕྱོགས་བསྒྲིགས་ཐོག་ཕྱག་རོགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡོད། ཕྲུ་གུ་དང་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཡོང་བའི་རེ་སྨོན་དང་། དེ་ཉིད་མཉམ་སྤྱོད་ཡོང་བའི་བྱིན་ནུས་འཇུག་པ་ཤོག
ནིའུ་ཡོག་ནས།
རི་མ། ཕུ་ཇི་ཏས། 2005 ཕྱི་ཟླ་ 9 ཚེས་ལ།

བྱིས་སྒྲུང་དེའི་རྩོམ་པ་པོ།
རྩོམ་པ་པོ། རི་མ། ཕུ་ཇི་ཏའི་ངོ་སྤྲོད།

ཁོང་ནི་ཉི་ཧོང་གི་གྲོང་ཁྱེར་ཊོག་ཡོའི་ནང་འཁྲུངས་པ་དང་། ཕྱི་ལོ་ 1979 ལོ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བཞུགས་ཡོད། ཁོང་དཔེ་རིས་འབྲི་བཟོ་དང་ཚོན་མདངས་སྤེལ་བའི་རིག་རྩལ་ཐོག་སློབ་སྦྱོང་གནང་སྟེ་སྒྱུ་རྩལ་དེའི་ཐོག་སྦྱངས་པ་ཐོན་པ་ཞིག་ཡིན། ཕྱི་ལོ་ 2001 ལོར་ཁོང་གིས་ཕྲུ་གུའི་ཆེད་སྒྲུང་འབྲི་བའི་འགོ་བཙུགས་པ་དང་། ཚོགས་པས་འཛམ་གླིང་ཁྱོན་གྱི་དྭ་ཕྲུག་དང་ཉམ་ཐག་གི་ཕྲུ་གུ་ཚོའི་ཆེད་ཕྲུ་གུའི་དེབ་བཟོ་སྐྲུན་དང་། ཞལ་འདེབས་སྐྱོན་གནང་གི་ཡོད་པ་རེད། ཁོང་གི་དེབ་དང་པོ་ནི་ཡ་མཚན་ཅན་གྱི་སྒྲུང་ཞེས་པ་དེ་ཡིན་ཞིང་། དེབ་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་ཀློག་བལྟའི་རྒྱུ་ཆར་རྒྱབ་གཉེར་དང་འདེམས་སྒྲུག་གནང་ཡོད་པ་རེད། ཁོང་གིས་དཔར་སྐྲུན་གནང་བའི་དེབ་གཞན་པའི་ཁོངས་སུ་སྟབས་བདེའི་སྒོམ་སྒྲུབ་ཅེས་པ་དང་། སྒམ་ནག་པོ་ཆུང་ཆུང་ཞིག་ཅེས་པ་བཅས་ཚུད་ཡོད། །

བརྩམས་སྒྲུང་།, སྣ་ཚོགས།

Post navigation

Previous Post: རྒྱལ་བུ་དང་སྤྲེའུ།
Next Post: རྩོམ་སྐུལ།

Comments (1) on “བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།”

  1. བསེ་རུ། says:
    2009-10-18 at 10:24 am

    བྱིས་སྒྲུང་འདི་བོད་ཡིག་ཏུ་སྒྱུར་བ་པོ། བོད་ཁྱིམ་ངག་དབང་རྡོ་རྗེ་ལགས་རེད་འདུག་ལ།
    དེབ་དེའི་ནང་གི་དབུ་མེད་ཐོག་བྲིས་པའི་སྒྲུང་དེ་ཡང་ཁོང་གིས་བྲིས་པ་ཞིག་རེད་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme