Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱིས་པའི་ཀློག་དེབ་གསར་བ།

Posted on 2013-10-132013-10-13 By ཁ་བརྡ་ 3 Comments on བྱིས་པའི་ཀློག་དེབ་གསར་བ།

མཁོ་སྤྲོད་པ། རྔ་བ་མཁས་གྲུབ།

གཡག་རྒོད་བྱིས་པའི་སློབ་གསོའི་ལས་གཞིའི་ཆ་ཤས་ཏེ་གཡག་རྒོད་དཔེ་སྐྲུན་ཁང་གིས། ད་ལོའི་སྤྱི་ཟླ་བདུན་པའི་ནང་། ༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་རི་མོ་ཅན་གྱི་དབྱིན་བོད་ཤན་སྦྱར་གྱི་བྱིས་པའི་ཀློག་དེབ་ཅིག་དཔར་བསྐྲུན་གྱིས། སྤྱི་ཟླ་བརྒྱད་པའི་ནང་བོད་ཕྱི་ནང་གཉིས་སུ་དེབ་གྲངས་༢༠༠༠ རིན་མེད་དུ་བཀྲམ་ཡོད། ཀློག་དེབ་དཔར་བསྐྲུན་ལ་མ་དངུལ་ཆ་ཚང་ཨ་རིའི་ནེའུ་ཡོག་གི་རྭ་ལ་བོད་ཀྱི་ཐེབས་རྩ་ཁང་ནས་སྦྱིན་གཏོང་གནང་བར། ཐེབས་རྩ་ཁང་འདི་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

བྱིས་པའི་ཀློག་དེབ་དེ་འབྲི་བའི་བློ་བསྐྱེད་ཐོག་མ་དེ་སྤྱི་ལོ་༢༠༠༤ ལོར་ཕྲན་དང་བཟའ་ཟླ་ཇོ་ས་ལེ་གཉིས་ཕ་ཡུལ་དུ་གཉེན་འཕྲད་ལ་ཕྱིན་པའི་སྐབས་སུ་བྱུང་བ་དང་། དེབ་འབྲི་བའི་བརྒྱུད་རིམ་ཁྲོད་སློབ་སྟོན་དང་བློ་འདྲི་ཞུ་ས་ནི། ཊོ་རན་ཊོའི་མཐོ་སློབ་ཁག་ཏུ་མཛུབ་སྟོན་སློབ་གསོའི་བྱ་བར་གཉེར་གྱིན་པའི་ཕྲན་གྱི་བཟའ་ཟླ་ཇོས་ལེ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཏུ་འབྲེལ་འཐུད་ཀྱི་བྱ་བ་གཉེར་གྱིན་པའི་ཇོས་ལེའི་སྤུན་སུ་ཊ་སྤུ། བླ་བྲང་སྡོང་རྒྱལ་སོགས་ཡིན་པའི་ཁོང་རྣམ་པར་བཀའ་དྲིན་ཆེ་ཞུ།

བོད་ཡིག་ཞུ་དག་དང་ལེགས་བཅོས་ལས་དོན་ཁྲོད་བླ་བྲང་སྡོང་རྒྱལ་དང་རྩོམ་པ་བོ་རྨེ་བ་བསོད་ནམས་མགོན་པོ། རྩོམ་པ་པོ་ལྷ་ཆབ་སྦྱིན་པ། རྩོམ་པ་མོ་ལྕགས་མོ་འཚོ་སོགས་ཡིན་ཞིང་། ཁོང་རྣམ་པར་ཡང་བཀའ་དྲིན་ཆེ་ཞུ། ལྷག་པར་དུ་ལྕགས་མོ་འཚོ་དང་ལྷ་ཆབ་སྦྱིན་པ་གཉིས་ལ་མཚོན་ན་གཡག་རྒོད་དྲ་བ་དང་འབྲེལ་བའི་བྱིས་པའི་སློབ་གསོའི་ལས་འཆར་རྣམས། རང་གི་ཉིན་རེའི་ལས་ཀའི་ཞོར་དུ། རིན་ཐང་བྲལ་བའི་དུས་ཚོད་ཧ་ཅང་མང་བོ་ཁེ་ཕན་སྐར་གང་མེད་པར་བཏང་དང་གཏོང་བཞིན་ཡོད་པས་བཀའ་དྲིན་ཆེ་ཞུ།

དབྱིན་བསྒྱུར་གྱི་རོགས་རམ་དང་ཞུ་དག ལེགས་བཅོས་སོགས་ལས་ཀ་ཆ་ཚང་ཕྲན་གྱི་བཟའ་ཟླ་ཇོས་ལེ་དང་སྤུན་ཆུང་སུ་ཊ་སྤུ་གཉིས་ཀྱིས་གནང་བ་དང་། ཀློག་དེབ་འདིའི་སྤྱི་ཁོག་བསྒྲིགས་པ་དང་། དཔེ་དེབ་དཔར་སྐྲུན་དང་འབྲེལ་བའི་དབྱིན་ཇིའི་ལས་ཀ་ཕལ་ཆེར་ཇོས་ལེས་བྱས་ཡོད་པས་ཁོང་སྤུན་མཆེད་གཉིས་ལ་ཡང་ཡང་བཀའ་དྲིན་ཆེ་ཞུ།
དཔེ་དེབ་གྱི་མདུན་རྒྱབ་ཇུས་འགོད་པ་དང་པར་བཟོ་བ་རྨེ་བ་བསྟན་འཛིན་ཡིན་པས་ཁོང་ལ་བཀའ་དྲིན་ཆེ་ཞུ།
དཔེ་དེབ་འགྲེམ་སྤེལ་གྱི་ལས་དོན་ལ་རོགས་རམ་གནང་མཁན་རྣམས་ནི། ལྕགས་མོ་འཚོ་དང་། ཇོས་ལེ། མཚོ་སྔོན་འཇམ་དབྱངས། རྔ་རྒོད་ཡོན་ཏན། འབྲུག་ཆུའི་འཇམ་དབྱངས། དཔའ་ལུང་བསྟན་པ། རྔ་བ་དཔལ་ལྡན། ལམ་བདེན་སོགས་ཡིན་པས་ཁོང་རྣམས་ལ་བཀའ་དྲིན་ཆེ་ཞུ།
མིང་དངོས་སུ་འབྲི་མ་བདེ་བའི་དཔེ་དེབ་འགྲེམ་སྤེལ་གྱི་ལས་དོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་དང་སྒེར་བ་ཚང་མ་ལའང་བཀའ་དྲིན་ཆེ་ཞུ།

མི་རིགས་ཀྱི་ངོ་བོ་ཡུན་རིང་གནས་ཐབས་དང་བོད་ཀྱི་སྐད་ཡིག་གི་སྲོག་རྩ་སྔར་བཞིན་བརྟན་པ། ལྷག་པར་བོད་མིའི་སྤྱི་ཚོགས་ཁྲོད་བོད་རང་གི་རིག་གནས་ཀྱི་རིན་ཐང་དང་འབྲེལ་བའི་ན་ཆུང་བྱིས་པའི་སློབ་གསོ་རྒྱུན་འཛིན་དང་དར་སྤེལ་གྱི་དམིགས་འདུན་ཁོ་ན་བསམ་ནས་ད་བར་རྒྱབ་སྐྱོར་གནང་མཁན་གོངབརྗོད་ལྷག་བསམ་ཅན་ཡོངས་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ། བདག་ཉིད་ཡོད་པ་མ་ཡིན་ན། བདག་གི་ཡོད་པ་ག་ལ་འགྱུར་ཞེས་གསུང་བ་ལྟར། ཁོང་རྣམ་པའི་ལྷག་བསམ་དང་རོགས་སྐྱོར་མེད་ན། ༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་དཔེ་དེབ་ད་ལྟའང་རྔ་བ་མཁས་གྲུབ་གྱི་རྨི་ལམ་སྟོང་བའི་ཁྲོད་ལྷག་སྲིད་པ་ཁ་ཚོད་་གཅོད་ཆོག

བྱིས་སྒྲུང་འདི་འབྲི་བའི་གནས་སྐབས་དེར། སློབ་སྦྱོང་དང་ཉམས་མྱོང་གང་གི་ཆ་ནས་རང་གི་འདོད་བློ་ཁེངས་བ་ཞིག་མ་མཆིས་ནའང་། སྐབས་དེའི་བོད་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དང་དོ་ཁུར་གནང་ཡུལ་གྱི་བྱ་བཞག་རྣམས་རྩ་བར་བཟུང་ནས། བྱ་བཞག་དེ་དག་དང་འབྲེལ་བའི་སྒེར་ཀྱི་ལྟ་ཚུལ་དང་བསམ་ཚུལ་རེ་འགའ་ཟུང་འབྲེལ་གྱིས་ཀློག་དེབ་འདིའི་བརྗོད་བྱར་བཟུང་ཡོད།
བྱིས་སྒྲུང་འདིའི་ནང་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒན་བཀུར་གཞོན་བྱམས་ཀྱི་གོམས་གཤིས་དང་། ཡ་རབས་སྤྱོད་བཟང་། བྱམས་སྙིང་རྗེ། ལས་རྒྱུ་འབྲས། དད་པ་དང་སྙིང་རུས་སོགས་སྙིང་དོན་དུ་བཟུང་ཡོད་ལ། དེང་རབས་ཀྱི་སློབ་གསོ་རིག་པའི་ལྟ་ཚུལ་གྱིས་ཟུར་བརྒྱན་ཅི་ཐུབ་དང་། རང་བྱུང་ཁོར་ཡུག་གི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་འགྱུར་རྡོག ལོ་རྒྱུས་ལྡན་པའི་ས་དང་གནས། མི་སྣ་སྙན་གྲགས་རེ་ཟུང་གི་དངོས་མིང་བེད་སྤྱོད་བྱས་ཏེ་བྱིས་སྒྲུང་གཞན་དང་ཅུང་མི་འདྲ་བའི་ཁྱད་ཆོས་སོགས་འབུར་ཐོན་ཡོད་པར་སྙམ།

མཐར། ༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་བྱིས་པའི་ཀློག་དེབ་གྲངས་ཆིག་སྟོང་ལ་ཉེ་བ་ཞིག་གཡག་རྒོད་ཀྱི་མཚན་བྱང་ཐོག་ནས་མི་རིང་བར་ཚོང་འགྲེམ་བྱེད་རྒྱུ་ཡིན་ཞིང་། དེབ་རིན་ཆ་ཚང་མ་འོངས་གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞིའི་མ་རྩ་རུ་འཇོག་རྩིས་ཡིན་པས། ལས་གཞི་འདི་ལ་དགའ་མོས་ཡོད་མཁན་དང་། བོད་ཀྱི་བྱིས་པའི་ཀློག་དེབ་གྱི་དགོས་མཁོ་ཡོད་མཁན་ཚོས་གཡག་རྒོད་དྲ་བ་བརྒྱུད་དེ་གློག་འཕྲིན་ཁ་བྱང་གཤམ་གསལ་བརྒྱུད་ནས་ང་ཚོར་འབྲེལ་བ་གནང་རོགས།།
admin@wildyaks.com

གསལ་བསྒྲགས།

Post navigation

Previous Post: རྒན་ལྷ་མོ་སྐྱབས་ལགས་དང་བསམ་ཚུལ་བརྗེ་རེས་ཚུལ་དུ།
Next Post: ས་སྐྱ་ལེགས་བཤད་གཞན་ཞིག

Comments (3) on “བྱིས་པའི་ཀློག་དེབ་གསར་བ།”

  1. ཀརྡོ་གཉེར་ཕྱག་པ། says:
    2013-10-14 at 12:50 pm

    བྱིས་པའི་ཀློག་དེབ་གསར་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

  2. ཀླུ་སྨྱོན། says:
    2013-10-14 at 12:59 pm

    ཧྲ་གི ཞ་ཞིས་ཚོར་ཕན་ཟིག་ཐོག་པར་ཤོག

  3. སྦྲ་དཔལ་ལྡན། says:
    2013-10-16 at 12:35 am

    རྔ་བ་མཁས་གྲུབ་ལགས་ཀྱི་རྨི་ལམ་འགྲུབ་སོང་པས་རྟེན་འབྲེལ་ཞུ། གོང་གི་འགྲེམ་སྤེལ་པས་བརྗོད་པ་བཞིན་བོད་རིགས་བྱིས་པར་ཡོངས་ལ་ཕན་པའི་སྨོན་འདུན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme