Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།

Posted on 2014-10-092014-10-09 By ཁ་བརྡ་ 1 Comment on བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།

རྔ་རྒོད།

 
དེ་རིང་གི་གླེང་གཞི་ནི་གཙོ་བོ་ནི་བོད་ཀྱི་བྱིས་པའི་བློ་ངོར་འབབ་འོས་པའི་རི་མོའི་སྒྱུ་རྩལ་དང་དེ་དང་མཉམ་པོར་བྱིས་སྒྲུང་གི་བརྗོད་བྱ་གང་དེས་ང་ཚོའི་བྱིས་པ་ཚོའི་ཡིད་དབང་དེ་འགུག་ཐུབ་མིན་གྱི་བརྩམས་ཆོས་གང་དེའི་སྐོར་ཡིན། འདི་སྐོར་ལ་བོད་ཀྱི་ལྷ་བཟོ་མཁས་པ་ཚོའི་ངག་རྒྱུན་དུ་”མཁས་པས་རི་མོ་དེའི་སྤུས་ཀ་དང་ཚགས་ལ་བལྟ་ཞིང་། བླུན་པོས་རི་མོའི་ཆེ་ཆུང་དང་མཚོན་མདོག་ལ་བལྟ་ཟེར་བ་དང་། བྱིས་པས་བྱེའུ་རི་དྭགས་སོགས་ཀྱི་རི་མོ་ལ་བལྟའོ”།། ཞེས་པའི་ཚིག་རྐང་ཐ་མ་འདི་སྐབས་བབས་ཀྱི་བརྗོད་བྱ་འདི་དང་འབྲེལ་བ་ཧ་ཅང་ཆེའོ།། འོན་ཀྱང་འདིར་ང་ཚོས་བྱིས་སྒྲུང་སྙན་མོ་འདྲ་ཞིག་བོད་ཡིག་གི་སྟེང་དུ་འབྲི་བ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།
རྒྱུ་མཚན། སྔོན་མ་རང་རེའི་ལུགས་སྲོལ་ལ་ང་ཚོར་བྱིས་སྒྲུང་འབྲི་བའི་དཔེ་དེ་ཧ་ཅང་དར་མེད་པར་མ་ཟད་དེ་དང་མཉམ་པོར་བྱ་བ་འདི་དག་གི་རིགས་སྣང་ཆུང་བྱས་ཏེ་མཐར་རང་གི་སྐད་ཡིག་དང་ང་ཚོའི་བར་ན་ཁ་བརྡའི་ཚིག་གི་ཆད་ལྷག་དང་གོ་བརྡ་མི་འཕྲོད་པའི་རྩ་བའི་དཀའ་ངལ་དེ་ཡང་མདོར་བསྡུས་ན་གནད་འདི་ལ་བརྟེན་ཡོད།

དེའི་ཕྱིར། བྱིས་སྒྲུང་གང་ཞིག་དེ་བྲི་བར་འདོད་ན། བརྗོད་བྱ་དེ་ལ་མཐའ་གཅིག་ཏུ་དངོས་ཡོད་ཁོ་ན་མི་དགོས་ཏེ་རྟོག་སྒྲུང་དང་དངོས་ཡོད་གཉིས་ཀར་བྲི་ན་ཆོག དཔེར་ན། ཤམ་བྷ་ལའི་འཁོར་ཚོགས་དག་བྱིས་སྒྲུང་ཞིག་ལ་སྦྱར་འོས་ཤིང་། གཞན་ཡང་སྤྲེའུ་ཨཱ་ལ་མའི་གཏམ་རྒྱུད་ཚིག་བཅད་མ་དེ་ཚོ་ཚིག་ལྷུག་གི་ངོ་བོར་བསྒྱུར་ན་བྱིས་སྒྲུང་སྙན་པོར་འགྱུར་ཡང་སྲིད། དེ་མིན་གཞན་པ་དཔེར་ན། གླིང་གེ་སར་སྒྲུང་གི་ཚན་པ་རེ་ཡང་བྱིས་སྒྲུང་དུ་བཟོས་ན་བྱིས་པའི་བློ་ཡིད་འགུག་སྲིད་དེ། དཔེར་ན། དབྱིན་སྐད་དུ་(Harry Potter) ཡང་ན་༼Doctor who)ཟེར་བ་དག་ཀྱང་རྟོག་སྒྲུང་ཙམ་རེད། འོན་ཀྱང་བོད་ལ་བྱིས་སྒྲུང་རི་མོ་དང་བཅས་པ་སྙན་པོ་དང་མཛེས་པོ་རྩོམ་མཁན་ཕར་ཞོག་འབྲི་མཁན་ཧ་ཅང་དཀོན་པོ་རེད།

unnamed

འོན་ཏེ་བཀུར་འོས་སྐུ་ཞབས་དཔལ་ཤུལ་མཁས་གྲུབ་ཀྱིས་༼ཁཱ་ཎར་ཏྲར༽ རྒྱལ་ཁབ་ནས་དབྱིན་ཡིག་སློབ་ཆེན་མཐར་རྗེས་སུ་ལོ་མང་རིང་དཀའ་ལས་བརྒྱབ་སྟེ་བྱིས་སྒྲུང་དང་ཡང་ན་རི་མོ་དང་མཉམ་པོར་སྐད་ཡིག་ངོ་སྤྲོད་ཀྱི་དཔེ་དེབ་གཉིས་ཡོད་པ་དེ་ང་ཚོ་ཕྱི་སྡོད་བོད་མའི་ཁྲོད་དུ་དཔེ་སྟོན་ལྟ་བུ་ཞིག་ཏུ་གྱུར་ཡོད། ད་དུང་༼ཁཱ་ཎར་ཏྲར༽ བཞུགས་པའི་བསམ་བློ་བ་མི་གཞན་པ་ཞིག་གིས་ཀྱང་ལོ་མང་རིང་ཉམས་མྱོང་བརྒྱུད་བྱིས་སྒྲུང་ཞིག་བྲིས་ཡོད་པའི་གསར་བསྒྲགས་ཙམ་མཐོང་ཡང་དེ་རིང་ཁོང་གི་མཚན་དངོས་དེ་གུས་པའི་ཡིད་ངོར་མི་འདུག་པས་དགོངས་དག་ཞུ།

གཞན་བོད་ནང་ལ་མཚོན་ན། དུས་གསུམ་ཀུན་ལ་ང་ཚོས་བསྟོད་འོས་པའི་མཚོ་སྔོན་བོད་སྐད་ནང་གསེས་ན་ཆུང་བྱིས་བའི་དགའ་ཚལ་སྡེ་ཚན་གྱི་ཕྱག་རྗེས་དང་བཀའ་དྲིན་ལ་བརྟེན་ཏེ་བོད་ཕྱི་ནང་གཉིས་ལ་ཕན་པ་ཆེན་པོ་བསྐྲུན་ཡོད། ལྷག་པར་ཉེ་བའི་ཚེ་ན་༼༼གཉའ་ཁྲི་བཙན་པོ་༽༽ ཞེས་པའི་རྩོག་སྒྲིག་པ་ལྷག་བསམ་ཅན། བཙན་པོ་གསེར་བ་དང་། ཁ་བ་སྙིང་ལྕགས། ཀིརྟི་སྐྱབས། རི་མོ་བ་བཀྲ་ཡེ་དོན་ནེ། སོགས་གཙོས་རང་གི་སྐད་ཡིག་གི་ལས་དོན་འདིའི་སྐོར་ལ་བྱ་ར་མཛད་ཀྱིན་པའི་རང་རེའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ས་གང་ན་བཞུགས་ཡོད་མེད་ལ་མ་བལྟོས་པར་ཁོང་ཚོའི་བསམ་དོན་གང་དེ་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཁ་གཡང་ཞིག་འདིར་བརྗོད་དགོས་བྱུང་།

གཞན་དབྱིན་ཡུལ་འདིར་མཚོན་ན། དབྱིན་ཇི་སློབ་ཆུང་དག་གིས་བདུན་ཕྲག་གཅིག་རེར་ཕལ་ཆེར་བྱིས་སྒྲུང་མི་འདྲ་བ་གསར་བ་རེ་བཀླག་དགོས་པ་ཞིག་ཡིན་ལ་ད་དུང་གཞན་པ་སློབ་གྲྭ་དང་སློབ་ཆུང་སྡེ་ཚན་མ་འདྲ་ན་བྱིས་སྒྲུང་གི་བརྗོད་བྱ་དེ་ཡང་མི་འདྲའོ།། འོན་ཀྱང་རྩ་བའི་དབྱིན་ཇིའི་བརྡ་སྤྲོད་གཞུང་གི་རྩ་བ་དེ་སྒེར་གཞུང་ཚང་མས་འདས་པའི་སྐོར་ལ་མཚོན་ནའང་འདྲ་བརྩིས་ཡོད་ལ་ད་ལྟའི་སྐབས་སུའང་རྩི་བཞིན་ཡོད་ལ་མ་འོངས་པའང་ངེས་པར་བརྩི་དགོས། དེར་བརྟེན། འདིའི་སྐོར་དེ་དག་ལ་ཡུལ་ལུང་ཁ་ཤས་ཀྱི་སྒྲ་གདངས་འདྲ་མི་འདྲ་ཟེར་བའི་ངན་ཁག་འཇོག་ས་ཞིག་གཏན་ནས་མེད། དེའི་ཕྱིར། འདིའི་སྐོར་དེ་ལ་ཚང་མས་ཐུགས་གནང་མཛད་པར་བཀའ་དྲིན་ཆེའོ།།

ཞེས་༢༠༡༤/༡༠/ ༠༨ ལ་དབྱིན་ཡུལ་ནས།

སྣ་ཚོགས།

Post navigation

Previous Post: ཕ་མ་བཟང་པོའི་བུ་ཕྲུག
Next Post: བོད་པའི་སྤྲུལ་སྐུ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་འདུག་ཟེར།

Comment (1) on “བྱིས་དེབ་ཀློག་མཁན་དང་འབྲི་མཁན་མང་ན་ལེགས།”

  1. མགོན་པོ says:
    2014-10-09 at 9:11 am

    ངོ་མ་བདེན་པ་གསུང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme