Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིར་བོད་ཡིག་བསླབ་གཞིའི་སྒྲོམ་གཞི་གཏན་འབེབས།

Posted on 2008-05-082008-05-11 By དགེ་རབ་ 1 Comment on བྱང་ཨ་རིར་བོད་ཡིག་བསླབ་གཞིའི་སྒྲོམ་གཞི་གཏན་འབེབས།

པདྨ་ཚེ་དབང་ཤཱསྟྲིས།
༄༅།། །སྤྱིར་ནུབ་ཕྱོགས་རྒྱལ་ཁབ་ཁག་དང༌། ལྷག་པར་བྱང་ཨ་རིའི་ནང་དུ་སྐྱེ་འཚར་བྱུང་བའི་རང་རིགས་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་གིས་གཙོས་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཇགས་ཡོང་ཐབས་ཀྱི་མཐུན་རྐྱེན་གཅིག་ནི། བོད་རིགས་གནས་སྡོད་ཀྱི་ས་གནས་གང་སར་ན་གཞོན་ཚོར་བདུན་མཐའི་བོད་ཡིག་འཛིན་གྲའི་མཐུན་འགྱུར་བསྐྲུན་རྒྱུ་དེ་ཡིན། དེས་ན་འདི་ཟླའི་ཚེས་༡༩ ནས་༢༠ བར་ཉིན་གཉིས་ཀྱི་རིང་ལ། ནིའུ་ཡོརྐ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་ཨེན་ཨར་བྷོར་དུ་༧གོང་ས་མཆོག་གི་ཆིབས་སྒྱུར་དང་སྟབས་བསྟུན་ཏེ་བོད་དགེའི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད། ཚོགས་འདུའི་བགྲོས་གཞི་ཁག་ནི། ད་ཡོད་ཀྱི་སློབ་ཁྲིད་གནང་སྟངས་དེ་ཕན་ནུས་ལྡན་པ་ཞིག་ཡོད་མིན་སྐྱར་ཞིབ་དང༌། དུས་བསྟུན་སློབ་ཁྲིད་གནང་ཕྱོགས་ཀྱི་གདམ་ཁའམ། ཐབས་ལམ་གཞན་འཚོལ་བ། དེ་བཞིན་ས་གནས་ཡོངས་སུ་བསླབ་གཞིའི་སྒྲོམ་གཞི་གཅིག་མཚུངས་གཏན་འབེབས་གནང་རྒྱུ་བཅས་རེད། །

སྐབས་དེར་ས་གནས་ཁག་མི་འདྲ་བ་བཅུ་ཙམ་ནས་ས་གནས་སོ་སོའི་བདུན་མཐའི་བོད་ཡིག་འཛིན་གྲའི་བོད་དགེ་དང༌། ཨ་རིའི་མཐོ་སློབ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མཁན་ཁག་ཅིག དེ་བཞིན་དམིགས་བསལ་གདན་ཞུ་བྱས་པ་ཁག་ཅིག་བཅས་ཁྱོན་བསྡོམས་ཚོགས་ཞུགས་པ་མི་གྲངས་༣༠ ཕེབས་ཏེ་ཉིན་གཉིས་ཀྱི་རིང་ལ་ཕན་ཚུན་དགོངས་འཆར་སྤེལ་རེས་ཞུས་རྗེས་སུ། ད་བར་བདུན་མཐའི་འཛིན་གྲར་བོད་སྐད་དང་བོད་ཡིག་སྦྱོང་མཁན་བོད་རིགས་ན་གཞོན་ཚོའི་གནས་ཚད་ཇི་ཙམ་སླེབས་ཡོད་མིན་གྱི་གསལ་ཁ་དང༌། དེ་དག་གི་ཐོག་ཏུ་གྲོས་བསྡུར་བགྲོ་གླེང༌། དྲི་བ་དྲི་ལན་ལྷུགས་པོ་གནང་རྒྱུའི་དུས་ཚོད་མ་བྱུང་ཡང༌། ས་གནས་སོ་སོའི་ད་ཡོད་ཀྱི་བདུན་མཐའི་བོད་ཡིག་འཛིན་གྲའི་ལས་རིམ་དང༌། སློབ་ཚན་སྒྲིག་སྟངས། སློབ་ཕྲུག་གི་གྲངས་འབོར། འཛིན་སྐྱོང་གི་གནས་སྟངས། སློབ་ཁྲིད་ཞུ་ཕྱོགས། དཀའ་ངལ་དང་མཐུན་རྐྱེན་ཇི་ཡོད་སོགས་ཀྱི་ཐད་ལ་ཚོགས་ཞུགས་པ་ཚང་མར་གོ་རྟོག་གསལ་པོ་བྱུང་ཡོད། ལྷག་པར་དུ་མིནེསོཊ་དང༌། ཊོརནཊོ། ནིའུ་ཡོརྐ། མེཌིསན་བཅས་སློབ་ཕྲུག་མང་བའི་རིགས་ཀྱི་སྙན་ཐོ་དང༌། ལས་རིམ་སྒྲིག་སྟངས། བསླབ་གཞིའི་འཆར་འགོད་སོགས་ལ་གཞིགས་ན་ཧ་ཅང་ཡག་པོ་བྱུང་ཡོད་པའི་རྣམ་པ་གསལ་པོར་མངོན།

སྤྱིར་ས་གནས་མང་ཆེ་བས་བསླབ་གཞིའི་རྒྱུ་ཆ་དེ་རང་གཞུང་ཤེས་རིག་ལས་ཁུངས་ནས་བཏོན་པའི་བོད་ཡིག་སློབ་དེབ་ཁག་ལ་གཞི་བཅོལ་ཏེ། ཁ་སྣོན་དང་ཟུར་ཁྲིད་ཀྱི་ཚུལ་དུ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་དང༌། གཞན་ཡང་དེབ་རིགས་སྣ་ཚོགས་བཀོལ་སྤྱོད་གནང་གི་ཡོད་པ་མངོན། དེ་བཞིན་སློབ་ཁྲིད་ཞུ་ཕྱོགས་ཀྱི་ཐད་ལའང༌། སློབ་ཕྲུག་གི་ཁམས་དང༌། མོས་པ། ལོ་ཚད་བཅས་དང་བསྟུན་ཏེ་གསར་གཏོད་དང་རིག་རྩལ་གྱི་རང་བཞིན་ལྡན་ལ། སྤྲོ་སྣང་དང༌། འདུན་པ། དོན་གཉེར་བཅས་རང་འགུལ་གྱིས་སྐྲུན་ཐུབ་པའི་ཐབས་ལམ་བེད་སྤྱོད་གཏོང་དགོས་པའི་དགོངས་འཆར་ཡང་མི་ཉུང་བ་ཞིག་བྱུང༌། ཚོགས་ཞུགས་པ་མང་ཆེ་བས་བསླབ་གཞི་གཅིག་མཚུངས་གཏན་འབེབས་དང༌། མ་འོངས་པར་བོད་དགེ་ཚོར་སློབ་ཁྲིད་ཐབས་ལམ་གྱི་ཐད་ལ་ཟབ་སྦྱོང་དགོས་པའི་དགོངས་འཆར་བྱུང་བ་གཞིར་བཟུང༌། སྔ་འཕྲོས་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བསླབ་གཞིའི་སྒྲོམ་གཞི་རགས་ཟིན་ཞིག་གཏན་འབེབས་གནང་སྟེ་རིང་མིན་དོན་གཅོད་ཁང་ནས་ས་གནས་སོ་སོར་འགྲེམས་སྤེལ་གནང་རྒྱུ་དང༌། བསླབ་གཞི་དེ་བཞིན་ཁུངས་སོ་སོར་བེད་སྤྱོད་ཀྱིས་ལོ་གཅིག་གི་རྗེས་སུ་སླར་ཡང་དེ་ལ་སྣོན་འཕྲི་སྤོར་གཅོག་ཇི་དགོས་སྐྱར་ཞིབ་གནང་རྒྱུ་བྱས།

ཉིན་གཉིས་པར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཞབས་སོར་འཁོད་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་ཇི་ཙམ་གྱི་ཕྱུག་པོ་ཡིན་པ་དང༌། བོད་རིགས་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ལ་གལ་གནད་ཆེན་པོ་ཇི་ལྟར་ཡིན་པ། དེ་མི་ཉམས་རྒྱུན་འཛིན་དང༌། སྲུང་སྐྱོབ་བྱེད་པར་བོད་མི་ཤེས་ཡོན་ཅན་གཙོས་ཚང་མའི་ལས་འགན་ཡིན་པ་སོགས་ཀྱི་བཀའ་སློབ་ལྕི་མོ་ཕེབས། ད་རེ་ནིའུ་ཡོརྐ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་སྐུ་ངལ་འཛེམས་མེད་ཀྱིས་བོད་དགེའི་ཚོགས་འདུ་བསྡུ་སྐོང་གནང་པ་དེར་རྒྱུན་ལྡན་དང་མི་འདྲ་བའི་ཁྱད་ཆོས་འགའ་ཞིག་ཡོད། དང་པོ་དེར་ད་རེ་ཁྱད་མཁས་སུ་གྲགས་པའི་མགོ་སེར་པོ་ཚོ་ལ་རེ་བཅོལ་ཞུ་མ་དགོས་པར་ཚོགས་ཞུགས་པ་གཅིག་མ་གཏོགས་དེ་མིན་ཚང་མ་བོད་རིགས་ཁེ་གཙང་ཡིན་པ་དང༌། གཅིག་པོ་དེ་ཡང་ཨ་མདོའི་སྐད་དམ་པོ་རྒྱག་མཁན་ཞིག་ཡིན་པས་ཚོགས་སྐད་དེ་བོད་སྐད་ཁོ་ན་བཀོལ་སྤྱོད་བྱེད་རྒྱུའི་གོ་སྐབས་ཤིག་སྐྲུན་གནང་ཡོད། དམིགས་བསལ་གདན་འདྲེན་ཞུས་པའི་ཆེད་མཁས་ཚོ་ཡང་བོད་རིགས་ཁེ་གཙང་ཡིན། ཚོགས་ཞུགས་པ་ཕལ་ཆེ་བས་བཀའ་མོལ་གནང་སྐབས་རྒྱུན་གཏན་བོད་མིའི་གཤིས་ཀ་ལས་ལྡོག་སྟེ་གཏན་འབེབས་དུས་ཚོད་ལས་མ་བརྒལ་བ། ཁྱད་པར་དུ་ཚོགས་ཡུལ་དང༌། མགྲོན་ཁང༌། ཞལ་ལག་བཅས་ཀྱི་མཐུན་འགྱུར་ཆ་ཚང་དགེ་ལེགས་རིན་པོ་ཆེའི་ཆོས་ཚོགས་སྙིང་གི་ནོར་བུ་ནས་གནང་པ་བཅས་བྱུང་ཡོད།།

ཕྱི་ལོ་༢༠༠༨ ཟླ་༤ ཚེས་༢༣ ལ།།

གསར་འགྱུར།

Post navigation

Previous Post: ངའི་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༧༢ ལ་ཕེབས།
Next Post: དོན་གྲུབ་རྒྱལ་གྱི་ང་རྒྱལ་དང་ང་རྒྱལ་གྱི་ལྟ་བ།

Comments (1) on “བྱང་ཨ་རིར་བོད་ཡིག་བསླབ་གཞིའི་སྒྲོམ་གཞི་གཏན་འབེབས།”

  1. YK says:
    2008-05-08 at 8:20 pm

    ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༎

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme