Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།

Posted on 2018-10-092018-10-09 By ཁ་བརྡ 9 Comments on བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།

སྐལ་བཟང་ཕུན་ཚོགས།

ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷ་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་། བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་གིས་ས་ཁུལ་ཁ་ཤས་ཀྱི་དངོས་ཡོད་གནས་སྟངས་དཔེ་མཚོན་དུ་བཀོད་ནས། བྱང་ཨ་རིའི་ནང་གི་བོད་རིགས་གནས་སྡོད་ས་ཁུལ་ཁག་ཅིག་ན་གཞི་རིམ་གྱི་དཀའ་ངལ་ཕྲན་བུ་ཡོད་པའི་གནས་སྟངས་ཀྱི་ཟུར་ཞིག་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པ་དང་གཞུང་གི་མཛད་གཙོ་ལྷན་རྒྱས་ལ་སྙན་སྒྲོན་གནང་སྟེ། མ་འོངས་པའི་ནང་གཞུང་གི་ངོས་ནས་བྱང་ཨ་རིའི་བོད་མིའི་སྤྱི་ཚོགས་ནང་ལའང་གཞིས་ཆགས་ཁག་ནང་བཞིན་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་ནས་མི་མང་ནང་གོ་རྟོགས་གོང་འཕེལ་ཡོང་བ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས། བོད་མིའི་ཛ་དྲག་གི་གནས་སྟངས་ལ་སོགས་པ་དུས་བསྟུན་འགྲེལ་བཤད་དང་དཀའ་ངལ་ཆེ་ཆུང་ཅི་ཡོད་སེལ་ཐབས་ལམ་སྟོན་གནང་དགོས་པའི་རེ་སྐུལ་ཞུས་གནང་སོང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་ཡང་བྱང་ཨ་རིའི་ནང་གི་བོད་རིགས་གནས་སྡོད་ས་ཁུལ་ཉི་ཤུ་རྩ་གཅིག་ཚང་མ་ལ་ཁྱབ་པ་ཞིག་གནང་རོགས་ཞུས་སོང་བ་ཡག་བྱུང་། དེ་འདྲ་བྱུང་བ་ཡིན་ན། གཞུང་དང་མང་ཚོགས་གཉིས་ཀྱི་བར་ཐག་ཉེ་རུ་འགྲོ་བ་དང་། གཞུང་གིས་མང་ཚོགས་ཀྱི་གནས་སྟངས་ཤེས་རྟོགས་དང་། མང་ཚོགས་ཀྱིས་གཞུང་གི་གནང་ཕྱོགས་ཤེས་པ་ཡོང་གི་རེད། དེ་ནི་ང་ཚོའི་རྩ་དོན་གྱི་ནུས་པ་གོང་སྤེལ་ལ་ཕན་པ་ཞིག་ཀྱང་ཆགས་ཡོད་པ་རེད།

ད་རེས་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་གིས་ཁ་ན་ཌིིིའི་ཨལ་སྦར་ཌ་མངའ་སྡེའི་ཁ་ལི་གྷི་རི་གྲོང་ཁྱེར་དུ་ཆེད་བཅར་གྱིས་ས་གནས་དེའི་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱས་པ་སྙན་སྒྲོན་དང་། སྦིར་ཐྲེ་ཞི་མངའ་སྡེའམ་བསྡུས་མིང་ལ་སྦི་སི་མངའ་སྡེ་ཟེར་བའི་ནང་ལ་གནས་སྡོད་བོད་མིའི་ནང་ལ་དཀའ་ངལ་ཅུང་ཡོད་པ་གོ་རྒྱུ་འདུག་ཅེས་གནས་ ད་རེས་སྤྱི་འཐུས་ལྷན་རྒྱས་དང་གཞུང་གི་མཛད་གཙོ་རྣམ་པར་སྙན་སྒྲོན་གནང་སོང་བ་ཡག་པོ་བྱུང་།

ངས་རྒྱུས་ལོན་ཏོག་ཙམ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྦི་སི་མངའ་སྡེ་ནང་བོད་པའི་བོད་རིགས་ལ་མཚོན་ན། ཁ་ན་ཌའི་ནང་ལ་རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་ནས་གནས་སྤོས་ཀྱིས་ཕེབས་པའི་བོད་མི་རྣམས་ས་གནས་ལྔ་ལ་ཁག་བགོས་ཀྱིས་གཞིས་སྡོད་བྱས་ཡོད་པའི་ནང་གི་གཅིག་ཆགས་ཡོད། ཕལ་ཆེར་སྦི་སི་མངའ་སྡེའི་ནང་ལ་རྒྱ་གར་བྱང་ཤར་ཁུལ་ནས་འབྱོར་བའི་བོད་རིགས་སྤུན་ཟླ་ཉིས་བརྒྱ་ཡས་མས་ཡོད་པ་དང་། ཁོང་ཚོ་ནི། སྦི་སི་མངའ་སྡེའི་རྒྱལ་ས་ཝེ་ཀི་ཌོ་རི་ཡ་དང་ཝན་ཁོ་ཝ་གྲོང་ཁྱེར་གཉིས་ནང་སྡོད་ཀྱི་ཡོད་པ་རེད།

སྦི་སི་མངལ་སྡེའི་བོད་རིགས་མི་མང་ནང་གི་དཀའ་ངལ་གཅིག་ནི། མངའ་སྡེའི་རྒྱལ་ས་ཝེ་ཀི་ཌོ་རི་ཡ་ནང་ལ་སྔོན་ནས་དེར་གནས་སྡོད་དང་རྒྱ་གར་བྱང་ཤར་ཁུལ་ནས་འབྱོར་བ་གཉིས་ཀ་བསྡོམས་ན་བོད་རིགས་བརྒྱ་ཕྲག་གཅིག་ཡས་མས་ཡོད་འདུག ཡིན་ནའང་། ཁོང་ཚོ་སྦི་སི་བོད་རིགས་ཚོགས་པའི་འོག་ལ་མེད་པར་ཟུར་གནས་ཀྱིས་ཡོད་འདུག མ་གཞི་ཁོང་ཚོ་སྦི་སི་མངའ་སྡེའི་ནང་ཡོད་ཙང་། སྦི་སི་བོད་རིགས་ཚོགས་པའི་ཁོངས་ཆགས་ཡོད་ནའང་། ཁོང་ཚོ་དང་སྦི་སི་བོད་རིགས་ཚོགས་པའི་བར་ལ་འབྲེལ་བ་མེད་པ་འདྲ་པོ་ཆགས་ཡོད་འདུག དཔེར་ན། སྦི་སི་བོད་རིགས་ཚོགས་པ་ཡིས་རྒྱུན་ལས་འདེམས་པའི་སྐབས་ལ་ཁོང་ཚོ་ལ་བརྡ་ལན་ཙམ་ཡང་བྱེད་ཀྱི་མེད་པ་རེད་འདུག དེར་བརྟེན་ཁོང་ཚོས་བོད་རིགས་ཚོགས་པ་ཟུར་འཛུགས་བྱེད་པའི་སྐོར་སྐུ་ཚབ་དོན་གཅོད་ཁང་ལའང་བཀའ་འདྲི་ཞུས་མྱོང་ཡོད་འདུག

ཡང་དཔེར་ན། སྦི་སི་མངའ་སྡེའི་ནང་རྒྱ་གར་བྱར་ཤར་བོད་མིའི་གཞིས་ཆགས་ཁག་ནས་ཝན་ཁོ་ཝར་གྲོང་ཁྱེར་ཁུལ་ལ་འབྱོར་མཁན་ཚོར་སྦི་སི་བོད་རིགས་ཚོགས་པའི་ངོས་ནས་ཟླ་བ་ཁ་ཤས་རིང་ལ་སྡོད་ས་རིན་མེད་བཀོད་སྒྲིག་དང་། ད་དུང་འཚོ་བའི་འགྲོ་གྲོན་ཆེད་ལག་དངུལ་གང་འཚམ་ཞིག་ཀྱང་སྤྲད་པ་དེ་འདྲ་བྱུང་ཡོད་འདུག ཡིན་ནའང་། མངའ་སྡེའི་རྒྱལ་ས་ལ་ཝ་ཀི་ཌོ་རི་ཡ་ལ་འབྱོར་ཞིང་དེར་སྡོད་མཁན་ཚོར་སྦི་སི་བོད་རིགས་ཚོགས་པའི་ངོས་ནས་སྡོད་ས་དང་འཚོ་བའི་ཁ་སྣོན་ལ་རོགས་དངུལ་སྤྲོད་པ་དེ་འདྲ་དམིགས་བསལ་གྱི་ལྟ་རྟོག་དེ་རིགས་བྱས་མྱོང་མེད་པ་དེ་འདྲ་ཆགས་ཡོད་འདུག

ད་དུང་ཉེ་ལམ་དྲ་ལམ་ཁག་ལ་སྦི་སི་བོད་རིགས་ཚོགས་པའི་རྩིས་ཁྲའི་སྐོར་གྱི་ཡིག་ཆ་ཞིག་ཀྱང་འགྲོ་བཞིན་འདུག ཕལ་ཆེར་ལོ་ཁ་ཤས་ཀྱི་སྔོན་གྱི་རྩིས་ཁྲའི་སྐོར་ཞིག་ཡིན་པ་འདྲ། གོ་ཐོས་ལ། རྩིས་ཁྲ་དེ་ཡི་སྐོར་ཚོགས་འདུ་སྐབས་མང་པོ་ཞིག་གི་རིང་ལ་གླེང་གཞི་ཆེན་པོ་ཆགས་མྱོང་འདུག་པ་དང་། མང་ཚོགས་ནང་ན་ད་དུང་ཡང་རྩིས་ཁྲ་དེའི་སྐོར་གླེང་གིན་འདུག་ཟེར་བ་གོ་རྒྱུ་འདུག འདིའི་སྐོར་གྱི་གནས་སྟངས་དངོས་གང་འདྲ་ཡིན་མིན་སྐོར་ས་གནས་རང་ལ་སྡོད་མཁན་བོད་མི་ཚོར་འདྲིོ་བརྩད་ཞུས་ན་ཁོང་ཚོར་གསུང་རྒྱུ་གླེང་རྒྱུ་སྣ་ཚོགས་འདུག

མང་ཚོགས་ཀྱིས་སོ་སོའི་ས་གནས་ཀྱི་གནས་སྟངས་རང་རང་ས་གནས་ཀྱི་སྤྱི་འཐུས་རྣམ་པར་སྙན་སེང་ཞུ་བ་དང་། ཡང་ན། གཞུང་གི་མཛད་གཙོ་རྣམ་པར་ཐད་ཀར་ཞུས་པ་ཡིན་ན། གཞུང་གིས་ས་གནས་ཀྱི་གནས་སྟངས་མཁྱེན་རྟོགས་ཡོང་བ་ལ་ཕན་གྲོགས་ཡོང་གི་རེད།

ད་རེས་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་གིས་ས་གནས་གནས་སྟངས་ལ་ཞིབ་འཇུག་དང་བརྩད་ཞིབ་བྱས་ནས་གཞུང་གི་མཛད་གཙོ་རྣམ་པར་སྙན་སྒྲོན་གནང་བ་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།

བསམ་ཚུལ།

Post navigation

Previous Post: ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ་།
Next Post: རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཐུགས་དཀྱེལ་ཡངས་བའི་མཛད་པར་གཟིགས་ནས། བོད་པ་ནང་ཁུལ་ཆིག་སྒྲིལ་ཡོང་ཆེད། ཆིག་སྒྲིལ་ཉིན་མོ་སྲུང་བརྩི་གནང་རོགས།

Comments (9) on “བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང། ཐུགས་རྗེ་ཆེ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-10 at 1:14 am

    བཙན ་བྱོལ་བོད་མིའི་བཅའ་ཁྲིམས་ནང་དབུས་བོད་མིའི་སྒྲིག་འཛུགས་
    ལས་གཞུང་གསལ་མི་འདུག་ན་ང་ཚོའི་བཅའ་ཁྲིམས་ལ་འགན་ཁུར་
    ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི
    ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ་།

  2. སྲིན་པོ་རྫ་རྒན says:
    2018-10-11 at 11:05 am

    བཀུར་འོས་སྤྱི་འཐུས་མཆོག་ལ་ཐུགས་རྗེ་ཆེ་ཞུ།

  3. ལ་དྭགས་འཇམ་དཔལ།། says:
    2018-10-13 at 12:02 am

    བོད་མི་དམངས།་ཞེས་པ་ལ། བོད་མི་མངས། ཞེས་ལེགས་པར་མཐོང་།
    དམངས་ནི་དམན་པའི་རིགས་སུ་ངོས་འཛིན་པར་སྔོན་རབས་བོད་མཁས་པ་རྣམས་བྲིས་སོ།

  4. ྸAbharu Jigwang says:
    2018-10-13 at 6:28 pm

    གནས་ཚུལ་མགོ་མ་ཚོས་པ་ཞིག་བྲིས་འདུག།
    Canada ནང་ལ་མངའ་སྡེ་མང་པོ་ཡོད་པ་རེད།
    གོ་ཐོས་དང་། བསམ་ཚུལ། ཡིན་ས་རེད། མིན་ནམ་།
    ཙམ་་སོགས་ནི་ཆ་འཛིན་བྱེད་ས་མེད་པ་ཞིག་རེད་འདུག།

  5. བྱང་ཆུབ་ལོ་མ། says:
    2018-10-14 at 12:59 pm

    གནས་ཚུལ་བདེན་བདེན་འདྲ་ཞིག་བྲིས་འདུག

  6. ྸAbharu Jigwang says:
    2018-10-14 at 11:07 pm

    ༄༅། ག་དུས་ཡིན་ཡང།
    ཞ་མོ་ཕར་གཡོགས་ཚུར་གཡོགས་རིགས་ནམ་ཡང་བྱེད་མི་རུང།
    སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་གནས་ཚུལ་བདེན་དྲང་རིགས་མ་གཏོགས་གཞན་ཡིན་ནམ་།
    ཡིན་གྱི་རེད་སྙམ་པ། ཡང་ན་ངས་གོ་ཐོས་ལ་སོགས་པའི་རིགས་ནམ་ཡང་སྤྱི་ཚོ་གས་ནང་སྤེལ་རྒྱུ
    ་མི་འདུག་ དེང་དི་དུས་རབས་ནི་དུས་རབས་ཉེར་གཅིག་པ་རེད། སེམས་ལ་ངེས་པ་གྱིས།

  7. ཀརྡོ་གཉེར་ཕྱག་པ་ says:
    2018-10-15 at 12:06 am

    མི་མངས།
    བོད་མི་མངས།
    མི་མངས་ལངས་གླུ
    གཞུང་མངས།
    མང་གཙོའམ། མངས་གཙོ་གང་དག་གམ། ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2018-10-15 at 1:03 am

    པི་ཝང་དང་། སྒྲ་སྙན་ལ། རྒྱུད་མང་དང་། རྒྱད་མངས་ཞེས་འབྲི་སྟངས་གཉིས་སུ་འདུག དེས་ན། གཞུང་མངས་དང་། མི་མངས། མངས་གཙོ་ཡང་ཐད་སྙམ་མོ།། །།

  9. ཀརྡོ་གཉེར་ཕྱག་པ་ says:
    2018-10-15 at 1:42 am

    དམངས་འདི། དམངས་རིགས་ལ་གོ་བ་གསལ་པོ་འདུག ཡང་ན། དམངས་རིགས་གཙོ་བས། དམངས་གཙོ་ཡིན་པ་ལས། རྒྱལ་རིགས་མི་གཙོ་ཞེས་པ་ལ་སྦྱར་ན་ཅིས་མི་ཐད་སྙམ་པ་ཡང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme