Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བཀའ་ཤག་ནས་ཉེན་བརྡའི་ཡི་གེ་བཏང་ཡོད་དམ།

Posted on 2019-01-02 By ཁ་བརྡ 12 Comments on བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བཀའ་ཤག་ནས་ཉེན་བརྡའི་ཡི་གེ་བཏང་ཡོད་དམ།

བདེན་རྒྱབ་བདེན་གནོན།
 
ང་ཚོས་དེ་རིང་ཁ་སང་གི་གནས་ཚུལ་ལ་གཞིགས་ཏེ་སྔར་གྱི་གནས་ཚུལ་འགར་ཕྱི་མིག་བལྟ་དགོས་ཀྱི་འདུག་སྙམ། དེ་སྔའི་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལ་ཉེན་བརྡ་དང་པོ་དང་གཉིས་ལ་སོགས་བཏང་ནས་མཐར་ལས་གནས་མཚམས་འཇོག་བྱེད་བཅུག་པ་རེད། བཀའ་ཤག་ནས་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་གཏོང་དགོས་ཀྱི་རྒྱུ་མཚན་དོན་ཚན་བཅུ་ཕྱིར་བསྒྲགས་བྱས་ཡོད་ཅིང་། དེ་དག་བསྡོམས་བརྒྱབ་ན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མཚན་སྨད་ཞུས་སོང་ཟེར་བ་དེ་ཙམ་རེད། ཉེ་བའི་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཨོ་སི་ཊོ་ལི་ཡའི་དོན་གཅོད་མཚོ་སྒོ་ལྷག་པ་གཉིས་ནས་མི་ཉག་བརྩོན་འགྲུས་ཟེར་བའི་མི་ཞིག་དང་མཉམ་དུ་པར་བརྒྱབ་སྟེ་དགའ་མདོག་བསྟན་པ་ཞིག་དྲ་ལམ་དུ་ཐོན་པ་རེད།

མི་ཉག་བརྩོན་འགྲུས་ཟེར་བའི་མི་དེས་ཉེ་བའི་ཆར་སྐད་འཕྲིན་ནང་སྐད་ཆ་རྫབ་ཆེན་ཞིག་བཤད་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཙམ་མ་ཡིན་པར་ཉེས་ཁག་ནག་པོ་ཞིག་དཀྲིས་ཡོད་པ་རེད། ཁོས་བཤད་རྒྱུར། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོངས་རྐྱེན་༸གོང་ས་མཆོག་ལ་ཐུག་ཡོད་པ་དང་། ༸གོང་ས་མཆོག་ནས་དེ་སྔོན་སློབ་ཕྲུག་གི་དྲི་བར་བཀའ་ལན་གནང་སྐབས་ཀརྨ་ཆོས་འཕེལ་གྱིས་ང་མོ་བིན་བཟོ་གི་ཡོད་རེད་གསུངས་པར་བརྟེན་ཀརྨ་ཆོས་འཕེལ་སེམས་མ་བདེ་ནས་གྲོངས་པ་རེད་ཅེས་བཤད་པ་རེད། ང་ཚོས་དུས་རྒྱུན་དོན་བཟང་པོ་ཞིག་གི་ཆེད་དུ་༸གོང་ས་མཆོག་གི་མཚན་ནས་སྨོས་དགོས་ཀྱི་ཡོད་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཞེས་གནང་བ་ཞུ་གི་ཡོད་པ་རེད། མི་འདིའི་རིགས་ཀྱིས་༸གོང་ས་མཆོག་གི་མཚན་ཐད་ཀར་སྨོས་ཏེ་མཚན་སྨད་ཉེས་ཁག་དཀྲིས་ཀྱང་ང་ཚོའི་དབུ་ཁྲིད་༸གོང་ས་མཆོག་ལ་དད་པ་ཆེ་ཤོས་དང་། ༸གོང་ས་མཆོག་གི་སྐུ་ཚབ་ཡིན་ཟེར་ནས་མང་ཚོག་དཀྱུས་མའི་འགོ་ལ་རྫིག་རལ་ངོམ་མཁན་དེ་ཚོས་མི་ངན་འདི་རིགས་དང་མཉམ་དུ་མཉམ་ཟ་མཉམ་འཐུང་བྱས་པར་མ་ཟད། པར་མཉམ་དུ་བརྒྱབ་སྟེ་ད་ཁྱེད་ཚོ་ག་རེ་བྱེད་རྒྱུ་ཡོད་མདོག་བྱས་པ་འདི་ཚོར་བཀའ་ཤག་ལྷན་རྒྱས་ནས་ཉེན་བརྡ་བཏང་ཡོད་དམ། བདེ་སྲུང་ལས་ཁུངས་ནས་དོན་གནད་འདི་ཚོའི་སྐོར་བཀའ་ཤག་ལ་ནང་སྙན་ཕུལ་ཡོད་དམ།

བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་དང་མཉམ་ཟ་མཉམ་འཐུང་གིས་པར་མཉམ་དུ་བརྒྱབ་པའི་ཉ་རོང་དོན་གྲུབ་ཟེར་བའི་སྐོར་ནས་ཞུས་ན་ཁོ་པས་དེ་སྔོན་སྤྲུལ་སྐུ་དབང་ཆེན་ཟེར་བའི་མིང་ཐོག་༸གོང་ས་མཆོག་ལ་མཚན་སྨད་ཇི་ཞུས་བཀའ་ཤག་ལྷན་རྒྱས་ཀྱི་གསོལ་ཅོག་སྟེང་ཡོད་པ་རྩོམ་ཡིག་གོང་མའི་ནང་བརྗོད་ཟིན་ཅིང་། ད་རེས་དུས་ཕྱིས་ཉ་རོང་དོན་གྲུབ་རང་ཉིད་ཀྱི་མིང་ཐོག་ནས་ངོ་དེབ་སོགས་སུ་མཚན་སྨད་གང་ཞུས་དཔེ་མཚོན་ཁ་ཤས་བཀོད་ན། ཁོ་པས་དེ་སྔོན་ངོ་དེབ་ནང་ ”རྒྱ་དཔོན་ཚོ་ཁོང་ཁྲོ་ལངས་ན་བོད་ནང་སྡུག་པོ་གཏོང་གི་རེད་ཟེར།” ཞེས་པའི་རྩོམ་ཐུང་ཞིག་བྲིས་པའི་ང་འཁོད་གསལ་ “ཏཱ་ལའི་བླ་མ་དང་སྐབས་འཚོལ་རིང་ལུགས་པ་ཁག་ཅིག་གིས། ནམ་ནམ་ཞར་ཞར་ལ་བོད་རང་བཙན་ལམ་མི་ཆོག ཕྱི་ལོ་ནས་སྐད་འབོད་རྒྱག་མི་ཆོག རྒྱ་མི་བོད་ནས་ཕྱིར་རྒྱུར་ཟེར་མི་ཆོག་སོགས་མི་ཆོག་ལུང་པ་གང་བཤད་ཀྱིན་ཡོད།” ཅེས་དང་། ཡང་ངོ་དེབ་ཐོག་བྲིས་པར། “ད་ལོ་དམིགས་བསལ་ལྷ་འདྲེ་དང་བླང་ཚོགས་པ་ཟེར་བས། གསེར་གྱི་གཟེང་རྟགས་ཤིག་འབུལ་བཞེས་ཡོད་པའི་གསལ་བསྒྲགས་གནང་འདུག གཟེངས་རྟགས་དེ་ཐོབ་པར་ཆ་རྐྱེན་འདི་དག་ཚང་དགོས་འདུག ཕྱི་སྣ་ནང་ཁྲིད་དང་ནང་ནང་མགོ་ཕྱིར་བཙོངས། ཕྱི་ལ་ཞི་མི་དང་ནང་ལ་སྟག་མོ།” ཞེས་སོགས་མང་དག་ཅིག་བྲིས་ཡོད་ཅིང་འདི་ནི་༸གོང་ས་མཆོག་ལ་ཚོགས་པ་འགའ་ཤས་ནས་བརྟན་བཞུགས་དང་འབྲེལ་གཟེངས་རྟགས་ཕུལ་བ་དང་འབྲེལ་རྟགས་ཏེ་བཤད་པ་རེད། ཡང་ཁོ་པས་དེ་སྔོན་བོད་མི་སུད་ཚོང་པའི་ཁྲོམ་རྭར་མེ་སྐྱོན་བྱུང་བའི་གནས་ཚུལ་དང་འབྲེལ་བཏགས་ཏེ་ “ཏཱ་ལའི་བླ་མ་ག་པར་འདུག” ཟེར་བའི་རྩོམ་ཡིག་ཅིག་བྲིས་ཏེ་༸གོང་ས་མཆོག་གི་མཚན་དངོས་སུ་སྨོས་ཏེ་མཚན་སྨད་ཞུས་པ་དང་། ཡང་དགའ་ལྡན་ཕོ་བྲང་ནས་སུད་ཚོང་པ་ཚོར་སྒོར་འབུམ་ལྔ་བཅུ་ཐམ་པ་གནང་བ་དེ་ཉིད་ཁོ་པས་དེ་སྔོན་རྩོམ་ཡིག་བྲིས་པའི་ནུས་པ་ཡིན་སྐོར་འཁྱོག་བརྗོད་རྫུན་བཟོ་བྱས་ཏེ་བཤད་ཡོད།

ཉག་རོང་དོན་གྲུབ་རང་ཉིད་ཀྱི་མིང་ཐོག་ནས་ཀྱང་༸གོང་ས་ཆེན་པོར་འདི་འདྲའི་གཞི་མེད་སྐྱོན་བཙུགས་ཀྱིས་མཚན་སྨད་གང་བྱུང་ཞུས་པའི་ཡིག་ཆ་བཀའ་ཤག་ལྷན་རྒྱས་ཀྱི་གསོལ་ཅོག་སྟེང་ཡོད་པ་གསལ་པོ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་ཡོད་པ་བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་གིས་མི་ངན་འདི་དང་མཉམ་དུ་མཉམ་ཟ་མཉམ་འཐུང་བྱས་པར་མ་ཟད། སྡིང་ཆ་གཅིག་གི་ཐོག་ཏུ་པར་བརྒྱབ་ཏེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམ་པའི་སྐོར་བདེ་སྲུང་ལས་ཁུངས་ནས་བཀའ་ཤག་ལ་ནང་སྙན་ཕུལ་ཡོད་དམ། བཀའ་ཤག་ནས་འདི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་གཟིགས་ཏེ་དེ་སྔོན་ལྟར་བྱང་ཨ་རིའི་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཛ་དྲག་གི་ལྷན་རྒྱས་ཚོགས་ཡོད་དམ། དོན་གནད་འདི་དང་འབྲེལ་བའི་སྐོར་བཀའ་ཤག་གི་བཞེང་ཕྱོགས་གང་ཡིན་གསལ་པོ་བཟོས་ཏེ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་དགོངས་སྐོར་ཞུས་ཡོད་དམ། བྱང་ཨ་རིའི་དོན་གཅོད་ལ་ཉེན་བརྡ་དང་པོ་དང་གཉིས་པ་ཟེར་བ་དེ་འདྲ་བཏང་ཡོད་དམ། ཡང་ན་བཀའ་ཤག་ནས་གོང་གསལ་གནས་ཚུལ་འདི་ཚོ་གལ་ཆེན་པོ་མ་གཟིགས་པ་རེད་དམ། བཀའ་ཤག་ནས་༸གོང་ས་སྐྱབས་མགོན་ཆེན་པོར་རྫབ་ཆེ་བའི་མཚན་སྨད་སྐྱོན་འཛུགས་བྱེད་མཁན་དང་མཉམ་ཟ་མཉམ་འཐུང་བྱས་པའི་གནས་ཚུལ་འདི་སྲིད་སྐྱོང་ལ་སྐྱོན་བརྗོད་བྱས་པ་དང་བསྡུར་ན་ཁ་ཡ་བྱེད་རིན་མེད་པ་ཞིག་ལ་གཟིགས་ནས་ཉེན་བརྡ་ཟེར་བ་གཏོང་རིན་རྩ་བ་ནས་མེད་པར་གཟིགས་པ་རེད་དམ།

བརྩེ་བའི་རིགས་མཐུན་གྱི་འབངས་མི་ལྷན་རྒྱས། ཁྱེད་རྣམ་པས་དཔྱད་ཞིབ་ཅིག་གནང་དང་། དེ་སྔའི་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་དགོས་ཀྱི་བཀའ་ཤག་གི་གསལ་བཤད་དོན་མཚན་བཅུ་པོ་དེ་ཞིབ་པར་གཟིགས། དེ་རིང་བྱང་ཨ་རིའི་དོན་གཅོད་ཀྱིས་མཉམ་འབྲེལ་ལག་གདང་སྦྲེལ་བའི་མི་དེས་ལོ་ངོ་དེ་དག་རིང་གང་བྱས་ཡོད་པའི་གནས་ཚུལ་ལ་ཞིབ་པར་བསམ་བློ་གཏོང་དང་། ང་ཚོའི་དབུ་ཁྲིད་ཚོས་གལ་ཆེ་ཆུང་དང་ཚབས་ཆེ་ཆུང་དེ་གང་འདྲ་ཞིག་ལ་གཞི་འཛིན་བྱེད་ཀྱི་འདུག ཁོང་ཚོས་ཁ་ནས་ང་༸གོང་ས་མཆོག་ལ་དད་པ་དང་དགའ་ཞེན་ཆེ་ཤོས་ཡིན་ཟེར་ནས་ཁོག་ནས་༸གོང་ས་མཆོག་ལ་རྒྱང་ནས་མཚན་སྨད་ཚབས་ཆེན་དེ་འདྲ་ཞུས་པར་བལྟས་ན། སྐུ་འགྲམ་དུ་བཅར་རྒྱུའི་གོ་སྐབས་བྱུང་ན་སྐུ་སྲོག་ལའང་ཉེན་ཁ་བཟོ་བའི་ལས་ངན་བྱ་རྒྱུར་སྣང་དོགས་ཙམ་ཡང་མི་དགོས་པ་དེ་འདྲ་དང་མཉམ་ཟ་མཉམ་འཐུང་བྱས་པར་མ་ཟད། ད་དུང་མཉམ་དུ་པར་བརྒྱབ་ནས་དྲ་ལམ་གང་སར་དངོས་སུ་བཀྲམ་ཡོང་དུས་ཁོང་ཚོས་ག་རེ་བྱེད་རྩིས་ཡོད་དམ། བཀའ་ཤག་ལྷན་རྒྱས་ནས་ཀྱང་མཉམ་དུ་མཐོང་མ་བྱུང་མདོག་མདོག་བྱས་ནས་བཞུགས་པ་འདི་བཀའ་ཤག་གི་དགོངས་པ་རེད་དམ། ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་སྐུ་ཉམས་རེད་དམ།།

བསམ་ཚུལ།

Post navigation

Previous Post: ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཁྲི་རབས་གཉིས་པ་མངའ་གསོལ།
Next Post: ཚིག་གསུམ་གནད་བརྡེགས། —འགྲོ་ཞོར་(ལྷིང་འཇགས་ཀྱི་དབྱངས་རྟར)ཉན་པ།

Comments (12) on “བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བཀའ་ཤག་ནས་ཉེན་བརྡའི་ཡི་གེ་བཏང་ཡོད་དམ།”

  1. ཇོ་སྲས་ངག་དབང་། says:
    2019-01-03 at 12:31 am

    ཉག་རོང་དོན་གྲུབ་ཀྱིས་མི་ལོ་བཅུ་ལ་ཉེ་བའི་ནང་རང་ཉིད་སྤྱི་ཚོགས་ཀྱི་མདུན་ལ་ཐོན་ཏེ་རང་གི་མིང་ཐོག་ནས་ཀྱང་༸གོང་ས་ཆེན་པོར་འདི་འདྲའི་གཞི་མེད་སྐྱོན་བཙུགས་ཀྱིས་མཚན་སྨད་གང་བྱུང་ཞུས་པའི་ཡིག་ཆ་བཀའ་ཤག་ལྷན་རྒྱས་ཀྱི་གསོལ་ཅོག་སྟེང་ཡོད་པ་གསལ་པོ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་ཡོད་པ་བྱང་ཨ་རིའི་དོན་གཅོད་སྐྱིད་རོང་དངོས་གྲུབ་ཚེ་རིང་གིས་མི་ངན་འདི་དང་མཉམ་དུ་མཉམ་ཟ་མཉམ་འཐུང་བྱས་པར་མ་ཟད། སྡིང་ཆ་གཅིག་གི་ཐོག་ཏུ་པར་བརྒྱབ་ཏེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམ་ཏེ་དགའ་ལྡན་ཕོ་བྲང་དང་བོད་མི་ས་ཡ་དྲུག་ལ་ག་རེ་བྱེད་རྒྱུ་ཡོད་མདོག་མདོག་གི་རྫིག་ཉམས་བསྟན་འདུག་པའི་སྐོར་བདེ་སྲུང་ལས་ཁུངས་ནས་བཀའ་ཤག་ལ་ནང་སྙན་ཕུལ་ཡོད་དམ།

  2. དགོན་པ་ཚང་ དར་རྒྱས་ says:
    2019-01-03 at 1:13 am

    ༧རྒྱལ་བ་རིན་པོ་ཆེ་ནི་རྒྱལ་སྲད་བྱང་ཆུབས་སེམས་པ་ཆེན་པོ་རེད་མི་ངན་བློ་སང་ནས་གཙོས་ད་ལྟའི་བཀའ་ཤག་ནང་གི་ཁྱིར་རྒན་དེ་ཚོས་༧རྒྱལ་བ་རིན་པོ་ཆེའི་༧སྐུ་མདུན་དུ་བཅར་ཨེ་འཐུབ་དང་ཁོང་གིས་ཐུགས་བརྩེ་བ་ཡོད་འདོག་གི་་པར་ཐེབས་ཨེ་འཐུབ་ལྟ་ནས་བོད་ཕྱི་ནང་གི་བོད་མི་དང་ཕྱི་རྒྱལ་བརྒྱབ་བསྐྱོར་བ་མགོ་བསྐོར་གཏོང་གང་འཐུབ་ཀྱིས་རང་དོན་བསྒྲུབ་པ་ལས་བོད་མིའི་རྩ་དོན་ལ་ཁོང་ཚོས་གནོད་པ་ལས་འཕན་པ་ཉུང་འོན་ཀྱང་རྒྱལ་སྲད་བྱང་ཆུབས་སེམས་པ་ནི་བྱང་ཆུབ་སེམས་པ་རང་རེད་མི་ངན་དེ་ཚོའི་རིགས་ལ་སྙིང་རྗེ་ལྷག་པར་ཆེ་བ་གཟིགས་ནས་ཐབས་མཁས་ཐུགས་རྗེས་གཟིགས་གནང་གི་ཡོད། འོན་ཀྱང་ང་དང་ང་འདྲ་བའི་མི་ཚོའི་མིག་ནང་ལ་མིག་ངན་དེ་ཚོ་གྱ་ཡན་དུ་མུས་མཐུས་ནས་བཞག་ན་༧ རྒྱལ་སྲད་བྱང་ཆུབས་སེམས་པ་༧གོང་ས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་ཡང་མི་ངན་དེ་ཚོས་བར་ཆད་བཟོ་མི་སྲིད་པ་མི་གདུག་པས་༧གོང་ས་མཆོག་གི་འདུལ་བྱ་ཡིན་ཕྱིན་ཆད་ང་ཚོའི་སྲོགས་ལྟར་གཅེས་པའི་༧ གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་གཏན་ཕྱིར་བཟང་ངན་མགོ་ཚོས་པ་གནང་ནས་མི་ངན་ངན་པ་ལག་འབྲེལ་དེ་ཚོ་ཕྱིར་འབུད་གཏོང་བར་དཀར་ཕྱོགས་ལ་དགའ་བའི་བོད་མི་ཡོངས་རྫོགས་ཁ་གྲག་དགོས་པའི་དུས་ལ་སླེབས་པའི་མ་ཚད་ཕྱི་དྲག་འདུག

  3. སྟོན་ཀ། says:
    2019-01-03 at 10:46 am

    གང་ལྟརསྲིད་སྐྱོང་ལ་རྙོག་དྲ་ཆེན་པོ་ཞིག་སྤྲད་སོང་།

  4. ཁ་ཞེ་གཉིས་མེད་ says:
    2019-01-03 at 11:03 am

    སློབ་བཟང་སངས་རྒྱས་ལགས་སྲིད་སྐྱོང་ཆགས་པ་ནས་བཟུང་བོད་རྒྱ་ཞི་མོལ་ཡོང་བར་ཐབས་ཤེས་འབད་བརྩོན་མི་གནང་བར། ༧གོང་ས་མཆོག་གིས་ཁྱེད་རང་ཕྱི་ཕྱོགས་སུ་འགྲོ་དགོས་རེད་ཅེས་བཀའ་གནང་བྱུང་ཞེས་ཕེབས་མ་ཚར་བའི་ངང་ནས་སྲིད་སྐྱོང་གི་དུས་ཡུན་དེ་རྫོགས་ངེས་རེད་འདུག བཀའ་ཤག་ལྷན་རྒྱས་རང་འཁྲིའི་འགན་རྣམས་བཞག་ནས་ན་ལེན་དྲ་སོགས་སུ་གནས་བསྐོར་བཞིན་འདུག གཞིས་བྱེས་བོད་མིའི་མངོན་འདོད་འགྲུབ་པ་འདུག་གམ ཆོལ་གསུམ་གྱི་ཆིག་བསྒྲིལ་ལ་སྲིད་སྐྱོང་གི་གནང་སྟངས་ཀྱི་རྐྱེན་བྱས་ཏེ་གས་ཆག་ཤོར་བས་མ་ཚད་དུམ་བུ་གཉིས་ཆགས་འདུག དབུ་མའི་ལམ་ལ་མི་མོས་པའི་རྒྱུན་ལས་རྣམས་ཀྱིས་སྐུ་ཕྱྭའི་ཞབས་རིམ་ཡིན་ཞེས་གོ་སྒྲིག་གནང་སོང་བ་དེར་༧གོང་ས་མཆོག་གི་སྐུ་ཕྱྭ་དང་མཛད་འཕྲིན་འབའ་ཞིག་ལ་བསམ་ནས་བཅར་བ་ངའི་ངོ་ཤེས་པ་ཞིག་གིས་ཤེས་འཕྲལ་དེ་འདྲ་ལ་འགྲོ་རྒྱུ་ཡོད་མ་རེད་བརྗོད་བྱུང་། ཁོང་༧གོང་ས་མཆོག་ལ་དད་པ་ཡོད་པ་ཞིག་ཡིན་ཡང་རྒྱུན་ལས་རྣམས་ཀྱི་བསམ་བློ་དང་གནང་སྟངས་འགྲིག་གི་མེད་པས་ཡིན་པ་ངས་ཤེས་ཀྱི་ཡོད། སློབ་བཟང་སངས་རྒྱས་ལགས་ཁྱེད་རང་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་བར་འཚེར་གྱི་མི་འདུག་པས། ཐུགས་རྗེ་གཟིགས་ཕྱག་ལས་ཡག་པོ་གནང་རོགས། གས་ཆག་ཤོར་བ་འདི་ཆུང་དུ་འགྲོ་བའི་ལས་ལ་བརྩོན་རོགས།

  5. འབྲོང་གི་བུ་བརྒྱུང། says:
    2019-01-03 at 1:40 pm

    དྲང་གཏམ་དང་གཡོ་སྒྱུ་མིན་པར་ཁ་གསལ་གཏིང་གསལ་ཡིན།

  6. སྲིན་པོ་རྫ་རྒན says:
    2019-01-03 at 4:36 pm

    ད་ནི་མང་ཚོགས་ཀྱིས་སྐྱབས་མགོན་རིན་པོ་ཆེར་སྙན་ཞུ་ཕུལ་ཏེ། ད་ནས་དོན་གཅོད་རྣམས་གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དུ་མི་འཇོག་པར། བོད་མིའི་སྒྲིག་འཛུགས་རང་གི་མིང་ཐོག་ནས་འཇོག་གནང་ཡོང་བ་ཞེས་ཞུ་བའི་དུས་ལ་བབས་པའི་རྟགས་མ་རེད་དམ། གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་ལ། ད་ནས་དོན་གཅོད་རྣམས་ལ་་གོང་ས་མཆོག་གི་མཚན་རིགས་མ་དགོས་པ་གནང་གི་ཡིན་གསུང་དུས། སྲིད་སྐྱོང་གིས་གནས་སྐབས་རིང་སྔར་བཞིན་རང་འཇགས་འཇོག་གནང་ཡོང་བ་ཞེས་ཞུས་ནས་དེ་མུར་བཞག་ཡོད་པ་ཙམ་རེད། གོང་ས་མཆོག་གི་སྐུ་ཚབ་ཡིན་ཟེར་ས་མེད་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད། གཞན་ཁོ་རང་ཚོས་ག་རེ་བྱས་ནའང་བྱེད་བཅུག་བཞག་ན་མ་རེད་པས། གང་ལྟར་མི་ལོ་ལྔ་བཅུའི་རིང་ལ་ཆིག་སྒྲིག་ཡིན་པའི་བཙན་བྱོལ་སྤྱི་ཚོགས་འདི། ཉེ་བའི་ལོ་ངོ་གཉིས་ནང་ལ་གཏོར་བཤིག་ཏག་ཏག་འདྲ་ཞིག་ཆགས་སོང་། གོང་ས་མཆོག་གིས་སྐུ་དབང་མི་རབས་གསར་པར་རྩིས་སྤྲོད་གནང་བ་གཟི་བརྗིད་རེད། ཡིན་ནའང་། མི་རབས་གསར་པས་བཙན་བྱོལ་སྤྱི་ཚོགས་ཉམས་ཆག་ལ་འགྲོ་རུ་བཅུག་སོང་། ཆིག་སྒྲིག་གཏོར་སོང་། དེ་ཡང་དམངས་མགོ་བསྐོར་ཐབས་ལ་འབད་ནས། ཁ་ཤས་མགོ་སྐོར་འོག་ནས་བསྡད། ཁ་ཤས་མགོ་སྐོར་མ་ཐེབས་ནས་སྤྱི་ཚོགས་འཁྲུག་སོང་། ཆིག་སྒྲིལ་མེད་ཚར་བའི་རྗེས་ལ་རེ་བ་རྒྱག་ས་གཞན་ཡོད་པ་མ་རེད། སྐབས་རྗེས་མའི་སྲིད་སྐྱོང་ལ། ཟམ་གདོང་རིན་པོ་ཆེ་དང་ཁོང་འདྲ་བ་ཞིག་ཕེབས་རྒྱུ་ཡོད་ན་སླར་ཡང་ཆིག་སྒྲིལ་ཡོང་བའི་རེ་བ་ཞིག་བྱས་ཆོག་གི་རེད། གཞན་རེ་བ་ཟད་མཐར་ཐུག་པ་འདྲ་ཞིག་མ་རེད་པས། ཨ།

  7. ཇོ་སྲས་ངག་དབང་། says:
    2019-01-03 at 10:47 pm

    གོང་ས་མཆོག་གི་མཚན་གནས་མེད་ན་རྒྱ་གར་ཚུད་པའི་རྒྱལ་ཁབ་དང་ས་གནས་གང་ནས་ཀྱང་དོན་གཅོད་ལས་ཁུངས་ཤིག་སྒོ་ཕྱེ་ཐབས་མེད་པ་མཁྱེན་པར་མཛོད།

  8. Kongtul says:
    2019-01-04 at 5:46 am

    བཀྲིས་བདེ་ལེགས་ཞུ།
    ང་གསར་པ་ཡིན།

  9. འབྲོང་གི་བུ་བརྒྱུང། says:
    2019-01-04 at 1:48 pm

    ཇོ་སྲས་ཀྱིས་གསུངས་པ་བདེན་པ་རེད། རྒྱལ་བ་རིན་པོ་ཆེ་འི་མཚན་མེད་ན་རྒྱལ་སྤྱིའི་ནང་ལ་བློ་་སེང་ལྟ་བུ་་ལ་མི་གྲལ་འཇོག་གི་མ་རེད། ཡིན་ནའང་འབའ་ལི་ཏྲེ་གསུམ་གྱིས་བློ་སེང་ལྷ་གྲལ་ལ་འཇོག་བཞིན་འདུག ཧ་ཧ

  10. སྲིན་པོ་རྫ་རྒན says:
    2019-01-04 at 2:16 pm

    གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་པ་གཞིར་བཟུང་། ཉེ་བའི་ལོ་བཅུ་གྲངས་རིང་། གཞུང་གི་ལས་ཁུངས་མང་པོ་ཞིག་རྒྱ་གར་གཞུང་ལ་ཐད་ཀར་དེབ་སྐྱེལ་ཞུས་ཡོད་པ་དང་། ད་ལྟའང་རིམ་པས་དེབ་སྐྱེལ་བྱེད་བཞིན་པ་འདི་དཔེ་མཚོན་རེད།

    ༢༠༡༦ ཟླ་ ༨ ཚེས་ ༡༢ ཉིན་དགའ་ལྡན་ཕོ་བྲང་གིས་བཀའ་ཤག་ལ་བཀའ་ཡིག་གནང་བའི་ནང་ལ་དོན་གཅོད་ཁག་ལ་གོང་ས་མཆོག་གི་མཚན་གནས་ཡོད་པ་ཕྱིར་བསྡུའི་སྐོར་གསལ་ཡོད་ཀྱང་རྗེས་ལ་བཀའ་ཤག་གིས་དཀའ་ངལ་ཆེ་སྐོར་ཞུས་པ་ལ་བརྟེན་ནས་གནས་སྐབས་རིང་དེ་མུར་བཞག་ཡོད་པ་ཙམ་རེད། སྔ་རྗེས་ཤིག་རེད་མ་གཏོགས། དེར་འགྱུར་བ་འགྲོ་ངེས་པ་རེད།

  11. འུ་དུམ་བཙན། says:
    2019-01-05 at 11:04 am

    ད་ཡིན་ན་ང་ཁ་བརྡ་ཁོག་ནག་དེ་ལ་རེ་བ་ཟད་སོང་དེ་རིང་ནས་ང་དང་འབྲེལ་བ་མེད། ཐ་མའི་ཚིག

  12. ཇ་མ་ says:
    2019-01-09 at 10:39 pm

    ཧ་ཧ་་་་་་ཨ་རིའི་དོན་གཅོད་རྒད་པོའི་ཉག་དོན་ངོ་མ་ཤེས་པ་ཡིན་སྲིད། བསམ་བཞིན་མཇལ་བ་ཡིན་ན་སྲིད་སྐྱོང་བློ་སངས་ནག་པོ་ཆགས་ལ་ཉེ་བ་མ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme