Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་ས་གནས་ཁག་གི་འོས་སྒམ་དང་དབང་ཚད།

Posted on 2016-03-202016-03-22 By ཁ་བརྡ 47 Comments on བྱང་ཨ་རིའི་ས་གནས་ཁག་གི་འོས་སྒམ་དང་དབང་ཚད།

བསྟན་འཛིན་འཇམ་དཔལ།

 
ཕྱི་ཟླ་༣ ཚེས་༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྤེལ་བའི་ http://bod.asia/2016/03/འོས་བསྡུ་དང་འབྲེལ་བའི་/ འོས་བསྡུ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་གནད་དོན་གཉིས་པར་་་ ༼ ༢། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤ ནང་གསེས་ ༦ ༼ཀ༽ ནང་གསལ་ལྟར་ས་གནས་སོ་སོར་འོས་ཤོག་གྲངས་བཤེར་ཟིན་རྗེས་འོས་གཞི་དོ་བདག་སོ་སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ས་གནས་དེ་གའི་འོས་བསྡུའི་ཚོགས་མི་དང། ཟུར་དཔང་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱེད་རྒྱུ་དང་། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་བོད་མིའི་འབྲེལ་ལས་སོ་སོའི་རྒྱང་སྦྱར་ཐོག་སྦྱོར་འགྲེམས་ཀྱི་འཐུས་རྒྱུ་དང། མི་མང་འདུ་བསྐོང་དང་ཕྱི་རྒྱར་གསལ་བསྒྲགས་མི་དགོས་པ་ཡིན། ཞིབ་ཆའི་སྤྱི་ཡོངས་ཀྱི་མཐའ་མའི་ཕྱོགས་བསྡོམས་འོས་བསྡུའི་གྲུབ་འབྲས་གསར་ཤོག་དང། གསར་འགྱུར་བརྒྱུད་ལམ་ཁག ས་གནས་འོས་བསྡུ་ལས་ཁང་ཁག་བཅས་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་དབུས་འོས་བསྡུ་ལས་ཁང་ནས་ཞུ་རྒྱུ་ཡིན་པ་དེ་ལུགས་དམ་འཛིན་ཞུ་དགོས་རྒྱུ་དགོངས་འཇགས་ཞུ།༽ འདི་ལྟར་སྤེལ་བའི་བརྗོད་དོན་བཞིན། ཨོ་སི་ཁྲི་ལེ་ཡ་དང་། ཡོ་རུབ་བཅས་སུ་དེ་རིང་སོ་སོའི་ས་གནས་སུ་བྱུང་བའི་འོས་གྲངས་ཇི་ཐོབ་དེ་ས་གནས་སོ་སོ་རང་ནས་གསལ་བསྒྲགས་བསྐྱངས་དང་སྐྱོང་གིན་ཡོད་ན་ཡང་།

unnamed-4unnamed-5

བྱང་ཨ་མེ་རི་ཀར་”བྱང་ཨ་རིའི་ས་གནས་འོས་བསྡུ་ལྷན་ཁང་”་ཟེར་བ་ནས་བཀོད་རྒྱ་འདི་ལྟར་བཀྲམས་ཏེ་ས་གནས་སོ་སོར་འོས་གྲངས་ཇི་ཐོབ་དེ་སོ་སོའི་ས་གནས་རང་ནས་གསལ་བསྒྲགས་སྤེལ་མ་ཆོག་པར། དེ་རིང་ས་གནས་ཁག་སོ་སོ་ནས་འོས་ཤོག་འཕངས་པའི་འོས་སྒམ་རྣམས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་ཡོད་པའི་”བྱང་ཨ་རིའི་ས་གནས་འོས་བསྡུ་ལྷན་ཁང་” ཟེར་བར་སྦྲག་ཁང་བརྒྱུད་ནས་བསྐུར་དགོས་འདུག་པའི་ཁར། བསྐུར་སྟངས་དེ་ཡང་དེ་རིང་རང་ལ་ Overnight or two day express བརྒྱུད་དེ་གཏོང་དགོས་ཡོད་སྐད་འདུག་ལ། ཕྱི་ཚེས་༢༦ ཉིན་གཞི་ནས་འོས་སྒམ་ཁག་རྣམས་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནང་ནས་བསྔོགས་འདོན་བྱ་འཆར་ཡོད་འདུག
ཉེན་འཚབ་ཅན་ཞིག་ལ། ཨ་རིའི་ས་གནས་ཁག་གཉིས་ཀྱི་འོས་སྒམ་ཁག་ནི་ཆ་རྐྱེན་ཧ་ཅང་ཞན་པའི་ཤོག་སྒམ་རང་ག་བ་དག་ལས་གྲུབ་ཡོད་པ་ནི་གཤམ་དུ་པར་གཉིས་དཔེར་མཚོན་དུ་དྲངས་ཡོད།།

unnamed-6unnamed-3

ཡིན་ན་ཡང་། ཡ་མཚར་ཞིག་ལ། བྱང་”བྱང་ཨ་རིའི་ས་གནས་འོས་བསྡུ་ལྷན་ཁང་” ཟེར་བ་ནི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་རང་ན་ཡོད་འདུག་པ་དང་། བྱང་ཨ་རིར་མཚོན་ན། ཆེ་ཆུང་ལ་མ་བལྟོས་པར་ས་གནས་སོ་སོར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མི་འདྲ་བ་༣༥ ཙམ་ཡོད་ཅིང་། ས་གནས་གཞན་རྣམས་དང་གཅིག་མཚུངས་བཞིན་དེ་རིང་ཨ་རིའི་ས་གནས་ཁག་སོ་སོར་འོས་ཤོག་འཕེན་ས་རེ་རེ་ཡོད་པ་གང་ཞིག་ལ། ས་གནས་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ཀྱང་ས་གནས་རང་སོ་སོའི་འོས་བསྡུའི་ལས་བྱེད་དངོས་ནི་རང་བཞིན་གྱིས་ཆགས་བསྡད་ཡོད་སྟབས། ཅིའི་ཕྱིར་གོང་གསལ་སྐུ་ཚབ་དོན་གཅོད་ཁང་གི་”བྱང་ཨ་རིའི་ས་གནས་འོས་བསྡུ་ལྷན་ཁང་” ཟེར་བ་དེ་ལ་བྱང་ཨ་རིའི་ས་གནས་ཁག་གི་འོས་སྒམ་རྣམས་བརྒྱུད་གཏོང་བྱ་དགོས་པ་ཡིན་ནམ།
དུས་མཚུངས་བྱང་ཨ་རིའི་ས་གནས་ཁག་གི་འོས་བསྡུའི་ལས་བྱེད་རྣམས་ལ་འོས་སྒམ་ཁ་རྒྱག་པའི་ལས་དོན་ཙམ་ལས། ས་ཁུལ་གཞན་རྣམས་ཀྱི་ས་གནས་ཁག་ལྟར་ས་གནས་རང་དུ་དེ་རིང་འོས་གྲངས་བསྔོགས་འདོན་བྱེད་པའི་དབང་ཚད་ཇི་ལྟར་མེད་སོང་བ་རེད་དམ།

བསམ་ཚུལ།

Post navigation

Previous Post: རང་ལོ་དགུ་བཅུ་གོ་བརྒྱད་སོན་པའི་བགྲེས་སོང་གིས་ཀྱང་འོས་བསྡུར་ཆ་ཤས་ལེན་བཞིན་པ།
Next Post: ཕ་ཡུལ་གྱི་ཟམ་པ་གཉིས་དང་འབྲེལ་བའི་ངའི་ཟིན་ཐོ།

Comments (47) on “བྱང་ཨ་རིའི་ས་གནས་ཁག་གི་འོས་སྒམ་དང་དབང་ཚད།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-20 at 5:32 pm

    ཡུབ་རོབ་ནང་ལ་འོས་བསྡུ་ཚར་བའི་རྗེས་ལ་གྲངས་ཐོ་བཤེར་ནས་ཁྱབ་བསྒྲགས་གཏོང་ཟིན་པ་རེད་གདའ། བྱང་ཨ་རི་ན་དེ་འདྲ་ལས་མེད་རྙོག་དགྲ་ཨང་། ཅི་བསམ་ཀི་ཡོད་དམ།

  2. གཅེར་བུ། says:
    2016-03-20 at 5:58 pm

    བསྐུར་སྟངས་དེ་ཡང་དེ་རིང་རང་ལ་ Overnight or two day express བརྒྱུད་དེ་གཏོང་དགོས་ཡོད་སྐད་འདུག་ལ། བཀོད་ཁྱབ་འདིའི་ས་གནས་མིང་ཚོགས་ཀྱི་མངོན་འདོད་ལ་སྣང་མེད་དང་མཐོང་ཆུང་བྱས་ཡོད་པ་འདྲ།

  3. བྱང་ཆུབ་ལོ་མ། says:
    2016-03-20 at 6:20 pm

    སྔོན་འགྲོའི་སྐབས་ལའང་འདི་ལྟར་བྱས་པ་རེད། དེ་དབུས་འོས་བསྡུ་ལས་ཁུངས་ནས་ཤེས་ཀྱི་ཡོད་ཤག དེ་དུས་ལམ་སྟོན་དང་བཀོས་ཁྱབ་གང་ཡང་བྱས་མ་སོང་། ཕྱི་རྒྱལ་གཞན་ཁག་གིས་ས་གནས་སོ་སོའི་འོས་གྲངས་གསལ་བསྒྲབས་སྤེལ་གྱིན་ཡོད་པ་དང་། བྱང་ཨ་རིའི་གནང་སྟངས་བསྡུར་ན། མ་འདྲ་བ་ཞིག་རེད། མང་ཚོགས་མང་པོས་དོན་གཅོད་སྐལ་རྡོར་འོས་བསྡུ་འགན་འཛིན་རེད། ཁོ་རང་གིས་གང་བྱུང་མང་བྱུང་བྱེད་ཀྱི་ཡོད་པ་རེད་ཟེར་མཁན་དང་། ཁོ་ནི་ཨ་རིའི་དོན་གཅོད་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་ཕབ་མཁན་དེ་རེད། ག་རེ་ཡིན་ནའང་བྱེད་སྲིད་པ་རེད་ཅེས་དོགས་པ་ཟ་མཁན་ཡང་མང་པོ་རེད།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2016-03-20 at 6:21 pm

    བརྒྱ་བཤད་ན་སྟོང་བཤད་ན་ལས་ཐོགས་བློ་བཟང་སེང་གེ་སྐྱར་དུ་ཁྲིད་ལ་བཞུགས་རྒྱུ་ཡིན་པ་འདྲ། །

  5. དགའ་ལྡན་ says:
    2016-03-20 at 6:35 pm

    ད་ལན་དོན་གྱིས་མ་གཟབ་ན། ལས་ཀ་བྱས་ཚར་བའི་རྗེས་ལ་བཤད་ཀྱང་མི་ཕན་པ་ཚངས་མས་མཁྱེན་གསལ་ལྟར་རེད་པཱ། འོས་བསྡུ་ལས་ཁུངས་དང་དོན་གཅོད་ཁང་གིས་སྔོན་ནས་འཆར་གཞི་ཞིག་བསྒྲིགས་ཡོད་པ་འདྲ་ཞེས་གླེང་ལོང་ཤུགས་ཆེ་འགྲོ་བཞིན་གདའ། འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་ཕྱོགས་གཉིས་ཀ་ནས་དཔང་མི་ཡོད་དགོས་པ་གལ་ཆེ།

  6. བསྟན་འཛིན། says:
    2016-03-20 at 8:12 pm

    ལོག་སྤྱོད་རྣམས་མ་དགའ་ན་སྡུག་གྱོང་རེད། གང་ལྟར་སྲིད་སྐྱོང་སེང་གེ་ཕེབས་ཡོང་གི་རེད། རྙོག་དྲ་བཤད་དང་མ་བཤད་ཡོད་ནི་མ་རེད། ད་ལོ་ཁྱེད་རྣམ་པའི་རང་མདོགས་གསལ་པོ་མཐོང་སོང་། སླད་མར་ཁྱེད་ཚོའི་གྲལ་ལ་སྣང་འཇོག་མི་བྱེད་དོ།།

  7. ནུབ་ཕྱོགས་གངས་ཕྲུག says:
    2016-03-20 at 9:13 pm

    སྐལ་རྡོར་ཟེར་མཁན་དེས། འོས་གྲངས་ག་འདྲ་བྱེད་མིན་ལ་དོག་པ་ཆེན་པོ་ཡོད།

  8. ཨ་ཕོ་ says:
    2016-03-20 at 9:18 pm

    རྒན་ཁོག་ཤི་ལ་ཁར་མ་ཎི་བསག་ཏུ་མ་བཅུག་པར་ཆགས་སྡང་གིས་འོས་བླུག་གར་འཁྲིད་པར་ཧང་སང་དགོས་དོན་དང་ཕྱི་མར་འཁྱེར་སྒྱུ་གང་ཡང་ཡོད་མ་རེད་དོ་

  9. ཁྱུང་སེ། says:
    2016-03-20 at 10:03 pm

    ཨ་ཕོས་བཤད་པ་དེ་ག་རང་རེད། འོས་བླུགས་ཀྱི་བྱ་གཞག་ནི་ཆབ་སྲིད་རེད་དེས་རང་ཕྱོགས་གཞན་ཕྱོགས་ཞེས་གཉིས་སུ་བཟུང་ནས་ང་རྒྱལ་ཁོ་ཕམ་གྱི་རྒྱལ་ཕམ་རྩོད་བྱེད་ཅིག་རེད། ད་ཤི་ཐམ་རོ་ཐམ་བྱས་ནས་གང་ཡོང། སུ་ཐོབ་ནའང་ཐོབ་དེས་བོད་ལ་འགྱུར་བ་ཅི་འགྲོ་གི་མ་རེད། དེ་ལས་སེམས་བཟང་བྱས་ནས་བསྡོད།

  10. སྤྱན་ཆེན་པོ། says:
    2016-03-21 at 12:10 am

    ཡང་ཨ་རིའི་དོན་གཅོད་སྐར་རྡོར་ཟེར་བ་དེའི་ངན་ཇུས་ཤིག་ཡིན་འདུག བོད་མི་རྣམས་ལས་ངན་ཡིན་པས་ནམ་ཡང་མགོ་བདེ་དྲན་འཕྲུལ་ཚོའི་བྲན་གཡོག་བྱེད་དགོས།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-03-21 at 12:41 am

    བྱང་ཨ་རི། སྐལ་རྡོར། འོས་སྒམ། དྭོགས་པ།
    བྱང་ཨ་རི། སྐལ་རྡོར། འོས་སྒམ། དྭོགས་པ།
    བྱང་ཨ་རི། སྐལ་རྡོར། འོས་སྒམ། དྭོགས་པ།

  12. ཀརྡོ་གཉེར་ཕྱག་པ་ says:
    2016-03-21 at 12:45 am

    སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
    http://tibettimes.net/%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%BC%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%A1%E0%BD%B4/

  13. ཀརྡོ་གཉེར་ཕྱག་པ་ says:
    2016-03-21 at 12:58 am

    གལ་སྲིད། དངོས་གནས་དྲང་པོ་མི་བྱེད་མཁན་གྱི་ལས་བྱེད་ཡོད་ན། མི་མང་གི་དཀྱིལ་ལ་འགྲམ་ལྕག་ཞུ་དགོས་རེད། འཚེ་མེད་ཞི་བའི་ལམ་སྟོན་པ་ཚོར། ཧ་ཧ། ཀུ་རེ་དང་བཅས།། །།

  14. ཁ་ཕྱོགས་མེད says:
    2016-03-21 at 1:10 am

    གང་ལྟར་དོགས་གཞི་ཡོད་ན་དྲ་ཐོག་ཏུ་སྤེལ་བ་ཙམ་གྱི་མི་ཕན་གྲུབ་འབྲས་མ་ཐོན་སྔོན་དུ་འོས་བསྡུ་ལས་ཁུངས་འབྲེལ་བ་བྱེད་དེ་གསལ་བོ་བཟོ་དགོས་པ་རེད། གང་ལྟར་མི་མང་གི་གང་འདེམས་པ་དེ་རང་དྲང་མོ་དྲང་བཞག་ཐོན་རྒྱུ་ནི་མང་གཙོ་དགོས་པ་རེད་དེ་མིན་མང་གཙོ་ཁ་ཡིས་བརྗོད་དེ་ལག་པས་གཞན་ཞིག་བྱས་ན་དམར་ཕྱོགས་ལས་ཀྱང་སྡུག་རེད། དེར་བརྟེན་དྲང་བདེན་ཞིག་ཡོང་གི་ཡོད་མེད་ཀྱི་དོགས་གཞི་ཡོད་ན་ཞུ་གཏུག་བྱེད་རྒྱུ་དེ་མང་ཚོགས་ཀྱི་ལས་འགན་རེད། ཞུ་གཏུག་བྱས་ཀྱང་བདག་བརྒྱབ་ནི་མེད་ན་ལས་བྱེད་པས་ལས་དོན་ཡག་པོ་བྱེད་ཀྱི་མེད་པ་བདེན་པ་ར་སྤྲོད་བྱས་པ་རེད་ནས་ང་ཚོས་བསམ་བློ་གཞག་ཞིག་གཏོང་བའི་དུས་ལ་བབས་ནི་རེད།

  15. སྒྲོན་མེ། says:
    2016-03-21 at 3:07 am

    སྲིད་སྐྱོང་གི་འོས་སུ་ལ་ཐོབ་ན་རྒྱབ་སྐྱོར་གཙང་མ་བྱེད་རྐྱང་ཡིན།དགྲ་དགའ་གཉེན་སྡུག་གི་ལས་ནམ་ཡང་མི་བྱེད་པ་དམ་བཅའ་གཙང་མ་ཡོད།

  16. རང་བཙན་བུ། says:
    2016-03-21 at 3:55 am

    བྱང་ཨ་རིའི་འོས་སྒམ་ཙམ་རེད་མི་འདུག སྦེལ་ཀོབ་ལའང་འོས་སྒམ་བདག་ཉར་དང་འོས་བཤེར་གནང་ཕྱོགས། ཟུར་དཔང་འཛུགས་ཕྱོགས་པ་སྐད་ཆ་མང་པོ་འདུག

  17. སྒྲོན་མེ། says:
    2016-03-21 at 5:32 am

    ད་དྲ་འབུ་དག་གིས་དོགས་པ་འདྲ་མི་འདྲ་མ་ཟ། ཡང་སྤྱོགས་ནང་ཟིང་ཟིང་དུ་གྱུར་ནས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེལ་གི་རེད། ཁོ་རང་ཚོས་དེ་ལྟར་བྱེད་པ་དགོས་པ་དང་རྒྱུ་མཚན་ཞིག་ལོས་ཡོད། མ་ཟད་ཁོ་རང་ཚོར་ལས་འགན་མང་བོ་ཡོད་རེད། ལས་ཏག་ཏག་བསྒྲུབ་པ་ལ་ཡིད་ཆེ་ཡོད། དྲ་ལམ་དུ་གནས་ཅི་ཞིག་སྤེལ་ཡང་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་མི་གནོད་པ་བྱེད་དགོས་པ་མི་སོ་སོར་ལས་འགན་ཡོད་རེད།

  18. ཁ་ཕྱོགས་མེད says:
    2016-03-21 at 6:22 am

    སྐྱོན་ཡོད་ན་སྐྱོན་བརྗོད་མ་བྱས་ན་ངན་པ་ལངས་ཤོར་ལ་འགྲོ་ནི་རེད། མེད་ན་དེ་རིགས་རྙོག་དྲ་ཡིན་མ་སྤེལ་ན་བཟང་བ་བཤད་མི་དགོས་པ་རེད།

  19. སྒྲོན་མེ། says:
    2016-03-21 at 7:34 am

    སྐྱོན་ཡོད་ན་བཤད་ན་འགྲིགས་ཀྱང་། དེས་སྤྱི་ཚོགས་ཀྱི་འཆན་མཐུན་དང་བདེ་འཇགས་ལ་མི་གནོད་པའི་སྒོ་ནས་སྐྱོན་བརྗོད་དགོས་པ་ཡིན་ཞིང་། སྐྱོན་བརྗོད་ན་བརྗོད་སྟངས་ཤིག་དང་ཚིག་བེད་སྤྱོད་བྱེད་སྟངས་ཤིག་ཡོད་རེད། འགན་ཁུར་མེད་པའི་སྐྱོན་བརྗོད་བྱེད་ན་ཕན་གནོད་ཆེ་བར་སྙམ་མོ།

  20. ཁ་ཕྱོགས་མེད། says:
    2016-03-21 at 8:17 am

    སྒྲོན་མེ་ལགས་ཁྱེད་ཀྱི་བསམ་ཕྱོགས་མགོ་སྟེང་ལོགས་ཡོད་པ་འདྲ། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་ཚེ་དངོས་སུ་གཏོང་མཁན་དེ་སྐྱོན་བཟོ་མཁན་རེད་མ་གཏོགས་སྐྱོན་བརྗོད་མཁན་མ་རེད། དེ་ལས་ལྡོག་སྟེ་སྐྱོན་ཡོད་པ་དངོས་ཡོད་ཡིན་ན་སྐྱོན་མཁན་དེས་སྤྱི་ཚོགས་ཀྱི་བདེ་དོན་འགན་ལེན་བྱས་པ་རེད་སྙམ། སྐྱོན་བཟོས་ཡོད་ན་སྐྱོན་བརྗོད་པ་ལ་ཚིག་ཡག་པོ་ཞིག་བེད་སྤྱོད་དགོས་ནི་མ་རེད་རྐུ་མ་ལ་བྱ་དགའ་བབས་ནི་མ་རེད།

  21. ངག་དབང་ནོར་བུ། says:
    2016-03-21 at 8:31 am

    ༄༅། ཨ་ཕོ་དང་ཁྱུང་སེ་ཞུ་བ་ཁྱེད་གཉིས་ཀྱི་གསུངས་སྟངས་ལ་ལྟས་ན། ཁྱེད་རྣམ་གཉིས་ཀྱིས་བོད་སྤྱི་པའི་རྩ་དོན་དང་རང་རང་ལ་འཁྲིས་པའི་ལས་འགན་ལ་འགན་འཁུར་མེད་པ་གསལ་པོ་འདུག འགྲེས་སོང་ཚོས་ཀྱང་རང་རང་གི་ལས་འགན་དྭང་དུ་བླང་སྟེ་དཀའ་ངལ་འ་མ་འཛེམ་པར་རང་ཉིད་ཀྱི་ལས་འགན་ངོས་ཟིན་ཏེ་འོས་འཕེན་ཁར་ཕེབས་པ་འདི་ང་ཚོའི་མི་རབས་གསར་པ་རྣམས་ལ་དཔེ་མཚོན་དང་ཁྱེད་རྣམ་པ་གཉིས་ལ་དྲན་བསྐུལ་རེད་དོ།

  22. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-03-21 at 1:14 pm

    རྩོམ་པ་པོ་ལགས་ཀྱིས་གནས་ཚུལ་མ་མཁྱེན་སྔོན་དུ་འདྲོག་མ་གནང་རོགས། བྱང་ཨ་རི་ཁུལ་གྱི་འོས་སྡུ་འགན་འཛིན་ཨ་རིའི་དོན་གཅོད་ཡིན་པ་ལས་ས་གནས་རེ་ན་འོས་སྡུ་འགན་འཛིན་རེ་མེད། དོན་དུ་ཨོ་སི་ཊེ་ལེ་ཡ་ཕྱོགས་ལ་འོས་སྡུའི་སྒྲིག་འགལ་བྱུང་ནས་འོས་སྡུ་ལས་ཁང་གིས་བཀོད་ཁྱབ་ཕེབས་འདུག་གའ་།

  23. ཁ་རི་ཁ་ཐུག says:
    2016-03-21 at 5:34 pm

    ད་ཡིན་ན་འགྲིག་མ་སོང་། རྙོག་དྲ་ཡོད་ཡོད་པ་འདྲ་ཞིག

  24. འཇིགས་མེད་ says:
    2016-03-21 at 6:23 pm

    འོས་བསྡུ་དྲང་པོ་བྱས་མ་སོང་ངོས་ལེན་རྩ་བ་ནས་མེད་

  25. ཨ་ཕོ་ says:
    2016-03-21 at 8:51 pm

    ཁྱུང་སེ་ང་གཉིས་ལ་ངག་དབང་ནོར་བུ་ཁྱོད་རང་གིས་དྲན་བསྐུལ་བྱེད་པ་ལས་ཟམ་གདོང་རིན་པོ་ཆེ་ལ་བྱེད་རོགས་times of India and Phayul ནང་ད་ལོའི་འོས་ཤོག་འགྲན་རྩོད་ནང་ཆ་ཤས་མ་བཞེས་པའི་རྒྱུ་མཚན་གསུངས་འདུག། ད་དུང་ཁྱེད་རང་གིས་དམངས་གཙོའི་rights དང་ Responsibilty གཉིས་ཡོད་པ་ཤེས་དགོས། ཁྱེད་རང་གིས་བསམ་པར་rights ལེན་ན་་Responsibilty ཡིན་བསམ་རྐྱང་བྱས་ནས་ད་བར་ཟློས་གར་སྣ་ཚོགས་འཁྲབས་ནས་མཁེ་ཕན་ལེན་མཁན་ཡིན་པ་ང་ཚོ་ནིའུ་ཡོག་ལ་བསྡད་མཁན་ཚོ་རྒྱུད་མངའ་ཡོད་དོ།

  26. ཀློང་ཆུང་ says:
    2016-03-21 at 10:46 pm

    ཕྱོགས་གང་ས་ནས་བལྟས་ཀྱང་སློབ་བཟང་སངས་རྒྱས་ཐོབ་ཀྱིན་འདུག ཁོང་གཉིས་དབར་འོས་གྲངས་ཁྱད་བར་སྟོང་བཞི་ནས་ལྔ་བར་ཡོང་ས་རེད། ད་རེས་སྤེན་ཚེའི་ཤོག་ཁག་ཚོས་དཔུང་བསྒྲིལ་ནས་ནུས་པ་བཏོན་སོང་། སློབ་བཟང་སངས་རྒྱས་རྐུབ་ལ་རྡེལ་བཙག་བཙུགས་ནས་གཉིད་ཁུག་མ་ཐུབ་པ་བཟོས་སོང་རུང་། མཐའ་མ་ཕམ་སོང་།

    གལ་ཏེ་སྔར་གྱི་སྲོལ་རྒྱུན་བྱས་ན། ད་དབང་ཆ་བེད་སྤྱོད་བཏང་ནས་དང་པོ་སློབ་སངས་ཀྱིས་ཨ་མདོ་བུད་མེད་གཅིག་གཉིས་ཀྱི་ཤ་གསར་གཏོར་རྒྱུ་རེད། དེ་ནས་བདེ་སྐྱིད་ཆོས་དབྱངས་ལ་སྲོག་ཁྲིམས་བཅད་ཀྱི་རེད། དེ་ནས་དབུས་གཙང་ཟླ་བ་ཚེ་རིང་གི་ལྕེ་འམ་མཇེ་གཏུབ་ཀྱི་རེད།

    སྟབས་ལེགས་པ་ཞིག་ལ་ད་ལྟ་དེ་ལྟར་བྱེད་པའི་དབང་ཆ་མེད་པས་གཉིད་སྐྱིད།

    ད་རེས་རྒྱལ་ཁ་དེ་ང་ལ་ཐོབ་སོང་། ཡང་ལོ་ལྔ་སློབ་སངས་ཀྱི་ལྕམ་སྐུར་ཞབས་ཕྱི་ཞུ་དགོས་འདུག

  27. ཀརྡོ་གཉེར་ཕྱག་པ་ says:
    2016-03-22 at 12:23 am

    དུས་བབ་མཆན་བུ་ཅིག་གིས།
    ་་་་་་་་ གདོང་མཁན་ཀཿབྲག
    ༢༠༡༦/༠༣/༢༢ ༠༡:༣༥:༣༣
    དབུས་འོས་བསྡུ་ལས་ཁང་ནས་སུད་སི་ལ་འོས་རྩིས་མེད་གཏོང་བ་རེད་ཟེར་བ་གོ་ཐོས་བྱུང་བདེན་པ་ཡིན་ནམ། ་་་་་་་་་་ ཟེར།

  28. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-22 at 12:34 am

    འོས་བསྡུར་ཟིན་པར་རྩིས་མེད་གཏོང་གི་ཡིན་ན་༼ཤོ་ཟུར་ཐང་པོ་མེད་པ་ཆགས༽རྙོག་དགྲ་ཡར་སློང་གི་ཡོད་རེད། མ་གཞི་ནས་ཤོ་ཟུར་ཟེར་བ་འདི་ཡང་འོས་འགན་འཛིན་ཁུར་ཤེས་མཁན་ཅིག་རེད་མི་འདུག་པས་དགོངས་པ་ཞུ་བཅུག་ནས་མི་མང་ལ་འགན་འཛིན་གསར་པ་ཅིག་བསྐོ་བཅུག་ན་ཡག་པོ་འདུག་དྲན།

  29. ལྷ་སྒང་ཆོས་གྲགས། says:
    2016-03-22 at 12:58 am

    རྒྱལ་ཁ་སུ་ལ་ཐོབ་ཀྱང་། དྲང་བདེན་གྱི་ལམ་ནས་རྒྱལ་ཁ་ཐོབ་ན་གུས་བརྩི་ཞུ།

  30. ཀརྡོ་གཉེར་ཕྱག་པ་ says:
    2016-03-22 at 1:18 am

    ཧང་གྷ་རི་དང་། སུད་སིའི་འོས་ཤོག་ལ་དྭོགས་པ་ཡོད། ཧང་གྷ་རི་ནས། ཀརྡོས།

  31. ཀརྡོ་གཉེར་ཕྱག་པ་ says:
    2016-03-22 at 1:21 am

    ང་བློ་སེང་ལགས་ལ་རེ་བ་དང་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན༎ འོནད་ཀྱང་། བློ་སེང་ལ་ཐོབ་པའི་འོས་བརྒྱད་པོ་དེ་དག་ལ། དྭོགས་པ་ཟ་བྱུང་།

  32. ཀརྡོ་གཉེར་ཕྱག་པ་ says:
    2016-03-22 at 1:22 am

    ཧང་གྷ་རི་ནས་བློ་སེང་ལགས་འོས་བླུགས་མཁན་དེ་དག་བོད་པའམ་བོད་རིགས་ཡིན་མིན་ལ། དྭོགས་པ་ཡོད་གདའ།

  33. རང་བཙན་བུ། says:
    2016-03-22 at 1:41 am

    མི་གཡོ་ཅན་གྱིས་རྟག་ཏུ་བདེ་འཇགས་གླེང་ཟེར་བའི་དབྱིན་ཇིའི་ཁ་དཔེ་དེ་དངོས་གནས་རེད་འདུག

  34. ཀརྡོ་གཉེར་ཕྱག་པ་ says:
    2016-03-22 at 1:42 am

    ཁྲི་ཟུར་རིན་པོ་ཆེས།
    https://www.facebook.com/photo.php?fbid=977538545664405&set=p.977538545664405&type=3&theater

  35. ཁྱུང་སེ། says:
    2016-03-22 at 1:53 am

    ཀརྡོས་ཕྱོགས་གཅིག་ནས་བློ་སེང་ལ་རྒྱབ་སྐྱོར་དང་ཡང་ཕྱོགས་གཞན་ནས་ཧང་གྷ་རི་ནས་བློ་སེང་གཅིག་པོར་འོས་འཕེན་པར་དྭོག་པ་ཟ་ཚུལ་བཤད་དྭོག་པ་ཡོད་ན་འོས་བསྡུའི་ཁང་ལ་ཤོད་དགོས་པ་རེད་ཡང་ན་འོས་མ་བླུགས་སྔོན་དུ་བཤད་དགོས་པ་རེད།

  36. ཁྱུང་སེ། says:
    2016-03-22 at 1:58 am

    ངག་དབང་ལགས་ཁྱོད་ཀྱིས་ཨ་ཕོ་ང་གཉིས་ཀྱི་སྨྲ་བརྗོད་བསམ་བརྗོད་ལ་བཙན་བཀའ་གཏོང་གི་ཡོད་དམ། ཨ་ཕོས་བྲིས་པའི་མཆན་༢༥ པ་དེར་གཟིགས་མང་པོ་མི་བཤད།

  37. ངག་དབང་ནོར་བུ། says:
    2016-03-22 at 10:04 am

    ༄༅། ཁྱུང་སེ་ལགས་དང་ཨ་ཕོ་ལགས་ཞུ་དགོས་རེད་ཝ། མ་གཏོགས་(ཨ་ཕོ་ཁྱོ་ཁ་ཞིག་ད་ཨ་ཡིན་ནམ་བསམ་པ་འདྲ་པོ་འདུག) དངོས་མིང་སྦས་གསང་གནང་མཁན་རྣམ་པ་གཉིས་སུ་ཡིན་ངོ་མི་ཤེས་ཀྱང་ཨ་ཕོ་ལགས་ཀྱིས་གུས་པས་ད་བར་ཟློས་གར་སྣ་ཚོགས་འཁྲབ་སྟེ་མཁེ་ཕན་ལེན་མཁན་ཞིག་ཡིན་ངོས་འཛིན་གནང་བ་དགའ་པོ་བྱུང་། རེད་ ༡༩༩༧ ནས་ད་བར་ཐུགས་ཕན་གསོས་ལོད་ལ་མ་ལྟོས་པར་བོད་རང་བཙན་དང་བོད་ཀྱི་རྩ་དོན་ཆེད་ཟློས་གར་སྣ་ཚོགས་ཤིག་འཁྲབ་དང་འཁྲབ་བཞིན་པ་ཡིན། དཔེར་ན། བོད་རང་བཙན་ཆེད་གོམ་བགྲོད་ཐེངས་བཅུ་ལྷག་དང་ས་གཞོན་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་ནང་གང་ནུས་ཀྱི་ཞབས་ཞུ། དོལ་རྒྱལ་ཁ་འཁྱེར་བ་རྣམས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྨྱོན་འཛུགས་བྱེད་མཁན་རྣམས་ལ་ང་ཚོ་མི་འགའ་ཤས་ནས་མ་བསྐུལ་དྭང་བླང་ཐོག་རང་གདོང་དངོས་སུ་སྟོན་ཏེ་ཁ་གཏད་གཅོག་པ་སོགས་ཟློས་གར་སྣ་ཚོགས་ཤིག་འཁྲབ་པའི་རྐྱེན་གྱིས་དེང་སྐབས་ International Shugdhen Community (ISC) ཟེར་བ་སོགས་སྒོ་རྒྱབ་དགོས་པའི་མཁེ་ཕན་ཏན་ཏན་རག་སོང་བས་དགའ་སྤོབ་ཡོད། ཁྱེད་རྣམ་པ་གཟིགས་མོ་གཟིགས་མཁན་དང་རྒྱབ་བཤད་སྐྱོན་མཁན་གྱིས་གྲས་སུ་འདུག་ག གཞན་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་ཞུ་རྒྱུ་གང་ཡང་མེད། འོས་ཤོག་འཕེན་མ་འཕེན་ཁོང་རང་གི་རང་དབང་རེད། སྨྲ་བརྗོད་ཀྱི་རང་དབང་སུས་ཀྱང་འཕྲོག་ཐུབ་ཀྱི་མ་རེད་ང་རང་ཡང་སྨྲ་བརྗོད་ཀྱི་རང་དབང་བེད་སྤྱད་ནས་སྐད་ཆ་དང་བསམ་ཚུལ་ཞུ་གི་ཡོད།

  38. ཨ་ཕོ་ says:
    2016-03-22 at 12:06 pm

    ད་བྱས་ན་ཁྱོད་རང་གི་ཟློས་གར་གྱི་རང་མདོག་དེ་ཇི་གསལ་ལ་འགྲོ་བཞིན་འདུག། ཕྱོགས་གཅིག་ནས་གོང་ས་མཆོག་ལ་དད་པ་དང་བརྩི་བཀུར་ཤིན་ཏུ་ནས་ཆེན་པོ་ཡོད་མདོག་ཁ་པོ་བསྟན་ ཕྱོགས་གཞན་ནས་ཁོང་གི་བཞེད་དགོངས་དབུ་མ་དང་ལྡོག་ཕྱོགས་གཞོན་ནུ་ལྷན་ཚོགས་དང་རང་བཙན་གྱི་ལས་འགུལ་སྤེལ་བའི་སྡུག་ཡུས་བཤད་པ་ནི་ནང་འགལ་རང་རེད་ སྤྱི་ཚོགས་ཀྱི་ཚོགས་པ་ཚང་མའི་ནང་གི་སྐབས་འཚོལ་བ་མགོ་གཉིས་མ་དེ་ཚོ་ལ་ཆ་བཞག་དང་ཡིད་ཆེས་འཕེར་རྒྱུ་ཁག་པོ་རེད་དོ།

  39. ངག་དབང་ནོར་བུ། says:
    2016-03-22 at 1:21 pm

    ༄༅། ཨ་ཕོ་བྱ་སྙིང་ལགས། ད་ཁྱེད་རང་ཡང་རང་མདོག་གསལ་རུ་གསལ་རུ་འགྲོ་གི་འདུག དབུ་མ་དང་རང་བཙན་དབར་ལ་དཀྲུགས་ཤིང་སློང་མཁན་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་སྟོར་གཤིག་གཏོང་མཁན་རྒྱ་ཁྱིའི་ནང་ནས་ཁྱེད་རང་གཅིག་ཡིན་ས་རེད། དབུ་མ་ཡང་བོད་དོན་རེད་རང་བཙན་ཀྱང་བོད་དོན་རེད། ད་མ་ཙང་སྐྱག་པ་ལ་ལག་པ་འཆང་ན་དྲི་མ་ཁ་རོགས་དང་སྨྱོན་པ་ལ་ཡ་བྱས་ན་མགོ་བོ་ན་རོགས་རེད། ད་ཁྱེད་རང་ག་རེ་ལབ་ནའང་ལབ་ང་ལ་ཁྱེད་པར་སྤུ་ཙམ་ཡང་མེད།

  40. ཨ་ཕོ་ says:
    2016-03-22 at 3:27 pm

    ངག་དབང་ནོར་བུ་ཁྱོད་རང་ལ་ངས་ལབ་པར་ཁྱད་པར་སྤུ་ཙམ་ཡོད་མེད་ཞིག་ལྟ་དགོས་། ཁྱེད་རང་བོད་པའི་ཚོགས་པ་འདྲ་མིན་ནང་ཇུས་གཏོགས་རྐྱང་རྐྱང་བྱས་ནས་མཐུན་ཕྱོགས་མི་མཐུན་ཕྱོགས་བཟོས་པ་དེ་ཆིག་བསྒྲིལ་རེད་དམ། ལར་ནས་ངས་གོ་བར་ཁྱེད་རང་ཤར་པ་ཚོ་ལ་རང་ཉིད་ཤར་པ་ཡིན་ཚུལ་བཤད་མཁན་ཡིན་པ་དངོས་འབྲེལ་ཡིན་ན་དང་ཐོག་བོད་པ་ཡིན་དང་ཤར་པ་གང་ཡིན་གཙང་མ་བཟོས་ན་ལེགས་
    དེ་མིན་མགོ་གཉིས་རྐྱང་རྐྱང་བྱས་ན་རྫུན་གྱི་ཐ་མ་ལྕགས་ཡིན་ཀྱང་བརྡོལ་གྱིས་རེད་དོ།

  41. བཀྲ་ཡེ་ཚང་། says:
    2016-03-22 at 6:33 pm

    རྒྱལ་ཁབ་ཚད་ལྡན་ཞིག་མེད་ན་དམངས་གཙོ་ཚད་ལྡན་ཞིག་ག་བ་ནས་ཡོང་། འོས་མི་ཚད་ལྡན་ཞིག་མེད་ན་འོས་ཤོག་ཚད་ལྡན་ཞིག་ག་བ་ནས་ཡོང་། གང་ལྟར་རང་འགོ་རང་གིས་གཡོགས་་་་ཕ་འགོ་གཞན་གྱིས་གཡོགས་ནས་མི་མཐུད་དུ་འགྲོ་ཡ་རེད། ད་ལན་གྱི་འོས་བསྡུ་འདི་ཁམས་པ་དང་ཨ་མདོ་གཉིས་ཀྱི་རང་མཚང་ལྷང་ལ་བུད་པ་ལས་་་་་གཞན་ཕན་ཐོག་སྤུ་སྣེ་ཙམ་ཡང་མཐོང་མ་སོང་།

  42. ཁྱུང་སེ། says:
    2016-03-22 at 9:44 pm

    Ngwang norbu ལགས་དང་པོ་ཁྱེད་རང་བོད་པ་ཡིན་ན་རང་མིང་བོད་ཡིག་ཐོག་ཏུ་འབྲི་རོགས། དེ་ནས་བོད་དོན་རྩོད་ན་ཡག་པོ་འདུག

  43. ཀརྡོ་གཉེར་ཕྱག་པ་ says:
    2016-03-23 at 1:33 am

    #35 ཁྱུང་སེ། ་ལགས།
    ང་ལ་འོས་བསྡུ་ཁང་གི་གློག་འཕྲིན་ཁ་བྱང་རྙེད་མ་བྱུང་བས། བྱུང་ན་ཅིག་གིས་འདིར་འཇོག་རོགས་གནོངས་དང་། ཐུགས་རྗེས་གཟིགས།།

  44. ཚངས་དབྱངས། says:
    2016-03-23 at 5:33 am

    བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བྱེད་སྟངས་དེ་ནི་སྒེར་གཅོད་པའི་བྱེད་སྟངས་དང་། ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ཤིག་རེད། མང་ཚོགས་ཀྱིས་དོ་སྣང་དགོས་པ་གལ་ཆེན་རེད།

  45. རྒྱང་མིག says:
    2016-03-23 at 8:43 am

    དོན་གཅོད་ཀྱི་བྱེད་སྟངས་ལ་གཞིགས་ན། གོང་དུ་དྲ་གྲོགས་ཤིག་གིས་”བྱང་ཨ་རི་ཁུལ་གྱི་འོས་སྡུ་འགན་འཛིན་ཨ་རིའི་དོན་གཅོད་ཡིན་པ་ལས་ས་གནས་རེ་ན་འོས་སྡུ་འགན་འཛིན་རེ་མེད།” གསུངས་པ་དེ་བཞིན་ཡིན་དགོས་ངེས་པ་ལྟར་སྣང་ཡང་།
    དོན་གཅོད་ཀྱི་བཀོད་ཁྱབ་ཡི་གེའི་ནང་དུ་ཐོག་མ་རང་ལ་” མཚུངས་མེད་བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་དང་ཚོགས་མི་རྣམ་པ་ལྷན་རྒྱས་ལ།” ཞེས་དང་།
    “འདི་ག་ཝ་ཤིང་ཊོན་ཌི་སིར་འོས་ཤོག་རྣམས་གཏོང་སྐབས་ས་གནས་འོས་བསྡུ་འགན་འཛིན་དང་ཚོགས་མི། དང་བླངས་སུ་རུང་ནས་་་།” ཞེས་དང་།
    ཡང་། “ཕྱི་ཚེས་༢༦ ཉིན་ས་གནས་འོས་བསྡུའི་འགན་འཛིན་ལྷན་འཛོམས་ཐོག་བསྒྲོགས་འདོན་བྱ་རྒྱུ་ཡིན།” བཅས་རྣམས་བཀོད་འདུག་པ་མཐོང་ཡོང་དུས། ས་གནས་རེ་ན་འོས་བསྡུ་འགན་འཛིན་རེ་ཡོད་པ་ནི་གསལ་པོར་མངོན་ཡོང་བ་ཞིག་རེད།

  46. ཁྱུང་སེ། says:
    2016-03-23 at 10:40 am

    ཀརྡོ་ལགས་འོས་བསྡུ་ལས་ཁང་ནས་ཡི་གེ་འབྱོར་ཚད་ལ་ཁ་ཡ་བྱེདབཀྱི་མིན་ཟེར། ཁུངས་བསྐྱེལ་དཔང་པོ་ཡང་དག་ཡོད་ན་ཁྲིམས་ལ་གཏུག་དགོས་རེད་ཅེས་ཟེར་ནས་གསལ་བསྒྲགས་གནང་སོང།

  47. ཇ་མ་ says:
    2016-03-25 at 7:33 pm

    ཨ་རི་དང་ཁ་ན་ཀྲའི་ནང་གི་འོས་ཤོག་ཨ་རིའི་དོན་གཅོད་ཁང་ནས་ཞིབ་གཤེར་བྱས་དུས་སྤེན་ཚེའི་འོས་ཤོག་བློ་སངས་ལག་པར་བཅོལ་བ་དང་གཅིག་པ་རེད། སྐལ་རྡོར་བློ་སངས་གིས་ཨ་དོན་ལ་བཙུགས་པ་རེད། ཨ་རིའི་འོས་བསྡུས་འགན་གཙོ་ཡང་སྐལ་རྡོར་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme