Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་ལ་མི་འདོད་པའི་ལས་འགུལ་ལས་འཕྲོས་པའི་གཏམ།

Posted on 2018-02-03 By ཁ་བརྡ 11 Comments on བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་ལ་མི་འདོད་པའི་ལས་འགུལ་ལས་འཕྲོས་པའི་གཏམ།

དཔལ་འབྲུག་མོ།

 

ཐེངས་འདིའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་གྱི་ཐོག་ལ་བོད་པ་འདུས་སྡོད་ས་ཁུལ་གང་སར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་། དེ་འགྲིག་མི་འདུག དྲང་བདེན་མ་རེད་ཅེས་བཤད་མཁན་གྲངས་ལས་འདས་མོད། མངོན་གསལ་དོད་པོའི་སྒོ་ནས་ཤོག་སྨྱུག་ལས་བརྒལ་ནས་མདུན་ལ་ཐོན་ཏེ་ངོ་རྒོལ་བྱེད་མཁན་དེ་ཙམ་མི་མང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་མི་སྒེར་ལ་འདིའི་ཐད་ལབ་གླེང་བརྒྱུད་དུས་ཁོང་ཚོས་ཀྱང་སྲིད་སྐྱོང་གི་བྱེད་ཕྱོགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་གྱིན་འདུག   ཡིན་ནའང་ལས་འགུལ་ནང་མཉམ་ཞུགས་བྱས་མ་སོང་། སྤྱིར་ཕྱི་རྒྱལ་ནས་འཚར་བའི་བོད་པ་ཞིག་ཡིན་ན་ནམ་རྒྱུན་ཡང་དག་པ་དང་བདེན་པའི་གནས་ལ་ཕྱོགས་རྒྱུར་དགའ་མོས་བྱེད་མཁན་ཡིན་ཟེར་མོད། ད་ཐེངས་གི་སྤྱོད་སྟངས་ལ་གཞིགས་ན་ཁ་བཤད་དང་ལག་ལེན་མི་མཚུངས་པ་གང་མང་བྱུང་སོང་བ་དེ་བཞིན་ནོ།། གང་ལྟར་ལས་འགུལ་ལ་ཞུགས་མཁན་ཚོ་སྙིང་ཆུང་ལྡིང་ཞོར་ལ་ལས་འགུལ་དུ་ཞུགས། འདི་ལྟ་བུའི་ལས་འགུལ་ལ་ཞུགས་དགོས་པ་ནི་རང་ཉིད་ཀྱི་ཁ་རྒྱབ་ཀྱི་ཆེད་དུ་མིན་མོད། སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཕྱོགས་གཏོགས་པ་ཚོས་ནམ་་རྒྱུན་དྲྭ་ལམ་ནས་སྤེན་ཚེའི་རྒྱབ་ཏུ་ལང་མཁན་ཚོ་ལ་ལྟོས་ཤིག་དང་། གསོད་ཀྱི་ཡིན་རབས་སོགས་ཀྱི་འཇིགས་སྐུལ་བྱས་པ། ལས་འགུལ་ནང་ཞུགས་མཁན་གྱི་བུ་མོ་ཚོར་སྨད་འཚོང་མ་དང་རྒྱ་ཁྱི་སོགས་བརྙས་སྨོད་ཚད་བརྒལ་སྣ་ཚོགས་བྱས། མི་ལ་ལ་དེ་ཁོ་ནར་སྐྲག་ནས་ལས་འགུལ་དུ་ཞུགས་གྱིན་མེད་པའང་གསལ་བོ་རེད། གང་ལྟར་དེ་དང་དེ་ལ་སོགས་ཀྱི་གོང་གི་འགོ་ཁྲིད་དབང་ཆ་ལོག་སྤྱོད་དང་ཕྱོགས་གཏོགས་པའི་གླེན་རྟགས་སོགས་ལ་གཞིགས་ན་མཐའ་གཅིག་ཏུ་འདི་ལྟར་བཤད་ཆོག ད་ལྟའི་བློ་སེང་གི་རྗེས་འབྲང་བ་དག་ནི་བདེན་ལུགས་རྒྱབ་ཏུ་བསྐྱུར་པའི་ནག་ཚོགས་ཤིག་དང་ཁྱད་གང་ཡང་མི་འདུག སྲིད་སྐྱོང་གི་ཕྱོགས་གཏོགས་ཚོ་ནི་དྲ་ལམ་ནས་ངོ་གདོང་སྦས་པའི་ནག་ཚོགས་ཀྱི་དྲྭ་འབུ་དག་ལ་ངོས་འཛིན་བྱས་ཆོག

སྤྱིར་ང་ནི་གསར་འགྱུར་གྱི་ལས་རིགས་གཉེར་མྱོང་མཁན་ཞིག་དང་། དེང་སང་གཙོ་བོ་རྩོམ་རིག་གི་ཕྱོགས་སུ་མོས་མཁན་དང་། དེ་ལ་ཧུར་ཐག་གིས་འབད་བཞིན་པའི་སྤྱི་ཚོགས་དྲྭ་ལམ་རྩོམ་པ་པོ་ཞིག་ཡིན།  འདས་པའི་ལོ་ཟླའི་ནང་ལ་ཆབ་སྲིད་ལ་དོ་སྣང་ཟུར་ཙམ་ཡོད་པ་ལས་དེ་ལ་མཉམ་ཞུགས་དང་ཚོགས་སྡེ་གང་རུང་ལ་ཞུགས་ནས་ལས་འགུལ་དང་བྱ་བྱེད་གང་ཡང་བྱེད་མ་མྱོང་། ལྷག་པར་དུ་ཆོལ་ཁའི་འཐེན་འཁྱེར་ལ་དེ་བས་ཀྱང་མོས་མཁན་ཞིག་མིན་པས་མདོ་སྨད་ཀྱི་ས་གནས་རྒྱུན་ལས་ཙམ་ལའང་ཞུགས་མ་མྱོང་། རང་འདོད་ཀྱིས་སྣང་བ་སྐྱིད་པོ་བྱས་ནས་སྒྱུ་རྩལ་རྩོམ་རིག་ཁོ་ན་འཐམས་པ་དེ་འདྲ་ཡིན། འོན་ཀྱང་། སྐད་འཕྲིན་ལ་ཞུགས་རྒྱུར་དགའ་བོ་ཡོད་ལ། སྲིད་དོན་དང་འབྲེལ་བའི་སྐད་འཕྲིན་ཚོགས་པ་ཁ་ཤས་ནང་ཞུགས་པ་ཡིན། 

དེ་དག་གི་བགྲོ་གླེང་ལ་མདོར་བསྡུས་ཙམ་ཉན་པ་ཡིན། སྐབས་དེར་ཏག་ཏག་ཨ་རིའི་སྐུ་ཚབ་དོན་གཅོད་ལས་མཚམས་འཇོག་པའི་བརྡ་ཡིག་དེ་ཁྱབ་ཀྱི་འདུག   མི་མང་གི་སེམས་འཚབ་དྲག་ཏུ་འཕར་བྱུང་ལ་སྐྱེས་ཕོ་མོའི་དབྱེ་བ་མེད་པར་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་དང་སྲིད་སྐྱོང་ལ་ངོ་རྒོལ་གནང་གི་འདུག སྲིད་སྐྱོང་གིས་ནམ་རྒྱུན་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་དང་ཐུགས་ཀྱི་བཞེད་དོན་སྒྲུབ་མཁན་ཡིན་ཟེར་བའི་ནམ་འགྱུར་སྟོན་མཁན་ཞིག་ཡིན་མོད། 

ད་ཐེངས་སྲིད་སྐྱོང་གིས་དོན་གཅོད་སྤེན་པ་ཚེ་རིང་ཨ་རིར་བསྡད་པའི་རིང་ལ་སྲིད་སྐྱོང་གི་དངུལ་འབོར་ས་ཡ་གཅིག་དང་ཕྱེད་ཀའི་བུ་ལོན། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་མང་པོ་འཐེར་འདོན་བྱེད་ཨེ་ཡོང་ངམ་སྙམ་པའི་འཚེར་སྣང་གིས་ཁུངས་ལུང་མེད་པའི་བཀའ་ཤག་གི་དོན་ཚན་བཅུ་ཞེས་བསྒྲགས་གཏམ་ཞིག་སྤེལ་ནས་ཨ་རིའི་དོན་གཅོད་གནས་འབྱུང་བཏང་བ་མ་ཟད་དྲྭ་ལམ་ཁག་དུ་ཁྱབ་བསྒྲགས་བྱས། དེ་དུས་མི་མང་གི་ངོས་ནས་དོན་ཚན་བཅུ་ཡི་ནང་དོན་དེ་ལྟ་བུ་ཙམ་གྱིས་མི་བུ་བྱས་རྗེས་ཅན་ཞིག་གནས་འབྱུང་གཏོང་དགོས་པ་ལ་ཐུག་མི་འདུག་ཅེས་མ་འཐད་པའི་རྣམ་འགྱུར་གྱིས་ལས་འགུལ་སྣ་མང་སྤེལ། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེ་སྐྱོད་སའི་བོད་མི་གནས་པའི་ཕྱི་རྒྱལ་གྱི་ཡུལ་ལུང་གང་སར་སྤེལ་བ་དང་། དྲྭ་ལམ་ནས་ཀྱང་མི་འདོད་པའི་དཔྱད་བརྗོད་རྩོམ་ཡིག་གང་མང་སྤེལ་དགོས་བྱུང་། ད་དུང་དེར་མ་ཟད་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་དོན་ཚན་བཅུ་ལ་བདེན་དཔང་ཁུངས་སྐྱེལ་དང་བཅས་གསར་འགོད་གསལ་བསྒྲགས་ཀྱིས་གསལ་བཤད་གནང་། 

མི་མང་ཚོས་དངོས་གནས་བློ་སེང་དྲང་བདེན་མ་རེད་ཅེས་སྐད་འབོད་གནང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། བློ་བཟང་སེང་གེ་ཡི་ཕྱོགས་གཏོགས་པ་ཕ་ཡུལ་གཅིག་ཡིན་ཟེར་མཁན་ཁ་ཤས་ཀྱིས་ཞེན་ཁོག་སྐམ་པོའི་དྲྭ་ལམ་གྱི་ཚོགས་པ་སོགས་ནས་སྲིད་སྐྱོང་ལ་ངོ་རྒོལ་གནང་མཁན་ཚོར་གསོད་ཀི་ཡིན་སོགས་འཇིགས་སྣང་སྐུལ་བ་དང་། དྲྭ་ལམ་ནས་ཀྱང་པར་རྫུན་དང་མིང་རྫུན་བཀོལ་བའི་དྲྭ་འབུ་ཁ་ཤས་ཀྱིས་སྲིད་སྐྱོང་གི་བྱ་བྱེད་ངན་པར་མི་འཐད་པའི་རྣམ་འགྱུར་སྟོན་མཁན་གྱི་ཨ་ཅག་ཚོའི་པར་རེ་རེར་བཏོན་ཏེ་དོལ་རྒྱལ་བ་དང་རྒྱ་ཁྱི་རེད་ཟེར་བའམ། ཡང་ན་སྨད་བཙོང་མ་རེད་ཟེར་བ་སོགས་ཚིག་ངན་བྲིས་པ་དང་། མཐའ་ན་ཨ་ཅག་དེ་ཚོའི་བྱིས་པའི་ཨ་ཕ་སུ་དང་གང་ཡིན་པ་སོགས་ལའང་ཇུས་གཏོགས་ཀྱིས་འཆལ་གཏམ་བཀྲམ། དེ་དང་དེ་ལ་སོགས་པ་ཡི་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་དྲྭ་འབུ་དག་ནི་དྲྭ་ལམ་གྱི་ནག་ཚོགས་མིན་ན་ཅི། གང་ལྟར་ད་རུང་གྱོན་པ་རྫིག་པོ་རེ་གྱོན་ནས་བོད་མི་འཛོམས་སར་ཇ་ཁ་ཆང་ཁ་ཡི་ཁ་བརྡ་ཙམ་ལས་བཤད་མི་ཤེས་པའི་ཁ་བདེ་བློ་བཟང་སེང་གེ་ངོ་མ་ཚར་སོང་། ཁོ་བ་བོད་ཀྱི་ལོ་རྒྱུས་ཀྱི་སྒང་གི་ནག་ཉེས་ཅན་པ་ཆགས་སོང་། ཁོའི་བྱ་སྤྱོད་ཀྱིས་ཆོལ་ཁ་གསུམ་དཀྲུགས་སོང་། མ་ཟད་གྲོགས་དང་གྲོགས་མོའི་མཛའ་སེམས་ཀྱང་བརླགས་སོང་། མཐའ་ན་ཁྱོ་ག་ཁམས་པ་ཡིན་ན་སྐྱེས་དམན་ཨ་མདོ་ཡིན་མཁན་གྱི་བཟའ་ཚང་ཀྱང་གཏོར་སོང་། དེ་ལྟ་ནའང་ཁོ་ད་རུང་ཕྱིའི་ངོ་བོ་ནས་རྫིག་མདོག་རེ་སྟོན་ཞོར་ཕ་ཡུལ་གཅིག་པ་དང་ཁོ་ལ་གནས་སྐབས་རེ་དགོས་པའི་གཞུང་ཞབས་པ་རྐུབ་སྟེགས་འཛིན་མཁན་གྱི་རང་གཅེས་པ་ཁ་ཤས་ལ་བརྟེན་ནས་གནས་སྐབས་རང་འཚོ་འདུག   

མ་འོངས་པར་ལོ་རྒྱུས་ནང་དུ་དུས་རབས་ཉེར་གཅིག་པར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཞི་བདེ་ལྷིང་འཇགས་དང་། འཛམ་གླིང་ལའང་བཙན་བྱོལ་བོད་གཞུང་ཞེས་ངེས་དོན་གྱི་ཚད་མཐོན་པོ་ཡོད་པའི་དུས་སྐབས་ལ་བློ་བཟང་སེང་གེ་ཞེས་པའི་སྲིད་སྐྱོང་བཀྲ་མི་ཤིས་པ་ཞིག་བྱུང་མྱོང་ཡོད་པ་རེད་ཅེས་ལོ་རྒྱུས་ཡིག་ཚང་དུ་འགོད་ཡོང་བ་གདོན་མི་ཟ། དེ་ནི་ངས་བྲིས་པའི་རྩོམ་ཡིག་འདི་ལྟ་བུས་ཀྱང་་ཁག་ཐེག་བྱེད་ངེས། ཡིན་ནའང་དེ་ལ་རྐྱེན་བྱས་ནས་བོད་འབངས་ཚོའི་སེམས་པ་ཁོ་ཆད་དགོས་མ་རེད། བློ་བཟང་སེང་གེ་ཚར་བ་རེད་མ་གཏོགས་བཙན་བྱོལ་བོད་གཞུང་ཚར་ཡོད་མ་རེད་ལ། ཚར་ཡང་སྲིད་པ་མ་རེད། མ་ཟད་དེ་ལས་ཇེ་བརྟན་དུ་འགྲོ་གི་རེད། རྒྱུ་མཚན་ནི་ད་ཐེངས་ཀྱི་དམངས་གཙོའི་ཚད་བཀོལ་ནས་སྲིད་སྐྱོང་གི་བྱ་བྱེད་མ་འགྲིག་པ་ལ་རྣམ་འགྱུར་མངོན་གསལ་དོད་པོ་ཐོན་པ་དེས་མ་འོངས་པར་བཙན་བྱོལ་བོད་གཞུང་ལ་སྲིད་སྐྱོང་གསར་བ་ག་འདྲ་ཞིག་སླེབས་པ་ཡིན་ནའང་དྲང་བདེན་གྱི་སྒོ་ནས་སྲིད་དབང་སྐྱོང་རྒྱུར་ཕན་གྱི་རེད། རྒྱུ་མཚན་མི་མང་ཀློའུ་མ་རེད། ཉན་བྱེད་ཀྱི་རྣ་བ་དང་དཔྱོད་བྱེད་ཀྱི་ཀླད་པ་ཡོད་རེད། དེ་བས་རྐྱེན་ངན་གྲོགས་སུ་འགྲོ་ཟེར་བའི་དཔེ་ཡོད་པ་བཞིན་མ་འོངས་པའི་བཙན་བྱོལ་བོད་གཞུང་ནི་དྲང་བདེན་དང་འོད་སྟོང་ལྡན་པ་ཞིག་ཆགས་པའི་རེ་བ་ཡོད། མཇུག་མཐར། ༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན། 

༢༠༡༨/༢/༡

བསམ་ཚུལ།

Post navigation

Previous Post: མགར་མཁའ་འགྲོའི་གཞས་གསར་པ། གཅེས་ཕྲུག
Next Post: བྱེར་འགྲམས་ཀན་སར་ (Metastatic cancer) སྐོར་གྱི་དྲི་བ་དང་ལན་འདེབས།

Comments (11) on “བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་ལ་མི་འདོད་པའི་ལས་འགུལ་ལས་འཕྲོས་པའི་གཏམ།”

  1. དགོན་པ་ཚང་ དར་རྒྱས་ says:
    2018-02-03 at 11:04 am

    བློ་སེང་ཕྱོགས་གཏོག་པ་ བོད་མའི་ཞབས་འདྲེན་པ་ ཕྱི་རྫིག་ནང་སྟོང་ རྨ་བྱ་བུང་བུ་ འཇིགས་བཀུར་དྲག་སྤྱོད་པ་དེ་ཚོ་མདོ་སྟོད་བ་ཚང་མ་མ་རེད་དེ་ཚོ་ནི་ལི་ཐང་བ་ སྡེརགེར་བ་ སྒང་ཙེ་བ་རེ་ཟུང་རེད་དེ་མིན་གྱི་ཁམ་ཁུལ་གྱི་ཁམ་མང་ཆེ་བ་ཉམ་ཆུང་བ་ཤ་དག་རེད་མ་ཟད་ཚ་བ་ཁམ་དེ་བས་ཉམ་ཆུང་ཡོད་པ་རེད་ དྲག་ཡབ་པ་རེ་ཟུང་ཡག་པོ་མེད་

  2. ཀརྡོ་རབ་འབྱམས་པ་ says:
    2018-02-03 at 11:15 am

    ་་་་་་་་་ ད་ལྟའི་བློ་སེང་གི་རྗེས་འབྲང་བ་དག་ནི་བདེན་ལུགས་རྒྱབ་ཏུ་བསྐྱུར་པའི་ནག་ཚོགས་ཤིག་དང་ཁྱད་གང་ཡང་མི་འདུག སྲིད་སྐྱོང་གི་ཕྱོགས་གཏོགས་ཚོ་ནི་དྲ་ལམ་ནས་ངོ་གདོང་སྦས་པའི་ནག་ཚོགས་ཀྱི་དྲྭ་འབུ་དག་ལ་ངོས་འཛིན་བྱས་ཆོག ་་་་་་་་་་

  3. ཨ་གར། says:
    2018-02-03 at 12:07 pm

    མདོར་ན་དེ་འདྲའི་ལས་རིགས་ནི་
    བོད་རིགས་པ་དག་ལ་མཚོན་ན།
    གོ་ཆགས་ཤིག་ཡིན་པར་སེམས།

  4. མྱི། says:
    2018-02-04 at 12:56 am

    དཔལ་འབྲུག་མོ། སྔོན་མར་མོ་དང་མོའི་རྩོམ་རིག་ལ་དགའ་མོས་དཔེ་ཡོད། དེ་རིང་ཡིད་སུན་སོང་། ཞིབ་འཇུག་མེད་པའི་སྐད་ཆ་ཏག་ཏག་བཤད་འདུག སྐུ་ངོ་སྤེན་ཚེ་ལས་གནས་བཞག་དགོས་པ་དེ། ཨ་རིའི་གནས་ཡོད་མི་སྣས་སྤེན་ཚེས་ཆང་བཏུང་ནས་ལས་ཀ་ཐུན་ཤོར་འགྲོ་སྐོར་གྱི་ཞུ་ཡིག་༧ གོང་ས་མཆོག་ལ་ཕུལ་བ་དེས་གོང་རིམ་ནས་བཀའ་ཕབ་སྟེ། བཀའ་ཤག་ནས་ཐག་གཅོད་གནང་བ་ལས་གཞན་མ་བཀའ་ཤག་ལ་དེ་འདྲ་བྱེད་ཕོད་པའི་བློ་ཁོག་དང་ནུས་ཚད་མེད་པ་མིག་མཐོང་ལག་ཟིན་རེད། གཞན་དག་ཅི་ཁག་ཡོད་རེད་ཡིག་འབྲི་བ་ཁོང་ཚོའི་གྲལ་ཡང་རི་བོང་ཅལ་འདྲོགས་བྱེད་ཡོང་གིན་འདུག ཨ་ཁ་ད་གང་དྲག

  5. དགོན་པ་ཚང་ དར་རྒྱས་ says:
    2018-02-04 at 2:43 am

    ད་ཡང་ཁྱི་ཕྲུག་མྱི་ཟེ་བ་དེས་ཧམ་བཤད་ཀྱིས་སྡིག་ཉེས་ཐོལ་པ་བསགས་ཀྱི་འདུག མི་ངན་དེ་ཚོ་ཧམ་བཤད་བྱ་རྒྱུ་བྱུང་ན་འཇོན་ཐང་ཆེན་པོར་བརྩི་ཡི་འདུག་པས་གནས་སྐབས་རིང་མི་ངན་དེ་ཚོར་ཁ་ཆགས་སྣ་རལ་མང་ཙམ་དང་མཐར་ཐུག་ཨ་ཁུ་ཤིན་ཅིས་སྨྱལ་བ
    རྡོ་རྗེ་ཐིང་ནག་ལ་འཁྲིད་ནས་ཇི་སྲིད་ནམ་མཁའི་བར་དུ་འཇིགས་རྟེན་འདིའི་སྒང་ལ་སླེབས་སུ་མ་གཅུག་པ་མཁྱེན་

  6. བློ་རིག says:
    2018-02-04 at 3:08 am

    ད་ལྟའི་བློ་བཟང་དང་ སྤེན་ཚེ་གཉིས་གྱི་རྩོད་ཉོག་གྱིས། བོད་སྤྱི་ལ་གནོད་པ་ཆེན་པོ་བཏང་ཡོད་པར། བོད་མི་ཚོས་བསམ་བློ་ཡག་པོ་གཏོང་དགོས་པར་བསམ།
    ཧྥ་རན་སིའི་གྲོས་ཚོགས་གོང་འོག་གཉིས་སུ། བོད་དོན་རྒྱབ་སྐྱོར་བ་ཚོགས་མི་22ཡོད། སྲིད་སྐྱོང་ཧྥ་རན་སིར་ཕེབས་སྐབས།
    གོང་གི་རྩོད་ཉོག་དེའི་རྐྱེན་གྱིས། ཚོགས་མི་བཞི་ལྔ་ཞིག་མ་གཏོགས་སྲིད་སྐྱོང་གི་མཇལ་འཕྲད་ངོས་ལེན་བྱས་མེད།
    ཧྥ་རན་སིའི་གྲོས་ཚོགས་ཀྱི་དྲ་བ།
    https://www.senat.fr/groupe-interparlementaire-amitie/ami_634.html
    བོད་གཞུང་དྲ་བ།
    http://bod.asia/2018/01/%e0%bd%91%e0%bd%94%e0%bd%a3%e0%bc%8b%e0%bd%a3%e0%be%a1%e0%bd%93%e0%bc%8b%e0%bd%a6%e0%be%b2%e0%bd%b2%e0%bd%91%e0%bc%8b%e0%bd%a6%e0%be%90%e0%be%b1%e0%bd%bc%e0%bd%84%e0%bc%8b%e0%bd%96%e0%be%b3-14/

  7. མྱི། says:
    2018-02-04 at 3:24 am

    དྲན་དབང་བྱེ་བའི་གཙུག་ནོར་ཨ་མདོ་དགེ་ཆོས་ཀྱིས།
    མངོན་གྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། ། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། ། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེ། །དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད། ། ཅེས་ཡང་སྙིང་ཕྲག་དོག་ཅན་གྱི་སྐྱེ་བོ་མ་རུང་བ་དེ་ཉིད་དགའ་བའི་ཐབས་དང་མགུ་བའི་དངོས་པོ་གཞན་མེད་པ་རེད་ཅེས་པའི་ལེགས་བཤད་དེ་ག་འདྲ་གནས་ལུགས་ལ་ཉེ་བའི་ལེགས་བཤད་ཅིག་རེད་ཨང་།

  8. ཀརྡོ་རབ་འབྱམས་པ་ says:
    2018-02-04 at 5:38 am

    བློ་སེང་ལགས་ལ། སྲིད་ཁྲིར་ལོ་དང་པོ་ལྔ་དང་། སྲིད་སྐྱོང་སྐབས་གཉིས་པའི་ལོ་དང་པོའི་བར། རྒྱབ་སྐྱོར་ཆ་ཚང་བྱས་པ་ཡིན། སྤེན་ཚེ་དོན་གཅོད་ནས་ཕུད་ནས་བཟུང་སྲིད་སྐྱོང་བློ་སེང་སྲིད་སྐྱོང་ལ་རྒྱ་སྐྱོར་མེད་པ་ཙམ་མ་ཟད། ཁོང་གི་བཀའ་ཤག་གི་ལས་བྱེད་སུ་ལ་ཡང་རྒྱབ་སྐྱོར་མེད་ལ། ངོ་རྒོལ་ཡོད་དོ།།

  9. ཀརྡོ་རབ་འབྱམས་པ་ says:
    2018-02-04 at 5:39 am

    སྲིད་སྐྱོང་རྒྱལ་འགྱུར་ཅིག
    བློ་སེང་ཕམ་འགྱུར་ཅིག
    སྲིད་སྐྱོང་རྒྱལ་འགྱུར་ཅིག

  10. བློ་བཟང་། says:
    2018-02-04 at 2:10 pm

    དངོས་ནས་ཡག་པོ་བྲིས་འདུག ཡིད་སྐྱོ་བ་ཞིག་ལ་བློ་སངས་རོང་ཕྲུག་རྒྱ་ཁྱི་འདིས་བོད་ཡིག་གི་ལམ་ནས་བྲིས་བས་རྩོམ་དག་ཧ་གོ་ལེ་མ་རེད།

  11. ཀརྡོ་རབ་འབྱམས་པ་ says:
    2018-02-05 at 2:41 am

    དོན་གཅོད་གསར་པར། ས་གནས་མི་མང་གིས་ངོ་རྒོལ་བྱས་པ།
    https://www.facebook.com/nawang.tamding.1/videos/1984763378206040/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme