Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཨ་རིའི་དོན་གཅོད་དང་ཁྱི་སྤྲུལ་དབང་ཆེན་ཉི་མ་གཉིས་ཀྱི་དཔུང་སྒྲིག་དཔུང་ངོམ།

Posted on 2019-01-012019-01-01 By ཁ་བརྡ 17 Comments on བྱང་ཨ་རིའི་དོན་གཅོད་དང་ཁྱི་སྤྲུལ་དབང་ཆེན་ཉི་མ་གཉིས་ཀྱི་དཔུང་སྒྲིག་དཔུང་ངོམ།

བདེན་རྒྱབ་བདེན་གནོན།
 
ཉེ་ཆར་ངོ་དེབ་དང་སྐད་འཕྲིན་སོགས་སུ་བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་དང་། སྤྲུལ་སྐུ་དབང་ཆེན་ནམ་ཉག་རོང་དོན་གྲུབ་མིང་ཅན་གཉིས་མཉམ་དུ་དཔུང་སྦྲེལ་གྱིས་བརྒྱབ་པའི་པར་ཞིག་ཁྱབ་པའི་ཐད་གླེང་སློང་མང་པོ་ཞིག་བྱེད་བཞིན་འདུག མང་པོ་ཞིག་གིས་ཁོ་པ་དངོས་གྲུབ་ཚེ་རིང་མི་རྐྱང་ཞིག་ཡིན་ན་སུ་དང་མཉམ་དུ་ལག་པ་གཏོང་བ་དང་པར་རྒྱག་པ་སོགས་བྱས་ཀྱང་བཤད་རྒྱུ་གང་ཡང་མེད། ཡིན་ནའང་ཁོ་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཡིན་པ་དང་དོན་གཅོད་ཞབས་སྟེགས་འདི་བཞིན་ད་ལྟའང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཐོག་ཡོད་པས་ཉག་རོང་དོན་གྲུབ་འདྲ་བའི་མི་འདི་རིགས་དང་མཉམ་དུ་ལག་གདང་སྦྲེལ་བ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་ལ་གུས་ཞབས་དང་ཆེ་མཐོང་མ་བྱས་པ་རེད་ཅེས་ཤོད་ཀྱི་འདུག

དངོས་གནས་འདིའི་ཐད་བསམ་གཞིག་བྱེད་སྐབས་ཁ་མ་གྲགས་པར་སྡོད་ཐབས་མེད་པ་ཞིག་རེད། གང་ཡིན་ཞེ་ན་ཉག་རོང་དོན་གྲུབ་ཟེར་བས་དེ་སྔོན་ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་གྱི་དུས་ཡུན་ནང་སྤྲུལ་སྐུ་དབང་ཆེན་ཉི་མ་ཟེར་བའི་མིང་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་རང་བཙན་ཁ་ལ་འཁྱེར་ཏེ་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཧ་ཅང་ཚབས་ཆེན་བལྟ་མི་བཟོད་པ་དེ་འདྲ་མང་དག་གཅིག་ཞུས་ཡོད་པ་མིག་མཐོང་ལག་ཟིན་ཡིན་ཅིང་། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལམ་དབུ་མར་མཐོང་ཆུང་ཁྱད་གསོད་བྱས་པར་མ་ཟད། དོལ་རྒྱལ་དང་འབྲེལ་བའི་༸གོང་ས་ཆེན་པོའི་དགོངས་ཕྱོགས་མང་པོར་འཁྱོག་བཤད་དང་འགལ་ཟླར་ལངས་ཏེ་བཤད་ཡམ་མང་དག་གཅིག་སྤེལ་ཡོད་པ་རེད།

ཁོ་པས་འདི་ཚོ་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡང་མེད་པར་བོད་དོན་སེམས་བཅངས་ཀྱིས་བཤད་ཡོད་ན་ང་ཚོས་བཤད་རྒྱུ་མེད་ཀྱང་། ཕྱོགས་གཅིག་ནས་ལོ་ངོ་དེ་ཚོའི་ནང་ཁོ་པའི་ངོ་དེབ་སྟེང་༸གོང་ས་ཆེན་པོ་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་མང་པོར་མཚན་སྨད་ཚབས་ཆེན་ཞུས་པ་དང་། ཕྱོགས་གཞན་ནས་དོལ་རྒྱལ་ཁ་འཁྱེར་བས་གཉེར་བའི་དམངས་ཁྲོད་ཁ་བརྡ་ཞེས་པའི་ནང་གི་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་འཐབ་ཕྱོགས་གཅིག་གྱུར་པ་དེ་རིགས་དང་ངན་འབྲེལ་བྱས་པ་སོགས་བྱ་ངན་སྤྱོད་ངན་ཚད་འགལ་བྱས་ཡོད།

སྤྲུལ་སྐུ་དབང་ཆེན་གྱིས་ད་བར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱ་སྤྱོད་འདྲ་མིན་གྱི་སྒོ་ནས་ངན་སེམས་བཅངས་ཏེ་མཚན་སྨད་ཇི་འདྲ་ཞུས་པའི་ཐད་བྱང་ཨ་རིའི་དོན་གཅོད་ལས་ཐོག་དངོས་གྲུབ་ཚེ་རིང་བཀའ་བློན་གྱི་ལས་འགན་ཁུར་བཞིན་པའི་སྐབས་བཀའ་ཤག་ལྷན་རྒྱས་ཀྱི་གསོལ་ཅོག་ཐོག་ཡིག་ངག་གཉིས་ཐོག་ནས་གནས་ཚུལ་མང་པོ་འབྱོར་པ་ཤེས་ཀྱི་ཡོད་པར་མ་ཟད། བདེ་སྲུང་ལས་ཁུངས་ནས་ཀྱང་སྤྲུལ་སྐུ་དབང་ཆེན་དང་འབྲེལ་བའི་རྒྱབ་ལྗོངས་ལ་དཔྱད་ཞིབ་བྱས་པའི་གནས་ཚུལ་མང་པོ་ཞིག་བཀའ་ཤག་ལྷན་རྒྱས་ལ་སྙན་སེང་བྱུང་ཡོད་པ་རྣམས་དངོས་གྲུབ་ཚེ་རིང་ཀྱིས་མ་ཤེས་པ་མེད། མཐར་སྤྲུལ་སྐུ་དབང་ཆེན་ཞེས་པ་ཉག་རོང་དོན་ཡིན་པའང་དོན་གཅོད་དངོས་གྲུབ་ཚེ་རིང་གིས་གསལ་པོ་ཤེས་ཀྱི་ཡོད།

སྤྲུལ་སྐུ་དབང་ཆེན་གྱིས་༸གོང་ས་སྐྱབས་མགོན་ཆེན་པོར་མཚན་སྨད་ཇི་ཞུས་ཀྱི་རྩོམ་ཡིག་མང་པོ་ཞིག་བདེ་སྲུང་ལས་ཁུངས་བརྒྱུད་བཀའ་ཤག་ལྷན་རྒྱས་ཀྱི་གསོལ་ཅོག་སྟེང་ཕུལ་ཡོད་པ་དངོས་གྲུབ་ཚེ་རིང་གིས་མཐོང་ཡོད་པ་ཐག་ཆོད་པས་སྤྲུལ་སྐུ་དབང་ཆེན་གྱིས་༸གོང་ས་མཆོག་ལ་མཚན་སྨད་བསྐུར་འདེབས་ཞུས་པའི་ཚིག་བརྗོད་མང་པོ་བལྟ་མི་བཟོད་པ་ཞིག་ཡོད་པའང་དངོས་གྲུབ་ཚེ་རིང་གིས་གསལ་པོ་ཤེས་ཀྱི་ཡོད། མདོར་ན་སྤྲུལ་སྐུ་དབང་ཆེན་ཉི་མ་དང་ཉག་རོང་དོན་གྲུབ་མི་གཅིག་ཡིན་པ་དང་། སྤྲུལ་སྐུ་དབང་ཆེན་ཉི་མས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐབས་བརྒྱ་བྱུས་གཏོང་གི་སྒོ་ནས་གོ་སྐབས་ནམ་བྱུང་ལ་མཚན་སྨད་བསྐུར་འདེབས་ག་ཚོད་ཞུས་ཡོད་མེད་ཚང་མ་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་གི་སེམས་ལ་གསལ་ཐག་གཅོད་ཡིན།

བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་གི་སེམས་ནང་གོང་གསལ་གྱི་གནས་ཚུལ་རྣམས་གསལ་ཐིང་ངེར་ཡོད་པའི་ཐོག་ནས་ཉེ་ཆར་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་འདས་པའི་ཞེ་དགུའི་མཆོད་འབུལ་སྐབས་དོན་གཅོད་དངོས་གྲུབ་ཚེ་རིང་དང་ཉག་རོང་དོན་གྲུབ་གཉིས་ལག་གདང་སྦྲེལ་ཏེ་པར་བརྒྱབ་པ་ཙམ་དུ་མ་ཟད། སྤྱི་ཚོགས་དྲ་ལམ་དུ་བཀྲམ་ཡོང་དུས་ང་ཚོའི་ངོས་ནས་དོ་སྣང་མི་བྱེད་ཐབས་མེད་རེད། བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལ་མཚོན་ན་ཁོ་པ་དེ་སྔོན་བཀའ་བློ་ལས་དུས་གཉིས་པ་བྱེད་སྐབས་ཁོ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་ཡང་བསྐྱར་བྱས་ན་ཡག་པོ་འདུག་ཅེས་བཀའ་གནང་སོང་བས་བཀའ་གསུང་དང་ལེན་ཞུས་པ་ཡིན་ཚུལ་གྱི་སྐད་ཆ་ཤེས་རིག་ལས་ཁུངས་བརྒྱུད་སྤྱི་ཚོགས་ནང་སྤེལ་བ་དང་། མཐར་ཨ་རིའི་དོན་གཅོད་ལ་འགྲོ་ཡག་དེ་ཡང་༸གོང་ས་མཆོག་གི་བཀའ་དགོངས་ཡིན་མདོག་བསྟན་ཡོད་པ་རེད། མདོར་ན་ཉེ་དུས་ཁོ་པའི་དཔོན་གནས་ཀྱི་རྐུབ་སྟེགས་ཚང་མར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་བེད་སྤྱོད་གཏང་རྒྱུར་འཛེམ་དོགས་མེད་མཁན་ཞིག་རེད།

ད་ལྟ་ཡང་ཁོ་པ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་དང་འབྲེལ་བའི་ཨ་རིའི་དོན་གཅོད་གི་ཞབས་སྟེགས་ཐོག་མཚན་གནས་རྒྱབ་འཁུར་བྱེད་མུས་ཡིན་པས། ལས་གནས་དེའི་ཐོག་ནས་ཁོ་པས་སྤྲུལ་སྐུ་དབང་ཆེན་དང་ལག་གདང་མཉམ་སྦྲེལ་བྱས་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ལ་མཐོང་ཆུང་གུས་ཞབས་མ་བྱས་པ་གསལ་པོ་རེད། མ་ཟད་ཁོ་པའི་སེམས་ནང་༸གོང་ས་མཆོག་ལ་ཆེ་བཀུར་གུས་ཞབས་ག་ཚད་ཡོད་མེད་ཀྱང་གསལ་སྟོན་བྱས་པ་རེད། གང་ཡིན་ཟེར་ན་ཁོ་པས་སྤྲུལ་སྐུ་དབང་ཆེན་དང་འབྲེལ་བའི་ཕྱི་ནང་གི་གནས་ཚུལ་ཚང་མ་ཤེས་ཀྱི་ཡོད། དེས་ན་འདས་པའི་ལོ་ཡུན་འགའ་ཤས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ཤུགས་ཆེ་ཤོས་དང་རྫབ་ཆེ་ཤོས་ཡིན་པ་གཞུང་འབྲེལ་ཡིག་ཆའི་ནང་འཁོད་པའི་མི་ཞིག་གི་དཔུང་པའི་སྒང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི་ཞབས་སྟེགས་ཐོག་ཡོད་པའི་བྱང་ཨ་རིའི་དོན་གཅོད་དངོས་གྲུར་ཚེ་རིང་གི་ལག་པ་བཞག་ནས་སྡིང་ཆ་གཅིག་གི་སྟེང་ལ་པར་བརྒྱབ་སྟེ་ད་ག་རེ་བྱེད་རྒྱུ་ཡོད་མདོག་གིས་རྫིག་རལ་སུ་ལ་ངོམ་གྱི་ཡོད་དམ།

བྱ་སྤྱོད་འདིའི་ཐད་འབྲེལ་ཡོད་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལྷན་རྒྱས་ནས་གནང་ཕྱོགས་ག་རེ་ཡོད་དམ། ལྟོ་གོས་གཏམ་གསུམ་གང་དུ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་གཏོང་དགོས་མཁན་མི་ཞིག་གིས་འདི་ལྟར་༸གོང་ས་མཆོག་ལ་མཚན་སྨད་བསྐུར་འདེབས་ཤུགས་ཆེ་ཤོས་ཞུ་མཁན་ལ་ལག་གདང་སྦྲེལ་བ་དེར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པས་གཟིགས་ཕྱོགས་གང་ཡོད་དམ། འབྲེལ་ཡོད་རྣམས་ནས་དྲི་རྟགས་ཀྱི་དོན་གནད་འདི་ཚོར་ངེས་པར་ལན་རྒྱག་དགོས་པའི་དུས་ལ་བབས་འདུག་སྙམ། གང་ཡིན་ཟེར་ན་འབྱུང་གྱུར་ལོ་གཅིག་གཉིས་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་འབྲེལ་བའི་གླེང་རྙོག་མང་པོ་ཞིག་ཡོང་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན་པས་ད་ལྟ་ནས་དགོངས་བཞེས་གནང་དགོས་གལ་ཆེར་མཐོང་།།།།

བསམ་ཚུལ།

Post navigation

Previous Post: ཨ་ཕའི་རྫུན་གཏམ།
Next Post: ལྷད་མེད་པའི་བརྩེ་བ་བདག་སྐྱོང་གནང་དགོས།

Comments (17) on “བྱང་ཨ་རིའི་དོན་གཅོད་དང་ཁྱི་སྤྲུལ་དབང་ཆེན་ཉི་མ་གཉིས་ཀྱི་དཔུང་སྒྲིག་དཔུང་ངོམ།”

  1. སྟོན་ཀ། says:
    2019-01-01 at 5:02 am

    བཟང་སྤྱོད་གི་ཐོག་ནས་སྐུ་ཚབ་ཀྱི་ལས་གནས་ལས་དགོངས་ཞུ་བྱ་དགོས། མང་ཚོགས་ཚོས་ས་ཡིག་བསྡུས་ནས་དགོངས་ཞུ་དགོས་པའི་ལས་འགུལ་སྤེལ་ན་ད་གཟོད་དགོངས་ས་མཆོག་གི་དགོངས་པ་དྭངས་ཐུབ་པས། ཚང་མས་དགོངས་ས་མཆོག་ཐུགས་ལ་དགོངས་ནས་ལས་འགུལ་སྤེལ་རོགས་ཞུ། ཨ་རིའི་ནང་ཨ་རིའི་སྲིད་འཛིན་གྱི་སྐུ་སྲོག་ལ་འཇིགས་སྐུལ་བྱེད་མཁན་གྱི་མི་སྣ་ཞིག་མཉམ་དུ་ཨ་རིའི་གཞུང་ཚབ་ཅིག་གི་མཉམ་དུ་པར་ལེན་ནས་ཁྱབ་བསྒྲགས་བྱས་ན། ངེས་པར་དུ་དགོངས་པ་ཞུ་དགོས།

  2. རྣོ། says:
    2019-01-01 at 8:38 am

    རེད། རེད། ད་དངོས་གནས་དགོངས་པ་ཞུ་དགོས།

  3. དགོན་པ་ཚང་ དར་རྒྱས་ says:
    2019-01-01 at 12:48 pm

    ད་ལྟའི་འགྲོ་བཞིན་པའི་བཀའ་ཤགས་འགོ་བློ་སང་ནས་གཙོས་གཅིག་ལའང་ལྟ་ཡག་མི་འདུག་བོད་མི་ཡོངས་རྫོགས་ནས་དངོས་ཡོད་གནད་ཚུལ་ལ་ལྟ་ནས་མི་ངན་དེ་ཚོ་མུ་མཐུས་རྒྱ་ཡན་དུ་གཏང་ན་གྱོང་གུས་ང་ཚོ་ཙམ་མ་ཟད་མི་རབ་རྗེས་མ་ཚོ་ལའང་ཡོང་རྒྱུ་ཡིན་པ་ཕྱོགས་གང་ནས་ལྟས་ཀྱང་དངོས་ཡོད་ཡིན་པས་མདོ་སྟོད་པ་རེ་ཟུང་གིས་ལུང་པ་ཆུང་ཆུང་ཞིག་གི་ལྐུག་པའི་ཞེན་ཁོག་ཏུ་མ་སོང་བར་བོད་མི་ཡོང་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་ནང་འདྲ་དེ་ཚོ་གཙང་མ་མ་བཟོས་ན་ཕྱི་འདྲར་ཁབ་ཐེག་བཅར་བའི་ནུས་པར་རྐྱོན་ཡོང་གི་ཡོད་པར་དགོང་པ་བཞེས་དགོས་པ་ཤིན་ཏུ་ནས་གལ་ཆེ། བློ་སང་ནས་གཙོས་མི་ངན་དེ་ཚོས་༧གོང་ས་མཆོག་གི་སྐུ་པར་ཚོན་ཅད་བེད་སྤྱད་ནས་བོད་ཕྱི་ནང་གི་མི་དམངས་དང་ཕྱི་རྒྱལ་བོད་དོན་རྒྱབ་བསྐྱོར་བ་ཚང་མར་མགོ་བསྐོར་གཏོང་གང་འཐུབ་བྱས་ནས་དོན་དངོས་ཐོག་སོ་སོའི་རང་དོན་བསྒྲུབ་ན་༧ གོང་ས་མཆོག་ལ་ཕྱི་འདྲ་རྒྱ་ལས་ཉེན་ཁ་ཆེ་བའི་་མི་ངན་་ནང་འདྲ་དེ་ཚོ་དང་གཉམ་རུབ་བྱས་ནས་༧གོང་ས་མཆོག་གི་སྐུ་ཚེ་ལ་བར་ཆད་དང་ང་ཚོ་བོད་མི་ཡོངས་ལ་མཐོང་ཆུང་དང་གཉད་སྤྱོད་རྟག་ཏུ་བྱེད་ཀྱི་ཡོད་པ་ཧ་གོ་བ་བྱས་ནས་མི་དམངས་ཚང་མ་ཡར་ལང་ནས་བློ་སང་ནས་གཙོས་ཁོ་པའི་གཤམ་འོག་གི་ལས་ཀ་བྱེད་མཁན་ཕྱོར་པང་དེ་ཚོ་དང་ཨ་རིའི་དོན་སྤྱོད་ཨའོ་གླིང་དོན་སྤྱོད་གང་མགྱོགས་ཕྱིར་འབུད་གཏོང་དགོས་པ་ཤིན་ཏུ་ནས་གལ་ཆེ།

  4. ཨ་འབར་རོ་འཇིགས་དབང། says:
    2019-01-01 at 1:28 pm

    ༄༅། དངོས་བདེན་གང་ཡིན་ཤེས་ཀྱི་མི་འདུག་
    མ་གཞི་ནས་བྱང་ཨ་རིའི་ནང་གནས་ཚུལ་སྡུག་པ་དང་རྙོག་ཁྲ་ཅན་ཤ་སྟག་མ་གཏོགས་
    བོད་རྩ་དོན་ལ་ཕན་པའི་གནས་ཚུལ་ཡག་གྲས་ཐོན་རྒྱུ་དཀའ་མོ་རེད་འདུག་

  5. སྐལ་བཟང says:
    2019-01-01 at 2:08 pm

    བདེན་པ་རེད་དོན། གཅོད་ནས་དགོངས་པ་ཞུས་ན་ཡག་ཤོས་རེད།
    དེ་ནས་ཉག་དོན་ཟེར་བ་འདི་དང་ཁོ་གཉིས་ག་བར་འགྲོ་ན་སུ་གང་གིས་ཨ་ཟེར་མཁན་ཡོད་མ་རེད་དྲན་གི

  6. ཇོ་སྲས་ངག་དབང་། says:
    2019-01-01 at 11:05 pm

    ཉག་རོང་དོན་གྲུབ་ཟེར་བས་དེ་སྔོན་ཕྱི་ལོ་ ༢༠༡༡ ཙམ་ནས་བཟུང་སྤྲུལ་སྐུ་དབང་ཆེན་ཉི་མ་ཟེར་བའི་མིང་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཧ་ཅང་ཚབས་ཆེན་བལྟ་མི་བཟོད་པ་དེ་འདྲ་མང་དག་གཅིག་ཞུས་ཡོད་པ་མིག་མཐོང་ལག་ཟིན་ཡིན་པས། མི་འདི་འདྲ་མཉམ་དུ་སྐུ་ཚབ་དོན་གཅོད་པར་བརྒྱབ་པ་ནི་སྐྱིད་རོང་པའི་རང་གཤིས་ངོ་མ་དང་། སྤྲང་ཁྱི་ལས་སྡུག་པའི་རང་མདོག་ངོ་མ་དེ་བསྟན་འདུག ཁོ་བས་ད་དུང་ངོ་དེབ་Facebook ནང་ཁུངས་མ་འཁྱོལ་བའི་དག་འབུད་བྱེད་ཐབས་བརྩམས་ཡོད་ཀྱང་དེ་ནི་གད་མོ་ཤོར་བའི་རྒྱུ་ལས་མ་འདས།

  7. དགེ་འདུན། says:
    2019-01-01 at 11:11 pm

    ཨ་ཁ་ཁ

  8. དགེ་འདུན says:
    2019-01-02 at 12:05 am

    ཨ་ཁ་ཁ་་་་མི་འདི་ཚོའི་སེམས་ལ་འདྲེ་ཞུགས་པ་འདྲ། དབང་ཆེན་ཉི་མ་ཟེར་བ་ཞིག་དྲྭ་ལམ་ནས་གོ་མྱོང་། ཉག་རོང་དོན་གྲུབ་ཡིན་པ་གོ་བ་ཐེངས་དང་བོ་ཡིན། མི་འདི་ཚོར་ཡག་རྟགས་མེད། འཛམ་གླིང་གང་སར་ཡོད་པའི་བོད་མི་ཚང་མས་གཟབ་དགོས་ཀྱི་འདུག

  9. འཕྲུལ་གྱི་བཙན་པོ། says:
    2019-01-02 at 4:06 am

    བདེན་རྒྱབ་བདེན་གནོན་གྱིས་ཨོ་གླིང་ན་དོན་གཅོད་ལྷག་པ་མཚོ་སྒོས་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་མི་ཉག་བརྩོན་འགྲུས་དང་ངན་པ་ལག་འབྲེལ་བྱས་སྐོར་གསལ་ཁ་བཏོན་རོགས།

  10. སྐལ་བཟང says:
    2019-01-02 at 1:11 pm

    ཉག་ཉག་ཉག་་་་་་་་ད་དེང་སང་ཉག་མང་པོ་ཡོང་གི་འདུག་ཉག་འདི་ཚོར་ག་རེ་མ་འགྲིགས་པ་རེད། བོད་པའི་སྐུ་ཚབ་དོན་གཅོད་འདི་ཚོ་ཉག་ལ་དགའ་བོ་ཞེ་དྲགས་ཡོད་པ་འདྲ།

  11. བསམ་ཤེས། says:
    2019-01-04 at 11:54 am

    ད་དཀོན་མཆོག་གསུམ། ༧གོང་ས་མཆོག་ལ་ཕ་གསོད་མཁན་གྱི་དགྲ་རུ་འཛིན་མཁན་མི་གཅིག་པུ་དེ་ངོ་མ་ཤེས་མདོག ཧ་མ་གོ་མདོག་གིས་མཉམ་དུ་བཟའ་མ་བཟས། གཏམ་གླེང་སྣ་ཚོགས་བྱས། ད་དུང་པར་མཉམ་དུ་བརྒྱབ།

    རྗེས་མ་མ་ཤེས་ཁུལ་བྱེད་པ་ནི་ངོ་མ་རྒྱལ་བ་རིན་པོ་ཆེར་འགྲོ་ནའང་། ང་ཚོར་མི་འགྲོ།

    མི་མང་ཚོས་སྲིད་སྐྱོང་ལ་འབྲེལ་བ་བྱས་ནས། གནས་ཚུལ་དེ་གསལ་པོ་བཟོ་དགོས།

  12. འབྲོང་གི་བུ་བརྒྱུང། says:
    2019-01-04 at 2:12 pm

    ཉག་དོན་ཁོ་རང་ཁ་གསལ་གཏིང་གསལ་རེད། རྙིང་བླ་མ་གཏོགས་ས་དགེ་བཀའ་གསུམ་གྱི་བླ་མ་ཚང་མར་ངན་སྨྲས་བྱས་ཡོད། དེ་ལས་ཉེན་ཁ་ཆེ་བ་བློ་སེང་རྗེས་འཇུག་པ་རེད། ༧ རྒྱལ་བ་རིན་པོ་ལ་དད་པ་ཡོད་མདོག་བྱེད་ནས་དོན་ལ་དམིགས་ཡུལ་གཞན་ཞིག་ཡོད།

  13. ཨ་ཤོ་ཀ། says:
    2019-01-07 at 2:38 am

    ༧གོང་ས་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་་་་དགྲ་ལ་ཡང་གྲོགས་སུ་འགུག་ནས་གྲོས་མོལ་བྱུང་དགོས་རེད། དེ་ལྟར་བྱུང་ན་་་ཐམས་ཅད་ཽན་ཚུན་གཅིག་ལ་ཕན་ཐོག་རེད་གསུངས་པ་རེད། བོད་པ་རེ་བཟུང་མ་གཏོགས་མེད་ནའང་ཕན་ཚུན་གྲོས་མོལ་དང་། ལམ་སྟོན་ཞི་བའི་ཐབས་ལམ་ལ་འབད་ན་་་་བཟང་པོ། དུས་ཀུན་བོད་མི་གཅིག་གིས་ལ་དགྲ་བོ་ལྟ་བུར་བརྩི་ནས་་་དམའ་འབེབས། མཐོང་ཆུང་། བརྙས་བཅོས་གང་ཅི་ཐུབ་བྱས་ན་རང་གཞན་གཉིས་ཕུང་རེད་བ། ་གལ་རྒྱ་གར་ཡུལ་མི་ལྟ་བུ་དྷ་ས་ནས་བོད་མི་ལ་བརྙས་བཅོས་སོགས་བྱས་ན་དེ་ལ་སུས་གཅིག་གིས་ཁ་ལབ་ཙམ་བརྗོད་མ་ཕོད་ངང་བསྡད་ཀྱིས་འདུག་གབ། སྤྱིར་བཏང་བོད་པ་དེའི་ནང་ནས་བཙན་བྱོལ་ཚོས་་་ལས་ངན་ལུས་ངན་ཞིག་རེད་པབ་ཆོག་འདུག་་

  14. རྒྱ་མ་ཚང་ says:
    2019-01-07 at 6:34 am

    ཨ་ཤོ་ཀ་ ལགས་༧་་་་རྒྱ་བ་དོན་གྱི་བདག་པོས་ལས་ངན་དེ་ཚོ་དགེ་བའི་ཕྱོགས་ལ་འདུལ་བར་སྐུ་ངན་ཆེན་པོ་དེ་ཙམ་འདུག་་་་འོ་ན་དོན་གཅོད་དངོས་ཚེ་ལགས་ལ་༧་་་་གོང་ས་མཆོག་ལས་ལྷགས་པའི་ལས་ངན་དེ་ཚོ་འདུལ་་བའི་ཞི་བའི་ཐབ་ལམ་ཡོད་ན་འདིར་གསལ་བཤད་ཁ་དེ་བས་གསལ་ཙམ་གསུང་ཆོག་གམ་?

  15. ཨ་ཤོ་ཀ། says:
    2019-01-07 at 8:23 am

    རྒྱ་མ་ཚང་། ཁྱེད་རང་རྩ་མ་ཚང་བ་ཞིག་ཡིན་ནམ། ཧཧཧ་རྩེད་མོ་ཞུས། དེས་ན་ཁྱོད་རང་ཡིན་ད་།

  16. རྒྱ་མ་ཚང་ says:
    2019-01-07 at 12:35 pm

    ཨ་ཤོ་ཀ་ལགས་ཁྱེད་ནས་ངའི་དྲི་བའི་ངོ་གདོང་་ལ་ལན་འདེབས་གནང་མེད་ཀྱང་ལན་འདེབས་གནང་བར་ཐུགས་ཇེ་ཆེ་

  17. འབྲོང་བུ་སོག་ཚ། says:
    2019-01-25 at 1:57 am

    བཙན་བྱོལ་གཞུང་གི་ལས་བྱེད་ཚོས་རྒྱ་མི་དམར་པོ་དང་ལག་གདངས་སྦྲེལ་ནས་སྐད་ཆ་བཤད་ཆོག་ན། ཁོང་གཉིས་ཐུག་ནས་པར་རྒྱབ་མི་ཆོག་པ་ཅི་ཡོད། སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་རྒྱ་མི་དམར་པོ་ལས་ཆེ་བ་སུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme