Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།

Posted on 2015-06-262015-06-26 By ཁ་བརྡ 13 Comments on བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།

ཨེ་མ་ཧོ།

unnamed

༸སྐྱབས་མགོན་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བའི་མེ་ཏོག་པདྨ་དཀར་པོའི་དོ་ཤལ།

ན་མོ་གུ་རུ་བུདྡྷ་བཛྲ་ཡེ།
ཀ་དག་སྤྲོས་པ་བྲལ་བའི་སངས་རྒྱས་ཀྱི་ཞིང་ན།།
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་རིགས་ལྔ་ཡི་རྒྱལ་པོ།།
ག་བུར་དབང་ལྟར་དྲི་མེད་རྡོ་རྗེ་ཡི་འཆང་ཆེན།།
ང་ཡི་བྱ་བྲལ་དམ་པའི་རང་བཞིན་ལ་འདུད་དོ།།
ཅ་ཅོའི་ཆོས་བརྒྱད་སྒྲུབ་པ་དམྱལ་ཁམས་སུ་མཐོང་ནས།།
ཆ་ལུགས་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་གྱི་རྒྱལ་པོ།།
ཇ་ཆང་འདོད་པས་མ་གོས་ཡིད་བཞིན་གྱི་ནོར་བུ།།
ཉ་གང་ཟླ་བའི་གཟི་བྱིན་ཁྱེད་ཉིད་ལ་དབང་སོང་།།
ཏ་ཐྰ་ག་ཏའི་བསྟན་པ་ཚོང་ལས་སུ་མ་བསྒྱུར།།
ཐ་དག་རིས་མེད་ཟེར་བའི་ཁ་ཡག་ཏ་མ་བྱས།།
ད་ལྟའི་དུས་རབས་བཞུགས་པའི་ངེས་དོན་གྱི་བླ་མ།།
ན་མོ་སྡེ་གསུམ་ཀློང་དགུའི་དེད་དཔོན་ལ་འདུད་དོ།།
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་ཡི་བྱང་སེམས།།
ཕ་མེས་རྒྱུད་སྡེ་འཛིན་པའི་སྔགས་འཆང་གི་རྒྱལ་པོ།།
བ་གླང་སེམས་ཅན་སྐྱོབ་པའི་ཚེ་འཛིན་གྱི་དེད་དཔོན།།
མ་ལུས་འགྲོ་བའི་མགོན་པོའི་མཛད་བཟང་ལ་བསྔགས་སོ།།
ཙ་རི་སྦས་ཡུལ་འགྲིམ་པའི་བྱ་བྲལ་གྱི་རྟུལ་ཞུགས།།
ཚ་གྲང་དཀའ་སྤྱད་ཆོས་མཛད་རྣམ་ཐར་དག་མཇལ་ཚེ།།
ཛ་ཡའི་བསྟན་བདག་རྗེ་དང་དབྱེར་མེད་དུ་མཆིས་ཕྱིར།།
ཝ་ལེར་སྙིང་གི་དཀྱིལ་ནས་འཁྲུངས་སྐར་ལ་བསྟོད་དོ།།
ཞྭ་དམར་བསྟན་པའི་སྙིང་ནོར་རང་སྲོག་ལས་གཅེས་ཞིང་།།
ཟ་ཧོར་མཁན་སློབ་བརྒྱུད་པའི་གཅེར་ནོར་ལ་དབང་བའི།།
འ་ཅག་སྔ་འགྱུར་བླ་མའི་བཀའ་གཏེར་གྱི་བདག་པོ།།
ཡ་མཚན་ཀུན་བཟང་སངས་རྒྱས་རྡོ་རྗེ་ཉིད་རྒྱལ་ལོ།།
ར་རུ་བསྟན་བཤིག་ངན་པའི་གཞན་དབང་དུ་མ་ཤོར།།
ལ་རྒྱའི་དུང་བ་དཀར་པོ་དམ་ཆོས་ལ་གཉེར་བའི།།
ཤ་ཟ་དམ་སྲི་འདུལ་བའི་ཆོས་རྒྱལ་དུ་བཞུགས་པ།།
ས་ཐོབ་སེམས་དཔའ་ཆེན་པོའི་ཞབས་རྡུལ་ལ་འདུད་དོ།།
ཧ་ཅང་རང་ཚུགས་ཐུབ་པའི་རྟུལ་ཞུགས་ལ་བསམས་ཚེ།།
ཨ་ཏིའི་རང་ལུགས་འཛིན་པའི་རྫོགས་ཆེན་རྣལ་འབྱོར།།
ཨི་ལྡན་དབྱངས་གསལ་མཆོད་པའི་བརྒྱ་སྟོན་གྱི་སྙན་ངག།།
ཨུ་ཚུགས་མིན་པར་མགྲིན་པའི་མཁའ་ལམ་ནས་ཤོར་ཐལ།།
ཨེ་མ་ཞིབ་རྩིས་དགུང་གྲངས་ཡ་རབས་ཀྱི་ཕྲེང་བ།།
ཨོ་རྒྱན་པདྨའི་བསྟན་པའི་བཤད་སྒྲུབ་ལ་འབངས་ནས།།
བརྒྱུད་གསུམ་རིག་འཛིན་བླ་མའི་ཕྲིན་ལས་ཀྱི་བཤད་སྒྲུབ།།
རྣམ་དག་ཆོས་ལུགས་སྤེལ་བའི་ཆོས་རྒྱལ་ལ་བསྟོད་དོ།།
སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པ་དང་མཉམ་ཞིང་།།
གསུང་ཆོས་སྙན་བརྒྱུད་གདམས་པས་འགྲོ་ཁམས་ལ་སྨན་ནས།།
ཐུགས་རྗེ་མཚུངས་མེད་བཞེད་དོན་ཇི་བཞིན་དུ་ལྷུན་གྲུབ།།
གསང་གསུམ་མི་འགྱུར་བརྟན་པའི་གསོལ་འདེབས་ཞིག་ཞུའོ།།

ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྣྲོན་ཟླའི་ཡར་ངོའི་ཚེས་བཅུའི་ཉིན་མོར་སྐྱབས་རྗེ་ཀུན་སྤང་བྱ་བྲལ་བ་སངས་རྒྱས་རྡོ་རྗེ་ཉིད་ཞིབ་རྩིས་ཀྱིས་དབང་དུ་ན་དགུང་གྲངས་བརྒྱ་དང་བརྒྱད་སོན་པའི་སྐབས་སུ་གང་ཤར་དུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པར་དགེའོ།། །།

སྙན་ངག

Post navigation

Previous Post: ཨ་ལ་ཐ་ལ་བརྒྱད་ཅུའི་གྱ་སྟོན་འཐེན།
Next Post: བརྗེད་ལ་ཉེ་བའི་སེམས་ནང་གི་དཔའ་མོ།

Comments (13) on “བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།”

  1. འབྲོང་བུ་སོག་ཚ། says:
    2015-06-26 at 9:26 am

    སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་བར་སྨོན།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-06-26 at 10:43 am

    ༸སྐྱབས་རྗེ་སྔགས་འཆང་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ལ་གུས་ཕྱག་འཚལ་ལོ།།
    ་
    བྱ་བྲལ་སངས་རྒྱས་རྡོ་རྗེ།
    བྱ་བའི་སྔོན་འགྲོར་མཆོད་བྱ།
    བྱ་གཞག་ཕལ་ཚད་དང་བྲལ།
    བྲལ་ཡང་གཞན་མུན་མ་སངས།
    སངས་ཕྱིར་བྱ་བ་དག་རྒྱས།
    རྒྱས་ཤིང་རྡོར་གླུ་ས་རྡོར།
    རྡོར་འཆང་ལྟ་བུའི་གཙོ་རྗེ།
    རྗེ་བཙུན་བྱ་བྲལ་ལ་འདུད།
    ་
    བྱ་བྱ་བྲལ་བྲལ་ཆེ་བསྟོད།
    སངས་སངས་རྒྱས་རྒྱས་གུས་བསྟོད།
    རྡོ་རྡོ་རྗེ་རྗེའི་སྙན་དངགས།
    ཕུལ་བས་སྐུ་ཚེ་ཡུལ་བརྟན།
    ་
    ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི་དགུང་གྲངས་བརྒྱ་དང་བཞི་འཁོར་བའི་སྐུའི་འཁྲུངས་སྐར་ལ་མཚམས་འདྲི་ཞུའོ།།

  3. པདྨ says:
    2015-06-26 at 11:44 am

    ཨེ་མ་ཧོས་དུས་ཚོད་ནོར་ཡོད་ས་རེད། མཁས་དབང་ཞིག་གིས་འདི་འདྲ་བཤད་འདུག
    དྲི་མེད་ལྷག་བསམ།་ལགས་ཀྱིས་མཆན་བཏབ་པ།:
    June 26th, 2015 at 7:10 AM
    ༧བྱ་བྲལ་རིན་པོ་ཆེ་དགུང་ལོ་༡༠༤་པེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །འཁྲུངས་སྐར་ཐད། ལོ་༢༥་སྔོན་རྡོར་གླིང་དུ་སྨྱུང་གནས་གནང་སྐབས་ཀྱི་ཆོས་བརྡ་ཞིག་འབྲས་ལྗོངས་པ་ཞིག་གི་དེབ་ནང་ནས་མཇལ་བར་་ས་ག་ཟླ་བའི་ཚེས་བཅུ་བྱས་འདུག ཕྱིས་སུ་བཀྲ་ལེགས་མཁན་པོའི་མཛད་པའི་རྣམ་ཐར་དུ་སྣྲོན་ཟླའི་ཚེས་བཅུ་བྱས་འདུག །དོགས་པ་ཞིག་ཟོས་ནས་ཞལ་སློབ་འགའ་ཞིག་བརྒྱུད་དྲིས་པར་ཞལ་ནས་ས་ཟླའི་ཚེས་བཅུར་གསུངས་འདུག ས་ཟླ་ཧོར་ཟླ་བཞི་པ་དང་། སྣྲོན་ཟླ་བཞི་བའི་བཅུ་དྲུག་ནས་ལྔ་བའི་བཅོ་ལྔའི་བར་རེད། ད་ལྟ་འཁོར་བཅས་ཀྱིས་སྣྲོན་ཟླ་གཞིར་བཞག་གནང་གི་འདུག་པས། རྒྱུས་ཡོད་མཁན་ཡོད་ཚེ་གསལ་བཤད་གནང་བར་ཞུ།

  4. བེ་རེ་གདོང་ནག says:
    2015-06-26 at 12:55 pm

    བྱ་བྲལ་སངས་རྒྱས་ཚང་གི་འཁྲུངས་སྐར་ལ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲི་ཞུ་བཞིན་ཡོད། འོན་ཀྱང་དགུང་ལོ་༡༠༤/ ༡༠༨ སོགས་སྐུ་དངོས་བཞུགས་ཡོད་བཞིན་དུ་ད་ལྟ་ནས་བསྟོད་ནས་ལྷ་ལ་བཀུར་བ་དང་ཟློག་ཕྱོགས་སྨད་ནས་འདྲེ་རུ་བཀུར་བའི་བལྟ་གོན་བྱེད་བཞིན་པ་འདིས་རང་རེའི་ལོ་རྒྱུས་ཡོངས་རྫོགས་ལྷ་སྒྲུང་འདྲེ་སྒྲུང་རྐྱང་པ་ལ་སྦྱར་ནས་ཡོང་བའི་བག་ཆག་ངན་པ་དེ་ད་དུང་སད་མེད་པའི་རྟགས་མཚན་རེད། དོན་ངོ་མའི་རགས་བརྩིས་ཞིབ་བརྩིས་བཤད་མི་དགོས་པར་འཁྲུངས་ལོ་ངོས་བཟུང་ནས་བོད་རང་གི་བརྩི་སྟངས་བྱེད་ན་དེས་མི་འགྲིགས་པ་ཅི་ཡོད།

  5. ལྡོང་གསེར་མིག says:
    2015-06-26 at 1:32 pm

    བྱ་བྲལ་རིན་པོ་ཆེ་དགུང་ལོ་ ༡༠༤ ཕེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུ། ཁ་ཤས་ཀྱིས་བཤད་ན་བྱ་བྲལ་རིན་པོ་ཆེ་སྐུ་གཤེགས་ཟིན་ཀྱང་ད་དུང་གསང་བ་བྱས་ནས་བསྡད་ཡོད་པ་རེད་ཅེས་ཐོས། དེ་ལྟར་མིན་པ་འདྲ། བཀྲ་ཤིས་བདེ་ལེགས་ཞུ་ཞུ། །

  6. པདྨ says:
    2015-06-26 at 1:35 pm

    འགའ་རེས་དད་པ་ཡོད་འདོགས། འགའ་རེ་རིག་སད་ཡོད་འདོགས་ཀྱིས་བླ་མགོ་བཅད། དགོན་རྐུབ་ཕུད་པ་རེད། དོལ་ཚོགས་ཀྱི་ལག་ཏུ་མ་ཤོར་ནས་སྐུ་ཚེ་བརྟན་ཡོད་པརདགའ་ཡོད།
    ངོ་མ་ཞིག་འདི་ན་བཤད་འདུག
    http://www.tibetcy.com/showart.asp?art_id=1315

  7. དྲི་མེད་ལྷག་བསམ། says:
    2015-06-26 at 9:15 pm

    ༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་དགུང་ལོ་༡༠༤་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ། །བལ་ཡུལ་ཡང་ལེ་ཤོད་ཀྱི་ཁྱིམ་མཚེས་རྣམས་ཀྱིས་རྒྱུན་དུ་བྱ་བྲལ་ཕར་ཕེབས་ཚུར་ཕེབས་ཞལ་མཇལ་བཞིན་ཡོད་པ་དང་། བདུད་འཇོམས་སྤྲུལ་སྐུ་སོགས་གནད་ཡོད་མི་སྣར་མཇལ་བ་མ་ཟད། ཁ་སང་སྐུའི་འཁྲུངས་སྐར་སྐབས་བྱ་རུང་ཁ་ཤོར་གྱི་འགྲམ་གྱི་མགྲོན་ཁང་ཞིག་ཏུ་ཕེབས་པར་སློབ་མ་སྦྱིན་བདག་གནད་ཡོད་རྣམས་མཇལ་ཡོད་པར་མ་ཟད། བཀའ་སློབ་ཀྱང་བསྩལ་འདུག སྙན་ཅུང་ཟད་སྲ་བ་མ་གཏོགས་དགུང་ལོ་༧༠་སྐབས་ནང་བཞིན་སྐུ་ཁམས་ཀྱང་གསལ་དྭངས་ཡིན་པའི་གནས་ཚུལ་ཁུངས་ལྡན་སྐུ་མདུན་དུ་གཅར་མཁན་མི་ཁ་ཤས་ཀྱི་ངག་ནས་ཐོས་པས། དྲྭ་གྲོགས་རྟེན་འབྲེལ་ཞུ་མཁན་ཐམས་ཅད་ཐུགས་བདེ་བར་བཞུགས་ཤིག

  8. ཁྱུང་སེ། says:
    2015-06-26 at 10:11 pm

    དགུང་ལོ་འདི་འདྲ་མཐོན་པོར་བཞུགས་པར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་བཞིན་འཛམ་གླིང་ཞི་བདེར་སྨན་པའི་༧གོང་ས་མཆོག་ཀྱང་སྐུ་ཚེ་བརྟན་པར་ཤོག

  9. སྤོབས་པ་མཐའ་ཡས། says:
    2015-06-26 at 11:36 pm

    དགུང་ལོ་མཐོན་པོར་བཞུགས་པ་ཙམ་གྱིས་ཧ་མི་ལས་ན་ཡང་བླ་རྒན་གྱིས་ཆོས་པ་ཞིག་གི་ཁྱད་ཆོས་ཡོད་པ་བྱས་ནས་སྐུ་ཚེ་རིང་པོ་འཁྱོལ་བ་དེ་ཧ་ཅང་ཡག་པོ་རེད། ཆོས་པ་བླ་རྒན་འདི་འདྲ་ཁ་ཤས་ཤིག་ལ་ངོ་མ་གུས་བཀུར་ཡོད། གསར་རྙིང་བན་བོན་སུའི་ནང་ན་ཡོད་རུང་ཧ་ཅང་བཟང་གི། ཁོང་གི་སློབ་མ་ཚོས་ཁོང་ལ་ཆོས་འཇིག་རྟེན་གང་ཐད་ནས་བཀའ་འདྲི་དགོངས་བསྐོར་ག་ཚོད་ཐུབ་ཐུབ་མཛད་དགོས།

  10. དྲི་མེད་ལྷག་བསམ། says:
    2015-06-27 at 3:19 am

    ‘འཁྲུངས་སྐར་སྐོར་ལ་འབྲེལ་ཡོད་མང་པོར་དྲི་བ་བྱས་པར་དགུང་ལོ་༨༠་ནས་སྣྲོན་ཟླ་ལ་འཁྲུངས་སྐར་བྱས་པ་རེད་ཟེར་བ་ཞིག་ལས་ལན་གསལ་བོ་ཞིག་བྱུང་མ་སོང་། དངོས་སློབ་དང་སྐུ་ཚ་སྨན་རྩིས་ལ་མཁས་པ་ཞིག་གིས་རིན་པོ་ཆེར་ནན་ཏན་དུ་དྲིས་པའི་ལན། ལུགས་གཉིས་བྱུང་དོན་སྐར་རྩིས་མི་འདྲ་བའི་ཁྱད་རེད་ཟེར། སྐབས་དེར་དཔལ་སྤྲུང་ལོ་ཐོ་དང་། སྡེ་གཞུང་ལུགས་གཉིས་ཡོད་པས་ཁྱད་པར་བྱུང་བ་རེད་ཟེར། སྡེ་གཞུང་ལུགས་དེ་ཉག་རོང་དང་། ཁྲོམ་ཐལ་ཕྱོགས་ལ་ཁྱབ་ཆེ་བས་དེ་གཞིར་བཟུང་ན་སྣྲོན་ཟླ་བ་དང་། དཔལ་སྤུང་ལུགས་ལ་ས་ག་ཟླ་བ་ཡིན་ཚོད་རེད་ཟེར། ད་ལུགས་གཉིས་ཀྱི་རྩིས་མགོ་སྐོར་སྟངས་ལ་དཔྱད་པ་ཞིག་མ་བྱས་ན་ཐག་ཆོད་དཀའ་མོར་གྱུར་པ་རེད། གསལ་བོ་ཞིག་ནི། གུ་རུ་རྡོ་རྗེ་ཁྲོ་ལོད་ཀྱི་སྐུར་བཞེངས་པའི་དུས་ཆེན་ཚེས་བཅུར་འཁྲུངས་པས། སྐུ་ཞང་ཨ་བསྭེ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་གྱིས་ཁྲོ་རྒྱལ་རྡོ་རྗེ་ཞེས་མཚན་བཏགས་པ་རེད་ཟེར།

  11. པདྨ says:
    2015-06-27 at 4:25 am

    ངོ་མ་བདེན་པ་རེད། མཁས་དབང་ཁྱེད་ལ་ཡི་རང་ཡོད། གོང་དུ་ངས་བྲིས་པ་དེ་བསུབས་ཚར་བཞག གང་ལྟར་ཚེས་བཅུ་ལ་འཁྲུངས་པ་རྩོད་མེད་རེད། དིལ་མཁྱེན་ཡང་སྲིད་ཀྱང་ཁ་ཚང་འཁྲུངས་སྐར་ཡིན་པར་བཤད་འདུག སྨིན་གླིང་དང་ཞེ་རྫོགས་ཕལ་མོ་ཆེས་གུ་རུ་རིན་པོ་ཆེ་འཁྲུངས་སྐར་སྣྲོན་ཟླའི་ཚེས་བཅུ་དང་། དཔལ་ཡུལ་དང་ཀཿཐོག་སོགས་ཀྱིས་ཟླ་རྗེས་མ་འདོད་པ་སོགས་མི་འདྲ་བ་ཡོད་པར་འདྲ། ལོ་བརྒྱ་དང་བརྒྱད་སོན་པ་ཡང་ཚེས་ཞག་གི་དབང་དུ་བྱས་ན་ཏག་ཏག་ཡིན་ས་རེད། གོང་ས་མཆོག་ཀྱང་ཚེས་ཞག་གི་དབང་དུ་ན་གྱ་གསུམ་ཡིན་པར་བཤད་འདུག ཉིན་ཞག་དང་ཚེས་ཞག་ཙམ་མི་ཤེས་པར་གཞན་དགག་པར་གད་མོས་གནས་ལས་གཞན་མ་མཐོང་ངོ་།།

  12. པདྨ says:
    2015-06-27 at 4:35 am

    བླ་མ་ཞིག་གིས་ཇི་སྐད་དུ།
    བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ།
    ཨེ་མ་ཧོ། །
    པཎ་ཆེན་ངག་དབང་སྙན་བརྒྱུད་གདམས་པའི་མཛོད། །
    འཛིན་སྐྱོང་སྤེལ་བའི་མཁས་གྲུབ་རྒྱལ་བའི་སྲས། །
    སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེང་བའི་མགོན། །
    བྱ་བྲལ་སངས་རྒྱས་རྡོ་རྗེ་རྒྱལ་གྱུར་ཅིག །
    ཨོཾ་བུདྡྷ་བཛྲ་སིདྡྷི་ཧྰུྃ། །

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-27 at 7:53 am

    ༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་དགུང་ལོ་༡༠༤་ཕེབས་པ་དེ་ས་གནས་གང་ན་བཞུགས་སྙམ་པ་ཞིག་སེམས་ལ་ཡོད་པ་ན། དྲི་མེད་ལྷག་བསམ་མཆོག་གིས། “ཁ་སང་སྐུའི་འཁྲུངས་སྐར་སྐབས་བྱ་རུང་ཁ་ཤོར་གྱི་འགྲམ་གྱི་མགྲོན་ཁང་ཞིག་ཏུ་ཕེབས་པར་སློབ་མ་སྦྱིན་བདག་གནད་ཡོད་རྣམས་མཇལ་ཡོད་པར་མ་ཟད།” ཅེས་པས་བཞུགས་གནས་བལ་ཡུལ་ཡིན་པར་ངེས། ༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་ཞབས་པད་བརྟན་ཅིང་བསྟན་འགྲོར་སྨན་པའི་མཛད་པ་རྒྱས་ཤིང་། སྐལ་བ་དང་ལྡན་པ་དག་ལ་ཆོས་ཀྱི་བཀའ་སློབ་ཀྱང་སྩོལ་ཅིག
    སྩོལ། སྩལ། སྩལ། སྩོལ། ཅེས་ད་ལྟའདས་མ་འོངས་སྐུལ་ཚིག་བཅས་ལ་དའི་འཇུག་ཡོད་པ་ཅེས་སོགས་ཚིག་ཕྲད་ཀྱིས་ཤེས་པ་ད་བཤུལ་ལ་དྲག་ཅེས་བརྡ་སྤྲོད་དུ་ཡོད་ཀྱང་། དྲག་ཡོད་ཀྱི་དོན་གོ་དཀའ་བ་ཞིག་ཏུ་མཐོང་། སྩོལ་གྱི་འདས་པར་བསྩལ། ཅེས་བོད་རྒྱ་ཚིག་མཛོད་སོགས་སུ་ནོར་འཁྲུལ་བཀོད་པ་ལ་བལྟས་ཏེ་མཁས་པ་མང་པོ་ཡང་ནོར་འཁྲུལ་གྱི་ལམ་དུ་འགྲོ་བར་མཐོང་། དེ་ཡིས་བོད་ཀྱི་རིག་གཞུང་ལ་གནོད། བསྩལ། ཅེས་པ་སེལ་བའི་འདས་པ་ཡིན་པར་སྡེར་དགེ་བཀའ་འགྱུར་དང་། བརྡ་གསར་རྙིང་གི་ཁྱད་པར་སྟོན་པ་ལི་ཤི་གུར་ཁང་སོགས་ན་གསལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme