Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས།

Posted on 2013-07-052013-07-05 By ཁ་བརྡ་ 10 Comments on བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས།

མཁོ་གཏོང་བ། གཡག་རྒོད་རྩོམ་རིག་ཚོགས་ཆུང་།

བྱ་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། བོད་ཕྱི་ལོགས་ན་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ན་ཆུང་བྱིས་པའི་རིག་གནས་ལ་མཐོང་ཆེན་གྱི་གོམས་གཤིས་ཡིད་ལ་འཇགསཔར་ཕན་གྲོགས་སུ་འགྱུར་བ། བོད་ཕྱི་ལོགས་ན་ཡོད་པའི་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པར་སྤྲོ་སྣང་ཆེ་རུ་འགྲོ་བར་ཕན་པ། ལྷག་པར་དུ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་ཀྱི་སྐད་ཡིག་རིག་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་སྐྱོང་བཞིན་པའི་བོད་ཀྱི་ན་གཞོན་རྣམས་ལ་རིག་རྩལ་འགྲན་བསྡུར་གྱི་གོ་སྐབས་བསྐྲུན་རྒྱུ་ནི་དེ་བས་གལ་འགངས་ཆེ་བར་མཐོང་སྟེ། ཐེངས་འདིའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་འདི་སྤེལ་བ་ཡིན།

བྱིས་སྒྲུང་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན།
རྩོམ་ཡིག་གི་བརྗོད་སྙིང་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་རྨང་གཞིར་བཞག་སྟེ། རང་མོས་ཀྱི་བརྗོད་བྱ་ལ་གསར་གཏོད་ཀྱི་མཚན་ཉིད་ཚང་བའི་བྱིས་སྒྲུང་གསར་རྩོམ། བྱིས་པ་ལོ་༦ ནས་༡༢ བར་གྱི་སེམས་ཁམས་ལ་དམིགས་ཏེ་རྩོམ་ཡིག་ཡིག་འབྲུ ༥༠༠ ལས་མི་བརྒལ་བ།

སྐར་གྲངས་བགོ་སྟངས།
བརྗོད་གཞིར་སྐར་གྲངས་བརྒྱ་ཆའི་༣༣་དང་། གཞུང་ཁོག་སྒྲིག་སྟངས་ལ་སྐར་གྲངས་བརྒྱ་ཆའི༣༣། ཚིག་སྦྱོར་དང་དག་ཆའི་སྐོར་ལ་སྐར་གྲངས་བརྒྱ་ཆའི་༣༣། བརྩམས་ཆོས་ངེས་པར་དུ་གསར་རྩོམ་ཡིན་དགོས།

བྱ་དགའ་སྤྲོད་སྟངས་ཀྱི་རིམ་པ།
ཨང་དང་པོར་ཨ་སྒོར། $300
ཨང་གཉིས་པར་ཨ་སྒོར། $200
ཨང་གསུམ་པར་ཨ་སྒོར། $100
གཞན་ཨང་རིམ་བཞི་ནས་བཅུ་བའི་བར་གྱི་འགྲན་ཞུགས་པ་རྣམས་ལ་ཕུལ་བྱུང་བྱ་དགའིགཟེངས་བསྟོད་འབུལ་རྒྱུ་ཡིན་པས། ཕ་མ་དང་དགེ་རྒན་རྣམས་ཀྱིས་རང་གི་བྱིས་པ་དང་སློབ་མ་རྣམས་ལ་བྱ་འགུལ་འདིར་འཛུལ་ཞུགས་བྱེད་པར་སྐུལ་མ་དང་རམ་འདེགས་གནང་རོགས།

འགྲན་ཞུགས་པའི་ཆ་རྐྱེན།
འགྲན་ཞུགས་པ་རྣམས་ནི་བོད་པ་དང་ཡང་ན་ཕ་མ་གཉིས་ཀྱི་ནང་གི་གཅིག་བོད་ཡིན་ཞིང་། ལོ་ན་བཅུ་ནས་བཅུ་དྲུག་བར་ཡིན་དགོས། རྩོམ་ཡིག་ངེས་པར་དུ་བོད་ཡིག་སྟེང་བྱིས་པ་རང་ཉིད་ཀྱིས་འབྲི་དགོས། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་དང་ལྷན་དུ་རང་ཉིད་ཀྱི་མཚན་ཆ་ཚང་དང་ཕ་ཡུལ།ད་ལྟའི་བཞུགས་ཡུལ་སོགས་གསལ་བོ་བྲིས་ཏེ་ང་ཚོར་བསྐུར་རོགས་ཞུ། (རང་ཉིད་ཀྱི་མོས་མཐུན་མེད་པར་དྲ་ཐོག་ནས་ཕྱིར་བསྒྲགས་མི་བྱེད། ཡིན་ནའང་ང་ཚོའི་ལོ་རྒྱུས་ཉར་ཚགས་ཆེད་ངེས་པར་དགོས།)

འགྲན་བསྡུར་དངོས་གཞིའི་དུས་ཚོད།
སྤྱི་ཟླ་བདུན་པའི་ཚེས་བདུན་ནས་སྤྱི་ཟླ་དགུ་བའི་ཚེས་བདུན་བར་ལ་རྩོམ་ཡིག་རྣམས་་ང་ཚོར་ངེས་པར་དུ་འབྱོར་དགོས། སྤྱི་ཟླ་དགུ་བའི་ཚེས་བདུན་གྱི་རྗེས་ནས་འབྱོར་ནརྩིས་མེད་གཏོང་རྒྱུ་ཡིན།

རྩོམ་ཡིག་དཔྱད་འདེམས་དང་མཐའ་མའི་ཐག་གཅོད་བྱེད་མཁན།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཟུངས་ཕྱུག་སྐྱིད། ལྷ་ཆབ་སྦྱིན་པ། ལྕགས་མོ་འཚོ། མཁས་གྲུབ་བཅས་ཡིན།

མཐུན་རྐྱེན་སྦྱོར་མཁན།
ཐེངས་འདིའི་བྱ་འགུལ་གྱི་གཟེངས་རྟགས་ཐད་དངུལ་གྱི་སྦྱིན་བདག་གནང་མཁན་ནི་སོག་ཡུལ་དུ་གནས་བཞུགས་འབྲས་སྤུངས་སྒོ་མང་གི་དགེ་བཤེས་ཤིག་ཡིན། དགེ་བཤེས་ལགས་ནི་ཡུལ་དེར་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་བྱ་གཞག་ལ་བརྩོན་བཞིན་པའི་གྲྭ་རྐྱང་ཞིག་ཡིན་ཞིང་། ཁོང་གིས་གངས་ཅན་བོད་ཀྱི་བྱིས་པའི་སློབ་གསོའི་བྱ་གཞག་གོང་འཕེལ་ཐད་སེར་སྣ་མེད་པར་གཏོང་ཕོད་གནང་བར་བཀའ་དྲིན་ཆེ་ཞུ།

འགྲན་བསྡུར་གྱི་མཇུག་འབྲས་གསལ་བསྒྲགས།
སྤྱི་ཟླ ༡༠ བའི་ཚེས ༧ ཉིན་འགྲན་བསྡུར་མཇུག་འབྲས་ཨང་རིམ་ལྟར་གཡག་རྒོད་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། གལ་ཏེ་དོ་བདག་ལ་མོས་མཐུན་ཡོད་ན། ཨང་དང་པོ་དང་། གཉིས་པ། གསུམ་པ་སོགས་ཀྱི་སྐུ་པར་དང་ལོ་རྒྱུས་ཐུང་ཐུང་ཞིག་ཀྱང་མཉམ་དུ་འགོད་རྒྱུ་ཡིན།

རྩོམ་ཡིག་བསྐུར་ཡུལ་གྱི་གློག་འཕྲིན་ཁ་བྱང་། wildyaks@gmail.com

དྲ་ཚིགས། www.wildyaks.com

གཡག་རྒོད་དང་བླངས་རྩོམ་རིག་ཚོགས་ཆུང་ནས་སྤྱི་ལོ་༢༠༡༣ སྤྱི་ཟླ་ ༧ཚེས་ ༦ལ།

གསལ་བསྒྲགས།

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཉིས་པ།
Next Post: མཛད་བརྒྱད་ཡིད་ཀྱི་མེ་ཏོག

Comments (10) on “བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས།”

  1. རྔ་བ་མཁས་གྲུབ says:
    2013-07-05 at 11:35 pm

    ཁ་བརྡ་རྩོམ་སྒྲིག་པས་གཡག་རྒོད་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས་དུས་ཐོག་ཏུ་དྲྭ་ཐོག་ལ་བཀོད་པར་བཀའ་དྲིན་ཆེ། འདིར་ཀློག་མཁན་རྣམས་ལ་དགོངས་དག་དགོས་པ་ནི། ང་ཚོའི་རྩོམ་བསྐུར་ཡུལ་གྱི་གློག་འཕྲིན་ཁ་བྱང་ནོར་འདུག
    རྩོམ་བསྐུར་ཡུལ་གློག་འཕྲིན་ཁ་བྱང་དག་མ་ནི། admin@wildyaks.com

    བཀའ་དྲིན་ཆེ།

  2. རྒྱང་མིག says:
    2013-07-05 at 11:46 pm

    མི་བུ་སྒེར་གྱི་ངོས་ནས་རང་གི་སྐད་ཡིག་ཉེན་སྐྱོབ་ཆེད་འདི་འདྲའི་ལས་འགུལ་སྤེལ་བར་སྙིང་ཐག་པ་ནས་དགའ་བསུ་ཡོད། ལས་དོན་མཐའ་འཁྱོལ་ཡོང་བའི་རེ་སྨོན་ཡོད།
    བརྗོད་བྱའི་ཐད་ནས་ཅུང་ཚད་མཐོ་དྲགས་འདུག་པའི་ཚོར་སྣང་བྱུང་། བརྗོད་བྱའི་ཚད་མཐོ་དྲགས་ན་བོད་ཡིག་གཞི་ནས་སྦྱོང་བཞིན་པའི་ལོ་ཆུང་ཚོའི་ཁྲོད་འགྲན་ཞུགས་ཀྱི་ཆ་ཤས་ལེན་མཁན་ཆེས་ཉུང་ངུ་ལས་མི་ཡོང་། ལྷག་པར་དུ་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་ལོ་ཆུང་ཚོའི་ཁྲོད་ཆ་ཤས་ལེན་མཁན་དེ་བས་དཀོན་པོར་འགྱུར་སྙམ།

  3. བོད་ལ་ཞེན། says:
    2013-07-06 at 12:29 am

    ཡིད་རངས་ཡོད།

  4. འཆི་བདག་སྐྱབས། says:
    2013-07-06 at 2:03 am

    བཀྲིས་བདེ་ལེགས། དེ་ལ་བྱིས་པ་ལོ་༡༠་ནས་༡༦བར་མ་གཏོགས་གཞན་འཛུལ་བཞུགས་བྱེད་ཆོག་གི་མ་རེད་པས།
    ཞེ་དྲག་ཡག་པོ་ཞིག་གོ་ཚོད་མ་སོང་།

  5. ནམ་མཁའ says:
    2013-07-06 at 5:43 am

    གཡག་རྒོད་དྲ་བའི་རྩོམ་སྒྲིག་པ་ཚོར་ཐུགས་རྗེ་ཆེ་ཞུ། འདི་ལྟར་དྭངས་བླངས་ཀྱིས་རིག་གཞུང་སྲུང་སྐྱོབ་མ་བྱས་ཚེ།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཡིག་གི་སྲོག་རྩ་གཅོད་པ་ལ་ཐག་རིང་པོ་མ་རེད།

  6. ཆབ་མདོ་ངག་ཕུན། says:
    2013-07-06 at 6:33 am

    བོད་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་གཏོང་ཆེད་དུ་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡི་རངས་ཡོད་དོ།

  7. ཆབ་བྲག་ཕོ་ཉ says:
    2013-07-25 at 3:45 am

    བོད་ཀྱི་བྱིས་པ་ལ་ཕན་པའི་བྱིས་སྒྲུང་དང་བྱིས་གླུ་སོགས་ཚད་ལྡན་ཡག་པོ་ཞིག་ངོ་མ་དགོས་ན། ཐབས་ཤེས་ཡག་ཤོས་དེ་བྱིས་སྒྲུང་རྩོམ་པ་པོ་ཚོར་རེ་སྐུལ་དང་བྱ་དགའ་སྟེར་དགོས། བྱིས་པས་བྱིས་སྒྲུང་འབྲི་རྒྱུ་དེ་སྦྱོང་བརྡར་ཙམ་ཞིག་རེད།
    གལ་ཏེ་རྩོམ་པ་པོ་ཚོར་རེ་སྐུལ་འདི་ཞུས་ནས་བྱ་དགའ་སྟེར་མཁན་རེ་ཡོད་ན། བོད་ལ་ཡང་བྱིས་སྒྲུང་གང་མང་ཞིག་གསར་རྩོམ་བྱས་ཡོད་ཁོ་ཐག མ་མཐར་ཡང་མཁས་གྲུབ་དང་ངེད་གཉིས་ཀས་་ཧཧཧཧ ་སྐད་ཆ་དྲང་མོ་ཡིན།

  8. གནམ says:
    2013-07-25 at 7:07 am

    ཨ་དགའ་ཆབ་བྲག་ལ་བདེན། ཡུམ་མི་བདེན་ན། ད་རུང་ཅིག་བལ་འི་མེད་ཀི། ཅི་ཞིག་གི་ཕུགས་འདུན་ཡོད་ནི་ན་མི་ཤེས་འི།
    བྱིས་སྒྲུང་གང་མང་མང་ཞིག་དགོས་བ་ནི་མེད་དུ་མི་རུང་བ་ཞིག་རེད། རེད་དེ། བྱིས་བ་ཚོས་བྱིས་བ་ཚོར་བྱིས་སྒྲུང་འབྲི་ཐུབ་པ་ཡིན་ན་ནི། དེ་ནི་མེད་དུ་མི་རུང་བའི་ཚད་ཅིག་ན་མེད་པ་འདྲ།
    གང་ལྟར་གངས་ཅན་པའི་ཨ་དགའ་ཚོས་ད་བར་དུ་ཤྭ་རྟ་སྐེ་རིང་ལྟར་མཐོ་ས་མཐོ་ས་ཞིག་ལ་རྙབ་ནས་ཅིག་ཨེ་ལོན་བལྟས་བ་ལས། མཁས་དཔང་མཁས་བ་ཚོས་མར་གི་ཨ་བ་སྣབས་ལུག་ཚོ་ལ་བདག་ཞིག་བརྒྱབས་མེད། ངོ་མས་མེད།

  9. གནམ says:
    2013-07-25 at 7:08 am

    ཨ་དགའ་ཆབ་བྲག་ལ་བདེན། ཡུམ་མི་བདེན་ན། ད་རུང་ཅིག་བལ་འི་མེད་ཀི། ཅི་ཞིག་གི་ཕུགས་འདུན་ཡོད་ནི་ན་མི་ཤེས་འི།
    བྱིས་སྒྲུང་གང་མང་མང་ཞིག་དགོས་བ་ནི་མེད་དུ་མི་རུང་བ་ཞིག་རེད། རེད་དེ། བྱིས་བ་ཚོས་བྱིས་བ་ཚོར་བྱིས་སྒྲུང་འབྲི་ཐུབ་པ་ཡིན་ན་ནི། དེ་ནི་མེད་དུ་མི་རུང་བའི་ཚད་ཅིག་ན་མེད་པ་འདྲ།
    གང་ལྟར་གངས་ཅན་པའི་ཨ་དགའ་ཚོས་ད་བར་དུ་ཤྭ་རྟ་སྐེ་རིང་ལྟར་མཐོ་ས་མཐོ་ས་ཞིག་ལ་རྙབ་ནས་ཅིག་ཨེ་ལོན་བལྟས་བ་ལས། མཁས་དབང་མཁས་བ་ཚོས་མར་གི་ཨ་བ་སྣབས་ལུག་ཚོ་ལ་བདག་ཞིག་བརྒྱབས་མེད། ངོ་མས་མེད།

  10. ཨ་ནུ་ཐང་བསོད་ནམས says:
    2013-07-25 at 7:33 am

    དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme