Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོར་བརླག་ཏུ་སོང་བའི་ཀུན་ཁྱབ་རྡོ་རྗེ་ལགས།

Posted on 2011-04-19 By ཁ་བརྡ་ 3 Comments on བོར་བརླག་ཏུ་སོང་བའི་ཀུན་ཁྱབ་རྡོ་རྗེ་ལགས།

གྲྭ་ཕུན་ཚོགས་ཚེ་རྣམ།
ཀུན་ཁྱབ་རྡོ་རྗེ་ལགས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ནས་ཡིན། ཆུང་དུས་གྲོང་ཚོའི་སློབ་ཆུང་དུ་བསྐྱོད་ནས་གཞི་རིམ་གྱི་སློབ་སྦྱོང་བྱས། དེ་ནས་སྤྱི་ལོ་ ༡༩༩༣ ལོར་དགའ་ལྡན་དགོན་དུ་ཆོས་སྒོར་ཞུགས་ནས་ནང་པའི་བསྟན་བཅོས་ཀྱི་ཁ་དོག་དཀར་དམར་ནས་མངོན་པ་མཛོད་བར་གྱི་གཞུང་ཆེན་ཁག་ལ་སྦྱང་བརྩོན་གྱིས་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཐོབ་ཡོད། ཁོང་ནི་ང་ཚོའི་འཛིན་གྲྭའི་ནང་གི་སློབ་སྦྱོང་ཡག་ཤོས་ཀྱི་གྲས་དང་ཆོས་གྲོགས་ཕན་ཚུན་མཐུན་ལམ། དགེ་རྒན་གྱི་བཀའ་ལ་བརྩེ་བཀུར་ཞུ་མཁན་ཞིག་ཀྱང་ཡིན། སྔར་ཁྲི་ཆེན་འགའ་རེས་འཇམ་མགོན་བླ་མའི་གདས་ས་ནས་བཀྲལ་ཟིན་པའི་དོལ་རྒྱལ་གྱི་འདྲ་གཟུགས་དེ། ཅོལ་ཆུང་འགའ་རེས་སླར་ཡང་དགའ་ལྡན་ཉག་ར་ཁང་མཚན་ནང་དུ་གསར་བཟོ་བྱས་ཡོད། དེར་དགའ་ལྡན་དགོན་པའི་གྲྭ་དམངས་གཙོ་བོར་གྱུར་བའི་དད་ལྡན་པ་ཡོངས་ཀྱི་མོས་མཐུན་མེད་སྟབས་སྤྱི་ལོ་ ༢༠༠༦ བོད་ཟླ་ ༡ ཚེས་ ༡༥ ཉིན་གྲྭ་དམངས་ཀྱིས་དོལ་རྒྱལ་གྱི་འདྲ་གཟུགས་དེ་གཏོར་བཤིག་གཏོང་བའི་སྐབས་དོལ་རྒྱལ་རྗེས་བྲང་པ་བཀྲིས་ཀྱིས་དགོན་པར་གནས་སྡོད་བྱེད་མཁན་ཉེན་རྟོགས་པར་ལན་བསྐྱལ་བ་རེད། ཉིན་ཤས་རྗེས་ཉེན་རྟོགས་པས་གསང་བའི་ཐོག་ནས་ལམ་དྲོ་ནས་ཡིན་པའི་གྲྭ་ངག་དབང་རིགས་བཟང་དང་འབྲི་གུང་ནས་ཡིན་པའི་བསྟན་འཛིན་འཕགས་ཕྲུག་ལགས་གཉིས་འཛིན་བཟུང་བྱས་ཏེ་ངག་དབང་རིགས་བཟང་ལགས་སུ་ལོ་གཉིས་དང་ཕྱེད་ཙམ་དང་བསྟན་འཛིན་འཕགས་ཕྲུག་ལགས་སུ་ལོ་གཅིག་དང་ཕྱེད་ཙམ་རིང་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད། རྒྱ་གཞུང་གི་ལས་བྱེད་རུ་ཁག་དགོན་པར་སླེབས་ཏེ་ཚོགས་འདུ་ཐེངས་མང་ཚོགས་ནས་གྲྭ་མང་ཡོངས་ལ་ལུས་སེམས་གཉིས་ཀར་བཀའ་ངལ་ཚད་མེད་བཟོས། ཁོང་ཚོས་རྒྱལ་གཅེས་ཆོས་གཅེས་ཁ་ལ་ཁྱེར་ནས་དོན་དུ་བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་པའི་གྲྭ་པ་རྣམས་དགོན་པ་ནས་ཕྱིར་འབུད་དང་། དེ་ལས་མང་བའི་གྲྭ་པ་ཚོར་དངུལ་ཆད་གཏོང་བ་སོགས་བྱས། དགོན་པར་གཏན་སྡོད་བྱེད་མཁན་རྒྱའི་ལས་བྱེད་པ་ཚོས་ཚོགས་འདུའི་སྐབས་དོལ་རྒྱལ་གྱི་འདྲ་གཟུགས་ཤིག་སླར་ཡང་དགོན་པར་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་མ་ཐག་ཏུ་དགོན་པའི་ལས་བྱེད་དགེ་འདུན་པ་འགའ་དང་། དཔེ་ཁྲིད་དགེ་རྒན་རྣམས་ནས་དོལ་རྒྱལ་གྱི་འདྲ་གཟུགས་དེ་དགོན་པར་བཞག་ན་གྲྭ་དམངས་ནང་ཕན་ཚུན་མི་མཐུན་པ་འབྱུང་རྒྱུའི་ཉེན་ཁ་ཆེ་བ་དང་། མ་ཟད་དད་ལྡན་མང་ཚོགས་རྣམས་དགའ་ལྡན་དགོན་པར་ལོ་རེ་ནས་ལོ་རེ་ཇི་ཉུང་དུ་འགྲོ་ཡི་འདུག་པས་གྲ་མང་གི་འཚོ་བ་དང་དགོན་པའི་དཔལ་འབྱོར་འབྱུང་ཁུངས་ཐོག་ལའང་གྱོང་འགུལ་ཆེན་པོ་ཕོག་གི་འདུག དེར་བརྟེན་དེ་དགོན་པར་སླར་ཡང་མི་འཇོག་རོགས་གནང་ཞེས་རེ་སྐུལ་ཞུས་ཀྱང་དོན་འབྲས་ཅི་ཡང་གསོན་མེད།
ཉིན་ཤས་སོང་རྗེས་ཆོས་རྭ་འཚོགས་པའི་སྐབས་གྲྭ་མང་དཀྱིལ་ནས་གྲྭ་ཀུན་ཁྱབ་རྡོ་རྗེ་ལགས་ཀྱིས་ཡར་ལངས་ནས་རྒྱ་གཞུང་གི་ལས་བྱེད་པར་དོན་ཚན་གཉིས་ཀྱི་ཐོག་ལ་འབོད་སྐུལ་ཞུ་རྒྱུ་བྱས་ཡོད་པ་སྟེ། གཅིག་ནི་དོལ་རྒྱལ་གྱི་འདྲ་གཟུགས་དེ་དགོན་པར་མི་འཇོག་རྒྱུའི་རེ་བ་དང་། གཉིས་པ་ནི་གྲྭ་ངག་དབང་རིགས་བཟང་ལགས་དང་བསྟན་འཛིན་འཕགས་ཕྲུག་ལགས་གཉིས་བཙོན་ནས་མྱུར་དུ་གློད་གྲོལ་བཏང་ནས་རང་འཇག་དགོན་པར་སྡོད་ཆོག་རྒྱུའི་རེ་བ་བཅས་ཡིན་ཞེས་བརྗོད། དོན་ཚན་དེ་གཉིས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་དགེ་འདུན་རྣམས་ང་དང་མཉམ་དུ་ཕེབས་རོགས་ཤེས་བརྗོད་སོང་བས་གྲྭ་མང་ཡོངས་རྗོགས་ཀུན་ཁྱབ་རྡོ་རྗེ་ལགས་དང་མཉམ་དུ་དགོན་པའི་དམངས་བདག་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པར་གོང་གི་རེ་བ་དེ་གཉིས་བཞུས། རྒྱ་གཞུང་གི་ལས་བྱེད་པ་ཚོས་གྲྭ་མང་རྣམས་མཐོང་དུས་ཚ་གི་ཚ་གི་ངང་ནས་ཁྱེད་ཚོའི་རེ་འདུན་དེ་ང་ཚོས་གོང་རིམ་ལ་ཞུས་ནས་ཁྱེད་ཚོར་བརྡ་ལན་ཡོད་པ་བྱེད་ཀྱི་ཡིན་། དོ་དགོང་ཁྱེད་ཚོ་ཤག་ལ་ལོག་ཕེབས་ཞེས་ཆེན་པོ་ཆུང་ཆུང་བཟོ་བ་དང་། ཆུང་ཆུང་མེད་པ་བཟོ་ཐབས་ཀྱི་གཡོ་ཇུས་བཤམས། ཉིན་ཤས་རྗེས་ལས་བྱེད་པ་དང་དམག་མི་འབོར་ཆེན་ཞིག་མཉམ་དུ་དགོན་པར་སླེབས་ནས་དོལ་རྒྱལ་གྱི་འདྲ་གཟུགས་ཤིག་དགོན་པར་འཇོག་རྒྱུ་རང་སྐྱོང་ལྗོངས་ཀྱི་ཐག་གཅོད་བྱས་ཟིན་པས་དེ་ལ་སུས་ཀྱང་འགྱུར་བ་གཏོང་ཐབས་མེད་ཞེས་བརྗོད་སོང་། ཀུན་ཁྱབ་རྡོར་རྗེ་ལགས་ཀྱིས་འགོ་ཁྲིད་དེ་གྲྭ་མང་བརྒྱ་ཆ་ ༩༠ ཙམ་ཞིག་དམངས་བདག་གི་ལས་བྱེད་ཚོའི་སར་བཅར་ནས་ཁྱེད་ཚོས་ང་ཚོའི་རེ་བ་སྣང་མེད་ཀྱིས། དོལ་རྒྱལ་གྱི་འདྲ་གཟུགས་དགོན་པར་བཞག་ན་ང་ཚོ་དགོན་པར་སྡོད་ཀྱི་མིན་ཞེས་མཚན་རྟགས་བསྡུ་རུབ་བྱས་ཏེ་དམངས་བདག་གི་ལས་བྱེད་ཚོར་སྤྲད་དེ་གྲྭ་མང་རྣམས་སོ་སོའི་ནང་དུ་ལོག་བྱས། གྲྭ་མང་རྣམས་དགོན་པ་ནས་ཕྱིར་ཐོན་བྱས་ནས་ཉིན་བདུན་བརྒྱད་ཙམ་གྱི་རྗེས་སུ་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་རྒྱ་གཞུང་གིས་རླུང་འཕྲིན་ནང་ལ་གྲྭ་མང་ཚོར་དགོན་པར་ཡར་ལོག་ན་ང་ཚོས་ཁྱེད་ཚོའི་རེ་བདུན་ལ་བསམ་གཞིགས་ཀྱི་ཡིན་ཞེས་དང་། ཡང་བརྙན་འཕྲིན་ནང་ལ་གྲྭ་མང་ཚོ་དགོན་པར་མི་ལོག་ན་ཁྱེད་ཚོའི་རྒྱབ་ལ་ཏཱ་ལའི་རུ་ཚོགས་ཀྱི་ཇུས་ངན་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡིན། གྲྭ་མང་ཚོར་ཐག་གཅོད་ནན་པོ་བྱ་རྒྱུ་མ་ཟད་ཁྱེད་ཚོའི་ཕ་མ་སྤུན་མཆེད་ཚོ་ཡང་ལས་སླ་པོར་འཇོག་གི་མིན་དེ་ནི་རྒྱལ་ཁབ་གཏན་ལྷིང་དང་འབྲེལ་བ་ཤུགས་ཆེན་ཡོད་ཅེས་ཁྱབ་བསྒྲགས་བྱས། དེར་བརྟེན། གྲྭ་མང་རྣམས་བསམ་གཞིགས་དུ་མ་ཞིག་གི་ཁྲོད་ནས་དགོན་པར་ཕྱིར་ལོག་བྱ་དགོས་བྱུང་བ་རེད། ཀུན་ཁྱབ་རྡོ་རྗེ་ལགས་ལྷ་སར་འགྲོ་བའི་སྐབས་དང་བསྟུན་ནས་སྒྲིག་ཆས་མ་གྱོན་པའི་ཉེན་རྟོགས་པ་འགས་ཁོང་གི་མགོ་ལ་རས་ནག་པོ་ཞིག་གཡོག་ནས་རླང་འཁོར་ནང་བཅུག་ཏེ་ཆ་རྒྱུད་མེད་པའི་ཁང་པ་ཞིག་ནང་དུ་ཁྲིད་ནས་དྲི་རྩད་བྱེད་དུས། དབྱུག་པ་དང་། གློག་རྒྱུག འགྱིག་རིལ་སོགས་ཀྱིས་སྡུག་རྩུབ་ཆེན་པོས་ཉེས་རྡུང་ཚབས་ཆེན་བཏང་ནས་ལུས་པོ་ཐམས་ཅད་སྨུག་ཐིག་གིས་ནག་པོ་ཆགས་ནས་རྗེས་སུ་ཉེས་རྡུང་བཏང་ཤུལ་གྱི་པགས་པ་ཡང་བསྐྱུར། དེ་གར་བཙོན་བཅུག་བྱེད་རིང་ཁ་ལག་མ་སྤྲད་པར་ལག་ལྕགས་བརྒྱབས་ནས་ཤིང་སྡོང་སྒང་ལ་གནམ་བཏགས་བརྒྱབ་པ་སོགས་མདོར་ན་མི་ཆོས་ལས་འདས་བའི་མནར་གཅོད་ཚད་མེད་མྱངས་ཡོད།
དམྱལ་བ་མི་ཡུལ་དུ་ཕོད་པ་ལྟ་བུའི་སྡུག་རྩུབ་དང་མནར་གཅོད་གཏོང་ཡུལ་དེ་ལྷ་ས་གྲོང་འཁྱེར་གསང་བའི་ལས་ཁུངས་རེད། དགོང་མོ་ཞིག་ལ་སྟེས་དབང་གིས་ལག་ལྕགས་དེ་ཆད་ནས་ཁོང་ས་ཆ་དེ་ནས་བྲོས་ལས་ཐར་ཏེ་རི་དྭགས་བཞིན་རི་སྒོར་ཡིབ་ནས་སྤུན་མཆེད་ཚོའི་རོགས་རམ་འོག་གཅོང་ནད་ཅན་གྱི་ལུས་པོ་སྨན་བཅོས་བྱེད་པའི་སྐབས། སྤྱི་ལོ་ ༢༠༠༦ ཟླ་བ་ ༦ ཚེས་ ༧ དགོང་དྲོ་ཉེན་རྟོགས་པའི་ཆས་མ་གྱོན་པའི་ཕོ་གསར་འགས། ཁོང་ཡིབ་སྡོད་བྱེད་སའི་རི་སྒོ་ནས་གསང་བ་དམ་པོའི་ངང་བཙ་ན་ཁྲིད་བྱས་པ་ནས་བཟུང་། ཁོང་གི་ཕ་མ་སྤུན་མཆེད་ཚོ་དང་ཆོས་གྲོགས་ཚོས་ཐབས་ཤེས་ཡོད་རྒུ་སྟོན་ཏེ་གང་སར་བཙལ་ཡང་སུ་གང་གི་ཀྱང་ད་དུང་ཁོང་ག་བར་ཡོད་མེད་ཤེས་ཀྱི་མེད་པ་མ་ཟད་ཐ་ན་ཤི་སོན་གང་ཡིན་ཡང་ཤེས་ཀྱི་མེད།།

(བོད་ནས་གསར་དུ་འབྱོར་བ། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པའི་གྲྭ་ཕུན་ཚོགས་ཚེ་རྣམ།)

གསར་འགྱུར།

Post navigation

Previous Post: གཉིད་མི་འོང་བའི་མཚན་མོ་འདི་ཚོར།
Next Post: ཨ་ལགས་གཟན་དཀར་མཆོག་བོད་ལ་ཕེབས་པ།

Comments (3) on “བོར་བརླག་ཏུ་སོང་བའི་ཀུན་ཁྱབ་རྡོ་རྗེ་ལགས།”

  1. རྡོ་རིགས་པའི་མདའ་མོ། says:
    2011-04-20 at 4:02 am

    གཞིས་ལུས་དཔའ་རྒོད་ཚོའི་སྙིང་སྟོབས་ལ་གཞིགས་ན་རང་ཉིད་མི་ཡུལ་ཡོང་བ་དོན་མེད་ཞིག་ཏུ་བསྐྱལ་འདུག

  2. རྨིག་སྒྲ says:
    2011-04-20 at 2:58 pm

    གཞིས་བཞུགས་དཔའ་བོ་ཚོས་རང་གི་མི་ལུས་ཀྱང་དགྲ་བོའི་འབེན་དུ་བཙུགས་ཏེ་བོད་དོན་གླེང་ཡང་། བཙན་བྱོལ་དུ་བོད་མི་ཚོ་ནུབ་གླིང་དུ་ཁ་ཕྱོགས་པ་དེ་ཅི་འདྲའི་སྐྱོ་བ་ལ་ཨང།

    དམར་པོའི་བཙན་གྱིས་དར་གོས་འོག་ལ་ལང་ཚོ་སྨིན་པའི་གངས་གཞོན་ཚོའི།།
    རེ་སྒུག་རྣམ་ཤེས་རྡ་སར་བཅོལ་ཏེ་མེ་མདའི་ཁ་ནས་རང་བཙན་གླེང།།
    རང་དབང་དམངས་གཙོའི་ཟས་ཀྱིས་འཚོ་བའི་བྱེས་གཞུགས་སྤུན་ཟླའི་བློ་སེམས་གཉིས།
    ཨ་རིའི་སྒོར་མོ་སྐྱབས་ལ་བཟུང་སྟེ་ནུབ་ཕྱོགས་རྒྱལ་ཁབ་འགྲིམས་པར་བྲེལ།།
    ཧ་ཁ་ཁ།

  3. ཚེ་བསམ་ says:
    2011-04-21 at 4:55 am

    བོད་གཞན་ཅན་གྱི་བོད་མིས་
    ཚེ་སྲོག་སློས་གཏོང་བྱས་ནས་
    དམར་པོའི་ལྟ་སྒྲུབ་འོག་ནས།
    ཕྲག་གིས་འགྲོ་སོང་བཏང་འདུག་
    བཙན་བྱོལ་བོད་རིགས་སྤུན་ཟླ
    སྣང་མེད་ངང་ནས་མ་ཞུགས།
    བོད་རྒྱལ་ལོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme