Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།

Posted on 2012-07-25 By ཁ་བརྡ་ 16 Comments on བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།

མཁོ་འདོན་པཿ ཁྲི་གཡུང་དྲུང་།

བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།

བན་ཤུལ་དཔལ་མཁར་རྒྱལ།

དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་“རིག་གནས་ཀྱི་ཁྲམ་པ”མང་པོའི་གཡོ་ཟོལ་དང་རྐུ་འཕྲོག་ལ་བརྟེན་ནས་བོད་ཀྱི་དཔེ་རྙིང་རྩ་ཆེན་པོ་མང་ཤོས་ཤིག་མེད་བརླག་ཏུ་འགྲོ་བའི་ཉེན་ཁ་ཧ་ཅང་ཚབས་ཆེ་བ་ཞིག་རེད། དཔེར་ན་རྒྱལ་རོང་ཁོག་ནས་ཕྱི་གླིང་བ་ཞིག་གིས་བོན་གྱི་དཔེ་རྙིང་ཤིག་ཀྲུང་སྒོར་ཁྲི་བརྒྱ་ལྷག་གིས་ཉོས་ནས་ཕྱིན་སོང་བའི་གནས་ཚུལ་ཡོད་པ་དང་འདིས་དཔལ་འབྱོར་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མེད་བརླག་ཏུ་འགྲོ་བའི་ངོ་བོ་མཚོན་ནུས་པ་དང་གཞན་རང་རེའི་ནང་ཁུལ་ནས་ཐོབ་ཐང་དང་གཡོ་འཕྲུལ་ལ་བརྟེན་ནས་སྦ་བཞེད་དང་བླ་བཞེད་སོགས་ལྷ་སའི་ནང་འཁོར་གྱི་དཔེ་རྙིང་རྩ་ཆེན་དག་སྒེར་བཟུང་བྱས་ནས་མེད་བརླག་ཏུ་འགྲོ་བའི་རྒྱུ་ཚོགས་ཚང་བར་འབད་བཞིན་པ་ནི་གོ་གནས་དང་ཐོབ་ཐང་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་མེད་བརླག་ཏུ་འགྲོ་བའི་ངོ་བོ་མཚོན་ནུས་ལ་མདོར་ན་ཕྱི་ནང་གི་རིག་གནས་ཀྱི་ཁྲམ་པ་མང་པོའི་སྐྱ་འཐབ་པའི་རྒྱུ་རྐྱེན་ལ་བརྟེན་ནས་རང་རེའི་ཡང་མེས་དག་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་འཁྲུངས་བའི་ནོར་བུ་འདི་དག་ད་ལྟ་ཨ་ཙ་མའི་གནས་སུ་ལྷུང་ཡོད་ཅེས་བློ་ལྡན་ཁྲེལ་ཡོད་དག་ལ་སྙན་སྐུལ་ཞུས་པ་ཡིན།
དེ་ལྟར་ལྒིང་འདོད་པའི་གཏམ་ཙམ་སྔོན་དུ་ཞུས་ནས་བོན་གྱི་དཔེ་རྙིང་རྩ་ཆེན་པོ་ཞིག་སྟེ་བོད་ཀྱི་གནའ་བོའི་རིག་གཞུང་ཞིབ་འཇུག་ལ་ཕན་འབྲས་རྒྱ་ ཆེན་པོ་ཡོད་པ་ཞིག་རི་བོ་གངས་ཅན་རྒྱུད་ཀྱི་རིས་སུ་མ་ཆད་པའི་བོད་ཀྱི་ཞིབ་འཇུག་པ་ཡོངས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་མཚམས་སྦྱོར་ཞུ་རྒྱུ་ཡིན་ལ་ཆབས་ཅིག་ གཞུང་འདིའི་དཔྱད་ཞིབ་རྒྱས་པ་སོགས་གུད་དུ་ཡོད་པས་མི་འགྱངས་པར་མཇལ་ཐུབ་པ་ཡོད།
དཔེ་ཆ་འདིའི་ཁ་བྱང་ལ《ལྟ་བའི་ཕྱོགས་སོ》ཞེས་སུ་འབོད་ཅིང་ཤོག་བུ་ལྡེབ་མ་སུམ་ ཅུ་སོ་བདུན་ཡོད་ལ་དབུ་མེད་ཕྱག་བྲིས་མ་ཞིག་ཡིན། དཔེ་ཆ་འདིར་ཁྱོན་བསྡོམས་ལེའུ་སུམ་ཅུ་ཐམ་པ་ཡོད་ཅིང་མིང་མཐའི་འ་ཆུང་སོགས་དོར་མེད་པའི་ཚུལ་ལ་གཞིགས་ན་བསྟན་པ་སྔ་དར་གྱི་དུས་སུ་ཡིན་པ་ཐག་གིས་ཆོད་ཀྱང་དཔེ་ཆའི་ནང་དོན་སོགས་ལ་གཞིགས་ན་དེ་ལས་སྔ་བའི་དཔང་རྟགས་གསལ་བོ་ཡོད་པ་མ་ཟད་དཔེ་ ཆའི་ཤོག་ལྡེབ་དང་ པོར་“རུ་ཁུའི་བཤེས་ཉེས་མུ་ཁོར་གྱིས། མདོ་ཁམ་བསེའ་སྒྲོམ་མར་པོ་ནས་སྙེད།། རོམ་བྱེར་སྟོན་པ་ལ་བརྒྱུད།། དེས་ཏྲེ་སྟོན་ཡ་རྒྱལ་ལ་བརྒྱུད”ཅེས་འཁོད་ཡོད་པ་དང་མཛད་བྱང་ན“བོན་འདིའ་རོམ་ ཚར་སྟོན་པའི་བཀའ་།ཏྲེ་སྟོན་ཡ་རྒྱལ་གྱེར་། སྒོམ་པ་འོད་པོ་གསུང་། ད་སྟོན་དབང་ཆེན་སྒྲོགས་། དའ་ཏོན་དར་པོ་ལ་། ×××གྱི་ཞུས་པ་ལགས་སོ། ཞང་ཞུང་ཁྲོ་འཕན་གྱིས་བྲིས”ཞེས་འཁོད་པ་ལས་བོན་གྱི་དཔེ་རྙིང་འདིའི་བརྒྱུད་ རིམ་སོགས་ཅུང་ཟད་ངེས་པ་ཐུབ་པ་མ་ཟད་ཁྱད་པར་དུ་ཞང་ཞུང་ཁྲོ་འཕན་ཞེས་པ་དེ་ནི་ འཇའ་ལུས་འཕོ་ཆེན་དུ་གཤེགས་པའི་ཞུང་ཞུང་སྙན་རྒྱུད་ཀྱི་བླ་མ་ཉེར་བཞིའི་ནང་ཚན་ ཞང་ཞུང་ཁྲི་འཕེན་ཞུ་བ་དེ་ཉིད་ཡིན་པར་ཆ་འཇོག་བྱེད་ནུས་པ་དང་དེ་ལྟར་ན་ཕལ་ཆེར་ ཁྲི་སྲོང་ལྡེ་བཙན་གྱི་ཡན་ཆོད་ཅིག་ལ་ཁེལ་གྱི་ཡོད་དམ་སྙམ་པས་ད་དུང་དཔྱད་གཞིར་ ལུས་ཡོད། གང་ལྟར་དཔེ་རྙིང་འདིའི་ནང་དུ་བོད་རང་སའི་ཐུན་མོང་མ་མ་ཡིན་པའི་སྒོང་སྐྱེས་ ལྟ་བ་ཁྱད་མཚར་བ་སོགས་གནའ་བོའི་གནམ་ས་ཆགས་རིམ་དང་ལོ་ཟླའི་བྱུང་རིམ་སོགས་ བཀོད་ཡོད་པས་བོད་ ཀྱི་གནའ་བོའི་རིག་གཞུང་གི་ངོ་བོ་མཚོན་ནུས་པའི་དཔེ་རྙིང་ཤིག་ཡིན་པར་ཐེ་ཚོམ་ མེད་ལ་བདག་གིས་སོག་སྡེ་སྤྲུལ་སྐུས་སྒྲིག་གནང་མཛད་པའི་བོན་གྱི་བསྟན་འགྱུར་ ཀློག་པའི་དུས་སུ་འདི་འདྲའི་བརྗོད་བྱ་དང་ཚིག་རིས་གཅིག་པ་ཁ་ཤས་རྙེད་སོང་ཡང་ ཟུར་དུ་དཔྱད་ནས་ཡོད་པས་འདིར་མང་བོ་མི་སྤྲོ་ལ་ཞིབ་འཇུག་པ་རྣམས་ལ་མཐོང་ཆེན་ གྱི་ཚུལ་དུ་གཞུང་འདིའི་དཀར་ཆག་བདག་གིས་སྒྲིག་པ་ཞིག་ངོ་སྤྲོད་ཞུས་ན་གཤམ་གསལ་ ལྟར།
དང་པོ། གནམ་སའི་གྲི་ཕུགས་ཀྱི་ལེའུ།
གཉིས་པ། སྤྱན་འདྲེན་གྱི་ལེའུ།
གསུམ་པ། ལྷ་བོ་བྱུང་ཁུངས་ཀྱི་ལེའུ།
བཞི་བ། ལྷ་བོ་ཆོས་སུ་བཞུགས་པའི་ལེའུ།
ལྔ་པ། ལྷ་བོ་འཕྲུལ་ཆས་བཙལ་ཁུངས་ཀྱི་ལེའུ།
དྲུག་པ། ལྷ་བུའི་ལམ་པའི་ལེའུ།
བདུན་པ། ལྷ་གླུའི་ལེའུ།
བརྒྱད་པ། ལྷ་བོ་སྤ་ཀོང་དང་ཤེ་བཅད་པའི་ལེའུ།
དགུ་བ། ལྷ་བོ་བོན་སྐོར་གྱི་ལེའུ།
བཅུ་བ་། དབལ་གྱི་ཆེ་ཚིག་གི་ལེའུ།
བཅུ་གཅིག་པ། ལྷ་བོ་སྨོན་དྲིན་གྱི་ལེའུ།
བཅུ་གཉིས་པ། དབལ་གྱི་གདུང་བཤིག་རྣམ་གསུམ་གྱི་ལེའུ།
བཅུ་གསུམ་པ། དབལ་གྱི་གདུང་ཤིག་གི་ལེའུ།
བཅུ་བཞི་པ། སྙུན་གསོལ་གྱི་ལེའུ།
བཅོ་ལྔ་བ། སྒྲིབ་ཤིང་གི་ལེའུ།
བཅུ་དྲུག་པ། དབལ་བོན་ཁ་སྟོན་གྱི་ལེའུ།
བཅུ་བདུན་པ། དབལ་གྱི་ཡང་རྒོལ་གྱི་ལེའུ།
བཅོ་བརྒྱད་པ། སྡིག་པ་རྒྱབ་སྐལ་གྱི་ལེའུ།
བཅུ་དགུ་པ། ཁྱུང་གི་རུ་སྐོལ་སྐོལ་མདོའི་ལེའུ།
ཉི་ཤུ་བ། དབལ་བོན་རྨི་ལམ་གྱི་ལེའུ།
ཉེར་གཅིག་པ། དབལ་པོ་སྐུངས་སའི་ལེའུ།
ཉེར་གཉིས་པ། དབལ་བོན་ཐེན་ཐན་རྣམ་གསུམ་གྱི་ལེའུ།
ཉེར་གསུམ་པ། ལྷ་བོ་ཞུ་ལོག་ཡང་སྙིང་གི་ལེའུ།
ཉེར་བཞི་བ། གཉེར་སྟད་གྱི་ལེའུ།
ཉེར་ལྔ་བ། སྟེན་ཕུར་གྱི་ལེའུ།
ཉེར་དྲུག་པ། ཡོན་ཐང་གི་ལེའུ།
ཉེར་བདུན་པ། དབལ་མཁར་སྒོ་དབྱེ་བའི་ལེའུ།
ཉེར་བརྒྱད་པ། དབལ་གྱི་ཞུས་བཤད་ཆེན་པོའི་ལེའུ།
ཉེར་དགུ་པ། གྲི་རྒོད་སྙིང་ཐིག་ལས་གཤེགས་ལུགས་ཀྱི་ལེའུ།
སུམ་ཅུ་བ། འབྱམ་ཕྱག་གི་ལེའུ།
༢༠༡༢ལོའི་ཟླ༢ཚེས༥ཉིན་ཕ་ཡུལ་ནས་ཤར་བྲིས།

སྣ་ཚོགས།

Post navigation

Previous Post: ང་ཚོ་འདི་ལྟར་ལམ་ལ་ཆས་སོང།
Next Post: རྒྱ་ཞིག་གིས་བོད་ལ་རོགས་པ་བྱེད་ཀྱི་ཡིན་ཟེར།

Comments (16) on “བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོ་ཞེས་པ་མཚམས་སྦྱོར་ཙམ་ཞུ་བའི་སྐོར།”

  1. བྱ་གླག་རྒོད་པོ་ says:
    2012-07-25 at 1:16 pm

    མཐའི་འ་དོར་མེད་པའི་མེད་པའི་རྒྱུ་མཚན་གྱིས་དཔེ་རྙིང་ཞིག་ཡིན་པར་གྲུབ་ཀྱང་དམ་པའི་ཆོས་ཀྱི་དབང་དུ་
    བྱས་པའི་བསྟན་པ་སྔ་དར་སྐབས་སུ་ཡིན་པའི་ངེས་པ་མེད་དེ། རྙིང་མའི་མཁས་པ་རོང་ཟོམ་གྱི་གསུང་ན་མཐའ་མེད་ལ་འ་མཐའ་བཞག་པ་མང་བོ་ཡོད། ད་དུང་དཔེ་རྙིང་ཡིན་པའི་ཁུངས་ཞང་ཞུང་སྙན་བརྒྱུད་མ་ཡིན་པ་གཞན་ཡོད་ན་གསུང་རོགས། ལར་ནས་རྫོགས་ཆེན་གྱི་སྐོར་ལ་བོན་རྙིང་གཉིས་ཤིན་ཏུ་འདྲ་བོ་ཡོད་སྣང་བས། ་སུ་ཡི་དེ་སྔོན་ལ་བྱུང་གསལ་ཁ་ཅན་ཞིག་གསུང་རོགས་ཞུ་རྒྱུ་ཡིན།

  2. ཇ་མ་ says:
    2012-07-25 at 1:40 pm

    དཔེ་རྙིང་དེ་དག་རྒྱ་ནག་ལག་ཏུ་ཤོར་བ་ལས་ཕྱི་རྒྱལ་ཏུ་ཤོར་ན་ཡག རྒྱ་མིས་དཔེ་རྙིང་དེ་ཚོས་ལྷམ་ཐུལ་བཟོ་བའི་ཉེན་ཁ་ཡང་ཡོད་པ་རེད། དེ་བས་ཕྱི་རྒྱལ་ཏུ་ཤོར་ན་དཔེ་རྙིང་དེ་རིགས་འཇིག་རྟེན་འདིའི་སྟེང་ཡལ་འགྲོ་བའི་ཉེན་ཁ་གཏན་ནས་མེད།

  3. གཡུ་འབྲུག་དཀར་པོ། says:
    2012-07-25 at 2:01 pm

    ཇ་མས་གསུངས་པ་དེ་བདེན་པ་རེད། ཕྱི་གླིང་པ་དག་གིས་ཉར་ཐུབ་ཐུབ་ཉར་ནས་ཉར་མ་ཐུབ་པའི་སྐབས་ལ་དཔེ་མཛོད་སོགས་སུ་འབུལ་བ་དང་ཡང་ན་གཞན་ལ་འཚོང་བ་སོགས་བྱེད་པ་ལས་རྩ་བརླག་ཏུ་གཏོང་བའི་གནས་མེད། འ་མཐའ་མ་དོར་བའི་དཔེ་ཆ་ནི་འབྲུག་ལ་ཡང་མང་པོ་ཞིག་མཐོང་རྒྱུ་འདུག་མོད། འོན་ཀྱང་དེ་ཚོ་ཁྲི་སྲོང་སྔོན་གྱི་དཔེ་རྙིང་ཡིན་ལབ་ན་ཏོག་ཙམ་ཧ་ཅང་མི་ཐལ་ལམ་སྙམ།

  4. རང་དབང་ཨ་རྡུ་མན་ says:
    2012-07-25 at 2:40 pm

    གལ་ཏེ་ཕྱི་རྒྱ་བ་ཚོའི་ལག་ཏུ་འབྱོར་ན་་་་མི་རིང་བར་རྡུལ་ཕྲན་མཚོན་ཆ་བཟོ་ཡི་རེད། དེ་ནས་ཕན་ཐོགས་ག་རེ་འདུག།

  5. མིག་བརྒྱད་པ། says:
    2012-07-25 at 3:43 pm

    གཞུང་འདིའི་དཀར་ཆག་གི་ཚིག་རྣམས་ཁྲི་སྲོང་ཡར་སྔོན་གྱི་ཚིག་འདྲ་བོ་མི་འདུག །ཡིན་ཡང་རང་རེའི་ཕ་མའི་ཆོས་ལུགས་ལ་བསླད་བཅོས་བྱས་པ་མིན་པའི་སྨོན་ལམ།

  6. ཁྲི་གཡུང་དྲུང་། says:
    2012-07-25 at 10:19 pm

    བཀུར་འོས་པའི་རྩོམ་སྒྲིག་པ་ལགས།
    དུས་ཐོག་ཏུ་བཀོད་གནང་བར་བཀའ་དྲིན་ཆེ་ཞུ།
    དཔེ་རྙིང་འདིའི་ནང་ཆེས་གནའ་བོའི་ཐ་སྙད་མང་པོ་ཞིག་འདུས་འདུག་པས་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་ཏུ་འཁུམས་པར་སེམས།

  7. རྟ་བདུན་དབང་བོ says:
    2012-07-26 at 2:28 am

    དེ་མ་ཡིན་པས་་དཔེ་རྙིང་གཞན་མེད་པ་རེད་དམ། བོན་དང་རྙིང་མ་གཉིས་ཀྱི་ཁུངས་སུ་ཡིན་ཞིབ་འཇུག་ལེགས་པོ་ཞིག་བྱེད་ཐུབ་ན་ཤིན་ཏུ་ནས་ལེགས་པར་སེམས་སོ། བོན་པོའི་གཙུག་གཤེན་རྒྱལ་བ་དང་རྗེ་འབངས་ཉེར་ལྔའི་ནང་གསེས་བེ་རོ་ཙ་ན་གཉིས་ཀྱི་རྣམ་ཐར་གྱི་ཆ་ཤས་རྒྱལ་པོའི་བཙུན་མོས་ཕྲག་དོག་བྱས་པས་སྐོར་ཚིག་དོན་གཉིས་ཀ་གཅིག་པ་རེད་འདུག་པས་གང་རུང་ཞིག་གིས་དཔེ་བླངས་པ་རེད་འདུག སྔ་ཤོས་གང་ཡིན་ལ་ཞིབ་འཇུག་གནང་རོགས་ཞུ།།

  8. བྱ་གླག་རྒོད་པོ་ says:
    2012-07-26 at 3:19 am

    རེད་ཡ། འདི་ནི་བན་བོན་གཉིས་སུ་རྒྱལ་སུ་ཕམ་གྱི་གནད་དོན་མ་ཡིན་པར། རང་ཅག་ཕྱི་རབས་པ་རྣམས་ལ་
    དཔྱད་གཞིར་གནང་དགོས་ངེས་ཤིག་རེད།

  9. ཇ་མ་ says:
    2012-07-26 at 10:44 am

    རང་དབང་ཨ་རྡུ་མན་ལགས། དཔེ་རྙིང་དེའི་རྡུལ་མཚོན་བཟོ་བྱེད་ཀྱི་རྒྱུ་ཆ་ཉན་ན་ཧ་ཅང་རྨད་བྱུང་གི་སྐལ་པ་རེད། ཨ་ལ་ཀུ་རེ་ཡིན། ཧ ཧ ཧ ཧ

  10. དོན་འགྲུབ། says:
    2012-07-26 at 12:20 pm

    ད་ཁྱེར་བ་མང་མེད་ན་ཉུང་མེད།

  11. བྱ་གླག་རྒོད་པོ་ says:
    2012-07-26 at 4:43 pm

    ངས་འདིར་སྐུ་རྩེད་ཅིག་ཞུས་ན། སྤྱིར་ང་ཚོའི་མི་རབས་གོང་མ་ཚོས་བསྟན་བཅོས་ཀྱི་འགྲོ་དོན་ལ་དགོངས་པ་
    ཡིན་ནམ་རང་གིས་མཛད་པ་མང་བོ་ཞིག་དམ་པ་གོང་མ་གྲགས་ཅན་ཞིག་གི་གསུང་ལ་ཞལ་གཡར་བ་མང་བས།
    དུས་རབས་དེ་དང་དེ་ལ་བྱུང་བའི་དཔང་རྟགས་སུ་འགྲོ་དཀའ། དེས་ན་འདི་ནི་བན་བོན་རྩོད་པ་ལྟར་རྙོག་
    ཅན་ཞིག་མ་ཡིན་པས། བོན་གྱི་སྨྱུག་ཐོགས་པ་ཚོས་ཞལ་གསལ་གསུངས་རོགས།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-26 at 9:20 pm

    བོད་ཀྱི་རིག་གཞུང་དཔེ་ཆ་ཕྱི་ལོགས་སུ་ཤོར་བ་ལ་སེམས་གདུང་མི་དགོས། དེ་བས་བོད་ཀྱི་མིང་ཚིག་མང་པོ་ཉམས་ནས་ཡི་གེ་སྔོན་འཇུག་དང་། རྗེས་འཇུག་དང་། བརྩེགས་མ་དག་གི་ཡི་གེ་རྣམས་མེད་པར་འགྲོ་བ་ལ་རྣམ་དཔྱོད་ཡོད་པ་ཞིག་ཡིན་ན། དེ་ལ་ཡིད་གདུང་དགོས་པ་མ་ཡིན་ནམ། ཞེས་དྲི་བ་ཡོད་དོ།།

  13. ཇ་མ་ says:
    2012-07-27 at 9:10 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་གསུང་པ་ནི་སངས་རྒྱས་ཀྱི་གསུང་དང་གཉིས་སུ་མེད། འོན་ཀྱང་བོད་པ་ཚོའི་ལུགས་སྲོལ་འདི་འདྲ་ཞིག་ཡོད་པ་རེད་ རེད རེད།
    རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་བཞག །
    གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །
    མོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་སྒོམ། །རྒྱུ་རེད་བསམ།

  14. ཕྱུགས་རྫི says:
    2012-07-27 at 12:31 pm

    དེ་རེའི་སྐད་ཆ་དེ་བན་བོན་སྐད་ཆ་མ་ཡིན་པར་ང་ཚོའི་ཡིག་རྙིང་ཕ་མོ་ཆེ་དེ་ཚོ་སྤྱི་ཚོགས་སྒང་ལ་གསོན་གནས་ཐུབ་པ་དང་གནས་པ་ཙམ་གྱི་མི་ཕན་པས་དེ་དག་དགོས་མཁོ་དང་བེད་སྤྱོད་ཀྱི་འཁོར་རྒྱ་ཆེ་ཙམ་དགོས་པས། དེ་ལ་ཐབས་ལམ་ག་འདྲ་བཟང་ལམ་བསྟོན་མང་ཙམ་ཡོང་བའི་རེ་བ་ཡིན།

  15. ཞུས་ཆེན་པ། says:
    2012-07-27 at 2:12 pm

    རིག་གནས་ཀྱི་ཁྲམ་པ་མང་བོའི་ལབ་ན་འགྲིག་གི་ཡོད་པ་མ་རེད། རིག་གནས་དེ་ཁྲམ་པ་རེད་ཟེར་བ་དང་གཅིག་པ་རེད། རིག་གནས་པ་ཁྲམ་པ་མང་བོའི་ཟེར་ནས་བཅོས་ན་དག་པར་སྣང་།

  16. གཉན་གཡག་ཕྲུག says:
    2012-07-28 at 11:02 pm

    ༄༅།། ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་རང་གི་དགོངས་ཚུལ་ལ་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
    བོན་དང་ཆོས་གཉིས་ལ་རྒྱ་མི་གུང་ཁྲན་ནས་གདུང་རྡེག་གཏོང་དུས་ལབ་གླེང་བྱེད་མཁན་མེད་ད་ལྟ་རང་དབང་ལུང་པར་གནས་ཅིང་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཕྲན་བུ་འཛོམས་པའི་སྐབས་བན་ཆོས་རྩོད་པ་དེ་ནི་
    དོན་མེད་ཀྱིས་དཀྲུགས་ཤིང་རེད། དེ་ལས་རང་རེའི་འགོ་བཀའ་བློན་ནས་གཙོ་བའི་བོད་མིའི་ལུགས་སྲོལ་ངན་པ་བོད་སྐད་ནང་ཨིན་ཇི་དང་། ཧིན་རྡི། འབྲུག་པའི་སྐད། བལ་ཡུལ་གྱི་སྐད་སོགས་མང་པོ་མཉམ་སྲེས་བྱས་ནས་ད་དུང་འཇོན་མདོག་དང་མཁས་མདོག་སྟོན་གྱི་འདུག་པས་དེ་སྔོན་འགོག་མ་བྱས་ན་རྒྱ་གུང་ཁྲན་གྱིས་བསམ་བཞིན་དུ་བོད་ཀྱི་སྐད་ཡིག་ཉམས་ཉེས་བཏང་བ་ལས། བོད་པ་ཚོས་ཧ་གོ་བཞིན་དུ་སྣང་ཆུང་བྱས་ནས་བོད་སྐད་གཙང་མ་བཤད་མཁན་མཐོང་རྒྱུ་དཀོན་པས་བསམ་ཡོད་བོད་མི་ཚང་མས་བོད་སྐད་གཙང་མ་ཞིག་སྤྱོད་རྒྱུར་འབད་བརྩོན་བྱས་ན་བསྟན་སྲིད་མི་དམངས་ཀྱི་བདེ་དོན་དེ་ལས་རླབས་ཆེ་བ་མེད་པས་དེ་དོན་འབད་བརྩོན་གནང་རོགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme