Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་།

Posted on 2011-04-272011-04-27 By ཁ་བརྡ་ 16 Comments on བློ་བཟང་སེང་གེ་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བོད། ལྷ་ཀླུ་གཉན་གསུམ།
ལོ་ངོ་གཉིས་གསུམ་གོང་ནས་བོད་མིའི་བཀའ་ཁྲི་གསར་བ་ཞིག་བཙལ་བ་རེད། བོད་མི་འདུས་བསྡོད་ཀྱི་བརྩིགས་ངོས་གང་སར་བཀའ་བློན་ཁྲི་བའི་གསལ་བསྒྲགས་དང་དེ་འབྲེལ་གྱི་ལོ་རྒྱུས། མ་འོངས་པའི་བོད་ཀྱི་སྐྱིད་སྡུག་སོགས་ཆེས་མི་ཉུང་བ་ཞིག་དེ་རིང་གི་བར་དུ་གླེང་བ་རེད། མཐར་བློ་བཟང་སེང་གེ་ལ་ཐོབ་འདུག
ཐོག་མར་བོད་མིའི་གུས་སྲོལ་བཟང་བོ་དེ་དང་འབྲེལ་ནས་བཀའ་བློན་ཁྲི་བ་གསར་བ་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་སྲིད་སྟེགས་གསར་བའི་མིང་བྱང་དེ་རེག་པར་རྟེན་འབྲེལ་ཞུ་བ་དང་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཡོད། དེ་འབྲེལ་གྱི་བོད་མི་མང་སྤྱི་འཐུས་གསར་བ་དག་ལ་ཡང་དེ་མཚུངས་ཞུ།

སྐབས་བབ་ཀྱི་གནད་དོན་དངོས་ནི། ད་ནི་ཁོང་ཚོ་ལ་ང་བོད་མི་དཀྱུས་མ་ཞིག་གི་རང་གི་འགན་བླངས་དེ། སེམས་ཁོང་རུས་པའི་གཏིང་ནས་འབོད་སྐུལ་ཞུ་རྒྱུ་ཡིན། འབོད་སྐུལ་དེ་ཡང་བོད་མི་སྤྱི་མཚུངས་ཀྱི་ཡ་ཆུང་སེམས་ཀྱི་རེ་བ་ཡང་ཡིན་བཞག་རེད། ཁ་ཡོད་དོན་ཡོད་ཀྱི་རྡོག་རྩ་ཆིག་སྒྲིལ་དང་། བོད་རྒྱ་ཆེ་མི་མང་གི་མངོན་འདོད་དངོས་ལ་འཇུས་དེ། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་བྱ་བར་རང་གི་ཚེ་སྲོག་ཚུན་ཆད་བདེན་པའི་དབང་བོར་བཞག་ནས་འབད་རོགས་ཞུ་ཞེས་རེ་སྐུལ་ཞུ་བཞིན་ཡོད།

དེ་དང་ཆབ་གཅིག གནད་འགག་གི་དུས་ཚོད་འདི་ལ། ༧གོང་ས་མཆོག་ཆབ་སྲིད་ཀྱི་སྟེགས་བུ་ལས་བགྲེས་ཡོལ་ལ་ཕེབས་ཀྱང་། འདི་ཕྱིའི་སྐྱབས་གནས་སུ་ནམ་ཡང་བགྲེས་ཡོལ་དུ་སོང་མེད་ལ། ལྷག་པར་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་མཆོག་བོད་མིའི་སེམས་ཁོང་གི་རྨིང་རྡོ་རུ་སླར་ཡང་བྱོན་རྒྱུར་བོད་མི་ཀུན་ལ་འདོད་པ་ཡོད་པ་སྨྲོས་མེད་ཡིན་དུས། རྒྱ་ནག་སྲིད་གཞུང་གིས་ཉེ་དུས་ནས་བཟུང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་མ་ཐུབ་པའི་ཉིན་མོ་དེར། སྐུ་ཕྲེང་བཅོ་ལྔ་བའི་ཡང་སྲིད་བཙལ་འཚོལ་ཐད་དུ་དོན་མེད་ཉོག་གཏམ་གྱི་གསལ་བསྒྲགས་སྤེལ་བ་དེ་དག་ལ་རྣོ་ངར་ལྡན་པའི་སྒོ་ནས་ལན་འདེབས་ནན་པོ་བྱེད་རོགས་ཞུ།

ལྷག་པར་དུ། བློ་བཟང་སེང་གེ་ལགས། ད་ལྟའི་བཀའ་ཁྲི་གསར་བ་ཡིན་དུས་ན། ད་ནས་བཟུང་། ཡུལ་ལུང་གང་དུ་ཕྱོགས་བསྐྱོད་བྱས་ཀྱང་། སྐྱབས་བཅོལ་ལག་ཁྱེར་སེར་བོའི་སྟེང་ནས་འགྲོ་བ་ལས། རྒྱལ་ཁབ་གཞན་གྱི་ལག་ཁྱེར་འཁུར་ནས་མི་འགྲོ་བར་སེམས་ཁོང་ནས་རེ་བ་ཆེན་པོ་ཞུ་ཡི་ཡོད། ཉེ་དུས་སུ་བློ་བཟང་སེང་གེ་ལགས་ཀྱི་རྒྱ་ནག་གི་མི་སེར་ལག་ཁྱེར་ཡོད་རབས་སོགས་གཏམ་ཆལ་ཡང་གང་ས་ནས་གླེང་བ་རེད། དེང་ཕྱིན་བཀའ་ཁྲིའི་མིང་ཐོག་ནས་ཨ་རིའི་ལག་ཁྱེར། རྒྱ་ནག་མི་སེར་ལག་ཁྱེར་སོགས་གང་ཡང་བེད་སྤྱོད་མི་གནང་་རྒྱུའི་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན།

དེ་འབྲེལ་གྱི་སྤྱི་འཐུས་གསར་བ་དག་གིས་ཀྱང་ཁོང་ལ་ཤུགས་ཆེན་པོའི་སྒོ་ནས་རྒྱབ་སྐྱོར་བྱེད་པ་དང་། དེ་མཚུངས་ཀྱི་བོད་མིའི་སྐྱིད་སྡུག་མཉམ་མྱོང་ནི་དོན་དག་ལ་འཁྱོལ་བ་ཞིག་ཡོང་བར་རེ་སྨོན་ཞུ།

མཐའ་དོན། བློ་བཟང་སེང་གེ་དང་བོད་མི་མང་སྤྱི་འཐུས་ཡོངས་ཀྱི་རང་གི་ཁྱིམ་ཚང་ལས་རང་གི་ལས་ཀ་གཙོ་བོར་འཛིན་ཐུབ་པར་ཡིད་ཆེས་ཆེན་པོས་སྒོ་ནས་བོད་ནང་གི་རེ་འབོད་ནམ་དུས་ཐོག་ལ་གསན་ཐུབ་པ་དང་། དུས་ཐོག་ལ་མགྲིན་ཚབ་པ་ཞིག་བྱེད་ཐུབ་པར་རེ་བ་ཆེན་པོ་ཡོད།

དེ་མཚུངས་བོད་མི་ཚང་མས་བཀའ་ཁྲི་གསར་བ་དང་སྤྱི་འཐུས་གསར་བ་དག་ལ་གུས་བརྩི་དང་དགའ་ཞེན་བྱེད་པར་འབོད་སྐུལ་ཡོད།

སྣ་ཚོགས།

Post navigation

Previous Post: བོད་ཕྱི་ནང་གཉིས།
Next Post: གསེར་མདོག་གི་ལང་ཚོ།

Comments (16) on “བློ་བཟང་སེང་གེ་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་།”

  1. བོད་པ་ཚང says:
    2011-04-27 at 10:49 pm

    བོད་ལྷ་གླུ་ལགས། ཁྱེད་ཀྱིས་བཤད་པ་བདེན་རྒྱུ་རེད། དང་བོར་བློ་སེང་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་
    ང་ཡི་འདོད་པ་ཁྱེད་མིན་ཡང་ཀུན་གྱིས་བཀུར་འོས་པའི་མང་མོས་ཁྱེད་ལ་ཡོད་ཕྱིར་མང་ཚོགས་ཀྱི་རེ་བ་
    འགྲུབ་པའི་སྨོན་འདུན་ཞུ།

  2. བདེན་པའི་རྒྱབ་ལང་ says:
    2011-04-28 at 8:50 am

    འོ་ཡ་ད་ཡིན་ན་དུས་རབ་གསར་པ་དང་མི་རབ་གསར་པའི་སྤྱི་ཚོགས་རང་རེད་འདུག། དུད་འགྲོའི་ཡང་ཆབ་སྲིར་དོ་འཁུར་ཆེན་པོ་བྱེད་ཀྱི་འདུག་ག། དཔེར་ན་༼གང་དུ་ཕྱོགས་བསྐྱོད་བྱས་ཀྱང་། སྐྱབས་བཅོལ་ལག་ཁྱེར་སེར་བོའི་སྟེང་ནས་འགྲོ་བ་ལས། རྒྱལ་ཁབ་གཞན་གྱི་ལག་ཁྱེར་འཁུར་ནས་མི་འགྲོ་བར་སེམས་ཁོང་ནས་རེ་བ་ཆེན་པོ་ཞུ་ཡི་ཡོད།༽ ཟེར་བར་ལྟས་ན་ཕྱུགས་ཀྱི་འདུ་ཤེས་ཅན་རང་རེད་ཞག། མི་ཁོ་ལ་གུ་སྐབས་མ་རག་ན་དམིགས་གསལ་རེད་གཞན་ཁོས་ག་རེ་བྱེད་དགོས་ཀྱང་ཐེ་ཚོམ་པུ་ཙམ་མེད་པ་ཆུར་གཡུག་ཀྱང་རེད་དོ།

  3. མགོ་རིལ་ says:
    2011-04-28 at 9:44 am

    བདེན་པའི་རྒྱབ་ལང་ལགས་ཁྱེད་ཀྱི་གསུང་པ་བཞིན་མི་ཚོགས་འདི་འཁྲུག་པོ་དངོས་གནས་འདུག་རྗེས་སུ་ཅི་ཞིག་བྱེད་གྲབ་ཡོད་དམ་མཉམ་པའི་སོམ་ཉིད་ངང་ལུས་མི་འདུག་གམ།

  4. འོད་ཡུག་པའི་འཁྱམས་པོ། says:
    2011-04-28 at 11:17 am

    འཚམས་འདྲི་ཞུ་མཁན་ཡང་འདུག སེམས་འཚབ་བྱེད་མཁན་ཡང་འདུག གང་ལྟར་བློ་སེང་བོད་མིའི་བཀའ་ཁྲི་སྐབས་གསུམ་པར་འདེམས་མཐོན་བྱུང་བ་རེད། འོན་ཀྱང་ངའི་ངོས་ནས་འཚམས་འདྲི་མེད་ན་ཡང་ཁོང་གིས་དྲང་བདེན་གྱི་ལམ་ཁ་ཡང་དག་ཞིག་ནས་གོམས་གང་མདུན་སྤོས་ཀྱིས་རང་ཅག་གངས་ཅན་པའི་ལས་དབང་ལ་ཐུགས་བསམ་ཆེ་བཞེས་ཀྱིས། ཡོད་ཚད་བོད་བསྟན་སྲིད་ཁོ་ནར་དམིགས་ཏེ་ལམ་བུ་བདེ་མོ་ཞིག་ཐབས་འཚོལ་ཡོང་རྒྱུར་སྨོན་ལམ་འདེབས་མཁན་ཞིག་ཡིན་ལ་སྐུ་ཉིད་ལ་འོས་འཕེན་པའི་མང་ཚོགས་རྣམས་ཀྱི་རེ་བ་ཆུས་བཟོས་སུ་མི་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-28 at 11:43 am

    བཀའ་ཁྲི་དང་སྤྱི་འཐུས་གསར་པར་མཚམས་འདྲི་ཡོད།

    སྤྱི་འཐུས་གསར་ཐོན་དགའ་སྟོན་ལགས། །
    སྤྱི་སེམས་མཐུན་པའི་བཀྲ་ཤིས་ཤོག །
    བཀའ་ཁྲིར་བློ་སེང་བདམས་པ་ལ། །
    བློ་སེང་སེང་འབྲུག་མཐུན་སྒྲིག་ཤོག །

    རྒྱ་བོད་མི་རིགས་མཐུན་སྒྲིལ་ཤོག །

  6. རང་བཙན་ལྡེའུ་ says:
    2011-04-28 at 2:26 pm

    བོད་མི་རིགས་དང་ རྒྱ་ཆེའི་བོད་དོན་ཐབས་བརྩོད་ཀྱི་ཁེ་ཕན་གྲུབ་ལེའི་ཕན་ཐོག་དགོས་པ་ཡོད་ན་ཕྱོགས་བསྐྱོད་སྐབས་ཨ་རི་ལྟ་བུ་རྒྱལ་ཁབ་གཞན་གྱི་ལག་འཁྱེར་འཁྱེར་ནས་བསྐྱོད་ན་ཕན་ཐོག་ཆེ་ལེ་རེད་ཡ་།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:18 pm

    བོད་པ་ཚང་ལགས། འུ་ཅག་གི་བཀའ་བློན་གསར་བ་ཁོང་ལ་རྟེན་འབྲེལ་ལོས་ཞུ། ད་དུང་ང་ཚོས་ཁོང་གི་ལས་དོན་ལ་རྒྱབ་སྐྱོར་དང་། ཁོང་ལ་ལྟ་རྟོགས་ནན་མོ་བྱེད་དགོས་པ་རེད།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:21 pm

    བདེན་པའི་རྒྱབ་ལང་ལགས། ཉིད་ནས་ང་རང་ལ་ཕྱུགས་ཀྱི་འདུ་ཤེས་ཅན་རེད་འདུག་གསུངས་པ་དེར་རྒྱུ་མཚན་ལྡན་པར་ཡིད་ཆེས་ཡོད། ང་ནི་དངོས་ནས་ཕྱུགས་རང་རེད་འདུག བོད་ལ་སྐྱེ་བ་བོད་དོན་ཏུལ་འབྲུ་ཙམ་མ་འཁྱོངས་པར་སྡུག་སྐད་རེ་ཤོར་ནས་བསྡད་ཡོད་མཁན་གྱི་གྲངས་རེད་ལགས།

  9. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:23 pm

    མགོ་རིལ་ལགས། ཉིད་ཀྱང་བདེན་པའི་རྒྱབ་ལང་གི་རྒྱབ་སྐྱོར་བྱེད་མཁན་དུ་བཞུགས་འདུག སྡུག་དམོད་བྱེད་མཁན་ཡིན་པར་ཁས་ལེན་བྱས་པ་ཡིན། བསམ་ཚུལ་ཡོད་ན་ཐད་ཀར་གསུང་ན་འགྲིག་གི་རེད་་ལགས།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:27 pm

    འོད་ཡུག་པའོ་འཁྱམས་པོ་ལགས། དངོས་ནས་རེད། ང་ཚོས་ཁོང་ལ་རེ་སྐུལ་ནན་པོ་བྱེད་དགོས་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་ལ། རྗེས་སུ་ཁོང་གི་བྱ་བྱེད་འདུག་གསུམ་ལ་བརྟག་པར་དཔྱད་རྒྱུ་དེ་ཡང་ང་ཚོའི་ལས་འགན་ཡིན་པར་འདོད།

  11. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:31 pm

    ཀརྡོ་རབ་འབྱམས་པ་ལགས།

    གཅིག་ནི་བོད་མིའི་མཐུལ་སྒྲིལ་གལ། །
    གཉིས་ནི་བོད་ཀྱི་སྙིང་སྟོབས་གལ།།
    གསུམ་ནི་འགོ་ཁྲིད་ཤེས་ཡོན་གལ།།
    དེ་གསུམ་འཛོམ་ན་ས་ཡ་དྲུག།
    སྡུག་གི་དོང་ལས་ཐར་ངེས་ཡིན།།

  12. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-28 at 6:35 pm

    རང་བཙན་ལྡེའུ་ལགས། ཉིད་ཀྱི་སྨྱུག་མིང་ལ་བལྟས་ན་སྐད་ཆ་དེ་འདྲ་ཞིག་ག་ལ་གསུངས་སྲིད་བསམ་ཡང་། དངོས་ནས་བཤད་ཟིན་པ་རེད། ངས་ཀྱང་བོད་ཀྱི་བདེ་སྡུག་གི་ཆེད་དུ་དེ་འདྲ་མ་བྱེད་རོགས་ཞུས་པ་ཡིན། ཉིད་ནས་དེ་ལས་གཞན་ཞིག་གསུངས་འདུག

  13. བཟོད་པ་ལྷ་རྩེ་ says:
    2011-04-29 at 12:25 am

    ང་ནི་བློ་སེང་ལ་རྒྱབ་བསྐྱོར་བྱ་མཁན་ཞིག་མིན་ཀྱང་མང་མོས་ལ་གུས་བཀུར་ཞུ་རྒྱུ་དང་། བློ་སེང་ལ་དྲན་སྐུལ་ཞུ་རྒྱུར་ཉིད་ནས་མི་མང་མདུན་མཁས་ལེན་གནང་པ་རྣམ་ཕྱག་ལེན་ཐོག་འགེལ་ཐུབ་པ་གནང་རོགས། ཁ་ཚ་དགོས་གཏུགས་ལྟ་བུར་རྒྱ་སྤྱིའི་ཁྲིམས་ཁྲིམས་ཀྱི་མདུན་སར་ཀིརྟི་དགོན་པའི་ཡ་ང་བའི་དྲག་སྣོན་གླེང་སློང་ཙམ་ཞིག་གནང་རྒྱུའི་རེ་བ་བཅངས་ཤིང་ཡོད་ན་ཉིད་ཀྱི་གོ་སྐབས་དང་པོ་དེ་མི་སློད་པའི་རེ་བ་ཡོད།

  14. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-29 at 11:22 am

    བཟོད་པ་ལྷ་རྩེ་ལགས། ད་ནི་ང་ཚོས་ཁོང་ལ་འཚམ་འདྲི་བྱེད་པ་སྐུལ་ལྕགས་བྱེད་རྒྱུ་དེ་དངོས་ཡོད་དང་མཐུན་ཞིང་། དུས་ཚོད་རན་པ་ཡིན། དེ་མིན་ཕྱིས་སུ་ཡང་བཤད་ནས་བསྡད་ན་གང་ཡང་མི་ཡོང་བ་དེ་ཡིན།

  15. བདེན་པའི་རྒྱབ་ལང་ says:
    2011-04-29 at 4:06 pm

    བཟོད་པ་ལྷ་རྩེ་ལ་ང་ནི་སུ་ཞིག་ལ་རྒྱབ་བསྐྱོར་བྱ་མཁན་ཞིག་ཡིན་མིན་ལ་མ་ལྟོས་པ་དངོས་ཡོད་གནས་ཚུལ་རྣམས་བཤད་མཁན་ཞིག་ཡིན་ པར་རྟེན་འདིར་ཡང་ཁྱེད་ཀྱི་བསམ་ཚུལ་འདི་༼ མི་མང་མདུན་མཁས་ལེན་གནང་པ་རྣམ་ཕྱག་ལེན་ཐོག་འགེལ་ཐུབ་པ་གནང་རོགས། ཁ་ཚ་དགོས་གཏུགས་ལྟ་བུར་རྒྱ་སྤྱིའི་ཁྲིམས་ཁྲིམས་ཀྱི་མདུན་སར་ཀིརྟི་དགོན་པའི་ཡ་ང་བའི་དྲག་སྣོན་གླེང་སློང་ཙམ་ཞིག་གནང་རྒྱུའི་རེ་བ་བཅངས་ཤིང་ཡོད་ན་ཉིད་ཀྱི་གོ་སྐབས་དང་པོ་དེ་མི་སློད་པའི་རེ་བ་ཡོད།༽ རེ་སྟོང་རང་རེད་རྒྱུ་མཚན་ནི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་གཞུང་གི་འོས་སྒམ་རྣམ་འཕྲོག་སྐབས་སུ་ཡང་གླེང་སློང་ཙམ་ཞིག་གནང་སོང་ཡང་འབྲས་བུ་ནི་རི་བོང་གི་རའི་སྤུན་ཆེད་རང་རེད་ཡིན་ན་ཡང་རང་རང་སོ་སོར་སེམས་བསོ་ཙམ་ཐེབ་ཆེད་ཡིན་ན་འགྲིག་པ་རེད་དོ།།

  16. ཀརྡོ་རབ་འབྱམས་པ་ says:
    2011-04-29 at 4:46 pm

    བོད། ལྷ་ཀླུ་གཉན་གསུམ་ལགས།

    བོད།ནི་འཛམ་གླིང་ཡང་རྩེ་རེད། །
    ལྷ།མིའི་ཡུལ་གྱི་གཙང་ཤོས་རེད། །
    ཀླུ།ཚོ་མཚོ་ཀླུང་དག་ལ་གནས། །
    གཉན།རི་གཉན་ས་གཉན་ཆུ་མང་། །
    གསུམ།ལ་སྐྱབས་སུ་འགྲོ་ནུས་ན། །
    བོད་ཀྱི་ལྷ་ཀླུ་གཉན་གསུམ་དང་། །
    འཛམ་གླིང་སྐྱེ་འགྲོའི་ཀུན་སྙིང་ལ། །
    ཞི་བདེ་བག་ཕེབས་རྒྱས་པར་ངེས། །

    ས་ཡ་དྲུག་པོ་འདི་ནང་བསྡུས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme