Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད། ཆེས་བཟང་བའི་དགྲ་བོ།

Posted on 2020-10-012020-10-01 By ཁ་བརྡ 2 Comments on བོད། ཆེས་བཟང་བའི་དགྲ་བོ།

སྒང་པ་དགེ་ལེགས།

ད་ནི་བོད་པ་སྤར་མོ་གང་འདི་རྡོ་ཚ་བོའི་ཐོག་གི་གྲོག་མ་བཞིན་བྲེལ་འཚུབ་དང་ཟང་ཟིང་ལང་ལོང་དུ་གྱུར་འདུག ཅི་ཁག་སྟེ་ལོ་ལྔའི་ནང་དུ་ཐེངས་གཅིག་ཡོང་ངེས་པའི་ས་ཡོམ་ཆེན་པོ་དེ་རྒྱག་བཞིན་འདུག དོན་དུ་ས་གཞི་ཆེན་པོ་འདི་རང་བྱུང་གིས་འགུལ་བ་མ་ཡིན་པར་སྤྱི་ཚོགས་ཆུང་ཆུང་འདིས་སྒུལ་བ་རེད། འོན་ཀྱང་ཁོ་ཚོའི་ཆག་འཇིགས་འདི་རང་ཉིད་ལས་བྱུང་བ་ཡིན་མིན་ལ་བསམ་བློ་གཏོང་གི་མེད་ལ་དེ་ལྟར་ཡིན་པ་ངོས་ལེན་ཀྱང་བྱེད་མི་ཐུབ།ཁོ་ཚོ་ལ་ས་གཞི་འདི་གས་ཁ་ཆུང་ངུ་ཙམ་ཡང་གསོ་བའི་འདུན་པ་མེད། ཡང་ཅིག་བཤད་ན་ཁོ་ཚོས་རང་གི་རྐང་འོག་ཏུ་གས་ཁ་ཆེན་པོ་ཞིག་ཡོད་པ་མཐོང་གི་མེད་ལ་རང་ཉིད་དེའི་ནང་དུ་ཟག་སྟེ་ཤ་ཉོག་རུས་ཉོག་ཏུ་འགྱུར་སྲིད་པའི་ཉེན་ཁ་དེ་བས་ཀྱང་ཚོར་གྱི་མེད། དེའི་དབང་གིས་ཁོ་ཚོས་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུག་སྟེ་འཕག་མཆོང་རྒྱག་བཞིན་ཡོད། འཕག་མཆོང་རྒྱག་མཁན་མང་དྲགས་པའི་དབང་གིས་ཁུ་སིམ་མེར་ཉལ་ནས་འདུག་མཁན་རྣམས་ལ་གཉིད་སྐྱིད་པོ་ཞིག་ཁུག་རྒྱུའི་གོ་སྐབས་མེད།

ད་དུང་ཁོ་ཚོས་རང་གི་སྤྱི་ཚོགས་འདི་གཞན་ཞིག་གིས་གཏོར་འགྲོ་བའི་དོག་པ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་མོད། གཞན་དག་གིས་བོད་པ་ཚོས་རང་གིས་རང་གཏུབ་ཅིང་གཞོག་པའི་བླུན་རྟགས་ལ་ཧབ་ཆ་རྒྱག་བཞིན་ཇ་བཏུང་སྟེ་ལྟད་མོར་བལྟས་ནས་བསྡད་ཡོད།

སྐབས་དང་སྐབས་སུ་ཕྱི་ལོག་ནས་གཡུག་ཡོང་བའི་དུག་རྫས་ལ་བདུད་རྩི་རུ་སྒོམ་སྟེ་ཧབ་ཐོབ་རྒྱག་ཅིང་ཚམ་ཚོམ་དང་ནེམ་ནུར་མེད་པར་ཁ་ལ་འཇུག་རྐྱང་དང་ཁོག་ཏུ་མིད་རྐྱང་བྱེད། ཁོ་ཚོས་བཤད་ན་ཁོ་ཚོའི་ཡབ་མེས་ཚོ་ནི་འཇིག་རྟེན་འདིའི་དཔའ་མཛངས་རྟུལ་ཕོད་ཀྱི་བསྡུས་གཟིགས་ཡིན་ཟེར། ལ་རྒྱ་དང་སྒལ་ཚིགས་ཀྱི་མཚོན་རྟགས་ཡིན་ཟེར། ཡིན་ན་ཡང་ཁོ་ཚོའི་ལུས་སྟེང་དུ་དཔའ་མཛངས་རྟུལ་ཕོད་ཀྱི་ཞག་རྩི་མེད་ལ། ལ་རྒྱ་དང་རྒལ་ཚུགས་ཀྱི་དྲི་མའང་མེད། ཁོ་ཚོས་བཤད་ན་ཁོ་ཚོའི་ཡབ་མེས་ཚོས་སུམ་གཉིས་ས་ལ་དབང་བསྒྱུར་བྱེད་མྱོང་ལ་མཐའ་བཞིའི་རྒྱལ་ཕྲན་ལ་དཔྱ་ཕབས་མྱོང་ཟེར། འོན་ཀྱང་དེང་སྐབས་ཁོ་ཚོ་ནང་འཁྲུག་གིས་སྐྱོམ་བཞིན་ཡོད་ལ་མཐའ་བཞིའི་རྒྱལ་ཕྲན་ལ་ལྟོ་གོས་བསླང་ནས་བྲེལ་བཞིན་ཡོད། མདོར་ན་ཕྱི་རོལ་གྱི་སྦྱོར་ངན་ཡོད་ཚད་ནང་ཁུལ་གྱི་འཁྲུག་རྐྱེན་དུ་བསྒྱུར་བཞིན་ཡོད། དེ་ལྟ་ནའང་ཁོ་ཚོས་ད་དུང་རང་ཉིད་ཡ་རབས་ཚུལ་མཐུན་དང་ཤེས་འཇོན་གཞུང་དྲང་ཞིག་ཏུ་རློམ་བཞིན་འདུག ལོས་ཡིན་ཏེ། དེ་ལྟར་ཡིན་པའི་དབང་གིས་ཁོ་ཚོ་ཆེས་མཐོ་ས་ནས་ཆེས་དམའ་སར་ཟག་པ་རེད།

ཁོ་ཚོའི་ཆབ་སྲིད་པ་དག་གིས་ཆོས་མ་གཏོགས་སྲིད་དོན་མི་ཤེས་པས་སྲིད་གཞུང་གི་སྲོག་ཤིང་དང་སྐེ་རགས་ལྟ་བུའི་རྩ་ཁྲིམས་དང་ཁྲིམས་ཁང་ཡང་མིག་ནང་དུ་མི་འཇོག ཁོ་ཚོའི་ཆོས་པ་དག་གིས་སྲིད་དོན་མ་གཏོགས་ཆོས་གཞུང་ལ་ཉམས་ལེན་མི་བྱེད་པས་གྲྭ་བཙུན་གྱི་མཚོན་རྟགས་སུ་གྱུར་བའི་འདུལ་བའི་བཅས་མཚམས་དང་དགོན་པའི་བཅའ་ཡིག་ལ་ཁ་ཡ་མི་བྱེད། ཆབ་སྲིད་པ་ཚོ་ཆོས་ཀྱིས་བཟི་ནས་བསྡད་ཡོད་ལ་ཆོས་ལུགས་པ་ཚོ་སྲིད་ཀྱིས་སྨྱོས་བསྡད་ཡོད། གང་ལྟར་ཁོ་ཚོའི་གནས་བབས་ནི་འདི་འདྲའི་ཡ་ང་ཞིང་ཡི་མུག་པ་ཞིག་རེད། རེད་དེ། ཁོ་ཚོ་ལ་ཁོ་ཚོས་ཚེ་ནོམ་དུ་རློམ་ཆོག་པ་གཅིག་རང་ཅིག་ཡོད་པ་ནི་དགོང་ན་བརྒྱད་ཅུ་བརྒལ་ནས་དགུ་བཅུར་ཉེ་བའི་ཕ་རྒན་ཞིག་ཡོད་པ་དེ་རེད། ནམ་ཞིག་ཁོང་མ་བཞུགས་ཚེ་ཁོ་ཚོ་ཅི་འདྲ་ཞིག་ཏུ་འགྱུར་སྲིད་དམ། ཁོ་ཚོས་རང་ཉིད་ཕ་ཡུལ་དུ་ལོག་རྒྱུའི་ཕུག་འདུན་ཅི་ལྟར་སྒྲུབ་སྲིད་དམ། དྲི་བ་འདི་དག་ནི་ཁོ་ཚོ་རེ་རེའི་ཕྲག་ཏུ་འབབ་ངེས་པའི་ཁུར་བོ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ཁོ་ཚོ་ད་ལྟའི་ནང་འཁྲུག་གི་འུར་ཟིང་ལ་བྲེལ་འཚུབ་ཆེ་དྲགས་པས་འབྱུང་འགྱུར་ལ་ཁ་གཏོད་པའི་ཁོམ་ལོང་མེད་ལ་ཡི་གའང་མེད་པ་འདྲ།

ཁོ་ཚོའི་ཞེ་ཕུགས་སུ་ནམ་ཞིག་གཞན་ཞིག་གིས་ཁོ་ཚོའི་ཆེད་དུ་དགྲ་བོ་ལ་དམག་སྣ་དྲངས་སྟེ་འཐོབ་འོས་པ་ཡོད་ཚད་འཐོབ་ངེས་པའི་ཡིད་ཆེས་ཤིག་བཅང་ཡོད། ཁོ་ཚོས་ཚོགས་པ་སྒྲིག་འཛུགས་ག་གེ་མོས་བདེན་པའི་གཟུ་དཔང་བྱས་ཏེ་རྒྱུ་འབྲས་ཀྱི་ཁྲུན་ཐག་གཅོད་པའི་རེ་བ་བཅང་ཡོད། འོན་ཀྱང་ཡིད་ཆེས་དང་རེ་བས་ཁོ་ཚོ་ཤ་ཉོག་རུས་ཉོག་ཏུ་བཏང་བའི་ལོ་རྒྱུས་དེ་དག་ད་དུང་ཡལ་མེད། རེད་དེ་ཁོ་ཚོས་ལོ་རྒྱུས་ལས་བསླབ་བྱ་ལེན་མི་ཤེས་ལ་ལེན་འདོད་ཀྱང་མེད། ཁོ་ཚོའི་མིག་ནང་དུ་ལོ་རྒྱུས་ཟེར་བ་ནི་ཤོག་བུ་དང་སྣག་ཚ་ཙམ་དང་སྐད་ཆ་དང་རླངས་པ་ཙམ་རེད།

ཁོ་ཚོ་ལ་ཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི་ལྟ་བ་མི་མཐུན་པ་ཡོད་ཚད་དགྲ་རུ་ལྟ་བ་དེ་རེད། གཤིས་ཀ་དེའི་དབང་གིས་ཁོ་ཚོའི་སྤྱི་ཚོགས་འདི་མ་གཞི་ནས་ཆུང་ཆུང་ཞིག་ལས་མེད་བཞིན་དུ་ཆུང་ཆུང་དེ་ཡང་ཁ་འཐོར་ཡ་འཐོར་དུ་འགྱུར་བཞིན་ཡོད། གལ་སྲིད་ཁྱོད་ཀྱིས་ཁོ་ཚོ་གང་རུང་གི་ལྟ་བ་དང་བྱ་སྤྱོད་ལ་དགག་རྒྱག་བྱས་ཚེ་ཁྱོད་དགྲ་བོའི་ཉུག་མ་དང་ཕོག་ཟན་རེད་ཅེས་སྤྱི་ཚོགས་དེ་ནས་ཕྱིར་འབུད་བྱེད་ངེས། རེད་དེ་དགྲ་བོའི་དམིགས་ཡུལ་སྒྲུབ་མཁན་ནི་ཕྱིར་འབུད་གཏོང་མཁན་དེ་ཡིན་པ་ལས་ཕྱིར་འབུད་གཏོང་རྒྱུ་དེ་མིན་པའི་གནས་ལུགས་ཁོ་ཚོས་ནམ་ཡང་ཤེས་མེད།

ཁོ་ཚོ་ནི་དེ་འདྲ་ཞིག་ཡིན་པས་སུ་ཞིག་ཁོ་ཚོ་དང་དགྲ་རུ་ལང་ན་དེ་ནི་དགྲ་ཡི་བསོད་ནམས་ཡིན་ཏེ། དགྲ་ཡིས་ཁོ་ཚོ་མ་བཏུལ་སྔོན་ནས་ཁོ་ཚོས་ཁོ་ཚོ་བཏུལ་ཚར་ཡོད། དེའི་རྐྱེན་གྱིས་དེང་སང་བོད་ཀྱི་ཁྱིམ་མཚེས་ཚོ་ལས་སྐྱིད་པའི་རྒྱལ་ཁབ་ཅིག་མེད་ལ་བོད་ཀྱི་དགྲ་བོ་ཚོ་ལས་དལ་བའི་དམག་དཔུང་ཞིག་མེད། དེ་བས་ཁྱོད་ཚོས་ཀྱང་སྐྱེ་བ་ཕྱི་མར་བོད་ཀྱི་ཁྱིམ་མཚེས་དང་དགྲ་བོ་ཞིག་ཏུ་སྐྱེ་བའི་འདུན་པ་ཐོངས་ཤིག །

བསམ་ཚུལ།

Post navigation

Previous Post: དེ་རིང་གི་ཉིན་ཐོ།
Next Post: རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པའི་རྒྱབ་ལྗོངས་ཁག

Comments (2) on “བོད། ཆེས་བཟང་བའི་དགྲ་བོ།”

  1. བོད་ལ་དགའ། says:
    2020-10-03 at 5:18 am

    གནས་ལུགས་དང་ལྡན་པ་ཞིག་བྲིས་འདུག བཀའ་དྲིན་ཆེ་གོ་བ་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2020-10-04 at 2:04 am

    ཆེ་བཟང་བའི་རྒྱ་གར་དང་། ཆེས་ཟཟང་བའི་བོད་གཉིས་མི་འདུག་གམ། ལགས། འདི་གཉིས་ཀ་དགྲ་བོར་ཆོས་རིག་གཞུང་གཉིས་ཀ་བཟང་དྲགས་པས་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme