Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྒྱུར་བྱེད་པོ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ།

Posted on 2016-03-112016-03-11 By ཁ་བརྡ 1 Comment on བོད་སྒྱུར་བྱེད་པོ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ།

མགྲིན་སྒྲ།

 
<<ཡ་ཧུ་དཱ་པའི་སློབ་གསོའི་མན་ངག>>བཀླགས་རྗེས་ཞོར་དུ་བོད་ཀྱི་ལོ་ཙཱ་རྣམས་ལ་བཀའ་དྲིན་ཞུས་པ།

ལྟོས་བཅས་ཀྱིས་བཤད་ན། ང་ཚོས་བོད་འགྱུར་དཔེ་ཚོགས་ཕོན་ཆེན་ཞིག་མཇལ་ཐུབ་ཀྱི་ཡོད་ཅིང་། འདི་དག་ཀློག་རིམ་བཞིན་ང་ལ་རྟག་པར་དགའ་བ་དང་སྤོབས་པ་གང་འཚམ་སྦྱིན་གྱི་འདུག་ལ་ཡང་སྒོས་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དམིགས་བསལ་ཚོར་འཇུག་གི་འདུག

ང་ཚོས་ནམ་ཞར་སྔར་གྱི་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ནི་བརྗོད་ཀྱིས་མི་ལང་ཞེས་ལབ་ཀྱང་ལབ་ཀྱི་ཡོད་ཅིང་དོན་དུའང་དེ་ག་རང་རེད། དེ་བཞིན་ཕྱིས་སམ་དེང་གི་ཆར་ཡང་ཡིག་རིགས་འདྲ་མིན་ནས་རིག་ཚན་སྣ་ཚོགས་བོད་སྒྱུར་གནང་བཞིན་པས་ཀྱང་རང་རེའི་བློ་གྲོས་ཀྱི་སྒོ་མོ་འབྱེད་པར་དངོས་སུ་རམ་འདེགས་གནང་བཞིན་ཡོད་ཅིང་། མ་ཟད། བོད་འགྱུར་དེབ་ཅིག་བཀླགས་པའི་བློ་བསྐྱེད་དེ་གཞན་ཡིག་ནས་དེབ་མང་བཀླགས་པའི་བློ་བསྐྱེད་ལས་ལྷག་སྟེ། དུས་ཚོད་མང་ཆེ་བ་ནི་གདམ་གསེས་ལ་རྨོངས་འགྲོ་བ་ཡིན་ནོ་ཞེས་རོགས་ཤིག་གིས་བཤད་མྱོང་ལ་རང་གིས་ཀྱང་གཏམ་འདི་ནི་ཤིན་ཏུ་འཐད་པར་འདོད་དེ། དམིགས་ཡུལ་དང་དུས་ཚོད། རྣམ་གྲངས། སྤུས་ཀ་བཅས་ཕྱོགས་གང་ཐད་ནས་བལྟོས་ཀྱང་དཔེ་དེབ་ཀློག་རྒྱུ་ཙམ་མིན་པར་གདམ་གསེས་ཤེས་རྒྱུའང་ཤིན་ཏུ་གནད་འགག་ཡིན་པས་སོ།།

unnamed-2<<ཡ་ཧུ་དཱ་པའི་སློབ་གསོའི་མན་ངག>>ཀྱང་རང་རེའི་ན་ཆུང་རྣམས་ཀྱི་མཐོང་རྒྱར་དམིགས་ཏེ་དེང་གི་ཁ་ལུགས་དང་མཐུན་ཞིང་མཚམས་རེར་གནའ་ཡི་གསུང་སྒྲོས་ཀྱི་ཁྱད་ཆོས་ཀྱང་སྦྱོར་འདུག ལྷག་པར་དུ་བརྗོད་བྱ་ནི་ཆེད་དུ་རང་རེའི་དངོས་ཡོད་སློབ་གསོའི་དཀའ་ངལ་སེལ་ཐབས་སུ་དམིགས་ཏེ། ཡ་ཧུ་དཱ་པའི་གཏམ་རྒྱུད་སྒུལ་ཤུགས་ཅན་གང་མང་མཆན་འགྲེལ་ལྟ་བུས་མཚམས་སྦྱོར་དང་བཅས་ཏེ་སྒྱུར་སྒྲིག་གནང་འདུག་ཅིང་། དཔེ་དེབ་འདི་ནི་ཆེད་དུ་བོད་ཀྱི་ཕ་མ་རྣམས་ལ་དམིགས་ཏེ་སྒྱུར་སྒྲིག་གནང་ཡོད་པའི་གསལ་འདེབས་ཀྱང་གནང་འདུག

དོན་ངོ་མར་འཁང་ར་དང་འཁོན་སེམས་ཀྱིས་མི་ཚེ་བརླག་བརྩིས་མེད་ཀྱང་། ཉེ་བའི་ཆར་སྲིད་སྟེགས་ཆུང་ཆུང་ཞིག་དང་ཕྱོགས་གཏོགས་ཉི་ཚེ་བའི་ཕྱིར་དུ་གོང་འོག་ཚང་མ་སྨྱོས་པ་ལྟར་དངོས་ཡོད་སོ་སོ་ཐེ་བའི་མང་ཚོགས་ལ་སེམས་ཁུར་བྱ་རྒྱུ་ལྟ་ཅི། ཤེས་བཞིན་དུ་གཏམ་འཆལ་གང་ཐུབ་ཀྱིས་འཆད་དེ། མཐར་གཏུགས་ན་སོ་སོ་རང་ཉིད་མགོ་སྐོར་བའི་སྣང་ཚུལ་ཡི་མུག་པ་སྤེལ་གྱིན་པ་འདིར་བལྟོས་ནས་བཤད་ན། དཔེ་དེབ་འདི་ནི་དོན་ངོ་མའི་མང་ཚོགས་ལ་སེམས་ཁུར་དང་མང་ཚོགས་ཀྱི་དཀའ་ངལ་སེམས་ཐབས་སུ་སྣང་བས། འདི་ནས་དེབ་འདིའི་སྒྱུར་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་གཙོས་པའི་བོད་ཀྱི་ལོ་ཙཱ་བ་ཡོངས་ལ་ཀློག་པ་པོ་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞེས་སེམས་གཏིང་ནས་ཞུ་བ་འདོད་དོ།།

ཞེས་2016.3.11 དགོང་མོར་<<ཡ་ཧུ་དཱ་པའི་སློབ་གསོའི་མན་ངག>>བཀླགས་གྲུབ་པ་དང་སྐད་འཕྲིན་གྱི་བར་སྟོང་དུ་ཤར་མར་བྲིས་སོ།།

ངོ་སྤྲོད།

Post navigation

Previous Post: བཀའ་སྤྱིའི་ཤགས་འགྱེད།
Next Post: སྲིད་སྐྱོང་བློ་སེང་ལ་ཕོ་ཚོད་དེ་འདྲ་ཞིག་གང་ནས་བྱུང་བ་ཡིན་ནམ།

Comment (1) on “བོད་སྒྱུར་བྱེད་པོ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ།”

  1. ཀླུ་སྨྱོན། says:
    2016-03-11 at 8:01 pm

    ཡིག་སྒྱུར་པ་ཚོར་སྔོན་ཆད་འཇིག་རྟེན་མིག་ཅེས་བཏགས་པ་འདིས་ཁོང་ཚོར་གདེང་འཇོག་ཅི་ཙམ་བྱས་ཡོད་མེད་ཤེས་ཐུབ་ཀ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme