Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་ཡིག་གི་ལས་དབང།

Posted on 2017-10-25 By ཁ་བརྡ 10 Comments on བོད་སྐད་ཡིག་གི་ལས་དབང།

མིང། བསྟན་འཛིན་འཆི་མེད། རང་ལོ། ༡༤ འཛིན་རིམ། ༨ དཔེ་སྟོན་སློབ་གྲྭ།
 
དེ་རིང་ངས་སློབ་གྲྭའི་ནང་ལྟ་སྐོར་དུ་ཕྱིན་དུས་འཛིན་ཁང་ཞིག་གི་ནང་དེབ་རྙིང་ཞིག་རྙེད་བྱུང། དེའི་ནང་བོད་ཡིག་འགའ་ཞིག་འབྲི་འདུག། ངས་ཐེངས་མང་ཀློག་ཐབས་བྱེད་ཀྱང་གོ་བརྡ་འཕྲོད་རྒྱུ་ཧ་ཅང་དཀའ། རྒྱུ་མཚན་ནི་དབྱིན་བོད་འདྲེས་མས་བྲིས་པའི་དཔེ་ཆུང་ཞིག་ཡིན་པས་རེད། དེ་དུས་ངའི་ཡིད་ལ་འཁོར་བ་ནི། ཨེ་མ་དེ་འདྲ་ཡ་མཚན་ལ། བོད་པས་བོད་ཡིག་འབྲི་ཤེས་ཀྱི་མི་འདུག་ཅེས་སྙམ་བྱུང་། སྐབས་འཁེལ་བ་ཞིག་ལ་ཚོགས་ཐེངས་གསུམ་པར་བོད་དགེ་ཟླ་བ་ཚེ་རིང་མཆོག་གིས་སློབ་ཕྲུག་རྣམས་ལ་རྩོམ་ཡིག་གི་མགོ་བརྗོད་འགའ་ཞིག་ཡོད་པ་དེའི་ནང་ནས་གཅིག་དེ་བོད་སྐད་ཡིག་གི་ལས་དབང་རེད་འདུག། དེ་མུར་ངའི་སེམས་ནང་མགོ་བརྗོད་དེའི་ཐོག་རྩོམ་ཡིག་འབྲི་རྒྱུར་འདུན་པ་འགོག་མེད་དུ་སྐྱེས་ཤིང་སེམས་ནང་དགའ་ཚོར་ཤུགས་ཆེན་ཞིག་ཀྱང་སྐྱེས། ངའི་སྨྱུ་གུ་ཤོག་ངོས་དཀར་པོའི་ངོས་སུ་ཨུ་ཚུགས་ཀྱི་མི་འཛུགས་ཐབས་མེད་བྱུང།

ང་ཚོའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་བོད་སྐད་ཡིག་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ཐོན་མི་སམ་བྷོ་ཊ་མཆོག་གིས་སྐུ་ལས་གྲངས་མེད་འོག་བརྩམས་གནང་བ་ཞིག་རེད། བོད་སྐད་ཡིག་དེ་དར་རྒྱས་ཤུགས་ཆེན་ཕྱིན་ནས་ལོ་ངོ་སྟོང་ཕྲག་མང་པ་ཕྱིན་ཡང་དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབས་དུས་བོད་པས་དབྱིན་ཇི་མགོ་སེར་གྱི་ལད་ཟློས་བྱས་པ་བཞིན་བོད་ཚིག་མང་པོ་ཞིག་དམར་གསོད་བཏང་སྟེ་དུས་ད་ལྟ་ཁོང་ཚོས་བཀའ་མོལ་གནང་དུས་བོད་ཚིག་གིས་མ་མདངས་བར་དབྱིན་ཚིག་བེད་སྤྱད་པ་དང་ཕན་ཚུན་འཕྲིན་ཡིག་གཏོང་རེས་བྱ་དུས་དབྱིན་ཡིག་ཐོག་བསྐུར་བ་ལ་སོགས་བྱས་ཏེ་ང་ཚོའི་རྫིག་ཉམས་འདོད་པའི་བོད་སྐད་ཡིག་དེ་རིམ་བཞིན་ཉམས་རྒུད་ཕྱིན། དེང་ངས་ངོ་ཚ་བའི་གནས་ཚུལ་ཞིག་ལ་བོད་པས་བོད་སྐད་ཤོད་རྒྱུར་ངོ་ཚ་བ་དང་ཕྱི་མིས་བོད་ཡིག་སྦྱོང་རྒྱུར་དགའ་མོས་བྱེད་ཀྱི་འདུག། ངོ་མ་ངོ་ཚ་བའི་གནས་སྟངས་ཤིག་མ་རེད་དམ། ངས་དང་ཐོག་དཔེ་སྟོན་སློབ་གྲྭའི་རྒྱལ་སྒོ་ལྗང་ཁུ་ནས་སླེབས་དུས་ངའི་མིག་ཟུང་ནང་ཐོག་མ་མངོན་པ་དེ་ནི་མཁས་དབང་ཞང་སྟོང་བསྟན་པ་རྒྱལ་མཚན་གྱིས་གསུངས་པའི་ལེགས་བཤད།

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང།
མཐོང་ཚད་ལད་མོ་བྱས་ན་ངོ་ཚ་ཡིན།
སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

ཞེས་པའི་ལེགས་བཤད་བསླབ་བྱ་བཟང་མོ་ལྡན་པ་དེ་ཡིན། དེ་དུས་ངའི་ཡིད་ལ་འཁོར་བ་ནི། དཔེ་སྟོན་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་ཡོངས་རང་ཉིད་ཀྱི་ཕ་སྐད་སྦྱོང་རྒྱུར་དགའ་མོས་བྱེད་ཀྱི་ཡོད་པ་འདྲ་སྙམ་བྱུང། ངས་ཆུང་དུས་ནས་ད་བར་སློབ་གྲྭ་དེའི་སྐོར་ལ་གཏམ་བརྗོད་བཟང་པོ་དང་བསྟོད་བསྔགས་ཐོས་པ་ལས་སྨད་ར་ན་གཅིག་ཐོས་མ་མྱོང། དེར་བརྟེན་སྐད་ཡིག་དེ་མི་རིགས་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་རེད། གལ་ཏེ་སྐད་ཡིག་མེད་ན་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་བྱེད་མ་ཐུབ་པ་དང། གལ་ཏེ་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་བྱེད་མ་ཐུབ་ན་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང།

གལ་ཏེ་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ན་མིའི་འཚོ་བ་བ་དང་སེམས་ཁམས་ལ་དཀའ་ངལ་ཤུགས་ཆེན་སྤྲད་པ་སོགས་བྱུང་སྲིད།

དེར་བརྟེན་གཞན་གྱི་སྐད་ཡིག་ལ་བརྩི་མཐོང་བྱ་མ་ཐུབ་ན་རང་ཉིད་ཀྱི་སྐད་ཡིག་ལ་བརྩི་མཐོང་བྱ་དགོས། རྒྱུ་མཚན་ནི་།ང་ཚོ་བོད་པ་ཞིག་ཡིན་པ་ཆ་ནས། ང་ཚོ་བོད་མི་རིགས་ཀྱི་མ་འོངས་སོན་རྩ་ཞིག་ཡིན་པའི་ཆ་ནས་བོད་སྐད་ཡིག་ལ་བརྩི་མཐོང་དང་བདག་གཅེས་བྱ་རྒྱུ་ནི་འོས་འགན་ཞིག་རེད་ལ་དེ་ནི་ང་ཚོའི་མེད་དུ་མི་རུང་བའི་ང་ཚོའི་ཕ་མེས་ཀྱི་བཞག་པ་རྒྱུ་ནོར་ཞིག་ཀྱང་རེད་དོ།།

བྱིས་རྩོམ་

Post navigation

Previous Post: བཀྲ་ཤིས་ཕུན་ཚོགས་དང་ཁོའི་གླུ་སྐད།
Next Post: འདྲ་པར་གཅིག་གིས་བུ་མོའི་མི་ཚེ་བསྒྱུར།

Comments (10) on “བོད་སྐད་ཡིག་གི་ལས་དབང།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-25 at 5:43 am

    སྐད་ཡིག་ནོར་བུ་མ་ནོར་ལམ་སྟོན་རེད་།
    སྐད་ཡིག་རྒྱུད་ནས་མི་རིགས་ངོས་འཛིན་ཐུབ་།
    སྐད་ཡིག་ཉམས་ན་མི་རིགས་ལས་ཀྱི་ཉམས་།
    སྐད་ཡིག་སྲུང་རྒྱུ་མི་རིགས་དེ་ཡིའི་འགན་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-25 at 7:38 am

    རང་ཚུགས་ཟིན་ན་མཁས་པ་རེད་།
    རྗེས་རྒྱུགས་མང་ན་རང་ས་ཤོར་།
    མ་བཤད་གཏམ་ལ་རང་དབང་ཡོད་།
    བཤད་པའི་གཏམ་ལ་རང་དབང་མེད་།

  3. ཨ་ཁུ་འབྲོག་པ། says:
    2017-10-25 at 2:37 pm

    ལོ་ཚད་ལ་དཔགས་པའི་བོད་ཡིག་ཡག་པོ་བྲིས་འདུག བཀྲ་ཤིས་བདེ་ལེགས་ཡོད། མུ་མཐུད་དེ་འདི་ལྟར་འབྲི་རོགས་གནང་།

  4. Abhar Jigwang says:
    2017-10-25 at 11:08 pm

    ༄༅། བསྟན་འཛིན་འཆི་མེད་ལགས་ནས་བྲིས་གནང་བའི་རྩོམ་དེ་རང་གི་སྐད་ཡིག་གལ་
    ཆེ་ཡིན་སྐོར་རེད། ཡག་པོ་བྲིས་འདུག་ཀྱང་བསྟན་འཛིན་འཆི་མིད་རང་ལོ་ ༡༤ འཛིན་རིམ་ ༨ ཡིན་པར་བརྟེན་བོད་ཡིག་གི་གནས་ཚད་དེ་འདྲ་རང་ཨེ་ཡོད་སྙམ། རང་རྩོམ་དེ་ལ་དགེ་རྒན་གྱིས་བཅོས་ཐེངས་དགའ་བརྒྱབ་ནས་དྲ་རྒྱའི་ནང་བཏོན་པ་རེད་མ་གཏོགས་ཕྲུ་གུ་རང་གི་བོད་ཡིག་ཤེས་ཚད་དེ་ཙམ་ཨེ་ཡོད་བསམ་བཞིན་ཞིང་ཡིད་ཆེ་དེ་ཙམ་མི་འདུག་
    ང་འཛིན་གྲ་ ༡༠ པའི་སྐབས་ལ་སློབ་གྲའི་ཟླ་རེའི་ཚགས་ཤོག་འདོན་འབྲི་ཚོགས་ཆུང་གི་རང་རྩོམ་
    གྱི་ཚོགས་མི་ཡིན་།འཛིན་གྲའི་ནང་བོད་ཡིག་ཡག་པའི་གྲས་རེད་།དང་པོ་རང་གི་བྲིས་་་དེ་ནས་དགེ་རྒན་ལ་བསྟན་ཏེ་བཅོས་དགའ་ཤས་གནང་ནས་གཞི་ནས་ཚགས་ཤོག་དུས་དེབ་ནང་འབྲི་གི་ཡོད།
    ཡིན་ཡང་དེ་ཙམ་སྤོབས་པ་མི་འདུག་ བོད་ཡིག་གཏིང་ཟབ་ལ་རྒྱ་ཆེན་པོ་རེད།
    མཐའ་མ་དེ་ལ་ཐུགས་ལ་མ་ཕོག་རོགས་གནང། དྲང་པོ་དྲང་ཤག་བྲིས་པ་ཡིན།

  5. ལ་དྭགས་འཇམ་དཔལ།། says:
    2017-10-25 at 11:18 pm

    བསྟན་འཛིན་འཆི་མེད་ལེགས་ཀྱིས་རང་གི་ཉམས་མྱོང་བྲིས་པར་དགའ་བསུ།
    ་
    བྱ་རྒས་པར་ཚང་དྲན།
    མི་རྒས་པར་ཡུལ་དྲན།

    ཞེས་པ་ཐོས་ཀྱང་། ང་སྐྱེས་པའི་རང་ཡུལ་དང་། རང་ཁང་སོགས་གཅིག་ཀྱང་ལུས་མེད། དྲན་པའི་དྲན་ཡུལ་དུ་གྱུར་པ་ལོས་ཡིན། ཕྱི་ལོགས་ཀྱི་ཡུལ་མི་དག་ལ་བོད་ཀྱི་ནང་ཆོས་ཀྱིས་ཕན་ཐོགས་ཐུབ་པ་སྐྱེ་བ་སྔོན་མའི་ལས་ལས་བྱུང་བར་སེམས་སོ།

    ཁ་སྐད་གཙོ་བོར་མ་བྱས་པར་ལོ་ངོ་སྟོང་གི་སྔོན་ལ་གཏན་ཕབ་བྱས་པའི་དཔེ་ཆ་དག་ཀློག་དགོས་པ་གལ་ཆེ་བར་སྣང་། མིང་ཚིག་གྱུར་པའི་བོད་ལུང་པ་སོ་སོ་འི་ཁ་སྐད་དང་། མ་གྱུར་པ་བྲིས་མ་དག་དང་བསྡུར་དགོས་པ་གལ་ཆེ་བསམ་མོ།

  6. ཨཱཙཱརྱ་ཨག་ལོད། says:
    2017-10-26 at 1:03 pm

    རྒན་ལགས་ཀྱིས་བཟོ་བཅོས་ཐེངས་གཅིག་བྱས་པ་ཐག་གིས་ཆོད་འདུག   གང་ལྟར་གཞི་རྩ་སློབ་ཕྲུག་དེ་རང་གི་རྩོམ་ཡིན་པ་རེད། ཡག་པོ་འདུག

  7. བསྟན་འཛིན་འཆི་མེད། says:
    2017-10-28 at 12:09 am

    Abhar jiwang ལགས་ཁྱེད་རང་ལ་དུས་ཁོམ་བྱུང་ན་ངེས་པར་དུ་དཔེ་སྟོན་སློབ་གྲྭར་ཤེས་ཡོན་རྟོག་ཞིབ་ལ་ཕེབས་རོགས། ང་ཚོ་རང་ལོ་༡༢དང་༡༣་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་གིས་རྩོམ་ཡིག་ལེགས་པོ་དེ་འདྲ་ཞིག་འབྲི་ཐུབ་ན་ང་ལ་མཚོན་ན་ངོ་མ་དགའ་སྣང་སྐྱེས་དགོས་པ་ཞིག་ཡིན།

  8. བསྟན་འཛིན་ཀུན་བཟང། says:
    2017-10-28 at 12:13 am

    དགོངས་པ་མ་ཚོམ། ཁྱེད་རང་གི་རང་ཉིད་ཆུང་དུས་ཀྱི་སློབ་གྲྭའི་འཚོ་བ་ལ་གཞིགས་ཏེ་གང་བྱུང་མི་བརྗོད་རོགས་ཞུ་རྒྱུ་ཡིན་ལ་དེ་བས་དཔེ་སྟོན་སློབ་མ་ཞིག་ཡིན་དུས་བོད་ཡིག་རྩོམ་དེ་འདྲ་བ་དྲ་རྒྱའི་ནང་སྤེལ་ནས་ང་ཚོ་ནི་ངོ་མ་མི་རིགས་ཀྱི་སོན་རྩ་ཞིག་ཡིན་པའི་དཔང་པོ་བྱེད་ཀྱི་ཡོད་ལ། ཡིད་ནང་མི་གཞན་གྱི་བསྟོད་ར་ཆེད་དུ་འབྲི་བ་ཞིག་མིན་པས་Abhar jigwangཁྱེད་ཀྱིས་སེམས་ཤུགས་ཀྱིས་ཁེངས་པའི་སོན་རྩ་དེ་དག་ལ་བསྟོད་རའི་ཚིག་བརྗོད་རྒྱུ་མེད་ཀྱང་བེད་མེད་མཆན་གང་བྱུང་མ་བཀོད་རུ་ཞུ་རྒྱུ་ཡིན།

  9. Tenzin Rewa says:
    2017-10-31 at 11:37 am

    @ Abhar jiwang ལགས། ཁྱེད་རང་རྩོམ་སྒྲིག་པ་བྱེད་སའི་སློབ་གྲྭ་དེ་དང་། དཔེ་སྟོན་སློབ་གྲྭ་གཉིས་གཅིག་པ་མ་རེད་ལ། ཡིན་ཡང་སྲིད་ཀྱི་མ་རེད། གལ་སྲིད་ཁྱེད་རང་ལ་དུས་ཁོམ་བྱུང་ན། སློབ་གྲྭ་དེར་སོང་ནས་བལྟས་ན། ཁྱེད་ཀྱི་སློབ་གྲྭ་དང་དཔེ་སྟོན་གཉིས་མི་འདྲ་བ་ཞིག་ཡིན་པ་ཤེས་ཀྱི་རེད། དེ་ནས་གཉིད་ཀྱང་སད་སྲིད་ཀྱི་རེད།

  10. ཨ་འབར་འཇིགས་དབང། says:
    2017-11-02 at 12:58 am

    ༄༅། བསྟན་འཛིན་དགའ་བ་ལགས།
    སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཐུགས་འཁུར་ཆེན་པོ་དང་བོད་རྒྱལ་ཁབ་ཀྱི་དོན་དུ་
    དཔེ་སྟོན་སློབ་གྲ་དེ་བཙུགས་གནང་བ་རེད་། བར་སྐབས་གཅིག་སྒྲུབ་འབྲས་ཡག་པོ་བྱུང་འདུག་
    ད་རིང་ཁ་སང་དཔེ་སྟོན་སློབ་གྲར་ཕྲུ་གུ་ཉུང་དུ་འགྲོ་གི་ཡོད་སྐོར་གནས་ཚུལ་ཐོན་གྱི་འདུག་པ་དེ་
    ག་རེ་བྱས་ནས་རེད་དྲི་བ་གཅིག་ཡིན།
    གཉིས་པ་དེ་བོད་ཀྱི་ཡེ་གེ་དེ་ཤིན་ཏུ་གཏིང་ཟབ་པ་དང་ལོ་མང་སྦྱང་བརྕོན་མ་ཐུབ་ན་ལམ་སེང་
    དོན་རྟོགས་དཀའ་བའི་རིག་གནས་ཤིག་རེད། དེ་ཡིན་དུས་འཛིན་རིམ་བརྒྱད་པའི་སློབ་ཕྲུག་གི་བོད་ཡི་རྩོམ་བྲིས་དེ་དགེ་རྒན་གྱིས་བཅོས་སྒྲིག་
    ཐེངས་ཤས་མ་བྱེད་པར་ཁྱེད་རང་ནས་ཐད་ཀར་བྲིས་རྩོམ་བྱས་པ་བརྗོད་དེ་ཁག་པོ་རེད་བཤད་པ་
    ཡིན་གལ་སྲིད་དེ་འདྲ་མ་ཡིན་པ་དངོས་གནས་བོད་ཡིག་གི་ཤེས་ཚད་ལེགས་ལྡན་ཁྱེད་རང་ལ་ཡོད་ན་
    དགའ་བསུ་ཡོད། བཀྲིས་བདེ་ལེགས་ཡོད། ཡིན་ན་ཡང་མ་ཡིན་པ་ཡིན་བརྗོད་པ་དང།
    ཡིན་པ་ལ་མ་ཡིན་བརྗོད་ན་བཟང་པོའི་སྤྱོད་དང་ནམ་ཡང་མཐུན་གྱི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme