Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་ཡིག་གི་ཉེན་ཁ་དང་སྐྱོབ་ཐབས།

Posted on 2012-02-232012-02-25 By ཁ་བརྡ་ 33 Comments on བོད་སྐད་ཡིག་གི་ཉེན་ཁ་དང་སྐྱོབ་ཐབས།

གསར་འགྱུར།

Post navigation

Previous Post: རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།
Next Post: བོད་ནང་མི་ཞིག་གི་སྐད་ཆ་དང་ཁོའི་རེ་སྐུལ།

Comments (33) on “བོད་སྐད་ཡིག་གི་ཉེན་ཁ་དང་སྐྱོབ་ཐབས།”

  1. ཀརྨ་ཡེ་ཤེས says:
    2012-02-23 at 5:11 am

    བལྟས་ཟིན། དངོས་ནས་ཡག་པོ་གསུངས་འདུག བླ་མ་འདི་སྐུ་ཚེ་བརྟན་པར་ཤོག །

  2. སོག་མདའ་བཅུ་ says:
    2012-02-23 at 7:52 am

    རྗེས་སུ་ཡི་རངས་ཞུ།

  3. འདའ་མོ་ཐོག་རྒོད། says:
    2012-02-23 at 8:23 am

    འཁས་ཤིང་བཙུན་པའི་གོང་ཅན་པའི་སྐད་ཡིག་དང་རིགས་གནས་སྐྱོབས་མཆོག་ཁྱེད་ལ་སྶྱབས་སུ་འཆི།

  4. འཛུམ་ཤོར། says:
    2012-02-23 at 9:54 am

    ཁྱོད་ཀྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།

  5. ཨ་རིག་དགེ་མཐོང་། says:
    2012-02-23 at 11:37 am

    མཁས་པ་འདི་ལྟ་བུའི་གསུང་ལ་ཉན་རྒྱུ་དང་གོ་རྒྱུ་འདུག ཁོང་གི་གསུང་སྐད་ནི་ཨམ་སྐད་ལས་འབྲོག་སྐད་རེད། བཀའ་གསུང་ཧ་ཅང་ལེགས་པས་མི་གོ་གི་ཟེར་མཁན་མེད། འདིས་སྐད་ཟེར་བ་མི་གཙོ་བར་བརྗོད་བྱ་གལ་ཆེ་བ་ཡིན་པ་མཚོན་ནུས། ཡིན་ནའང་ངས་ཁོང་ཨ་མདོ་རེད་ཟེར་གི་མེད།

  6. བསོད་ནམས་དབང་ཕྱུག says:
    2012-02-23 at 12:10 pm

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆི། དངོས་གནས་བོད་གངས་ཅན་པའི་བསྟན་པའི་སྲོག་ཤིང་རང་རེད།

  7. ཁྲོ་ཐུང་ says:
    2012-02-23 at 2:00 pm

    ཧ་ཅང་གི་གཏིང་ཟབ་པའི་བཀའ་སློབ་ཞིག་རེད་་།ཁོང་གི་བཞེད་དོན་ལྷུན་འགྲུབ་དང་སྐུ་ཚེ་བརྟན་པར་སྨོན།།

  8. རིན་ཆེན་དར་རྒྱས། says:
    2012-02-23 at 9:40 pm

    མཁས་དབང་ཁོང་དང་ཁོང་འདྲ་བ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ།

  9. གླིང་ཕྲུག་ཚེ་རིང་ says:
    2012-02-23 at 10:05 pm

    བོད་གངས་ཅན་པ་ཡི་ནོར་བོ་ཁོང་རང་རེད་འདུག
    སྐུ་ཚེ་བརྟན་པའི་སྨོན་འདུན་གྲངས་མང་བཅས།

  10. བསྟན་འཛིན་ says:
    2012-02-24 at 12:05 am

    བླ་མ་ཁོང་སྐྱབས་སུ་མཆི། ཡིན་ནའང་ཤ་ཉེ་བླ་བཙོང་ཁ་ཤས་ཡོག་རེད་ཟེར།

  11. ཚ་ཕྲུག་རྒྱལ། says:
    2012-02-24 at 1:34 am

    མཁས་དབང་ཁོང་གི་གསུང་ལ་ཉན་དགའ་ཉན་སྐྱིད་རེད། ཁོང་གི་གསུང་ནི། ཨམ་སྐད་ཟེར་ན་འདྲ། ཁམས་སྐད་ཟེར་ན་འདྲ། བོད་ཀྱི་འབྲོག་སྐད་ཞུ་ན་ཡང་ཆོག། ཡིན་ངོ་མ་ནི་ཁོང་རང་གི་ཕ་ཡུལགྱི་ཕ་སྐད་དག་མ་དེ་རེད། མཐོ་སྒང་གི་འབྲོག་ཁུལ་མཁྱོན་ནས་ཁོང་གི་གསུང་དེ་གོ་ཐུབ།

  12. གླིང་ཕྲུག་ says:
    2012-02-24 at 3:39 am

    སྐྱབས་སུ་མཆི་།ཁྱེད་ཀྱི་སྐུ་ཚེ་བརྟན་།་མཛད་འཕྲིན་ཡ་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་འདེབ་།དུས་སྐབས་འདུ་ལ་ཁྱེད་འདྲ་བའི་སྐྱེས་བུ་ཞིག་ཡོད་པ་དེ་ང་ཚོ་གངས་ཅན་པའི་བསོད་ནམ་རེད་།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-24 at 8:44 pm

    དོན་དངོས་གང་ཡིན། ད་ལྟ་གསལ་པོར་མི་ཤེས། ཉམས་ལེན་གྱིས་ཁུངས་སྐྱེལ་བར་མཛད་ཚེ། ཁ་དོན་མཚུངས། དེ་མིན། བོད་ཀྱི་ཁ་རྒྱུན་ལ།
    ཁ་བཤད་ཆུ་ཡི་དབུ་བ་ཡིན།
    ལག་ལེན་གསེར་གྱི་ཐང་མ་ཡིན།
    ཞེས་གསུངས་པ་ཐོས་སོ།།

  14. བཀྲ་ཤིས། says:
    2012-02-25 at 4:30 am

    ཉམས་སུ་ལེན་ནི་ཡིན་ཟེར་ནས་ཁང་སྟོང་ནང་ན་འཛུལ་མ་བསྡད་ན་ཡག
    བོད་ནང་གནས་སྟངས་ཛ་དྲགས་འདི་འདྲའི་སྐབས་སུ་ཁོང་འདྲ་བ་རེ་བྱོན་པ་བསོད་ནམས་རེད།
    ཁོང་རྣམ་པའི་མཛད་རྗེས་རེ་རེ་ཡང་བོད་མི་ཞིག་ལ་ལྟོས་ན་་བློ་ཡུལ་ལས་འདས་པ་བྱུང་ཡོད།
    ལ་དྭགས་ལགས་ཀྱི་ཉམས་ལེན་ཟེར་བ་དེ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་མིན་མི་ཤེས་མོད། བཀའ་སློབ་གནང་བཞིན་པ་འདི་དག་ཉམས་ལེན་བྱེད་ཟེར་ན་རྒྱ་ནག་དབང་བསྒྱུར་འོག་དཀའ་ལས་ཡོད་ནི་རེད་མོད། ཁོང་གིས་དེ་སྔོན་ཡན་ཆོད་ཀྱི་གྲུབ་འབྲས་མི་དམན་པ་བྱུང་ཡོད།
    གལ་ཏེ་ཆོས་ཉམས་ལེན་ཟེར་ན་ཉམས་ལེན་ཁ་ལ་ཁྱེར་ནས་སྦྱི་དོན་ལ་དོ་སྣང་མེད་པ་འདི་རིགས་ཡག་པོ་མིན།
    ཁོང་ལྟ་བུ་སྐྱེས་བུ་ཆེན་པོ་དག་ལ་དེ་ལྟར་ཤོད་དགོས་གནས་གང་ཡང་མེད།
    བོད་ནང་ལ་ཁོང་རྣམ་པའི་ཕྱགས་ལས་རྗེས་སུ་ཡི་རིང་སྒོམ་རྒྱུ་ལས་གཞན་མེད།

    བཙན་བྱོལ་ནང་ལ་མཚོན་ན་ནད་རུང་ཕྱག་ལས་རྒྱ་ཆེན་པོ་གནང་དགོས་རྒྱུ་མང་པོ་ལྷག་འདུག བོད་རང་བཙན་ལེན་པ་དང་། རྒྱ་ནག་གནོན་ཤུགས་སྤྲོད་རྒྱུ་སོགས་ལ་མཚོན་ན་བཙན་བྱོལ་ལ་རེ་བ་ཆེན་པོ་ཅང་མེད་སྐྱབས་བཅོལ་བ་ཟེར་བ་དེ་ལས་སླ་བོ་མ་རེད།
    ཐུགས་ཁག་མེད་མོད།
    གཞན་དེང་རབས་ཤེས་བྱ། དཔལ་འབྱོར་རིག་པ། སྐྱེས་དངོས་རིག་པ། དམག་དོན་རིག་པ། ཚོངས་དོན་རིག་པ་སོགས་ཀྱིས་མཚོན་པའི་ཡིག་རིགད་ཕབས་བསྐྱུར་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་མང་པོ་ཡོད་རེད། འདི་རིགས་བཙན་བྱོལ་ནང་ལོ་ཙཱ་ཤེས་ཡོན་ཅན་ཡོད་ན་འདི་རིགས་ངེས་པར་དུ་གནང་དགོས་ཡ་རེད།
    བྱ་བ་སྒྲུབ་དགོས་རྒྱུ་གང་མང་མང་ལྷག་བསྡད་ཡོད་རེད། དེ་བཙན་བྱོལ་མཁས་པ་ཚོས་ཤེས་དགོས་པ་ཞིག་རེད།

    ད་རུང་བོད་ལ་དགོས་པའི་བྱ་མང་གང་ལྷག་བསྡད་ཡོད་པ་འདི་རིགས་གཞིས་བྱིས་གཉིས་ཀས་སུས་འཇོན་གང་འཇོན་བྱེད་དགོས་པ་རེད།

  15. བཀྲ་ཤིས། says:
    2012-02-25 at 4:47 am

    བོད་ནང་གི་མི་དེ་ཚོས་སྒྲུབ་བཞིན་པ་དེ་རིགས་ཁོང་ཚོས་སྒྲུབ་ཡོང་གི་རེད། ཁོང་ཚོས་ད་སྔོན་མ་སྒྲུབ་པ་དང་མ་དྲན་པ། ལྷག་བསྡད་པ། སྟོང་ཆ་ཡོད་པ། མ་འདང་ས་གང་ན་ཡོད་པ་དེ་རིགས་སྒྲུ་དགོས་པ་རེད། བཙན་བྱོལ་ནང་ལ་མཚོན་ན་ཡིག་སྒྱུར་གྱིས་མཚོན་པའི་ལས་ཀ་བྱེད་ཐུབ་རྒྱུ་ཡང་གང་མང་འདུག་ག དེ་ཚོ་སྒྲུབ་དགོས་ས་རེད།
    རྒྱ་ནག་ལ་ཁ་གཏད་རྒྱབ་ཟེར་ན་ནུས་པ་ཞེ་དྲག་ཡོད་རྒྱུ་མ་རེད་སྙིང་རྗེ་ཡ། ཁག་མེད།

    དེང་རབས་ཤེས་བྱ་སྐོར་བོད་ཡིག་ཐོག་སྒྱུར་མི་འདུག་གསུང་པ་འདི་ཁོང་གི་བཀའ་སློབ་ནང་གི་གལ་ཆེན་གཅིག་ཡིན། ང་ཚོ་བོད་པས་ཤེས་ཡོན་འཇོན་གང་ཐད་ནས་ལས་ཐུབ་རྒྱུ་དང་། སྒྲུབ་ཐུབ་རྒྱུ། བོད་ལ་དགོས་ངེས་ཡིན་པ་དེ་འདྲ་ཡང་མ་སྒྲུབ་པ་རེདྲ། སྒྲུབ་མི་ཐུབ་རྒྱུ། མི་ནུས་པ། མི་འཇོན་པའི་རང་བཙན་ལེན་ཟེར་བ་འདི་རིགས་ལ་ལས་བསྡ་བྱེད་རྒྱུ་གང་ཡང་མེད།

    མགོ་ལོག་གི་གཏམ་དཔེ་ཞིག་ལ། ཆོས་ཆེན་པོ་ཨ་ཁུས་མི་འགྲུབ་ཀི །ཆོས་ཆུང་ཆུང་ཨ་ཁུས་མི་བསྒྲུབ་ཀི །དུས་དེང་སང་ཨ་ཁུ་ཆོས་མེད་རེད། ཟེར་བ་ཞིག་ཡོད། དཔེ་དེ་ང་ཚོ་བོད་ལ་འབྱོར་པོ་འདུག

    བྱ་ཆེན་པོ་བོད་པས་མི་འགྲུབ་ཀི །བྱ་ཆུང་ཆུང་བོད་པས་མི་བསྒྲུབ་ཀི །་དུས་དེང་སང་བོད་པ་བྱ་ཤོར་རེད། །འདི་བཙན་བྱོལ་བོད་པའི་སེམས་ལ་ཟུངས། ཟེར་རྒྱུ་ཡིན།

  16. བཀྲ་ཤིས་ནས། says:
    2012-02-25 at 5:40 am

    མཁས་དབང་ཁོང་གི་གསུང་ལ་ཉན་ན་གོ་མི་ཐུབ།

  17. མི་ཆུང་ says:
    2012-02-25 at 6:53 am

    དེང་སྐབས་བཙན་འབྱོར་ནང་བོད་ཀྱི་སྐད་ཡིག་ལ་རིན་ཐང་མེད་པའི་སྒྱུ་རྩལ་ངན་རྙིང་ཞིག་ཏུ་ངོ་འཛིན་བྱེད་པ་ནི་ཉིན་རེ་བཞིན་ཡར་ངོ་ཟླ་བའི་རྗེས་སུ་སྙེགས།འོན་ཀྱང་བསམ་ཚུལ་དེ་དག་རིགས་རང་རེ་སུའི་རྒྱུད་ལ་སྐྱེས་ཀྱང་དེ་ནི་བོད་མི་རིགས་ཀྱི་ནང་དགྲ་དང་རྒྱ་དམར་ཀླ་ཀློར་མགོ་འདུད་ཞུས་མཁན་གྱི་ཁྱི་རྒན་སྨྱོན་པ་ཞིག་ཡིན་པ་ནི་གཟུར་གནས་མི་རིགས་གཞན་གྱིས་ཀྱང་དེ་ལྟར་གཟིགས་ངེས།མདོར་ན་ཁོ་བོས་ངེད་ཅག་གི་སྐད་ཡིག་ལ་སྦྱོང་བརྩོན་བྱ་དགོས་པའི་རྒྱུ་མཚན་གསུམ་འགོད་རྒྱུ་ཡིན།དང་པོ།མིའི་ལུས་ལ་ཚེ་སྲོག་མེད་ན་དེ་གནས་མི་ནུས་པ་བཞིན་བོད་མི་རིགས་ལ་བོད་ཀྱི་སྐད་ཡིག་མེད་ན་དེ་གནས་མི་ནུས་པའོ།།གཉིས་པ།བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་སྒང་མིའི་སྤྱི་ཚོགས་ཙམ་མིན་པར་འགྲོ་བ་ཡོངས་ལ་ཞི་བདེ་ཡོང་ཆེད་ཐབས་ལམ་བཟང་ཤོས་ཞིག་ཡིན་པ་ནི་དེང་གི་མཁས་དབང་ཕལ་ཆེ་བས་མགྲིན་གཅིག་ཏུ་སྒྲོག་བཞིན་པ་སྟེ་བོད་མི་རིགས་ཀྱི་ཞེ་ཁོག་ཙམ་མིན་པའི་ཐོག་བོད་བརྒྱུད་ནང་བསྟན་དེ་ཉིད་འཛམ་གླིང་ཞི་བདེའི་འབྱུང་རྩ་ཡིན་ཞིང།དེ་ཡང་དངོས་སུ་བོད་ཀྱི་སྐད་ཡིག་ལ་བརྟེན་ཡོད་པས་དེ་ལ་སྦྱོང་བརྩོན་རིགས་སོ།
    རྒྱུ་མཚན་གསུམ་པ།སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་འཛམ་གླིང་གི་སྟེང་མི་རིགས་ཀུན་གྱི་གཙུག་ཏུ་བཀུར་བ་དེ་ཡང་རང་མི་རིགས་ཀྱི་སྐད་ཡིག་ལ་དངོས་སུ་བརྟེན་པའི་རིག་གཞུང་གི་ནུས་ཤུགས་ཡིན་པ་སྟེ་མདོར་ན་དེ་ལྟར་རྒྱུ་མཚན་གཙོ་བོ་གསུམ་གྱིས་བོད་ཀྱི་སྐད་ཡིག་ལ་ཅིས་ཀྱང་སྦྱོང་བརྩོན་དགོས་པར་གྲུབ་བོ།

  18. བློ་བཟང་ཤེས་རབ། says:
    2012-02-25 at 9:32 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་བོད་ནང་གི་ལྷག་བསམ་ཅན་འདི་དག་གིས་ཁ་མིན་དོན་གྱིས་རྒྱུ་ཚེགས་གང་ལ་མི་ལྟོས་པར་བོད་ཀྱི་རིག་གཞུང་གི་རྒུད་པ་གསོ་བར་བརྩོན་དང་བརྩོན་བཞིན་པ་དེ་མ་དགོངས་པའམ་མ་གསན་པ་ཡིན་ན་ཁག་མེད་མོད། དགོངས་བཞིན་གསན་བཞིན་དུ་དེ་ལྟར་སྨྲ་བ་ཡིན་ན་རྒན་ལགས་ཀྱི་ཕྲག་པ་དེ་ཅུང་ཟད་དོག་པོ་ཞིག་ཨེ་ཡིན་སྙམ་དུ་སེམས་སོ།

  19. ཀརྨ་ཡེ་ཤེས says:
    2012-02-25 at 10:23 am

    ལ་དྭགས་བློ་བཟང་འཇམ་དཔལ་དེ་རྒན་པོ་ལྷག་བསམ་དང་ཤེས་ཡོན་ཅན་ཞིག་ཡོད་བསམ་བསམ་ཡང་། སྐད་ཆ་འདི་འདྲ་བཤད་ན་ངོ་ཚ་མེད་པའི་ཁ་བརྡ། རྒན་པོ་མ་ཤི་སྔོན་གྱི་ལས་ངན་བསགས་པ་རང་རེད་བཞག སྤྱིར་ལ་དྭགས་དང་འབྲུག་ཡུལ་གྱི་མི་ཚོ་ཕྲག་དོག་གི་མི་ཚེ་སྐྱལ་བ་ཕལ་ཆེར་མཐོང་བས་ཤ་ཚ།

  20. འཛུམ་ཤོར། says:
    2012-02-25 at 10:53 am

    བདེན་དོན་གྱི་དར་ཆ་ལག་པས་སྒྲེང་།། རང་དབང་གི་འབོད་སྒྲ་ངག་ནས་གྱེར།།
    མི་རིགས་ཀྱི་ལ་རྒྱ་སེམས་ནས་འཕྱུར།། ཨེ་མ་ཧོ་གངས་ཕྲུག་གཞོན་ནུ་བསྟོད།།

  21. རབ་བསྟན། says:
    2012-02-25 at 2:28 pm

    དངོས་ཡོད་གནས་ཚུལ་ལ་སོམས་ཚིག་རེ་བཤད་ཐུབ་ན་བཟང་པར་མཆིས། དྲ་གྲོགས་ཚོས་འདྲ་མིན་གླེང་དགོས་མ་མཆིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གི་དགེ་བཅུའི་ཁྲིམས་དེས་བཀའ་དྲིན་ལ་བརྟེན། རྒྱ་གཞུང་གིས་ལས་སླ་པོས་བོད་ཀྱི་འབྲོག་སྡེ་ཁག་རྩ་མེད་བཟོ་ཐུབ་བཞིན་པ་ནི་རྒྱ་ནག་གི་དྲ་ཐོག་འདི་ལ་http://ti.tibet3.com/news/tibet/sc/2011-10/19/content_399250.htmགཟིགས་དང་། གསལ་པོ་རེད།
    དཀར་མཛེས་ཁུལ་ཡོངས་ཀྱི་འབྲོག་བསྐྱུར་རྩྭ་འདེབས་ལས་ཀར་ཕན་འབྲས་གསུམ་ཐོབ་པ།
    ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། 2011-10-19 09:01
    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། ལོ8ལ་འབད་བརྩོན་བྱས་པར་བརྒྱུད་“ཐོན་ལས་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་ལས་ཀ་ཐོན་ལས་ཅན་”དུ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ལ་གཞིགས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་ཐད་ཧ་ཅང་མངོན་གསལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཁེ་ཕན་ཐོབ་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་དུ་རང་བྱུང་གི་རྩྭ་ཐང་མུའུ་དུང་ཕྱུར1.42ཡོད་པ་དེ་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་དང་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། འབྲོག་བསྐྱུར་རྩྭ་འདེབསལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་གཙོ་གནད་ཞིག་ཀྱང་ཡིན་པ་རེད།
    རྣམ་གྲངས་འཛུགས་སྐྲུན་གྱི་སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་པ། 2005ལོར་རྒྱལ་ཡོངས་ཀྱི་ཕྱུགས་ནད་སྨན་བཅོས་སྤྱིའི་ས་ཚུགས་ཀྱིས་“3S”ལག་རྩལ་བེད་སྤྱོད་བཏང་ནས་དཀར་མཛེས་དང་གསེར་ཐར་རྫོང་གཉིས་ལ་འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་ལྟ་ཞིབ་ཚད་ལེན་བྱས་པ་དང་།དཔེ་འདེམས་ས་ཚུགས་ཀྱི་ལས་གྲྭ་ས་ཁུལ་ཀྱིས་་ལས་གྲྭ་ས་ཁུལ་གཞན་དག་དང་བསྡུར་ན་དཀར་མཛེས་རྫོང་གི་སྔོའི་ཁེབས་ཚད་བརྒྱ་ཆའི་གྲངས་ཀ5འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ168.9འཕར་བ། སྐྱེ་དངོས་ཐོན་འབོར་བརྒྱ་ཆ62.2འཕར་ཡོད། གསེར་ཐར་རྫོང་གི་སྔོ་ཁེབས་བྱུང་ཚད་བརྒྱ་ཆའི་གྲངས་ཀ25འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ156འཕར་བ།སྐྱེ་དངོས་ཐོན་འབོར་བརྒྱ་ཆ79.6འཕར་ཡོད། 2009ལོར་《སི་ཁྲོན་ཞིང་ཆེན་གྱི་རྩྭ་ཐང་ཐོན་ཁུངས་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ》ཐོག་ནས་མཚོན་རྒྱུར། དཀར་མཛེས་ཁུལ་གྱི2007ལོའི་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་དང་དེ་ལས་གྲྭ་ས་ཁུལ་གཞན་དང་བསྡུར་ན་སྔོ་ཁེབས་ཚད་ཆ་སྙོམས་བརྒྱ་ཆའི་གྲངས8.7མཐོར་འདེགས་བཏང་ཡོད་པ་དང་མཐོ་ཚད་བརྒྱ་ཆ33.8འཕར་བ། ཐོན་འབོར་བརྒྱ་ཆ30.7མཐོར་འདེགས་བཏང་ཡོད་པ་རེད།
    རྣམ་གྲངས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་པ་ཡོད་སྟེ། གཅིག་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ། ཁུལ་ཡོངས་སུ2003ལོ་ནས2009ལོའི་བར་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་འབྲོག་པའི་དུད་ཚང་ལ་རིམ་བསགས་ཀྱིས་བརྩིས་ན་གཟན་ཆག་གི་མ་དངུལ་སྒོར་དུང་ཕྱུར3.17ལག་བསྟར་བྱས་པ་དང་མི་རེར་ཆ་སྙོམས་སྒོར583ཐོབ་པ་དེས་འབྲོག་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་འབྲོག་ཁུལ་གྱི་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། གཉིས་ནི་ཐོན་སྐྱེད་བྱེད་སྟངས་ཐད་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད། འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་་སྲོག་ཤིང་ནི་ཕྱུགས་འཚོ་རྒྱུ་བཀག་བསྡོམས་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ཁྱབ་སྤེལ་བཏང་བར་བརྒྱུད།ནོར་ཕྱུགས་དང་གཟན་རྩྭ་ཁོད་སྙོམས་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་་པ། གསུམ་ནི་གནོད་འགོག་གནོད་སེལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་པ། ལས་གྲྭ་འཛུགས་སྐྲུན་བྱས་པར་བརྒྱུད་འབྲོག་པའི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་བཏང་བ་དང་། རྩྭ་འདེབས་རྒྱུ་དང་རྩྭ་གསོག་ཉར་བྱ་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ས་ཁུལ་གྱི་གཟན་རྩྭ་་གསོག་ཉར་སྙོམས་པོ་བྱས་པའི་དགུན་རྩྭ་སྐམ་པོ་སྤྱི་རྒྱ52ཐོག་སླེབས་པས། འཛུགས་སྐྲུན་སྔོན་ལས་སྤྱི་རྒྱ15མཐོར་འདེགས་བྱུང་ནས་དགུན་དཔྱིད་གཉིས་སུ་ནོར་ཕྱུགས་ཤི་གྲངས་ཉུང་དུ་ཕྱིན་པ་དང་། ནོར་ཕྱུགས་ལ་གནོད་སྐྱོན་ཐེབས་ནས་ཤི་ཉུང་བའི་ལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་ལས་ཆ་སྙོམས་བརྒྱ་ཆའི་གྲངས་ཀ2མར་ཆག་ནས་ཤ་ཤེད་ཞན་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་ཀ5མར་ཆག་པ་རེད།
    རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་པ། རྣམ་གྲངས་ལག་བསྟར་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་མི་རིགས་ཁག་གི་མི་དམངས་ཁྲི109ཡི་འཚོ་གནས་བྱེད་སའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་སོགས་ལ་ཧ་ཅང་གལ་ཆེའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས་རྣམ་གྲངས་དེས་ཐོན་སྐྱེད་བྱས་པའི་སྐྱེ་ཁམས་དང་།དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་ཐོབ་རྒྱུ་རེད། །

  22. རབ་བསྟན། says:
    2012-02-25 at 2:39 pm

    སྔ་ལོའི་ཁ་བརྡ་དྲ་ཐོག་ནས་བཤུས།
    ཨོ་རྒྱན་རིག་འཛིན་ནས།
    ཚུལ་ཁྲིམས་བློ་གྲོས་ནི་བཟང་ཕྱོགས་ནས་བཤད་ན་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་ཡོངས་གྲགས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་ལྡོག་ཕྱོགས་ནས་བསམ་ན་ཁོང་གིས་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད།
    ༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
    ༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
    ༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
    ༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
    ༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
    ༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་པ་རེད།
    ༧ བོད་དོན་ཆེད་ཉིན་གཅིག་ལ་བཙོན་ཁང་ནང་འགྲོ་མྱོང་མཁན་ཞིག་ཡིན་ཡང་། དེ་བླ་རུང་ལ་ཡོང་མི་ཆོག་ལ། དེར་བསྡད་ས་མེད་ཅེས་ཁྲིམས་བཞག་འདུག
    ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ། །

  23. རབ་བསྟན། says:
    2012-02-25 at 2:49 pm

    ཤ་ཟོས་ན་ན་ཚ་འདྲ་མིན་འབྱུང་ཉེན་ཆེ་སྐོར་ཤོད་པའི་དེབ་འདྲ་མིན་ཡོད་ཀྱང་། དེ་བོད་ས་མཐོའི་གཡག་ཤས་གནོད་སྐོར་མིན། བོད་ས་མཐའི་མིས་ས་མཐོའི་ཕྱུགས་ཟོག་གི་ཤ་ཟོས་པས་ལྷག་ཏུ་ས་མཐོའི་མིའི་གཟུགས་ཁམས་ལ་འཕྲོད་ཆེ་བ་ཡོད། ཡོད་ཚད་བསྲེ་བསྲེ་བཏང་ནས་ཤོད་ན་ཉན་འདོད་མེད། དཀར་ཟས་རྒྱ་ཁྱབ་ཏུ་གཏང་དགོས་ཞེས་བོད་ཀྱི་འབྲོག་ཕྱོགས་རྩ་མེད་མ་གཏང་། ཁྱེད་རྒྱ་བླ་རྣམས་ལ་སྒོར་མོ་མང་ཡང། འབྲོག་མང་ལ་འབྲོག་མང་གིས་གཙོ་བོ་ཕྱུགས་ཟོག་ལ་བརྟེན་ནས་འཚོ་ཐབས་མ་བསྐྱལ་ཐབས་མེད་རེད།
    གཞན་བོད་ཀྱི་སྐད་ཡིག་ལ་ཕན་ཐོགས་རེ་བྱེད་ཐུབ་ན་དེ་ལ་རྗེས་སུ་ཡི་རང་ཡོད།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-25 at 2:53 pm

    ཁྱེད་རྣམས་ལས་འགའ་ཞིག་གིས་ཉམས་ལེན་གྱི་དོན་དག་མཁྱེན་མི་འདུག ཉམས་ལེན་ཆོས་བྱེད་སྟངས་གཅིག་པུ་ལ་ཟེར་ན། བདེན། ངའི་སྐད་དུ། ཉམས་ལེན་དང་། ལག་ཏུ་སྟར་བ་དང་། དོན་དག་ལ་འབད་པ་རྣམས་གཅིག་པར་སེམས། བསྡུ་བའི་དངོས་པོ་བཞི་ལས་ཐ་མ་གཉིས་གཙོ་ཆེ། དེ་དག་གི་སྒོ་ནས་བླ་མ་མཆོག་དེ་ཡིས་གསུང་བ་ཡོད་ན། དངོས་གནས། དེ་ལ་ནུས་པ་འཐོན་ཐུབ། དེ་འདྲ་བའི་མཛད་པས། བདག་ལ་ཡིད་དགའ་བའི་རྗེས་སུ་ཡི་རང་སྐྱེ་དགོས། དེ་འདྲ་ལ་རྗེས་སུ་ཡི་རང་མ་སྐྱེས་ན། བདག་རང་གིས་ལས་ངན་པ་གསོག་པར་འགྲོ། རང་རེའི་གཞི་དང་གཅེས་ཀྱི་སྐྱེ་བོ་དག་གིས་སྒྲུབ་དགོས་པ་མང་པོ་ཡོད། བོད་སྤྱིའི་སྐད་དེ་ལ་ཆ་བཞག་ན། ད་ལྟ་འཕྲུལ་ཆས་དབང་གིས་ཡི་གེ་འབྲི་མཁན་མང་དུ་ཡོད། ད་དུང་ཡང་གོང་གསལ་བླ་མ་རིན་པོ་ཆེ་དེ་ཡི་བཀའ་ལ་རྩིས་ཏེ། བོད་སྤྱིའི་སྐད་དེ་ལ་བོད་རིགས་ཚང་མས་རྩི་དགོས། བོད་ཀྱི་གནས་སྟངས་ལ་བལྟས་ཏེ། བོད་སྐད་དེ་མི་བརླག་པའི་ཕྱིར་དུ་ཚང་མས་འབད་པ་མཛད་དང་མཛད་བཞིན་དུ། བདག་རང་གིས་ཀྱང་བྱས་དང་བྱེད་བཞིན་པ་བཞིན། གོང་གསལ་བླ་མ་རིན་པོ་ཆེ་དེའི་སྐོར་ལ་ངས་ད་བར་དུ་གང་ཡང་ཤེས་པ་མེད། ཁྱེད་རྣམས་ཀྱིས་གསུངས་པ་ལྟར་བླ་མ་མཆོག་ཏུ་གྱུར་པ་ཞིག་ཏུ་ངེས། དེ་ཉིད་ཀྱི་ཐུགས་དགོངས་བཞིན་དུ། བོད་སྤྱིའི་སྐད་དང་། རིག་གཞུང་བོད་ལྗོངས་སོགས་ས་སྟེང་དུ་ལུས་པར་གྱུར་ཅིག །

  25. རབ་བསྟན། says:
    2012-02-25 at 2:57 pm

    ཚུལ་བློ་ལགས། རང་གི་དབང་ཐང་རྒྱ་སྐྱེད་ཆེད་ཁྱེད་ཀྱི་དགེ་བཅུའི་ཁྲིམས་ཟེར་བ་དེ་དེང་སང་འགྲོ་ས་མེད་པ་རེད། དེང་སང་བོད་པས་གཉིད་སད་བཞིན་ཡོད། ཁྱེད་ཚོས་འདི་འདྲ་འཁྲབ་བསྡད་ན་ད་ནས་ང་ཚོ་བོད་མི་ཚོས་ཁྱེད་ཚོས་བཤད་པ་དེ་དག་མི་སྐད་ཕར་བཞག ཁྱི་སྐད་ཙམ་ལ་མི་བརྩི། ཁྱེད་ཚོ་བླ་རྒན་ཚོས་ངག་གཅིག་པུར་ཉན་ནས་ང་ཚོ་གང་ལ་སླེབས་འདུག ད་ནས་ང་ཚོས་ཁྱེད་ཚོའི་ངག་ལ་ཉན་དགོས་མེད། ང་ཚོ་མི་རེད། ང་ཚོས་འཛམ་གླིང་སྤྱི་མཚུངས་ལྟར་མིས་གང་བྱས་པ་དེ་བྱས་ནས་འགྲོ་དགོས་ཡོད།

  26. རབ་བསྟན། says:
    2012-02-25 at 3:04 pm

    ཚུལ་བློ་ལགས། ཁྱོད་ཀྱིས་དགེ་བཅུའི་ཁྲིམས་ཞེས་འབྲོག་མང་ལ་སྒོ་ཕྱུགས་བཤའ་མི་ཆོག་པའི་ཁྲིམས་ངན་དེ་ལ་བརྟེན། འབྲོག་མང་གིས་སྒོ་ཕྱུགས་བདག་མེད་བཏང་བར་བརྟེན། འབྲོག་སར་སྒོ་ཕྱུགས་ཇེ་ཉུང་དང་། འབྲོག་ཕྱོགས་དེ་དག་གི་འཚོ་བ་ཇེ་ཞན་རེད། མཐར་ཐུག་གི་འབྲས་བུ་དགྱ་དམར་གཞུང་ལ་དགོས་པ་དེ་ཁྱོད་ཀྱིས་བསྒྲུབས་ཟིན་འདུག བདེན་མིན་གཤམས་ཀྱི་དྲ་ཐོག་ལ་གཟིགས་རོགས་ཞུ།
    http://ti.tibet3.com/news/tibet/sc/2011-10/19/content_399250.htm

  27. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-02-25 at 3:08 pm

    བདག་ཅག་གཞི་བྱེས་གང་དུ་ཅི་བྱེད་ཀྱང་། ཞེས་པ་བློ་ལ་ཡོད་པས་དག་ཆ་ནོར་པ།
    གཞི་དང་གཅེས། གཞི་དང་བྱེས། ཞེ་བཅོས་སོ། ངའི་གྲོང་ཡུལ་དུ། བྱེས་ཞེས་པ་ལ། བེས། ཞེས་་ཀྱང་། དེ་ལ་ཡ་སྟ་ཡང་འཐོན་དགོས། མི་འཐོན་པའི་བཟོ་ལྟ་བུ་འདུག byes ཨིན་ཡིག་ཏུ་བྲིས་ཏེ། བོད་སྐད་མ་ཤེས་པ་ཞིག་ལ་ཀློག་ཏུ་བཅུག་ན། གནའ་བོའི་འབོད་ཚུལ་རང་འཐོན་པ་འདུག

  28. རབ་བསྟན། says:
    2012-02-25 at 3:12 pm

    ཚུལ་བློ་ལགས་ཁྱོད་ཀྱི་དགེ་བཅུའི་ཁྲིམས་ངན་དེ་ལ་བརྟེན། འབྲོག་མང་ལ་སྒོ་ཕྱུགས་གཡག་སོགས་བེད་མེད་ཆགས་ཏེ། འབྲོག་ཕྱོགས་ཀྱིས་སྒོ་ཕྱུགས་ཚེ་ཐར་གཏང་ཏེ། རི་རྒྱག་བྱས་པར་བརྟེན། འབྲོག་ཕྱོགས་ཀྱི་སྒོ་ཕྱུགས་ནི་བདག་མེད་ཆགས་འདུག དེ་ལ་བརྟེན་ནས་རྒྱ་དང་ཁ་ཆེ་སོགས་ཇེ་ཕྱུགས་རེད། འབྲོག་མང་གི་འཚོ་བ་ནི་ཇེ་ཞན་རེད། འབྲོག་ཕྱོགས་ཉམས་ཉེས་སོང་བར་བརྟེན་དགྱ་གུང་ཁྲན་སྲིད་གཞུང་ཧ་ཅང་དགའ་འདུག ཁྱོད་ཀྱིས་རྒྱ་དམར་གྱི་ལས་དོན་ཡག་པོ་འགྲུབ་འདུག བདེན་མིན་གཤམས་ཀྱི་དྲ་བྱང་སྟེང་ནས་གཟིགས་དང་ཤེས་ཐུབ།
    http://ti.tibet3.com/news/tibet/sc/2011-10/19/content_399250.htm

  29. རབ་བསྟན། says:
    2012-02-25 at 3:22 pm

    ཚུལ་བློའི་བཀའ་དྲིན་ལ་བརྟེན་འབྲོག་ཕྱོགས་རྩ་སྟོང་འགྲོ་བཱཞིན་འདུག །
    ཚུལ་བློའི་བཀའ་དྲིན་ལ་བརྟེན་འབྲོག་པའི་འཚོ་བ་ཇེ་ཞན་རེད། །
    ཚུལ་བློའི་བཀའ་དྲིན་ལ་བརྟེན་རྒྱ་ཁ་ཆེ་རྣམས་ཇེ་ཕྱུག་རེད། །ཁོང་ཚོའི་དཔལ་འབྱོར་འབྱུང་ཁུངས་ནི་སྒོ་ཕྱུགས་ཚེ་ཐར་བདག་མེད་ལ་བརྟེན་ནས་བྱུང་རེད།
    ཚུལ་བློའི་བཀའ་དྲིན་ལ་བརྟེན་གུང་ཁྲན་ཏང་གི་དམིགས་ཡུལ་འགྲུབ་སོང་། །

  30. ཀརྨ་ཡེ་ཤེས says:
    2012-02-25 at 3:33 pm

    ཨོ་ཨོ། རབ་བསྟན་ལས་ངན་པོ། སྡུག་གཟེར་འཐེབས་པ་སྙིང་རྗེ། དགེ་བཅུ་ཁྲིམས་ཀྱིས་བོད་ཡུལ་བེད་མེད་ཡིན་ན་གོང་ས་དང་ཀརྨ་པས་ཆོས་བཤད་ཀྱིས་ཀྱང་རྒྱ་དགའ་བོད་སྡུག་ཡིན་རྒྱུ་རེད། ད་ཡིན་ན་ཁྱེད་ཚོའི་རིགས་ཁ་ཆེས་རྗེས་སུ་སློབས་དང་དགའ་ས་རེད། བོད་ཡུལ་དུ་ཀུན་གཟིགས་པན་ཆེན་བཅུ་བ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འདས་ཟིན་པའི་རྗེས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལས་ལྷག་བོད་ནང་དུ་བྱུང་མྱོང་ཡོད་མི་འདུག དེས་ན་ཆོལ་ཁ་དང་ཆོལ་ལུགས་ཀྱིས་ཕྱོགས་ཞེན་མིན་པར། གཟུར་གནས་བློ་གྲོས་ལྡན་པས་ཕ་སྐད་ཉེན་ཁ་སྐྱོབས་ཐབས་དང་། ཕ་ཡུལ་ཞིང་འབྲོག་གི་དེང་རབས་གསར་བ་མཐའ་གཉིས་སུ་མ་ཤོར་བའི་ཉེན་པ་ལས་སྐྱོབས་ལ་ཡི་རང་བྱས་ན་མི་དགའ་འམ། རིད་ཏང་སོགས་ཀྱིས་མིག་ཤེལ་ནག་པོ་གྱོན་ནས་བསྡད་རུང་སོ་སོའི་འདོད་པ་རེད། ཧ ཧ ད་མི་བཤད་ཡ།

  31. རབ་བསྟན། says:
    2012-02-25 at 3:49 pm

    ཀརྨ་ཡེ་ཤེས་ཟེར་བས་ཡག་པོ་ཉོན། ང་ཚོ་བོད་མིའི་སྲོལ་རྒྱུན་གྱི་དགེ་བཅུའི་ཁྲིམས་མི་དགོས་ཞེས་ངས་ཤོད་མི་ཤེས་ལ་མི་བཤད་ངེས་ཅན་ཡིན། འོན་ཀྱང་ཚུལ་བློའི་དགེ་བཅུའི་ཁྲིམས་དེ་དབང་ཐང་རྒྱ་སྐྱེད་ཀྱི་ལག་ཆ་རང་ཡིན་པ་ལས། ཕན་སེམས་ཀྱིས་མིན་པ་ངས་སྔ་སེ་ནས་ཤེས་སོང་།
    དེ་བཞིན་ཉེ་སྔོན་༧གོང་ས་མཆོག་གིས་ཀྱང་བོད་ཀྱི་འབྲོག་ཕྱོགས་ལ་ལོ་ངོ་སྟོང་ཕྲག་རིང་གི་འགྲོ་སྟངས་ཡོད་པ་དེ་དག་ལ་འགྱུར་བ་བཏང་ན་འགྲིགས་མིན་གསལ་པོ་གསུངས་སོང་། དེ་ང་ཚོས་གསལ་པོ་གོ་སོང་། ཀར་ཡེ་ལས་ངན་པོས་ད་དུང་དེ་ཙམ་ཡང་མ་ཤེས་ན་འོན་པ་ཡིན་རྟགས།
    དང་པོ་དྲ་བྱང་འདི་ལ་ལྟོས་དང་རྗེས་ནས་ཤོད་ཆོག
    http://ti.tibet3.com/news/tibet/sc/2011-10/19/content_399250.htm

  32. ཀརྨ་ཡེ་ཤེས says:
    2012-02-25 at 4:17 pm

    ཧ ཧ གོང་ས་མཆོག་གིས་ཚུལ་ཁྲིམས་བློ་གྲོས་ཀྱི་བཤད་པ་མི་འཐད་གང་ན་གསུངས་འདུག་གམ། དེ་འདྲའི་དོན་མེད་བཤད་ལོ། དགེ་བཅུ་ཁྲིམས་དང་མི་ཆོས་གཙང་མ་བཅུ་དྲུག་དེ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསར་དུ་ཆོས་རྒྱལ་གོང་མའི་བཀའ་ཁྲིམས་དང་ཆོས་མཐུན་དག་ཚུལ་བཞིན་ལག་ལེན་གནང་བ་རེད། དེ་མི་འཐད་དང་། གལ་ཏེ་དེ་འདྲ་མི་འཐད་གོང་ས་མཆོག་གིས་གསུངས་མེད། ཁམས་པའི་དྲ་བ་ནང་ཡོད་པ་དེ་ཞིང་འབྲོག་སྤྱི་ཕན་གྱི་གནས་ཚུལ་ལས་གཞན་ཅི་མི་འདུག གལ་ཏེ་ཁྱོད་ཀྱིས་དགེ་བཅུ་དང་ཡ་རབས་སྤྱོད་པ་ཚོ་མ་ཤེས་ན། སྤྱིར་མི་དགེ་བ་སྲོག་གཅོད་རྐུ་དང་ལོག་སྤྱོད། རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ། བརྣབ་སེམས་གནོད་སེམས། ལོག་ལྟ་སྟེ་བཅུ་བོ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ། ཕ་མ་ཕར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤོང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས།གཞན་ཡང་།

    དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད།། ཕ་དང་མ་ལ་དྲིན་གཟོ་བཀུར་བསྟི་བྱ།། དྲིན་ཅན་ཡིད་མི་གཅོད་ཅིང་བཟང་ལན་འཇལ།། མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན།། ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང་།། ཆོས་དང་ཡི་གེ་བློ་འཇུག་དོན་ཤེས་བྱ།། རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ།། གཞན་ལ་བསམ་ངན་མི་བྱ་ཕན་པ་གདངས།། ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ།། ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛེམ་བྱེད།། སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ།། བྲེ་སྲང་སོགས་ལ་གཡོ་ཟོལ་སྤང་བར་བྱ།། མ་བཅོས་ལས་ལ་དོན་མེད་ཁ་གཏོགས་སྤང་།། རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ།། མནའ་དང་དམ་བཞག་སྲོལ་ལྟར་གཅེས་པར་འཛིན།། དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་ཏེ།། ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང་།། ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ།། བོད་འབངས་ཐམས་ཅད་བཀོད་དེ་བདེ་ཞིང་སྐྱིད།། ཅེས་པ་ལྟར་དང་།

    《རྒྱལ་རབས་གསལ་བའི་མེ་ལོང》ལས།

    ༡དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་དད་པ་དང་མོས་གུས་བྱབ་བ།

    ༢ཕ་མ་ལ་དྲིན་དུ་གཟོ་ཞིང་བཀུར་བསྟི་བྱ།

    ༣མི་དྲིན་ཅན་དང་ཕ་ཁུ་རྒན་གསུམ་གྱི་ཡིད་མི་གཅོད་པ།

    ༤བཟང་པོ་ལ་བཟང་ལན་བྱེད་པ།

    ༥མི་ཡ་རབས་དང་རིགས་བཙུན་པ་ལ་མི་རྒོལ་ཞིང་དང་དུ་ལེན་པ།

    ༦ལས་དང་སྤྱོད་པ་ཐམས་ཅད་ཡ་རབས་ཀྱི་རྗེས་སུ་འབྲང་བ།

    ༧ལྷ་ཆོས་དང་ཡི་གེ་ལ་བློ་འཇུག་ཅིང་དོན་ཤེས་པར་བྱ་བ།

    ༨ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་མི་དགེ་བ་འབའ་ཞིག་ལ་འཛེམ་པ།

    ༩མཛའ་བཤེས་དང་ཁྱིམ་མཚེས་ལ་ཕན་འདོགས་ཤིང་གནོད་སེམས་མི་བྱ་བ།

    ༡༠གཞི་དྲང་པོར་བྱ་ཞིང་བློ་སེམས་དཔང་དུ་འཇོག་པ།

    ༡༡ཟས་ཆང་ལ་ཚོད་འཛིན་ཅིང་ཁྲེལ་ཡོད་པར་བྱ་བ།

    ༡༢བུ་ལོན་དུས་སུ་འཇལ་བ།

    ༡༣བྲེ་སྲང་ལ་གཡོ་ཟོལ་མི་བྱ་བ།

    ༡༤མ་བསྐོས་ཤིང་མ་བཅོལ་བའི་བྱ་བ་རྟོག་འཇུག་མི་བྱ་བ།

    ༡༥གྲོས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།

    ༡༦ཡིན་མིན་གྱིས་མ་ཚང་བ་བྱུང་ན་ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས་མནའ་བྱེད་པ་བཅས་སོ།།

    དེ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ནི་ལོ་རྒྱུས་དེབ་ཐེར་ཁག་ལས་བཞེད་པ་ཕལ་ཆེར་གཅིག་མཐུན་དུ་བྱུང་ཡོད་ལ་གཙོ་བོར་མིའི་སྤྱོད་བཟང་སྟོན་པའི་སྲོལ་ལུགས་ཤིག་ཡིན་པ་ལས།ཉེས་ཆད་གཅོད་བྱེད་ཀྱི་བཀའ་ཁྲིམས་ནི་མ་ཡིན་ནོ།།

  33. ཀརྨ་ཡེ་ཤེས says:
    2012-02-25 at 4:24 pm

    དགེ་རབ་བསྟན་ད་དུང་ཨུ་ཚུགས་མ་བྱེད་འདི་ལ་གཟིགས
    http://gyalwarinpoche.com/intentionDetail2.php?id=4

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme