Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སོག་འབྲུག་གསུམ་གྱི་མང་ཚོགས་ལ་བཀའ་སློབ་སྩལ་བ།

Posted on 2015-06-132015-06-13 By ཁ་བརྡ 4 Comments on བོད་སོག་འབྲུག་གསུམ་གྱི་མང་ཚོགས་ལ་བཀའ་སློབ་སྩལ་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷེན་གྲོང་ཁྱེར་དུ་བོད་སོག་འབྲུག་གསུམ་གྱི་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩལ་བ།

ཕྱི་ལོ་༢༠༡༥ ཟླ༦ ཚེས་༡༡ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷན་གྲོང་ཁྱེར་དུ་ཆོས་ལུགས་འདྲ་མིན་ལྷན་ཚོགས་སུ་ལྷན་བཞུགས་མཛད་རྒྱུ་དང་འགྲེམས་སྟོན་བསྟི་གནས་ཁང་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་པ་དང་བསྟུན། ཁུལ་དེར་ལྷན་འཛོམས་གནང་བའི་བོད་མི་དང་། འབྲུག་པ། སོག་པོ། དེ་བཞིན་ཁུལ་དེའི་གནས་སྡོད་མི་མང་བཅས་ཁྱོན་མི་གྲངས་༣༠༠ ཙམ་ལ་བཀའ་སློབ་ཕེབས་དོན།

Tibetan

དེ་རིང་ཨོ་སི་ཊོ་ལི་ཡའི་བྷི་རིས་བྷེན་ནང་ཡོད་པའི་བོད་རིགས་གཙོ་བོར་བྱས་ནས་ཁྱེད་རང་ཚོ་དང་ལྷན་ཁྱུག་ཙམ་ཟུར་དུ་ཐུག་རྒྱུ་དེ་ཡིན། དེ་དང་ཆབ་གཅིག་འབྲུག་ནས་ཡིན་པ་གང་ཞིག་ས་གནས་འདིར་སློབ་སྦྱོང་བྱེད་བཞིན་པའི་འབྲུག་པ་ཚོགས་ཁག་གཅིག་དང་། དེ་བཞིན་སོག་རིགས་ཚོགས་ཁག་གཅིག་ཀྱང་དེ་རིང་འདིར་བཅར་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བོད་སོག་འབྲུག་གསུམ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། འབྲེལ་བ་ཡོང་གཞི་དེ་ཡང་གཙོ་བོ་རྒྱ་གར་ནས་དར་བའི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེཎྜའི་ཆོས་བརྒྱུད་ཀྱི་མཁས་པ་མཁན་ཆེན་ཞི་བ་འཚོས་དུས་རབས་བརྒྱད་པའི་ནང་ཁོང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུས་གནང་། དེ་དང་ཆབས་ཅིག་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས། ནམ་རྒྱུན་ང་རང་ཚོས་ཡོངས་གྲགས་བཤད་བཞིན་པའི་མཁན་སློབ་ཆོས་གསུམ་ཞེས་འདི་ནས་དཔལ་ནྰ་ལེཎྜའི་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ལ་ཆོས་དད་ཙམ་མ་ཡིན་པར་རིགས་ལམ་གྱི་རྣམ་གཞག་གཏིང་ཟབ་པོ་ཞིག་ཡོད་པ་དེ་བོད་ལ་བསླེབས་པ་རེད།

བོད་ཀྱི་ཁྱིམ་མཚེས་ལ་དྭགས་ནས་བཟུང་རྒྱ་གར་གྱི་ཤར་བར་དང་། དེ་བཞིན་འབྲུག་དེ་དག་ང་ཚོ་དང་ཆོས་བརྒྱུད་གཅིག་པ་ཆགས་ཡོད། སྤྱིར་སོག་པོའི་ནང་སངས་རྒྱས་པའི་ཆོས་བསྟན་པ་སྔ་དར་བཟོ་འདྲ་བ་ཞིག་སྔ་ས་ནས་དར་ཡོད་པ་འདྲ། སོག་པོའི་བསྟན་པ་བར་དར་ནི་དུས་རབས་བཅུ་གསུམ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཆོས་རྗེ་ས་པཎ་གཉིས་ལྷན་དུ་ཕེབས་ནས་སོག་ཡུལ་དུ་ནང་ཆོས་དར་གནང་མཛད་ཡོད། སྐབས་དེར་རྒྱ་ནག་སོག་པོ་ཇིང་གིར་ཁང་གིས་དབང་བསྒྱུར་བའི་དུས་ཚོད་དེ་འཁེལ་ཡོད། བསྟན་པ་ཕྱི་དར་དེ་ཕལ་ཆེར་༸རྒྱལ་དབང་བསོད་ནམ་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་གནང་མཛད་པ་དང་། མཐར་སོག་ཡུལ་དུ་སྐུ་མྱང་ངན་ལས་འདས་པ་རེད། ༸རྒྱལ་དབང་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་ཁག་གཅིག་གི་སྲས་སུ་འཁྲུངས། དེ་འདྲ་ཡིན་དུས་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ཁྱེད་རང་ཚོ་སོག་པོ་ནང་སོག་ནས་ཡིན་ནམ་ཕྱི་སོག་ནས་ཡིན། (ཞེས་སོག་རིགས་མང་ཚོགས་ལ་བཀའ་དྲི་ཞུས་པས་ཚང་མས་ཕྱི་སོག་ནས་ཡིན་ཞེས་ཟེར།)

ཕྱི་ལོ་ ༡༩༧༩ ལོར་ངོས་རང་ཕྱི་སོག་ལ་ཐེངས་དང་པོ་དེ་བསླེབས་པ་རེད། སྐབས་དེར་ཡིན་རྒྱུ་དམག་མི་དེ་ཚོ་རེད། ཡིན་ནའང་དགའ་ལྡན་དགོན་པའི་ལྕགས་རིའི་ནང་ལ་ཆོས་དད་རང་དབང་ཡོད་པའི་བཟོ་ལྟ་བུ་རེད། དགའ་ལྡན་དགོན་པའི་ལྕགས་རི་ཕྱི་ལ་ཆོས་དད་རང་དབང་མེད་པ་ལྟ་བུ་རེད། མི་གཅིག་དགོན་པའི་ཕྱི་ལོགས་ནས་ཡོང་བ་ཡིན་ན། གང་འདྲ་བྱ་དགོས་རེད། ཅེས་ཞལ་ཤོབ་དང་སྦྲགས་ནས་གསུངས། གང་ལྟར་ཕྱི་ལོགས་སུ་ཆོས་བྱེད་མི་དགོས་པ་གཙོ་བཟུང་བྱས་པ་ཞིག་དང་། ངོས་རང་དགོན་པ་དེའི་ནང་འདུག་སྐབས་སོག་པོ་ཁོང་རང་ཚོས་བླ་མ་མཆོད་པའི་ཚོགས་དང་འབྲེལ་བའི་བརྟན་བཞུགས་ཤིག་གསུང་འདོན་གནང་བ་དང། འདོན་པ་དེ་དག་ཚང་མ་བོད་སྐད་ནང་བཏོན་གནང་བ་དང་། མནྜལ་འདོན་སྐབས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ་ཞེས་པ་འདི་སྐད་ཤུགས་ཆེན་པོའི་ངང་ནས་བཏོན་པ་དང་ཆབས་ཅིག་ངུ་གི་འདུག སྐབས་དེར་སོག་པོ་བ་མང་པོ་མིག་ཆུ་བཏང་གི་འདུག ངོས་རང་ཡང་སེམས་སྐྱོ་བོ་ཞེ་དྲག་བྱུང་། ངོས་རང་ཡང་ངུ་གྲབས་བྱས་སོང་། ༸རྒྱལ་དབང་བསོད་ནམ་རྒྱ་མཚོའི་དུས་སྐབས་ནས་བསམ་བློ་ཞིག་འཁོར་སྐབས་སེམས་སྐྱོ་པོ་ཞེ་དྲགས་བྱུང་སོང་།

གང་ལྟར་ང་ཚོ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པར་བརྟེན་སོག་རིགས་མང་པོ་བོད་ནང་སློབ་གཉེར་བྱ་བར་ཡོང་གི་ཡོད། ངོས་རང་ཆུང་ངུའི་སྐབས་དོ་སྣང་བྱུང་བ་ལ་དགའ་ལྡན་ལ་སོག་པོ་འགའ་ཤས་ཡོད། སེ་ར་བྱེས་ལའང་སོག་པོ་གང་ཙམ་ཡོད། སོག་པོ་མང་ཤོས་སྒོ་མང་དགོན་པར་ཡོད། ཧ་ལམ་སོག་པོའི་གྲྭ་རྒྱུན་ཡིན་ན་དཔེ་ཆ་བ་ཡིན་པས་ཁྱབ་པ་རེད། སོག་པོ་རྡོབ་རྡོབ་འཁྲབ་ཟེར་བ་ཧ་ལམ་ཡོད་མ་རེད། ཁམ་པས་རྡོབ་རྡོབ་འཁྲབ་ཟེར་མཁན་ཡོད། ཨ་མདོ་རྡོབ་རྡོབ་འཁྲབ་མཁན་ཡང་ཡོད། ཅེས་ཞལ་ཤོབ་དང་སྦྲགས་ནས་གསུངས། ངོས་རང་ཆུང་ངུའི་སྐབས་མཚན་ཞབས་པ་བདུན་ཡོད་པའི་ཁོངས་ནས་སེ་ར་བྱེས་ཀྱི་མཚན་ཞབས་པ་དེ་ནང་སོག་ནས་རེད། རྒན་དངོས་གྲུབ་ཚོགས་ཉིད་ཁོང་རང་ཕྱག་དཔེ་ཡག་པོ་ཡོད་པ་རེད། སྤྱིར་ངོས་ཀྱི་གཞུང་ཆེན་ཁག་གཙོ་བོ་ཡོངས་འཛིན་རྣམ་གཉིས་ཀྱིས་འཁྲིད་གནང་གི་རེད། དངོས་གྲུབ་ཚོགས་ཉིད་ཀྱིས་རྐང་རྟགས་གསལ་རིགས་དེ་ཁོང་རང་གིས་བསླབ་གནང་གི་ཡོད། དངོས་གྲུབ་ཚོགས་ཉིད་ཁོང་རང་དབུ་མའི་ལྟ་བར་དོ་སྣང་ཆེན་པོ་རེད།

ང་རང་ལའང་དེ་དུས་ནས་རྒན་དངོས་གྲུབ་ཚོགས་ཉིད་ཁོང་རང་གིས་ཤུགས་རྐྱེན་བྱས་ཏེ་དབུ་མའི་ལྟ་བར་དོ་སྣང་བསླེབས་མྱོང་། བྱས་ན་ང་རང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་འགྱུར་ཡིན་པའི་ཆ་ནས་དཔལ་ནཱ་ལེཎྜའི་ཆོས་བརྒྱུད་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་སངས་རྒྱས་པའི་ཆོས་ལ་འཇུག་མཁན་གཅིག་འགྱུར་ཆགས་ཡོད། དེ་རིང་ཁ་སང་འབྲུག་པ་ཁྱེད་རང་ཚོར་ཆ་བཞག་ན་རང་དབང་ལྡན་པའི་ཆོས་ལྡན་རྒྱལ་ཁབ་ཅིག་ཆགས་ཡོད། སོག་པོར་གསར་རྗེ་བྱུང་རྗེས་སངས་རྒྱས་པའི་ཆོས་ལ་ཧ་ལས་པའི་ཉམས་ཆགས་ཆེན་པོ་བྱུང་ཡོད། སྐུ་མདུན་༸སྐུ་གོང་མའི་ཞལ་གདམས་བཀའ་སློབ་ནང་ལ། ཡང་སྒོས་དམར་པོའི་ལམ་ལུགས་ཆེ་ཆེར་དར་། ཞེས་སོགས་གསུང་འདུག དེ་དུས་ང་ཚོ་བོད་པས་སོག་པོར་གདུང་སེམས་མཉམ་སྐྱེ་བྱས་པ་ཙམ་ལས་ང་རང་ཚོ་ག་རེ་ཡོང་གི་ཡོད་མེད་ཧ་གོ་གི་ཡོད་མ་རེད། ཞལ་ཤོབ་དང་སྦྲགས་ནས་གསུངས། ད་ལྟ་སོག་པོ་ཁྱེད་རང་ཚོ་རང་དབང་ཐོབ་ཡོད། ང་ཚོ་བོད་པ་དཀའ་ངལ་ནང་ལྷག་ཡོད། སོག་ཡུལ་ལ་དམར་པོའི་འགྱུར་བ་ཕྱིན་ཚར་བའི་རྗེས་སུ་ངོས་རང་ཐེངས་གཅིག་དེར་བསླེབས་པ་རེད། དངོས་གནས་དྲང་གནས་ཡུད་ཙམ་ཞིག་གི་ནང་དགོན་པ་དང་ལྷ་ཁང་དེ་འདྲ་བརྒྱབ་པ་དང་ཆོས་དད་བྱེད་མཁན་ཤུགས་ཆེན་པོ་ཞེ་དྲགས་འདུག སངས་རྒྱས་པའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མྱུར་པོ་ཞེ་དྲགས་བྱུང་འདུག

ཁྱེད་རང་ཚོ་ཨོ་སི་ཊོ་ལི་ཡའི་ཕྱི་དངོས་པོ་ཡར་རྒྱས་དང་། དེང་དུས་ཀྱི་ཤེས་ཡོན། སྤྱི་ཚོགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དེ་ཁྱེད་རང་ཚོ་བསྐལ་བ་བཟང་པོ་རེད། གཞོན་སྐྱེས་ཚོ་ཡུལ་འདིར་བསྡད་ནས་ཕྱོགས་གཅིག་ནས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དང་། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་གནའ་རབས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ཤེས་ཡོན་དེ་དག་གལ་ཆེན་པོ་རེད། དཔེར་ན། སེམས་ཁམས་རིག་པ་ལྟ་བུར་ཆ་བཞག་ན། ཧ་ཅང་གལ་ཆེན་པོ་རེད། ཕན་ཐོགས་ཆེན་པོ་ཡོད། དེང་སྐབས་ཨ་རི་གཙོ་བོར་འགྱུར་པའི་ནུབ་ཕྱོགས་ལུང་པའི་ཚན་རིག་པ་མང་པོས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་གཞུང་ནང་སེམས་ཁམས་རིག་པའི་སྐོར་དང་། ལྟ་གྲུབ་སྐོར་དམིགས་བསལ་དོ་སྣང་བྱེད་བཞིན་འདུག བོད་ཀྱི་གཞུང་ནང་ཡོད་པ་དེ་དག་ལ་ངོ་མཚར་བསྐྱེད་པ་ཙམ་མ་ཟད། དེ་ནས་ཚུར་སློབ་སྦྱོང་བྱ་རྒྱུར་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་འདུག

དེ་སྔ་ང་ཚོ་བོད་ནས་རྒྱ་གར་དུ་ཡོང་ལ་ཉེ་བའི་སྐབས་དེར་བོད་པའི་ཤེས་ཡོན་དེ་དག་དེ་ཙམ་ཕན་ཐོགས་མེད་པ་ལྟ་བུ་འདུག བོད་པ་ཁ་ཤས་ལ་ཁྱེད་རང་གང་ནས་ཡིན་པ། ཞེས་སྐད་ཆ་དྲིས་པའི་སྐབས་དེར་ང་རང་བོད་པ་ཡིན་བརྗོད་རྒྱུར་ཕྲན་བུ་མཚེར་སྣང་བྱེད་རྒྱུ་ལྟ་བུ་བྱུང་བ་རེད། དཔེར་ན་ངས་དཔེ་མཚོན་ཞིག་ཞུས་ན། དེ་སྔོན་པ་ཌ་ན་གཙུག་ལག་སློབ་གཉེར་ཁང་དུ་པཎ་ཆེན་འོད་སྤྲུལ་ཁོང་རང་ཚོ་ཁ་ཤས་ཤིག་སློབ་ཕྲུག་ལ་ཞུགས་ནས་སློབ་སྦྱོང་གནང་བ་རེད། གཙོ་བོ་ཧིན་རྡི་སོགས་སློབ་སྦྱོང་ཆེད་རེད། དེ་དུས་རྒྱ་གར་དགེ་རྒན་ཁ་ཤས་ཀྱིས་མི་འདི་ཚོ་དུད་འགྲོ་བཟོ་འདྲ་བོ་རེད། ང་ཚོས་སློབ་སྦྱོང་སྤྲད་དེ་མི་རང་བཟོ་ཡི་ཡོད། དེ་འདྲ་བརྗོད་ཀྱི་འདུག་ཟེར། དེ་ནས་རིམ་པས་སྐད་ཡིག་ཤེས་ཏེ་སྐད་བརྡ་འཕྲོད་རྒྱུ་ཆགས་ཡོང་དུས་དུད་འགྲོ་བཟོ་འདྲ་བོ་དེ་དག་གཞི་ནས་བསམ་བློའི་ཐོག་ནས་ཤེས་ཚད་ད་རྣམ་དཔྱོད་རྣམས་མཐོང་ནས་བླ་མའི་ཚུལ་དུ་བསྟེན་ཏེ་ཚུར་སྐད་ཆ་དྲིས་རྒྱུ་ཆགས་པ་རེད། མཁྱེན་སོང་ངམ། དེར་བརྟེན་ང་རང་ཚོར་མེས་པོ་ཚོས་དངོས་གནས་བྱས་རྗེས་ཆེན་པོ་བཞག་ཡོད་པའི་སོ་སོའི་ཆོས་དང་རིག་གཞུང་དེ་དག་མ་བརྗེད་པར་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་བདག་པོ་རྒྱག་རྒྱུ་དེ་ཅ་ལག་རྙིང་པ་ཕན་མ་ཐོགས་པ་ཞིག་སོ་སོའི་ཅ་ལག་བསམས་ནས་བདག་པོ་རྒྱག་རྒྱུ་དེ་འདྲ་མ་རེད། དུས་རབས་ཉི་ཤུ་རྩ་གཅིག་ནང་དེང་དུས་ཀྱི་ཤེས་ཡོན་གྱི་མ་འདང་པའི་ཆ་དེ་དག་བསབ་ཐུབ་པའི་གནས་ཆུལ་ཞིག་ཆགས་ཡོད། དེར་བརྟེན་དེའི་ཁྱད་པར་དང་དངོས་ཡོད་གནས་ཚུལ་ཐོག་ཕན་ཐོགས་ཡོད་པ་དེ་དག་ཤེས་པར་བྱས་ནས་བདག་པོ་རྒྱག་དགོས་མཁྱེན་སོང་ངམ། ཞེས་བཀའ་སློབ་ཟབ་རྒྱས་སྩལ། །

སྣ་ཚོགས།

Post navigation

Previous Post: དུང་དཀར་མཚོ།
Next Post: མཚེ་མ་གཉིས་ཀྱི་འགྲན་བསྡུར།

Comments (4) on “བོད་སོག་འབྲུག་གསུམ་གྱི་མང་ཚོགས་ལ་བཀའ་སློབ་སྩལ་བ།”

  1. སྤོབས་པ་མཐའ་ཡས། says:
    2015-06-14 at 12:21 am

    སོག་པོ་དང་འབྲུག་པ་ཚོའི་སྐུ་མདུན་ནས་ང་ཚོས་ཚུར་བཀའ་སློབ་ཞུ་ཐུབ་དགོས་གི་འདུག འཛམ་བུ་གླིང་འདི་ལ་འགྱུར་བ་འདི་འདྲ་ཆེན་པོ་ཞིག་ཐེབས། བཙན་རྒྱལ་རིང་ལུགས་པ་དང་། རྒྱ་སྐྱེད་རིང་ལུགས་པའི་ཤུགས་རྐྱེན་འདི་འདྲ་ཆེན་པོ་ཞིག་གི་འོག་ཏུ་རྒྱལ་ཁབ་ཆུང་ཆུང་འདི་འདྲ་གཉིས་ལས་གཅིག་ནི་འབྲོག་པ་རེད། གཅིག་ནི་གྲོང་གསེབ་པ་རེད། འདི་གཉིས་ལ་རང་དབང་རང་བཙན་ཐོབ་བསྡད་ཡོད་པ་འདི་ཡིད་ལ་ཡང་འཁོར་མི་ཤེས་པ་ཞིག་རེད། ང་ཚོ་ངོ་ཡང་གནོང་དགོས་པ་ཞིག་རེད། སོག་པོ་ངུ་བ་དེ་ང་རང་ཚོའི་ཆེད་དུ་ངུ་གི་ཡོད་པ་ཡིན་གྱི་རེད་བསམ་གི།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-14 at 9:09 am

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷེན་གྲོང་ཁྱེར་དུ་བོད་སོག་འབྲུག་གསུམ་གྱི་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩལ་བ། ཞེས་པ་བཀླགས་པས་བློ་ལ་ཕན་པའི་བཀའ་སློབ་མང་པོ་འདུག བོད་ཀྱི་སྐད་ཡིག་སྲུང་དགོས་པའི་ཆ་ནས་བསམ་འཆར་འགའ་ཞུ་དགོས་པར་མཐོང་། ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷེན། ག་ན་ཡོད་གོ་མ་ཚོས། བོད་ཡིག་བྲིས་རྗེས་ཨིན་ཡིག་བྲིས་ཡོད་པ་ཡིན་ན། གཅིག་ཆ་ན། google ་སློབ་སྩལ་བ། ཞེས་པར་་སློབ་སྩལ་པ། ཞེས་འབྲི་ན། བོད་ཀྱི་མཁས་པའི་སྐད་དང་མཐུན་པར་མ་ཟད། སྩོལ། སྩལ། སྩལ། སྩོལ། ཐོག་མཐའ་གཉིས་དང་བར་པ་གཉིས་ཀྱི་ད་བཤུལ་ཡོད་མེད་ཀྱིས་ཤེས་དགོས། དེས་ན་འདས་ཚིག་ལ་ད་བཤུལ་ཡོད་པས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ཞེས་བརྡ་སྤྲོད་དང་བསྟུན་དགོས། ནཱ་ལེཎྜ། ཞེས་པ་དག་པར་འབྲི་ན། ནཱ་ལ་ནྡཱ། ཞེས་འབྲི་ན་སྤུས་དག་པར་མ་ཟད་དོན་དག་ཀྱང་ཡོད་དེ། འདུལ་བ་ན། ནཱ་ལ་ནྡཱ། ཞེས་པ་འདམ་བུ་སྦྱིན། ཞེས་པར་བསྒྱུར་པ་མཐོང་། མ་འདང་པའི་ཆ། ཞེས་པ་མ་ལྡང་པའི་ཆ། ཞེས་འབྲི་ན་བོད་ཀྱི་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མའི་དགོངས་དོན་དུ་འགྱུར།

  3. ཚེ་རིང་ says:
    2015-06-16 at 6:06 am

    སྤོབས་མཐའ་ལགས་ང་ཚོས་སོག་པོ་དང་འབྲུག་པ་༸གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཙན་བཀའ་བཏང་ནས་བཀོང་བ་ཞིག་མ་རེད་ཁོང་ཚོས་ནོར་བུའི་ནོར་ཉམས་ཤེས་ནས་ཡོང་བ་ཞིག་རེད་བསམ་གྱི་འདུག་་་་་ཁྱེད་རང་བོད་མི་ཡིན་ཟེར་རྒྱུར་ངོ་གནོང་གི་འདུག་ན་བདག་པོ་རྒྱག་མཁན་རག་ན་སོག་པོ་དང་འབྲུག་པ་་རྒྱ་མི་་དབྱིན་ཇི་སོགས་གང་བྱས་ཀྱང་མཆོག་གི་རེད་ལ་རང་དབང་ཡང་རེད་་་་་་ང་ནི་མ་ཤི་བར་བོད་པ་ཞིག་ཡིན་བསམ་པའི་སྤོབས་པ་ཡོད་་་་་་་དགོངས་པ་མ་ཚོམས་རོགས་གནང་་་་་་་

  4. ཚེ་རིང་ says:
    2015-06-18 at 2:10 am

    སྤོབས་མཐའ་ཟེར་མཁན་གང་དུ་ཡོད་ད་གཅིག་གསུང་ད་་་་་མི་ལ་ངོ་ཚ་མེད་ན་ཁྱི་རྒན་རེད་་་་ཁྱི་ལ་མཇུག་མ་མེད་ན་འདྲེ་རེད་་་་་་་་དེང་སང་རྒྱ་མིའི་རྒྱུག་ཁྱི་མཇུག་མ་མེད་པ་མང་པོར་འདྲེ་བཞུགས་ནས་སྨྱོ་སྐད་མང་པོ་རྒྱབ་ཀྱི་འདུག་ད་ད་ད་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme