Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།

Posted on 2014-03-062014-03-06 By ཁ་བརྡ་ 6 Comments on བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།

ལྷུག་བཞུར།

ང་རང་བོད་རིགས་གཟིགས་མོ་བ་ཞིག་གི་ངོས་ཐད་ནས། ད་ལོའི་ལོ་གསར་གྱི་བརྙན་འཕྲིན་དགོང་ཚོགས་གཉེར་ཕྱོགས་ཐད་རང་གི་བསམ་ཚུལ་རེ་གླེང་ན། ཐོག་མར་དགོང་ཚོགས་ཧྲིལ་པོའི་སྤྱིའི་འཆར་འགོད་ལེགས་ཉེས་དང། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་མིན། དེ་བཞིན་སྒྱུ་རྩལ་གྱི་རིན་ཐང་སོགས་རེ་ཞིག་མ་གླེང་བར། དེ་དག་ཕྱིར་མཚོན་བྱེད་ཀྱི་ལག་ཆ་སྟེ། སྐད་བརྡ་ཁོ་ན་ལ་ཅུང་ཟད་གླེང་ཚེ།

༡༽གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་ལེ་ཚན་མང་པོ་ཞིག་རྒྱ་ཡིག་དང་རྒྱ་སྐད་རེད་འདུག་པས། གྲོང་ཁྱེར་བ་རྒྱ་སྐད་ཚིག་རེ་གཉིས་ཤེས་མཁན་ཚོ་དང་ཡ་མ་རླ་བའི་མི་འགའ་ཞིག་ལས། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས། ད་ལྟའི་བར་དུ་རང་གི་སྐད་ལ་གོམས་ཤིང་འདྲིས་པའི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གོ་ག་ལ་ཐུབ། དེས་ན། བརྙན་འཕྲིན་དགོང་ཚོགས་འདི་ཉིད་ཀྱི་ཞབས་འདེགས་ཞུ་ཡུལ་གྱི་ཁ་ཕྱོགས་གསལ་པོ་མིན་འདུག་ཅེས་ཁ་ཚོན་བཅད་ནས་བཤད་ཆོག་པ་འདུག

༢༽ད་དུང་ལེ་ཚན་མང་པོ་ཞིག་གི་ནང་དོན་དང་རྣམ་པའི་ཐད། བོད་རིགས་ཀྱི་འཚོ་བ་དངོས་དང་རྒྱང་ཁྱད་ཆེན་པོ་ཡོད་ཁར། བོད་མིའི་ཡུལ་གོམས་གཤིས་ལུགས་དང་མི་འཚམས་པ། བོད་པའི་རིག་གཞུང་གི་རིན་ཐང་ལྟ་བ་དང་མི་མཐུན་པ་སོགས་ཀྱི་སྐྱོན་ཆ་ཇེ་སྙེད་ཅིག་འདུག ལེ་ཚན་འགའ་ཞིག་གི་ནང་དོན་ལ་བལྟས་ན། ངོ་མ་དགོད་མ་ཤེས་ལ་ངུ་ཡང་མ་ཤེས་པའི་སྣང་བ་སྟེར་གྱིན་འདུག

༣༽ལེ་ཚན་མང་པོ་ཞིག་གསར་གཏོད་ཡིན་པར་རློམས་ནས། ནང་དོན་དང་འགྲོ་ལུགས། རྣམ་པ་སོགས་རྦད་དེ་ར་མ་ལུག་གམ་ཡ་མ་གཟུགས་སུ་གྱུར་འདུག མ་གཞི་སྒྱུ་རྩལ་ལ་སྒྲོ་བཏགས་ཆོག་རུང། སྒྱུ་རྩལ་གྱི་ཡོང་ཁུངས་ནི་འཚོ་བ་དངོས་ཡིན་པ་ནི། བཀྲུས་ཀྱང་མི་དག་པའི་བདེན་དོན་ཞིག་རེད། དེས་ན། འབྲོག་པས་རྒྱ་ནག་རྒྱལ་པོའི་ཆ་ལུགས་འདྲ་བ་སྤྲས་ནས་གར་འཁྲབ་པ་དེ། གསར་གཏོད་ཨེ་ཡིན། ལྷ་སའི་གྲོང་མི་རྒས་མོས། རྒྱ་སྐད་ཆུ་རྒྱུགས་རྒྱུགས་བརྒྱབ་པ་དེའང་འཚོ་བ་དངོས་ཨ་ཡིན།

མདོར་ན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་འདི་ལོའི་ལོ་གསར་དགོང་ཚོགས་འདི་ངོ་མ། ཐབས་ཆག་རང་རེད་འདུག་པས། མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ལ་སློབ་སྦྱོང་མང་ཙམ་བྱེད་རོགས་གནང།

གོང་བརྗོད་ཀྱི་གནད་དོན་དག ང་རང་མི་སྒེར་གྱི་བསམ་ཚུལ་ཙམ་མ་ཡིན་པར། བོད་ཀྱི་ས་ཆ་གང་སར་བཞུགས་པའི་རྒྱ་ཆེའི་གཟིགས་མོ་བ་ཚོའི་དགོངས་འཆར་ཡང་རེད་འདུག གང་ཡིན་ཟེར་ན། ལོ་གསར་གཏོང་ཞོར་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ཐོག “ད་ལོའི་དགོང་ཚོགས་འདིར་ཆོ་གཅིག་གའི་མིན་འདུག་”དང་ཡང་འགའ་ཞིག་གིས་འུ་ཐུག་ངང་”ད་ཡིན་ན། ལོ་རེ་ལས་ལོ་རེ་མ་བསྡད་པར་སྡུག་རུ་གང་འགྲོ་རེད།”ཅེས་ཟེར་རོ།།

༼ཟུར་དུ་ཞུ་རྒྱུ་ཞིག་ལ། རྒན་ཐུབ་བསྟན་ལགས་དང་མིག་དམར་ལགས་རྣམ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དགོད་བྲོའི་གཏམ་བཤད་གཅིག་དང། དེ་བཞིན་རྒན་བཀྲ་ཤིས་དོན་གྲུབ་ལགས་དང་། ཨ་མ་ཉི་མ་ལགས་དང། བུ་རིན་དབང་ལགས་བཅས་རྣམ་པ་གསུམ་གྱིས་འཁྲབ་པའི་གླ་བྱེད་རླངས་འཁོར་གྱི་ཁ་ལོ་བའི་བྱང་ཚད་དང་འབྲེལ་བའི་གཏམ་བརྗོད་ཟློས་གར་དེ་གཉིས་ནི་རྒྱ་ཆེའི་གཟིགས་མོ་བ་ཚོས། དགའ་བསུ་ཆེ་ཤོས་དང་གདེང་འཇོག་ཚད་མེད་ཐོབ་པའི་ལེ་ཚན་ཉག་གཅིག་དེ་རེད་འདུག ང་རང་ཡང་བོད་རིགས་ལྟད་མོ་ཞིག་གི་ངོས་ནས། ཁྱེད་རྣམ་པ་དང་འཁྲབ་གཞུང་རྩོམ་མཁན་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་དགོད་བྲོའི་གཏམ་བཤད་མཁན་དང་གཏམ་བརྗོད་འཁྲབ་མཁན་ཚོས། ཁོང་རྣམ་པར་སློབ་སྦྱོང་གང་མང་ཡོད་པ་མཁྱེན་མཁྱེན།༽

་་་་་་་་་་་་་་་་་ཞེས་ལྷུག་བཞུར་གྱིས་ལྷ་ས་ནས།
༢༠༡༤-༣-༤

རྩོམ་རིག

Post navigation

Previous Post: རིགས་པ་སྟོང་གི་དགག་སྒྲུབ་དང་ཆོས་ཁྲིམས་དང་སྲིད་ཁྲིམས་ཀྱི་མདུན་བདེན་པ་བདར་དགོས་རྒྱུ་གལ་ཆེ།
Next Post: ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་དབུ་འབྱེད་སྨོན་ལམ་གསུངས་པ།

Comments (6) on “བོད་ཤིང་རྟ་ལོའི་ལོ་གསར་བརྙན་འཕྲིན་དགོང་ཚོགས་དང་འབྲེལ་བའི་བསམ་གཞིགས།”

  1. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-03-06 at 12:56 pm

    ལྷ་ས་ད་ལྟ་འདྲེ་ས་རུ་གྱུར་ཚར་ཡོད་པ་རེད། སྐད་ཡིག ལ་རྒྱ། རིག་གཞུང་། ཤེས་ཡོན་སོགས་་ཕྱོགས་གང་ཅིའི་ཐད་ནས་རྦད་དེ་འཕྲོ་བརླགས་ས་ུའགྲོ་ཚར་རེད། དེར་་བརྟེན། ད་ནི་འདྲེ་སའི་མིའི་རིགས་ལས་ཡིད་ཆེས་དང་རེ་བ་གང་ཡང་མ་བཅོལ་ན་རེད། ཁོ་ཚོས་ཚར་བརྟན་སྒྲོལ་མ་འདྲ་བོ་ད་མང་བོ་སྐྱེད་བསྲིང་བྱེད་ཀྱིན་ཡོད་སྲིད།

  2. ཁྱི་ཕྲུག says:
    2014-03-06 at 2:11 pm

    ལྷ་སའི་བརྙན་འཕྲིན་ལ་ལྟ་གི་མེད་ལ།  དེར་བལྟས་ན་སྙིང་ལངས་སྐྱེད་རང་རེད།

  3. བཀྲིས་བསམ་གྲུབ། says:
    2014-03-07 at 12:44 am

    ད་ལོའི་བོད་ལྗོངས་བརྙན་འཕྲིན་ནང་གི་དགོང་ཚོགས་འདི་དྲ་རྒྱའི་ཐོག་ནས་ཆ་ཚང་ཡག་པོ་ཞིག་ལྟ་རྒྱུ་བྱང་། འགྱུར་ལྡོག་ཞེ་དྲག་འདུག མཚོ་སྔོན་བརྙན་འཔྲིན་ཐོག་རྫོང་སོ་སོའི་ས་གནས་ཀྱི་གཞ་སྣ་བལྟ་བ་དང་བ་སྡུར་ན་མི་འདྲ་བའི་ཆ་འདུག འོན་ཏེ་དེ་ནི་རྫོང་ཞིག་དང་བསྡུར་ཐབས་མེད་ཙང་རྣམ་པ་གང་ཅིའི་ཆ་ནས་གནོན་ཤུགས་དང་བསྲེ་ལྷད་གང་ཡོང་བཏང་ཡོད་པ་གསལ་པོ་མཐོང་རྒྱུ་འདུག་ཀྱང་། གཏམ་བརྗོད་ཟློས་གར་སོགས་ཀྱི་ཚིག་སྦྱོར་འདི་ཚོ་ཧ་ཅང་རྣོ་པོ་འདུག
    གོང་འདིར་དབྱང་ཅན་དགྱེས་པའི་བློ་གྲོས་ཞེས་པའི་མིང་རྫུན་མ་འདི་ལོ་རྒྱུས་ལྡན་པའི་བོད་ཀྱི་རྒྱལ་ས་ལྷ་ས་འདི་འདྲེ་ས་རེད་ཟེར་འདུག ལ་རྒྱ་དང་ཤེས་ཡོན་ཡོད་མ་རེད་ལབ་འདུག དགོད་དྲོ་པོ་ཞིག་འདུག ལ་རྒྱ་དང་ཤེས་ཡོན་མེད་སའི་ས་གནས་དེ་འདྲ་ཞིག་ཏུ་རྒྱ་ནག་སྟོབས་ཤུགས་ཅན་དེས་འཇིགས་སྣང་ཅན་ཆེན་་པོས་དྲག་པོའི་དམག་དཔུང་དང་དམ་དྲག་དེ་འདྲ་་བྱ༌དགོས་དོན་ཨེ་ཡོད། མིག་བལྟས་པའི་ཕྱི་ཚུལ་གྱི་མཐོང་སྣང་དང་སེམས་ཚོར་བའི་ཐོག་ནས་བག་ཆགས་བསྐྲུན་པའི་སྟོབས་ཤུགས་གཉིས་ལས་བོད་ཀྱི་རྒྱལ་ས་ལྷ༌སའི་ནང་སྐད་ཡིག་རིག་གཞུང་དང་། མི་རིགས་ཀྱི་ལ་རྒྱ། ཤེས་ཡོན་གྱི་རྩ་བ་ད་དུང་བརྟན་པོ་ཚུགས་ཡོད་པས་སྟོབས་ཆེན་གྱི་རྒྱ༌ནག་དམར་གཞུང་ནས་དྲག་པོའི་དམག་དཔུང་དང་དམར་པོའི་ལས་བྱེད་ཁྲི་སྟོང་མང་པོར་འགྲོ་སོང་ས་ཁུལ་དང་ཞིང་ཆེན་གཞན་ལས་ལྡབ་འཕར་བཏང་སྟེ་གཉའ་གནོན་བྱ་ཐབས་བྱེད་བཞིན་པ་དེའི་གསེབ་ནས་སུ་ཞིག་གིས་རིག་གཞུང་དང་ལ་རྒྱ་སེམས་ཀྱི་ཚོར་བ་དང་ལག་ལེན་དངོས་ཀྱི་ཐོག་ནས་བསྲུང་བསྡད་ཡོད་པ་ངོ་མ་གསལ་པོ་མཚོན་གྱི་འདུག ངས་བལྟས་ན་འདྲེ་ས་རང་ཨེ་ཡིན།

  4. ཨོ་རྡོ། says:
    2014-03-07 at 8:39 am

    བོད་ཀྱི་བཙན་པོ་གླང་དར་བར་བོད་མི་རིགས་ཀྱི་གནས་སྟངས་དངོས་གནས་ངོམས་སུ་ཆོག་པ་ཞིག་བྱུང་ཡོད། དེའི་རྗེས་སུ་བོད་མི་ནང་ཁུལ་ཡུལ་ལུང་དང་ཆོས་ལུགས་བར་ལ་ཕྲག་དོག འགྲན་སེམས། སྡང་སེམས་སོགས་ཁོ་ན་བྱས་ཏེ་སྡོད་པ་ལས་ད་ལྟའི་གནས་སྟངས་འདི་ལ་ཐུག་པ་རེད། ད་ལྟ་བར་ང་ཚོ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་སྐྱབས་བཅོལ་བྱས་པ་ལས་གང་ཡང་འཇོན་མེད། རྒྱ་ནག་དེ་འཛམ་གླིང་ནང་ཡང་རྒྱས་ཆེན་པོ་འགྲོ་བཞིན་པ་ BBC ལ་སོགས་པ་མང་པོས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེ་ཐོག་ཏུ་༸གོང་ས་མཆོག་གིས་ཀྱང་ གལ་ཏེ་ང་ཚོ་ལ་དཔལ་འབྱོར་དགོས་ཀྱི་ཡོད་ན་རྒྱ་ནག་ཁོངས་སུ་སྡོད་ན་འགྲིགས་ཀྱི་འདུག་བཅས་གསུང་ཡོད། མདོར་ན་ང་ཚོས་ཡོན་ཏན་ལ་ཡོན་ཏན་དང་སྐྱོན་ལ་སྐྱོན་ཡིན་པ་ངོས་ལེན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབས་ཡོད་ཀྱང་ད་དུང་གཞན་ནས་ཡོན་ཏན་བླང་དགོས་པ་མ་ཤེས་པར་རང་གི་མི་དགའ་སའི་ཡོན་ཏན་ལ་ཡོན་ཏན་དུ་མི་ལྟ་བར་སྐྱོན་དུ་ངོས་འཛིན་བྱས་པ་མ་ཟད། དེ་ལ་ཕྲག་དོག་དང་སྡང་སེམས་བྱེད་པ་ནི་རང་ཉིད་ལ་གྱོང་ཆེན་པོ་སྤྲོད་ཀྱི་ཡོད། ང་ཚོས་བོད་ཀྱི་བརྙན་འཕྲིན་ལྟ་ཐུབ་ན་ཡོན་ཏན་མང་པོ་ཞིག་ཐོབ་རྒྱུ་འདུག་པས་ཆགས་སྡང་གི་བློ་རུ་མ་སོང་བར་ཐུགས་སྣང་གནང་ན་ང་ཚོ་རྗེས་ལུས་ག་པར་ལྷག་ཡོད་མེད་གསལ་པོ་ཤེས་ཐུབ་ཅེས་ཞུ་རྒྱུ་ཡིན། ངས་སྐད་ཆ་འདི་བརྗོད་པར་ཁ་བརྡ་ཀློག་པ་པོ་མང་པོ་ཞིག་གིས་མི་དགའ་བ་བྱ་རྒྱུ་ཡིན་པ་ཐག་ཆོད། ཁ་ཤས་ཀྱིས་རྒྱ་མིའི་སོ་པ་ཟེར་སྲིད། གང་ལྟར་ང་ཚོས་ཕྲན་བུ་བློ་རྒྱ་ཆེ་ཙམ་བྱེད་ཐུབ་ན་བསམས་ནས་བྲིས་པ་ཡིན་པས་དགོངས་འགལ་མེད་པ་ཞུ། བཀྲིས་བདེ་ལེགས།

  5. གཡུ་ཐོག་རྒྱལ་པོ། says:
    2014-03-07 at 9:00 am

    ཡག་པོ་གསུངས་འདུག ངས་ལེ་ཚན་ཆ་ཚང་མཐོང་མ་སོང་ཀྱང་དགོད་བྲོའའི་གཏམ་གླེང་རྣམས་མཐོང་སོང་། ཡག་པོ་འདུག དེང་སང་བོད་ཁམས་ཡོངས་སུ་རྒྱའི་རྣམ་པ་མངོན་པའི་ཁྲབ་མཚན་ཡ་མ་གཟུགས་མི་ཉུང་བ་ཞིག་རིམ་བཞིན་མངོན་ཡོང་གི་འདུག དེ་རིགས་ལ་བོད་མི་ཚོས་བསམ་འཆར་འདོན་རྒྱུ་གལ་ཆེན་པོ་རེད། གསར་འགྱུར་རྒྱུད་ལམ་ཙམ་དུ་རྩོམ་ཡིག་སྤེལ་རྒྱུ་མིན་པར་ཐད་ཀར་འབྲེལ་ཡོད་ཚན་པ་ཁག་ལ་ཡིག་ངག་ཅི་རིགས་ནས་མི་མང་གི་བསམ་འཆར་ཤོད་ཐུབ་ན་ནུས་པ་མཐཽན་སྲིད་པ་རེད། དེ་གཅིག་ཡིན། གཉིས་ནས། ལྷ་སའི་ལོ་གསར་དགོང་ཚོགས་གོ་སྒྲིག་བྱེད་ཕྱོགས་ཐད་རྒྱ་གཞུང་གིས་ཐད་བྱུས་བྱེད་ཀྱི་ཡོད་མིན་དེ་རེད། ངས་གནད་དོན་དེའི་ཐད་གསལ་པོ་ཤེས་ཀྱི་མེད། དེ་སྔོན། གྲོགས་པོ་ཞིག་གིས་ལྷ་སའི་ལོ་གསར་དགོང་ཚོགས་གོ་སྒྲིག་བྱེད་ཕྱོགས་དང་། ནང་དོན་ཕྱོགས་སྒྲིགས་བྱེད་ཕྱོགས་ཐད་རྒྱ་གཞུང་གིས་ཐད་བྱུས་བྱས་ཏེ་འབྲེལ་ཡོད་ཁྲབ་སྟོན་པར་དབང་ཆ་གང་ཡང་མེད་པ་འདྲ། རྣམ་པ་ཚོས་མཁྱེན་རྟོགས་ཡོད་ན་གསུངས་དང་།

  6. གཅོད་པ། says:
    2014-03-08 at 12:36 pm

    ལྷ་ས་བར་གང་ལྟར་ཀྱང་གནའ་ནས་རུས་པའི་རྐང་ཟད་ཚར་བ་རེད། རྒྱ་གཞུང་གིས་མཚོ་སྔོན་སོགས་ཀྱི་ལས་ཁུངས་དག་ལའང་ཐེ་གཏོགས་བྱེད་བྱེད་པ་རེད། ཐབས་ཤེས་གཉིས་ཀ་ལྡན་ན་ད་གཟོད་ལས་ཀ་ལེགས་པོ་འཁྱོངས་ཀི་རེད། ལྷ་སའི་དགོང་ཚོགས་སྔོན་མ་ནས་ཉོབ་བསྡད་ཡོད།
    ད་ཚར་བ་རེད། དེ་མཐོང་ན་སྙིང་ན་བ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme