Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཤི་གསོན་གྱི་འགག་རྩ་ལས་སྐྱོབ་ཐབས་བྱེད་དགོས།

Posted on 2015-10-022015-10-03 By ཁ་བརྡ 59 Comments on བོད་ཤི་གསོན་གྱི་འགག་རྩ་ལས་སྐྱོབ་ཐབས་བྱེད་དགོས།

ཡང་སྟེང་སྤྲུལ་སྐུ།


དང་པོ། ཐུགས་ཁུར་དངོས་གནས་གནང་གིན་ཡོད་དམ།


དེང་སང་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་པར་བོད་དོན་སྐོར་བྲིས་སྟངས་ལ་གཞིགས་ན་ཀྲུང་དབྱངས་ནས་གཏན་འབེབས་བྱས་པའི་ཡུན་རིང་བདེ་འཁོད་དང་། མི་སེམས་འགུག་པའི་རྩ་དོན་དེ་དག་ཡོངས་སུ་བརྗེད་པ་འདྲ། བོད་མི་མང་གི་དད་སེམས་དང་རེ་འདུན་ལ་རྡོག་རོལ་བཏང་ནས་མི་སེམས་འགུག་ཐབས་ཤིག་ཡོད་དམ།   ཕར་ཕྱིན་ནས་གསུངས་པའི་སྤྲུལ་པའི་སྐུ་ནི་ཡུལ་དུས་སོ་སོར་ཕན་ཐོགས་ཡོད་མེད་དང་བསྟུན་ཏེ་རྣམ་པ་འདྲ་མིན་ཅི་རིགས་པ་དང་། མཐའ་ན་བདུད་ཀྱི་སྤྲུལ་པ་སོགས་གང་ཡིན་ནའང་ཡོང་དགོས་པ་ཞིག་ཡིན་པར་ཡབ་སྲས་མཇལ་བའི་མདོ་སོགས་ལས་གསུངས་པས་ཕན་པ་ཡོད་མེད་ལ་མི་ལྟ་བར་ལམ་སྲོལ་ཁོ་ན་དེད་པ་ནི་སྟོན་པའི་དགོངས་པ་དང་ཡོངས་སུ་འགལ་ཡོད།   ཀྲུང་དབྱངས་ནས་སྤྲུལ་སྐུ་ངོས་འཛིན་གྱི་ཁྲིམས་ཡིག་བཟོ་བ་དང་། འཐབ་ཕྱོགས་གཅིག་གྱུར་ནས་དོལ་རྒྱལ་རྗེས་འབྲངས་པའི་མི་སྣར་བདག་པོ་རྒྱག་པ་དང་། ཉེ་ཆར་ཨ་མཆོག་རིན་པོ་ཆེ་ཕ་ཡུལ་དུ་ཕྱིར་ལོག་གནང་བ་དྲིལ་བསྒྲགས་བྱས་སྟངས་དེས་སུ་ཞིག་གིས་སུ་བེད་སྤྱོད་གཏོང་གིན་ཡོད་མེད་གསལ་པོར་མངོན་ཡོད།

ལར་ནས་གཞུང་དང་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང་། གནད་དོན་ཡོད་ཚད་དངུལ་གྱིས་ཐག་གཅོད་བྱེད་ཅིང་། རང་གི་མི་མང་ལའང་དམ་བསྒྲགས་བྱེད་དགོས་ཐུག་པའི་སྲིད་གཞུང་ཞིག་གི་འོག་ཏུ་དྲང་བདེན་དང་། ཁྲིམས་ཀྱིས་དབང་སྒྱུར་ཇི་ཙམ་ཡོང་ཐུབ་བམ། གང་སར་དམག་དང་སོ་ལྟ་བས་ཁེངས་ཤིང་། དམ་བསྒྲགས་དང་སྡིགས་རའི་ཞེད་སྣང་འོག་མི་མང་སུ་ཞིག་གིས་རང་གི་སེམས་ནང་གི་སྐད་ཆ་བཤད་ཕོད་དམ།   བོད་ས་རང་དུའང་བོད་ཀྱི་སྐད་ཡིག་གནས་རིམ་འོག་མར་ལྷུང་ཟིན་པ་དང་། བོད་སྐད་ཀྱི་ཁོར་ཡུག་ཇི་ཆུང་དུ་འགྲོ་བར་ཁྲིམས་ཀྱི་སྲུང་སྐྱོབ་འཐུས་ཚང་བཟོས་མེད་པས་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་དང་ཤ་ཚ་ཡོད་གསུངས་པ་དེ་ལག་ལེན་དངོས་ནས་མཚོན་པར་མི་བྱེད་པ་ཅི་ཡིན་ནམ། མི་རིགས་ཤིག་ཤི་གསོན་གྱི་འགག་རྩ་དེ་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་ཡིན་པ་འདི་ཀྲུང་དབྱང་གིས་མི་ཤེས་པ་མི་སྲིད་ལ། རྒྱ་གར་ལས་ཀྱང་སྔོན་ཐོན་པར་སྒྲོག་བཞིན་པའི་གཞུང་ཞིག་གིས་རྒྱ་གར་གྱིས་རང་གི་ མཐའ་མཚམས་ཀྱི་མི་རིགས་མོན་པ་སོགས་ལ་སྤྲད་པའི་རང་དབང་དེ་ཙམ་ཡང་རང་གི་མི་མང་ལ་སྤྲད་མི་ཐུབ་པ་དེ་ངོ་ཚ་ཞིག་མ་ཡིན་ནམ།

གཉིས་པ། རང་བཙན་ལས་མི་རིགས་གལ་ཆེ།


ཆགས་འཇིག་གི་མཚམས་སུ་སླེབས་པའི་མི་རིགས་ཤིག་གིས་ཁ་ཚ་དགོས་གཏུགས་བྱེད་དགོས་པ་ནི་རང་གི་མི་རིགས་དེ་འཆི་ཉེན་ལས་ཐར་བར་བྱ་རྒྱུ་དེ་རེད། ཅི་སྟེ་འཆི་ཉེན་ལས་ཀྱང་ཐར་བར་བྱ་མི་ནུས་ན་དེ་ལས་ལྷག་པའི་རེ་བ་ཞིག་བཅང་རྒྱུ་ལྷག་མེད། དོན་ངོ་མར་མི་རིགས་ཀྱི་ཆེད་དུ་རང་བཙན་རྩོད་པ་ལས་རང་བཙན་གྱི་ཆེད་དུ་མི་རིགས་རྩ་བརླག་གཏོང་རྒྱུ་ག་ལ་ཡོོད། ཤི་ལ་ཉེ་བའི་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པ་ལས་ལོ་རྒྱུས་ནང་གང་ཡིན་པ་དེ་ད་ལྟར་ཡིན་དགོས་པའི་རྒྱུ་མཚན་ཞིག་ག་ལ་ཡོད།


མ་འོངས་པ་ནི་མི་ཀུན་ལ་དྲི་བ་ཙམ་ཡིན་པ་ལས་སུ་ཞིག་གིས་ཀྱང་མ་འོངས་པར་ཚོད་འཛིན་མི་ཐུབ། དྲང་པོར་ཞུ་ན། ལོ་རྒྱུས་ཡིག་ཆ་ནི་ཤོག་གུ་སྒང་གི་སྣག་ཚ་ཙམ་ཡིན་པས་ད་བར་འཛམ་གླིང་ནང་ཕྱོགས་གཉིས་ཀས་བརྩི་སྲུང་མཐར་འཁྱོལ་བྱས་པ་གཅིག་ཀྱང་བྱུང་མེད། དེའང་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ཏེ། རྒྱུ་མཚན་གང་ཞིག་གིས་གསར་གཏོད་བྱས་པའི་ལོ་རྒྱུས་དེ་རྒྱུ་མཚན་དེ་མེད་པར་གྱུར་ཚེ་རང་བཞིན་གྱིས་རྩིས་མེད་དུ་འགྲོ་ལོས་དགོས། དེ་ཡང་འདས་པའི་གནས་སྟངས་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་པའི་གནད་ཀྱིས་རེད། སྤྱིར་གསར་གཏོད་དང་བཅོས་སྒྱུར་གྱི་བདག་དབང་གཉིས་ཀ་སུ་ལའང་ངེས་པར་དུ་ཡོད་མཉམ་ཡིན་དགོས།


རང་བཙན་མི་དགོས་པ་དང་མི་རྩོད་པ་གཉིས་ངོ་བོ་ཡོངས་སུ་ཐ་དད་ཡིན་ལ། རྩོད་ཀྱི་མིན་གསུངས་པ་དང་མ་རེད་གསུངས་པ་གཉིས་ཀྱང་ཡོངས་སུ་ཐ་དད་ཡིན། འདས་པར་རང་བཙན་མ་རེད་ཅེས་ནམ་ཡང་གསུངས་མྱོང་མེད་ལ། རྩོད་ཀྱི་མིན་ཞེས་པའི་ཚིག་གི་ནུས་པས་མ་འོངས་པའི་ལངས་ཕྱོགས་ཙམ་གསལ་སྟོན་གནང་བ་དང་ཆབས་ཅིག་འདས་པའི་ལོ་རྒྱུས་གང་ཡིན་པ་དེ་དེ་རང་ཡིན་བཅུག་དགོས་པའང་སྟོན་གྱིན་ཡོད། རང་བཙན་འཐབ་རྩོད་པ་ཚོས་ངེས་པར་བོད་ནང་གི་བོད་མིའི་གནས་སྟངས་ལ་དོ་ཁུར་དགོས་ལ། ཐབས་ལམ་ཇི་འདྲ་ཞིག་བརྒྱུད་ནས་རང་བཙན་རྩོད་རྒྱུ་ཡིན་པ་དང་། ད་ལྟ་ནས་གདེངས་ཡོད་པའི་རང་བཙན་རྩོད་པའི་མཐའ་མའི་མཇུག་འབྲས་མི་མང་ཚོར་གསལ་བཤད་བྱེད་ཐུབ་པ་གང་ཡོད་གསལ་པོ་བཟོ་དགོས་པར་མཐོང་།


གསུམ་པ།  ཁ་ཡོད་ལག་ཡོད་ཀྱིས་བོད་སྐྱོབ་མཁན་སུ་ཞིག་ཡིན།


བོད་སྤྱིར་ལྷག་བསམ་ཡོད་མཁན་སུ་ཞིག་ཡིན་རུང་ང་ཚོ་ལ་སྤྱི་པའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་ན་བསམ་པ་དང་།སྒྲིག་འཛུགས་དེ་སྲ་བརྟན་ཡོང་རོགས་བྱེད་ན་བསམས་ཏེ་འབད་པ་མི་བྱེད་མཁན་ཞིག་ག་ལ་ཤེས།སུ་ཞིག་གིས་ཐོག་མར་སྒྲིག་འཛུགས་འདི་མེད་ས་ནས་ཡོད་པ་དང་།ཡོད་པ་ནས་ད་ལྟའི་མ་ལག་ཚང་བའི་ཚ་སོབ་སོབ་ཀྱི་སྒྲོམ་གཞི་འདི་བཟོས་སམ།གཞུང་གི་སྒྲིག་འཛུགས་འདི་ཆེས་ཐོག་མར་གནས་སྟངས་ག་འདྲ་ཞིག་ནས་དཀའ་ལས་གང་འདྲ་ཞིག་བརྒྱུད་ནས་བསྐྱེད་བསྲིངས་གནང་ཡོད་དམ།༼བོད་གཞུང་ཐོག་མར་བཙུགས་དུས་མོ་ཀྲ་གཅིག་དང་།ཁ་པར་གཅིག་ཡོད་པ་རེད།༽ཐ་ན་ང་ཚོའི་སྤྱི་ཚོགས་འདི་དང་ང་ཚོས་ད་ལྟའི་སྐད་ཆ་འདི་ཚོ་བཤད་ས་ཡོད་པའི་ཁོར་ཡུག་ཁོ་རང་ཡང་ཇི་ལྟར་བྱས་ནས་ཡོང་བ་བརྗེད་ག་ལ་རུང་།


སུ་ཞིག་གིས་ལོ་ཟླ་ཉིན་ཞག་སྦྲེལ་ནས་གཞུང་གི་ལས་ཁུངས་རེ་རེ་ནས། སློབ་གྲྭ་རེ་རེ་ནས། སྡེ་ཚན་སོགས་རེ་རེ་ནས་རིམ་གྱིས་བསླངས་ནས་འོངས་པ་དང་། མཐའ་ན་ས་ཕག་རེ་རེ་ཡང་རྔུལ་ཆུའི་ཐིགས་པ་རེ་རེས་བརྩེགས་ནས་འོངས་ཡོད་པ་རེད། སྔར་ལས་ལྷག་པའི་ཆོས་བརྒྱུད་དང་ཆོལ་ཁའི་མཐུན་སྒྲིལ་དམ་གཙང་གི་ཚད་གཞི་འདི་འདྲ་ཞིག་ཡོད་པའང་རྒྱུ་མེད་དུ་བྱུང་བ་མིན། བོད་སྤྱིའི་འཐབ་རྩོད་པ་ཞིག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་འདི་ཇི་ཙམ་གལ་ཆེན་ཡིན་པ་བཤད་མི་དགོས་ལ། འོ་ན་འདི་ལྟ་བུ་སྒྲིག་འཛུགས་འཛུགས་སྐྱོང་གནང་མཁན་དང་། རྒྱ་ནག་ནས་དགྲ་ཁ་གཏད་དུ་རྩིས་ནས་རྒྱལ་ཁབ་ཁ་བྲལ་གྱི་བྱེད་གཏེ་རུ་འབོད་དེ་ཉེས་འཛུགས་བྱེད་ས་གཙོ་བོ་དེ་བོད་ཀྱི་འཐབ་རྩོད་པ་ཞིག་གི་ངོས་ནས་སྲིད་དོན་གྱི་གཏན་ཚིགས་རིག་པས་གཞལ་ན་ཕྱོགས་གང་ཤིག་ཏུ་གཏོགས་དགོས་སམ།


རྒྱ་གཞུང་གི་གདོང་དུ་ལངས་ཏེ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྣེ་ཁྲིད་པ་གཙོ་བོ་དང་། བོད་མིའི་བསམ་བློའི་རྟེན་གཞི་གཙོ་བོ། ཆོལ་གསུམ་བོད་མི་ཡོངས་ཆིག་སྒྲིལ་གྱི་གོང་བུ་གཅིག་ཏུ་སྒྱུར་མཁན། བོད་ཀྱི་ཆོས་དང་རིག་གཞུང་རྒྱལ་སྤྱིའི་ལྡིངས་ཆར་གསེར་འོད་འཕྲོ་བའི་རིན་ཐང་ཅན་ཞིག་ཏུ་སྒྱུར་གནང་མཁན་གཙོ་བོ་དེ་ལ་བོད་ཀྱི་རང་བཙན་འཐབ་རྩོད་པ་ངོ་མ་ཞིག་ནས་དོན་དངོས་དང་བསྟུན་པའི་རྩིས་བཀུར་ཇི་ཙམ་ཞིག་དགོས་པ་མཁྱེན་དགོས།


ད་ཆར་༸གོང་ས་མཆོག་གིས་བོད་ཟེར་བ་ཅི་ཞིག་ཡིན་པ་དང་ཅི་ཞིག་ཡིན་དགོས་པའི་གནས་ལུགས་འདི་ང་ཚོ་མི་རབས་གསར་པ་ཚོའི་ལག་ཏུ་ཆ་ཚང་བར་རྩིས་སྤྲོད་ཟིན་པས་དངོས་གནས་བྱས་ན་༸གོང་ས་མཆོག་གིས་གཙོས་པའི་མི་རབས་རྒན་པ་རྣམས་ཀྱིས་ཐུགས་འགན་ཆེ་ཤོས་ཤིག་བསྒྲུབས་གནང་ཚར་བ་རེད། གལ་སྲིད་བོད་སྤྱིའི་སྒྲིག་འཛུགས་འདི་མེད་ན་སྐར་ལྔའི་དར་དམར་འོག་འཚར་ལོངས་བྱུང་བའི་ང་ཚོ་མི་རབས་གསར་པ་ཚོར་གནས་ལུགས་དེ་རྩིས་འཕྲོད་ཡོང་མི་སྲིད། ད་ལྟར་བོད་ཕྱི་ནང་གི་གཞོན་སྐྱེས་ཚོས་མ་མཐར་ཡང་རང་ཉིད་བཙན་པོའི་གདུང་རྒྱུད་ཡིན་པར་ཤེས་པར་མ་ཟད་རང་ཉིད་ལ་བོད་རིགས་ཀྱི་སྤོབས་པ་ཞིག་ཀྱང་སླེབས་ཡོད་པ་འདི་ཧ་ཅང་གི་རྒྱལ་ཁ་ཆེན་པོ་ཞིག་ཡིན།


ང་ཚོས་ཕྱིས་ལྟས་ཤིག་སློག་ནས་ལྟོས་དྭ། ༸པཎ་ཆེན་རིན་པོ་ཆེས་ལྷ་སའི་སྨོན་ལམ་དུ་གསུངས་པ་ལྟར་དཀའ་ངལ་ཆེ་སྐབས་བོད་མི་རྣམས་བླ་ཆད་ནས་ཚིག་གཅིག་འུར་གཅིག་ཀྱང་བཤད་མི་ཕོད་པའི་གནས་སྟངས་དེ་འདྲ་ཞིག་ནས། སྐབས་དེར་ལུང་པ་མང་པོར་མཐའ་ན་བོད་དོན་ཟེར་བའི་ཚིག་ཙམ་ཡང་གོ་རྒྱུ་མེད་པའི་གནས་སྟངས་དེ་འདྲ་ཞིག་ནས་ཟམ་མི་ཆད་པར་ངོ་རྒོལ་དང་། ལྷག་པར་ས་བྱའི་བོད་ས་ཁྱོན་ཡོངས་ཀྱི་ངོ་རྒོལ་དང་། བཤད་མི་ཕོད་པའི་ཚེ་སྲོག་མེར་སྲེག་གི་ངོ་རྒོལ་གྱི་ཆོད་སེམས་དང་བློ་སྟོབས་འདི་ཚོ་སེམས་ཤུགས་བཅགས་ནས་ཡོང་ཐབས་མེད་ལ། འཐབ་རྩོད་གང་བྱས་ནའང་ད་ལྟའི་དངོས་ཡོད་དང་འཚམ་དགོས་གསུངས་པ་དེས་སེམས་ཤུགས་བཅགས་པ་ཨེ་ཡིན་ནམ།

བཞི་པ། དོན་ངོ་མར་སུ་ཞིག་གིས་ང་ཚོའི་ཆིག་སྒྲིལ་གཏོར་བཞིན་ཡོད་དམ།

འོ་ན་མི་སུ་ཞིག་གིས། སྐད་ཆ་ཇི་འདྲ་ཞིག་གིས་ང་ཚོའི་སྒྲིག་འཛུགས་འདི་ནུས་མེད་དུ་གཏོང་བཞིན་ཡོད་དམ། སུས་སྒྲིག་འཛུགས་འདི་ནུས་མེད་དུ་ཆགས་ན་བསམ་གྱིན་ཡོད་དམ། སུ་ཞིག་ལ་སྒྲིག་འཛུགས་འདི་ནུས་མེད་དུ་ཆགས་དགོས་པ་རེད་དམ། ཤ་ཆད་ཀྱང་རྒྱུས་པ་མ་ཆད་པའི་དཔེ་ལྟར་བོད་ཕྱི་ནང་གི་གཅིག་སྒྲིལ་གྱི་གོང་བུའི་ནུས་པ་དེ་མེད་པར་བཟོ་བསམ་པ་ཞིག་ཡོད་ན་དེས་གང་འདྲ་ཞིག་ནས་འགོ་འཛུགས་བྱེད་སྲིད་དམ། ང་ཚོས་བརྗེད་མི་རུང་བ་ནི་སྦྲུལ་བསད་ན་སྦྲུལ་འགོ་བཅོམ་དགོས་ཟེར་བའི་དཔེ་དེ་རེད། ཏག་ཏག་བོད་མི་སྤྱིའི་ཆིག་སྒྲིལ་གྱི་ནུས་པ་གཅོག་འདོད་མཁན་ཚོས་ཀྱང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འགོ་བཙུགས་ཏེ་བོད་མི་རིགས་གཏོར་བཤིག་བྱ་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད།

ཁོ་ཚོས་ནུས་ཤུགས་ཡོད་ཚད་ཀྱིས་སྐད་ཆ་འདྲ་མིན་མང་པོ་སྤེལ་ནས་མི་མང་མགོ་ རྨོངས་སུ་འཇུག་ཐབས་བྱེད་ཀྱིན་ཡོད་པ་རེད། དཔེར་ན། ༸གོང་ས་མཆོག་ནས་རང་བཙན་མི་དགོས་གསུངས་པ་རེད་ཟེར་བ་དང་། བོད་སྤྱི་པའི་དོན་དུ་དཀའ་ལས་རྒྱག་མཁན་ཚོར་དཀྲུགས་བཤིག་རྒྱག་མཁན་རེད་ཟེར་བ་ དང་། སྲིད་སྐྱོང་ལ་ཐུགས་མ་མཉེས་པར་དུས་དབང་ཕྱིར་བསྡུ་བྱས་པ་རེད་ཟེར་བ་དང་། ཁམས་པ་ཚོར་ཐུགས་མཉེས་པོ་གནང་གིན་མ་རེད་ཟེར་བ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཡང་སྤྲུལ་ངོས་འཛིན་བྱས་སོང་ཟེར་བ་སོགས་གཞི་མེད་པའི་སྐད་ཆ་འདི་དག་བཀྲམས་པ་ལྟ་བུ་རེད། ༼སྐད་ཆ་འདི་ཚོ་ཐོག་མར་བཀྲམས་མཁན་ཚོར་གོ་དགོས།༽ཆོས་རྗེའི་ཡང་སྤྲུལ་སྐོར་ནི་འབྲེལ་ཆགས་དམ་པ་དེ་ཉིད་ཀྱི་སློབ་མ་གནད་ཡོད་ཚང་མ་ད་ལྟར་བཞུགས་བཞིན་པ་རེད།

མདོར་ན་ང་ཚོས་སྐད་ཆ་གང་ཞིག་གི་ངོ་གདོང་དེར་བདེན་མདོག་དང་ལར་ཞེན་ཆེ་མདོག་གང་ཡོད་མེད་ལ་ལྟ་མི་རུང་བར་སྐད་ཆ་དེའི་འཇུག་འབྲས་ལ་ལྟ་དགོས། སྐད་ཆ་དེས་མཐར་བོད་ནང་ཁུལ་དུ་བརྡབ་གསིག་གཏོང་བྱེད་ཅིག་ཆགས་མིན་ལ་ལྟ་དགོས། སྐྱོན་བརྗོད་ཆོག་པའི་ཐོང་ཐང་ཞིག་ཀྱང་དགོས་ན་སྐྱོན་བརྗོད་དེར་གསལ་བཤད་བྱེད་ཆོག་པའི་ཐོབ་ཐང་ཡང་དགོས་པ་གཅིག་མཚུངས་སུ་མཐོང་ངོ་། །

འཇིག་རྟེན་སྲིད་དང་འབྲེལ་བའི་གཏམ་འདི་ཚོ། །

ཡང་སྟེང་བདག་ལ་བཤད་འདོད་མ་མཆིས་མོད། །

གངས་ཅན་བོད་ཀྱི་ལས་དབང་བསམ་པ་ན། །

བཟོད་པར་མ་ནུས་དབང་མེད་ཁ་ནས་ཤོར། །

གངས་ཅན་མགོན་པོའི་ཞལ་རས་དྲན་ཐེངས་རེར། །

བཀའ་དྲིན་བསམ་ཞིང་མིག་མཐར་མཆི་མས་ཁེངས། །

ཇི་སྲིད་བོད་འདི་སྟོངས་པར་མ་གྱུར་ཚེ། །

དེ་སྲིད་ཁྱེད་ཀྱིས་རྗེས་སུ་བཟུང་བར་ཤོག །

སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་བྲིས། ༢༠༡༥ ཟླ་༩ ཚེས་༣༠ ལ།

དཔྱད་རྩོམ།

Post navigation

Previous Post: ⟪ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ།⟫
Next Post: དབུ་རང་གཉིས་འཁོན་ནས་ལོ་ཟླ་མང་པོ་མང་པོ་ཞིག་འདས།

Comments (59) on “བོད་ཤི་གསོན་གྱི་འགག་རྩ་ལས་སྐྱོབ་ཐབས་བྱེད་དགོས།”

  1. ཨ་ཁུ་ནོར་བུ་ says:
    2015-10-02 at 10:21 am

    སྐུ་ཞབས་ཡང་སྟེང་གིས་རྩོམ་ཀློག་བདེ་པོ་ཡག་པོ་ཞིག་བྲིས་གནང་འདུག་། ཁྱེད་ཀྱི་གསུང་པ་རྒྱ་ཆ་ ༩༩ རྗེས་སུ་ཡིད་རང་ཞུ་། འོན་ཀྱང་རྒྱ་ཆ་ ༡ དེ་འདྲི་བ་རྩམ་ཡིན་པས་ དམངས་གཙོ་དངོས་གནས་ཞིག་ཡོང་དགོས་ན་ ལྟ་བ་འདྲ་མིན་ཡོང་སྲིད་པ་དང་ཡོང་ཆོག་པ་ཞིག་ཡིན་པས་ན་ རང་དང་ལྟ་བ་མ་མཐུན་པ་རྣམས་ལ་ཀྲུང་དབྱངས་དང་ དོལ་རྒྱལ་ བརྡབ་གསིག་གཏོང་མཁན་ གཏོར་བཤིག་གཏོང་མཁན་སོགས་ཞ་མོ་ཆེན་པོ་དེ་འདྲ་གཡོག་ནས་སྐད་ཆ་ཤོད་པ་དང་ཉན་པའི་རང་དབང་འཕྲོག་པ་དེ་དམངས་གཙོའི་ལུགས་དང་མཐུན་གྱི་རེད་དམ་གཅིག།་ གཉིས་ང་ཚོའི་གཞུང་དེ་དང་དབུ་ཁྲིད་ལ་སྐྱོན་དང་ནོར་འཁྲུལ་ཡོད་ཆོག་གི་རེད་དམ་མ་རེད་ ཡོད་ན་བཤད་ཆོག་གི་རེད་དམ་མ་རེད་་། ཆོས་སྲིད་གཉིས་དང་འབྲེལ་བའི་མང་གཙོ་འདི། མིག་མཐར་མཆི་མས་ཁེངས་པའི་མང་གཙོ་ཡིན། ཇི་སྲིད་འཛམ་གླིང་སྟོངས་པར་མ་གྱུར་ཚེ་། དེ་སྲིད་བོད་ཀྱི་མི་རིགས་གནས་གྱུར་ཅིག།

  2. ཀརྨ་བློ་གསལ་ says:
    2015-10-02 at 10:28 am

    ཁོ་རང་སྙིང་རྗེ། ཨ་མཆོག་བླ་མའི་རྗེས་འཇུག་པ་ཞིག་རེད། བཤད་སྟངས་ཅུང་འགྱུར་ཡོད་པ་ལས་དམིགས་ཡུལ་གཅིག་པ་རེད། ང་ཚོས་ཤེས་དགོས་པ་ནི་མི་འདི་དག་གིས་བོད་འདི་གང་ལ་བསྐྱལ་བསམ་གྱི་ཡོད་པ་རེད་དམ། བོད་ནང་དུ་མེ་བསྲེག་ངོ་རྒོལ་བྱུང་དོན་ཅི། དེ་འདྲའི་ན་ཟུག་ཅིག་བཟོད་བསྲན་གྱིས་རང་ལུས་བོད་དོན་ལ་ཕུལ་དོན་ཅི། སྐུ་གཅེས་ཚོ། ལག་པ་བྲང་ཁར་སྦྱར་ནས་ལན་ཞིག་གནང་རོགས།

  3. དྲན་དཀར་དཔལ་ཡོན་ says:
    2015-10-02 at 10:32 am

    ཤར་ཁུག་གི་རྩམ་དང་མི་འདྲ་བར་ཀློག་པ་པོར་མཐོང་ཆུང་མེད་པས་བཀློག་སྤྲོ་པོ་འདུག
    ཅོ་ར་ཉ་མ་དང་ཀརྨ་བློ་སོགས་གདན་སའི་གནས་དབྱུང་གི་རྩམ་ལས་རྩམ་པ་པོར་དོགས་པ་མེད་པས་བྱིན་རླབས་ཆེའོ།
    རྩོམ་པ་པོ་བཀའ་དྲིན་ཆེ།
    དོལ་ཏང་འབྲེལ་བྱས་ཏེ་འོངས་པ་ན་༼༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དགེ་སློང་གི་ལྕེ་ཡི་རྫུན་བཤད་ཆོག་གི་མེད་༽ཅེས་པའི་གསུངས་ཚིག་རྡོ་རྗེ་ཕ་ལམ་ལྟ་བུ་ཡང་འབོར་འགྲོ་གི བཀའ་སློབ་འདིའི་རིན་ཐང་བཤད་ན་སྔར་གྱི་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་མི་བྱེད་དགེ་སློང་ཡིན་པའི་ཕྱིར་གསུང་གི་ཡོད་རེད། ད་ལོར་གྱ་སྟོན་བྱས་པ་རེད། གྲྭ་བ་ནི་ལོག་གི་མ་རེད།
    རྡོ་རྗེ་ཕ་ལམ་འདི་དོལ་རྒྱལ་ལས་རྩ་ཆེར་མི་བརྩི་བ་ག་རེ་ཡིན་ནམ།
    ཅ་རིལ་ཉ་མས་བསམས་གཟས་ནས་ཞིམ་སྐྱག་ནང་བཞིན་སྦས་སྐུང་བྱེད་ཀྱི་འདུག
    དྲྭ་འབུ་ཁ་དགྱ་ལ་འཁོར་ནས་བོད་པར་བསླབ་བྱ་རྒྱག་མཁན་བསྐོར་ཅིག་ཅོ་རི་ཉ་མ།
    མ་རིག་པའི་བུ།
    ཀརྨ་བློ་བསལ།
    བྱམས་ཕྲིན་ཏྲེ་མིང་བརྐུ་མཁན།
    སང་ཉིན་མིང་བརྗེ་ནས་ཡང་ཡོང་གི་རེད། ཁ་བརྡ་དྲྭ་བ་དྲིན་ཅན་འདི་མིན་ན་དོལ་ཏང་གི་ཟུང་འབྲེལ་གྱི་ཁྱིམ་གང་ནས་བཅའ་མིན་ཡང་ཤེས་དཀའ།
    བཅའ་ཚད་པོ་བཅས་བཅུག་ན་བོད་སྡེ་བའི་བསྒྲིག་འཛུག་རྫོགས་བགྱིད་ཡིན་ཅན་པོ་བཤད་ཀ་བྱས། འདི་ཚོའི་སྨོན་ལམ་ལོག་པའམ་སློབ་སྦྱོང་མེད་ཀ

  4. ཅོ་རི་ཉི་མ། says:
    2015-10-02 at 10:36 am

    ཤ་ཆད་ཀྱང་རྒྱུས་པ་མ་ཆད་པར་བོད་ཕྱི་ནང་གཉིས་ཀྱི་གོང་བུ་ཆིག་སྒྲིལ་གྱི་ནུས་པ་ཡོང་ཁུངས་ངོ་མ་བཙན་བྱོལ་བོད་གཞུང་ཡོད་པས་བྱུང་བ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་སོ་སོའི་གཞུང་ཡིན་པར་ངོས་འཛིན་བྱས་པ་རེད། བོད་ཀྱི་ས་ཆ་རྒྱ་གུན་ཁྲན་གྱི་ལག་ཏུ་ཤོར་ནའང་བཙན་བྱོལ་བོད་གཞུང་ང་ཚོའི་སྲིད་གཞུང་ཡིན། ཏྭ་ལའི་བླ་མ་ང་ཚོའི་རྒྱལ་པོ་ཡིན་བསམས་ནས་གོང་བུ་གཅིག་གྱུར་གྱི་ནུས་པ་བྱུང་བ་རེད།་་་གཅིག་རེད།

    གཉིས་པ། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་བསྒྱུར། བོད་རྒྱལ་ཁབ་ཅེས་པའི་མིང་ཚིག་ཙམ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་མེད་པར་བཟོས་པ་འདིས་བོད་ཕྱི་ནང་གཉིས་ཀྱི་གོང་བུའི་ནུས་པ་གཅིག་གྱུར་ཡོད་པ་ལ་གཏོར་བརླག་ཆེན་པོ་བཏང་ཡོད།

    འབྲོང་བྲེ་སེར་ཡིད་གཏད་རྫ་ལ་བྱས་ཅེས་པ་ལྟར་བོད་མི་དམངས་ཀྱིས་ཡིད་གཏད་བཙན་བྱོལ་བོད་གཞུང་ལ་བྱས། བོད་རྒྱལ་ཁབ་ལ་ཡིད་ཆེས་དང་བློ་གཏད་བྱས་པ་རེད། ཡིན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་བྱེད་དགོས་ཅེས་པ་ནག་བསུབ་བྱས།

    འདི་ལ་་་འབྲེང་བྲེ་སེར་ཡིད་གཏད་རྫ་ལ་བྱས། རྫ་ཁྲེལ་མེད་རི་འགོ་གངས་ཀྱིས་མནན། འབྲོང་བྲེ་སེར་འཁོར་བའི་འཁོར་ཐག་ཆད། འབངས་མི་སེར་ཡིད་གཏད་དཔོན་ལ་བྱས། དཔོན་ཁྲེལ་མེད་སྲིད་གཞུང་མེད་པར་བཟོས། འབངས་མི་སེར་འཁོར་བའི་འཁོར་ཐག་ཆད་བཅུག་ཡོད་རེད་དོ།

  5. ཀརྨ་བློ་གསལ་ says:
    2015-10-02 at 10:41 am

    དྲན་དཀར་ཅན། ཨ་མཆོག་བླ་མ་ནི་དོལ་རྒྱལ་ཚོགས་པ་ལས་ལྡབ་དུ་མས་སྡུག་པ་རེད། གཅིག་ཨ་མཆོག་གི་ཕ་ཡུལ་རྔ་བ་ནི་བོད་ཀྱི་དཔའ་བོ་དཔའ་མོའི་འབྱུང་ཁུངས་གཙོ་བོ་གཅིག་ཡིན་མོད། ཨ་མཆོག་བླ་མས་གཟི་བརྗིད་དེ་མོག་པར་བཏང་སོང་། ཨ་མདོ་ལ་ལར་བློ་ཕམ་མེད་ཀྱང་གངས་ཅན་བོད་ལ་བློ་ཕམ་ཆེན་པོ་ཡོད། ད་ལྟའི་བར་དོལ་རྒྱལ་ཚོགས་པས་བོད་ནང་སྐྱིད་འདུག་དང་ཆོས་དད་རང་དབང་འདུག་སོགས་ལབ་མྱོང་མེད། འདི་ཚང་མས་ཤེས་དགོས།

  6. ཅོ་རི་ཉི་མ། says:
    2015-10-02 at 10:45 am

    དོལ་རྒྱལ་དང་དོལ་རྒྱལ་ཟེར་ནས་བོད་མི་རིགས་ཀྱི་ནང་ཁུལ་དུ་དཀྲུགས་ཤིང་བརྒྱབ་པར་ཉུང་ཉུང་མིན། དགེ་འདུན་གྱི་སྡེ་དཀྲུགས། བོད་མི་རིགས་དུམ་བུ་ཁ་བྲལ་བཟོས། དུམ་བུ་གཉིས་ཀྱིས་ཕར་ཕྱོགས་དང་ཚུར་ཕྱོགས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ལམ་ནང་དུ་རྔ་གོག་བརྡུངས་རེས་བྱས་བསྡད་པ་འདིའི་ནག་ཉེས་ཡོངས་རྫོགས་སྤྲུལ་གོག་ཚོ་ལ་ཡོད། བོད་མི་རིགས་ཤི་ལམ་དེད་མཁན་གཙོ་བོ་བླ་གོག་སྤྲུལ་གོང་ཚོ་ཡིན། དེར་ཤེས་དགོས་ཡོད། དད་པ་ལོག་སྤྱོད་པ་ཚོས་བོད་མི་རིགས་འཆི་ལམ་དུ་དེད་པ་ཉུང་ཉུང་མིན།

  7. སྐལ་ཚེ། says:
    2015-10-02 at 10:47 am

    དམངས་གཙོ་ཡིན་ན་ལྟ་བ་འདྲ་མིན་ཡོད་ཆོག

  8. ཅོ་རི་ཉི་མ། says:
    2015-10-02 at 10:49 am

    བློ་མཐུན་ཀརྨ་བློ་གསལ་ལགས། དྲན་དཀར་ཟེར་བའི་མི་དེ་ལ་ལན་བརྒྱབ་ན་དོན་མེད་རེད། གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འབྲངས་མཁན་དེ་འདྲ་མ་རེད། རྗེས་སུ་ལན་འདེབས་ན་དཀའ་ལས་ཁག་རོགས་རེད་དོ།

  9. ཀརྨ་བློ་གསལ་ says:
    2015-10-02 at 10:50 am

    ལྟ་བ་འདྲ་མིན་ཡོད་ཆོག་ན་དོལ་རྒྱལ་ཚོགས་པར་ཐོབ་ཐང་དེ་མི་སྤྲོད་དོན་ཅི། མ་ཤེས་ན་ཤེས་མདོག་གནང་མི་རུང་།

  10. ཅོ་རི་ཉི་མ། says:
    2015-10-02 at 11:04 am

    རང་བཙན་གལ་ཆེན་མིན་མདོག་ཞེས་བཅོས་་་་

  11. དྲན་དཀར་དཔལ་ཡོན་ says:
    2015-10-02 at 11:20 am

    ལི་ཐང་རྒྱ་མཚོས་གུང་ཁྲན་ཏང་གི་རྒྱབ་ལ་ཀ་ལངས་ལངས་བྱེད་ཀྱི་ཡིན་ཟེར་གི་འདུག་ག ཆོས་རིག་བཀའ་ཤ་ཚོངས་རྒྱག་མཁན་རེད་ཟེར་གྱི་འདུག་ག ་ཡུ་ཏྲུབ་ནང་འདུག གལ་སྲིད་ཁོས་ལབ་པའི་ཡིན་ན་དོལ་རྒྱལ་གསོ་མཁན་ཚང་མས་ལབ་མེད་པ་ངས་ཀྱང་ཤེས་ཀྱི་ཡོད་ད།
    ཨ་མཆོག་བླ་མས་གུང་ཏང་གི་འོག་ཏུ་ཆོས་དད་རང་མོས་འདུག ཟེར་བ་གང་དུ་འདུག་གམ།
    ཞར་ཞོར་ཙམ་ཡིན།
    དོལ་རྒྱལ་གསོ་གི་ཡོད་ན་བསྟེན་ཀྱི་ཡོད་ན། དད་པ་མེད་མདོག་མེད་མདོག་ཅིའི་ཕྱིར་བྱས་པ་ཡིན་ནམ། ང་ཚོ་བོད་འབངས་ནང་ཚགས་མ་ཡིན་ནམ། སྦུག་སུབ་ཏོག་ཏོག་བྱེད་དགོས་མེད།
    མང་གཙོ་རེད་ད།

  12. ཀརྨ་བློ་གསལ་ says:
    2015-10-02 at 11:34 am

    ཨ་མདོ་དྲན་དཀར་ཅན། ཁྱེད་ལའང་ཁག་མི་འདུག ངས་ཀྱང་ཡིད་ཆེས་བྱེད་དཀའ། ཡིན་ནའི། ཨ་མདོ་ཨ་མཆོག་བླ་མ་དོལ་རྒྱལ་ཚོགས་པ་ལས་སྡུག་པ་གསར་འགྱུར་འདི་ལས་གསལ་ཡོད། བསམ་བློ་གཏོང་ཤེས་མཁན་ཡོད་མེད་གང་ལྟར་ཡང་ཨ་མདོ་ཚང་མ་འདི་འདྲ་མིན་པ་ཨ་ཚོགས་མི་དབང་ནས་ར་སྤྲོད་གནང་ཡོད། སེམས་སྡུག་མ་གནང་།

    ཨ་མཆོག་བླ་མས་ཨ་མདོ་སྡུག་ལ་སྦྱར་བ་འདི་ལྟར། ༼ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽

  13. དོན་ལྡན་གླིང་པ says:
    2015-10-02 at 11:50 am

    ཐོག་མར་ཡང་སྟེང་སྤྲུལ་སྐུར་བཀྲིན་ཆེ་ཞུ་རྒྱུ་ཡིན། དོན་དམ་དུ་སྤྲུལ་སྐུའི་མིང་ཐོགས་པར་འོས་པ་ཞིག་རང་རེད།

    ལྟོས་དང་། ཅོ་རི་ཉི་མ་དང་ཀརྨ་བློ་གསལ་ཟེར་བ་རྒྱ་མིའི་རྒྱུགས་ཁྱི་གཉིས་དེ་དེར་སླེབས་འདུག གྲྭ་ལོག་ཁྱོད་གཉིས་ལ་དངོས་གནས་ལས་ཀ་ཡོད་ས་མ་རེད། རྒྱ་གཞུང་གི་དངུལ་ཁོ་ནོར་བརྟེན་ནས་འཚོ་བཞིན་ཡོད་པ་གསལ་པོ་རེད་འདུག

  14. དྲན་དཀར་དཔལ་ཡོན་ says:
    2015-10-02 at 12:05 pm

    ཀརྨ་བློ་བསལ་རང་གིས་སྐད་ཆའི་ཁུངས་དེ་ཡང་དག་པ་མ་རེད། ཀྲུང་གོས་ཀྲུང་གོའི་ཚགས་པར་ནང་བྲིས་པ་དེར་ང་ངས་ལེན་མེད། ཀྲུང་གོས་བོད་ལ་སྡུག་པོ་གཏོང་བའི་རྣམ་གྲངས་མངས་པོ་རེད།
    ཨ་མཆོག་བླ་མས་ཀྱང་དོལ་ཚོགས་ནང་བཞིན་ཀྱི་ལས་ཀ་སྡུག་ག་བྱ་མི་སྲིད་པའི་ཡིད་ཆེས་མེད།
    ཁྱེད་རང་གི་དོལ་འབངས་ཡིན་པ་ཁས་མི་ལེན་པ་ག་རེ་ཡིན་ནམ།
    ཁྱེད་རང་གིས་དོལ་རྒྱལ་གསོ་མཁན་ངན་པ་རེད་དགོངས་ཀྱི་ཡོད་དམ།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-10-02 at 12:21 pm

    ད་ལྟའི་བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་ཡོད་པའི་ཆེ་རྩོམ་རེད་འདུག རྒྱབ་སྐྱོར་ཡོད་དོ།།

  16. ཡེ་ཤེས་དཔལ། says:
    2015-10-02 at 12:34 pm

    རྩོམ་པ་པོ། ཡག་པོ་བྲིས་འདུག ཡི་རངས་དང་རྒྱབ་སྐྱོར་ཡོད།

  17. ཆུ་ཐིགས་སྔོན་མོ says:
    2015-10-02 at 3:35 pm

    ཅོ་རུ་ལགས་ཀྱིས་སྤྲུལ་གོང་ཞེས་༸གོང་ས་མཆོག་ལ་ངན་ཁག་དཀྲི་བཞིན་འདུག་པ་མངོན་གསལ་རེད་་་་རྗེས་ཕྱོགས་མིང་ཚིག་བསྡུ་མི་དགོས་པར་ཐད་ཀར་བཤད་ཐུབ་དགོས་པ་རེད་་་་དངོས་ཡོད་བདེན་དཔང་ཡོད་ན་སྦ་གསང་མེད་པར་ཐད་ཀར་བཤད་ཕོད་དགོས་པ་ལས་ཟ་ཟུར་ནས་སྐད་ཆ་རེ་ཟུང་སྦས་པའི་ཚུལ་དུ་བཤད་པ་ནི་བློ་ཁོག་ཆུང་པའི་རྟགས་རེད་་་་་བསམ་ཕོད་ན་བཤད་ཕོད་དགོས་པ་རེད་་་་

  18. གནམ says:
    2015-10-02 at 6:14 pm

    བོད་ནང་ལ་འཚོ་གོས་གནས་འདུག་གི་ཕྱོགས་ནས་ཡར་རྒྱས་ལ་འགྲོ་བཞིན་པ་གསལ་པོ་རེད། དེ་ནི་དགྱའི་བཀའ་དྲིན་ཁོ་རང་རེད་ཟེར་ན་མ་རེད་དེ། དེ་ཡང་སྲིད་ཇུས་ལག་ལེན་ལ་ཐུག་ཡོད་པ་ཞིག་ལོས་ཡིན།

    བོད་བསྟན་པ་ཆབ་སྲིད་ཀྱི་གནད་དོན་ནི། བོད་ཕྱི་ནང་གི་གང་ན་གང་ཡོད་ཀྱིས་གང་ཐུབ་གནང་དགོས་བ་ཞིག་ཡིན་དུས། མྱི་སོ་སོའི་གང་འགྲོ་གར་འདུག་གི་གཞི་ལ་གཞུགས་ནས་ཡག་སྡུག་བཤད་པ་ནི་བློ་ཁ་ནང་ལ་མི་དྲང་བའི་སྡུག་མོ་ཞིག་ལས་མ་འདུས་བ་ནི་ཤེས་སོ།

    བཙན་བྱོལ་གཞུང་ཟེར་ན་འདྲ། བཙན་བྱོལ་སྒྲིག་འཛུགས་ཟེར་ན་འདྲ། གང་ལྟར་བོད་གང་ཅན་ཞིང་ལ་སླར་གསོ་བྱེད་དགོས་བའི་བོད་གཞུང་དེའི་ཁྱད་དུ་ཡིན་པ་ཤེས་ན། ད་གཟོད། དྲ་ནང་གི་ཚིག་དོན་ཞིག་ལ་གནམ་བརྡིབས་ས་བརྡིབས་ལྟར་མཐོང་བའི་སྡུག་བསྔལ་དེ་དག་སྲིད་པ་རེད།

  19. ཀླུ་སྨྱོན། says:
    2015-10-02 at 8:25 pm

    ཡང་སྟེང་སྤྲུལ་སྐུས་ང་ཚོ་བཙན་པོའི་གདུང་རྒྱུད་ཡིན་ཞེས་བྲིས་པ་དེ་བདེན་པ་མ་རེད། ང་ཚོ་ནི་བཙན་པོའི་རྒྱལ་རབས་ཀྱི་འབངས་མི་རྟ་ཟོག་འཚོ་མཁན་དང་ཞིང་ཁ་འདེབས་མཁན། མགར་ཤན་དང་ཡང་ན་དམག་མིའི་མི་རྒྱུད་ཙམ་ཞིག་རེད། བཙན་པོའི་གདུང་རྒྱུད་ནི་ལྷ་རྒྱ་རིའི་ཁྱིམ་ཚང་ཙམ་མ་གཏོགས་ལྷགས་མེད། བོད་ནང་བཙན་པོའི་གདུང་རྒྱུད་ཡིན་ཟེར་ནས་གཞས་གཏོང་གིན་འདུག་པ་དེ་ལོ་རྒྱུས་ལ་རྩི་འཇོག་དེ་ཙམ་མ་བྱས་པ་རེད། བཙན་པོའི་འབངས་མི་ཡིན་ཞེས་གཞས་བླངས་ན་ཏག་ཏག་བསྡད་ཡོད་པ་རེད། ཨ་ཡོ་ཤེ ངའི་སྐེད་པ་འདི། ་་་ ་་་

  20. སྐལ་ཚེ། says:
    2015-10-02 at 8:39 pm

    འདི་ཚོས་རྒྱ་ནག་སྲིད་གཞུང་ལ་བསྟོད་སྔགས་བྱེད་སྟངས་རྐྱང་ལ་ལྟས་ན། ཉིན་གཅིག་གོང་ས་མཆོག་ལས་རྒྱ་ནག་གདམས་སྲིད་པ་ཞིག་འདུག

  21. ལུང་རྟོགས། says:
    2015-10-02 at 9:10 pm

    ཡང་སྟེང་རིན་པོ་ཆེས་གནད་ལ་ཁེལ་ཞིང་དོན་ལ་གནས་པ་ཞིག་གསུངས་འདུག ཐུགས་རྗེ་ཆེ། ཀར་ཅོ་གཉིས་ཀྱིས་སྡུག་སྐད་རྒྱག་སྟངས་ལ་ལྟས་ན་རྣག་ཐོག་ལ་རྩག་ཁེལ་སོང་བ་འདྲ། ཧཧཧ

  22. ལུང་རྟོགས། says:
    2015-10-02 at 9:16 pm

    བླ་སྤྲུལ་དང་མི་ཆེན་ཞིག་གི་མཚན་མཐོང་མ་ཐག་དེས་སྐད་ཆ་ཅི་ཞིག་བཤད་ཡོད་མེད་ལ་མི་ལྟ་བར་རྒོལ་རྐྱང་བྱེད་པ་ནི་ཀར་ཅོ་གཉིས་ཀྱི་རང་གཤིས་རེད། དེས་ན་ཁོ་གཉིས་ནི་ཕྲག་དོག་དུག་ཆུ་འཐུང་བའི་སྨྱོན་པ་ལས་གནས་ལུགས་བཤད་པའི་ཁ་ལྕེ་ཅན་ཞིག་ལར་ནས་མ་རེད། དམ་པ་དགེ་ཆོས་ཀྱིས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་གསུང་པ་དེ་མི་འདི་གཉིས་ལྟ་བུ་ལ་གོ་དགོས།

  23. དྲན་དཀར་དཔལ་ཡོན་ says:
    2015-10-02 at 9:19 pm

    ཀླུ་སྨྱོན་ཀྱིས་རྩོམ་པ་པོའི་འོས་འགན་གྱིས་སྐད་ཆ་བཤད་གནང་བྱུང་།

    ཕ་སྤྲེའུ་སེམས་དཔའ་དང་མ་བྲག་སྲིན་པོ་ལས་ཆད་པར་གྲགས་པ་དང་མ་རྩོམ་མཐུན་ཆེ།
    མི་མོ་རྣམས་ཡིད་གཡོ་བ་སྟེ་དང་།
    མི་ཕོ་རྣམས་ཡིད་གཡོ་བ་སྟེ། སོགས་དང་སྒོ་བསྟུན་ནའང་བཙན་པོའི་ཡིད་ནི་གཡོ་བ་དང་། བཙན་མོའི་ཡིད་ནི་གཡོ་བ་ཞེས་ཀྱང་བགྲེས་ནུས། ནོར་རྫིའི་ཡིད་ནི་གཡོ་བ་སྟེ་དང་། ཞིང་པའི་ཡིད་ནི་གཡོ་བ་སྟེ། ཡར་མར་གཉིས་ཀར་བསྒྲེས་ན་མཁྱེན་ཡོང་གི་རེད། ཁུངས་གཏན་ནས་མི་འདུག་སྙམ་ན་ལྷ་རྒྱལ་རིའི་ལྷ་སྲས་དང་སྐུ་ཞབས་ཀླུ་སྨྱོན་དང་ང་ཚོ་རྩམ་གཟན་པ་ཡོངས་ཀྱི་ཁྲག་ལ་བརྟགས་ན་ཁ་གྲགས་འོང་གི་རེད། བརྒྱ་ཆ་བརྒྱ་ནས་གོ་དགུ་དེ་ནས་གཅིག་བར་མཐུན་པ་འོངས་སྲིད།
    མི་མཐུན་པ་ཡང་འོངས་སྲིད། ལོ་རྒྱུས་ལ་གུས་བརྩི་དང་རིགས་ལམ་ལ་གུས་བརྩི་གཉིས་ཀ་གནང་དགོས་པས་མི་འགྲིག་པ་ཆེར་མེད་པ་འདྲའོ།

  24. དྲན་དཀར་དཔལ་ཡོན་ says:
    2015-10-02 at 10:15 pm

    བོད་རིགས་ཚང་མར་བརྟགས་མ་ནུས་ཀྱང་། ཨ་ཚོགས་སྲིད་སྐྱོང་འོས་མིར་འདི་གཅིག་པོར་བརྟགས་དཔྱད་གཅིག་གཏོང་ནུས་ན།
    གཅིག་བྱས་ན་བྱ་བ་ལམ་འགྲོ་རྒྱུགས་སྟེ་ཞང་བློན་ཆེན་པོ་ཅིག་གི་གདུང་རྒྱུད་དངོས་མ་ཡིན་མི་སྲིད་པ་མ་རེད་ཡ། དྲང་ཚུགས་དང་། དཔའ་བོའི་ཉམས། གཡག་གི་རྩིད་པ་ལྟ་བུའི་ངོར་ཁེབས་ཡོད་པ། རང་གི་སྐད་ཆར་རང་ཉིད་བརྩེ་འདངས་ཆེ་བ། དགྱ་མིའི་མིང་ཙམ་ལ་ངར་ངར་གནང་ནུས་པ། ཕ་སྐད་མ་སྐད་ལས་སྐད་ངོ་གཞན་མི་སྤྱོད་པའི་ཁྱད་ཆོས་རྣམས་ཀྱིས་བཙན་བྱོལ་ནང་གི་བུད་མེད་དང་། ལོ་གཞོན། ཟ་ཁང་ཆུང་ཆུང་སོགས་ཚང་མའི་འོས་དབང་རྣམས་རྣོ་ཁབ་ལེན་གྱི་ལྕགས་ལེན་པ་བཞིན་དུ་དྲངས་བཞིན་འདུག ད་ཅོ་ཉ་ཀརྨ་བློ་བསལ་སོགས་མི་གཤིས་ཞན་པའི་རིགས་གང་ཞུགས་ལ།
    ལྐོག་གི་ནས་གདོང་འབོག་ནང་ནས་ཀྱང་ལྟ་བ་ལྡོན་པར་མི་ནུས་པ། མི་ལ་རིགས་ཇི་འདྲ་མི་འདྲ་མངས་རེད་ད།

  25. དགེ་འདུན་རྒྱ་མཚོ། says:
    2015-10-02 at 10:25 pm

    རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་སྤྱི་བའི་ལས་དོན་དང་སྤྱི་ལ་ཕན་པའི་ཆེད་དུ་ཡིན་ན་ལྟ་བ་འདྲ་མིན་ཡོང་ཆོག་ཀྱང་། 
    རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་སྤྱི་བ་རྩ་གཏོར་དང་སྤྱི་ལ་གནོད་པའི་དམིགས་ཡུལ་ཅན་གྱི་ལྟ་བ་ནི་ཡོང་མི་ཆོག་པ་རེད།

  26. ཡང་སྟེང་སྤྲུལ་སྐུ says:
    2015-10-03 at 12:55 am

    ཆད་ལྷག་གི་ཁ་སྐོང་དང་དག་བཅོས། ཐོག་མར་འབྲི་འདོད་པ་འགའ་ཆད་འདུག་པས། ༼བོད་གཞུང་ཐོག་མར་བཙུགས་དུས་མོ་ཀྲ་ གཅིག་དང་། ཁ་པར་གཅིག་ཡོད་པ་རེད།༽ཞེས་པའི་འཇུག་ཏུ།༼ཐ་ན་ང་ཚོའི་སྤྱི་ཚོགས་འདི་དང་ང་ཚོས་ད་ལྟའི་སྐད་ཆ་འདི་ཚོ་བཤད་ས་ཡོད་པའི་ཁོར་ཡུག་ཁོ་རང་ཡང་ཇི་ལྟར་བྱས་ནས་ཡོང་བ་བརྗེད་ག་ལ་རུང་།༽ཞེས་དང་། ༼སྐད་ཆ་དེས་མཐར་བོད་ནང་ཁུལ་དུ་བརྡབ་གསིག་གཏོང་བྱེད་ཅིག་ཆགས་མིན་ལ་ལྟ་དགོས།༽ཞེས་པའི་འོག་ཏུ། ༼ སྐྱོན་བརྗོད་ཆོག་པའི་ཐོང་ཐང་ཞིག་ཀྱང་དགོས་ན་སྐྱོན་བརྗོད་དེར་གསལ་བཤད་བྱེད་ཆོག་པའི་ཐོབ་ཐང་ཡང་དགོས་པ་གཅིག་མཚུངས་སུ་མཐོང་ངོ་། །༽ཞེས་པ་བཅུག་གནང་བ་ཡོང་བ་མཁྱེན། ༼རྩོད་ཀྱི་མིན་གསུངས་པ་དང་མ་རེད་གསུངས་པ་གཉིས་ཀྱང་ཡོངས་སུ་ཐ་དད་ཡིན་ལ།༽ཞེས་པའི་ལ་ཡང་མི་དགོས་པར་བྱས་ཡོད། བོད་ནང་གི་བོད་མའི་༼མིའི་༽གནས་སྟངས། འཇུག༼མཇུག་༽་འབྲས། ག་༼གང་༽འདྲ་ཞིག ལྡིང་ཆར་༼སྡིངས་ཆར།༽ མཚར་༼འཚར་༽ལོངས། ཞེས་པ་བཅས་སུ་བཅོས་རོགས།

  27. དྲང་བདེན། says:
    2015-10-03 at 12:59 am

    ཀླུ་སྨྱོན་གྱིས་ང་ཚོ་བཙན་པོའི་གདུང་རྒྱུད་མིན་པའི་གུ་དོག་དེ་མི་དགོས་ཏེ། ང་ཚོ་གངས་ཅན་པ་མཐའ་སྤྲེལ་སྲིན་གྱི་གདུང་རྒྱུད་ཡིན་པས་ཚང་མ་གདུང་རྒྱུད་གཅིག་རེད།

  28. དྲང་བདེན། says:
    2015-10-03 at 1:29 am

    ལས་ངན་ཅོག་ཪི་ཉི་མ་ཟེར་བ་ལ། ཚིག་འདི་འདྲ་ཞིག་དགོས། དགྲ་སེར་པོ་ཧོར་ལ་བལ་ལས་འཇམ། །ནང་ཕུ་ནུ་སྟེང་དུ་རྡོ་ལས་རྩུབ། །ཁོ་ལས་ངན་བསོད་ཟད་པད་སྐམ་དེས། །ནང་ཕུ་ནུ་ཁྲག་ལྟར་དཀྲུགས་ན་བསམ། །
    ཁྱི་དུད་འགྲོ་ཚོས་ཀྱང་བདག་པོ་ཤེས། །ཁོ་ཁྱི་ལས་ལུད་པས་བདག་པོར་སྡང་། །བོད་ཁ་བ་ཅན་གྱི་ཕ་ཁྱིམ་དེ། །མི་ཁ་ནག་འདི་ཚོས་བཤིག་པར་འདོད། །ཧཧཧཧཧཧ། ལས་བསོད་ཟད་ས་ལ་བསོད་ཅན་རེ། །བདུད་ནག་པོ་རེ་ལ་ཁ་ནོན་རེ། །ཁོ་ཅོག་རི་ཁྱི་ཡི་ཁ་ནོན་དེ། །ང་གངས་ཕྲུག་སེང་གེ་དཀར་མོ་ཡིན། །བོད་རྒྱལ་གྱུར་ཅིག། ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པར་ཤོག། །

  29. ལྷ་སའི་བུ་ says:
    2015-10-03 at 1:55 am

    ཡང་སྟེང་སྤྲུལ་སྐུ་མཆོག་ནས་བོད་སྤྱི་དོན་ལ་སྨན་པའི་དགོངས་འཆར་གོ་བདེ། ཁ་གསལ། དངོས་འབྲེལ་ ཞིག་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ། ང་ཚོའི་མི་འགའ་ཤས་བོང་གུའི་རྣ་བར་གསེར་བླུག་པ་དང་གཅིག་མཚུངས་རེད། གོ་རྒྱུ་ཚོར་རྒྱུ་མེད་པ་དེ་འདྲ་འདུག། སྐྱོན་བརྗོད་བྱེད་དགོས་སར་མི་བྱེད་པར་ནང་ཁུལ་སྐྱོན་བརྗོད་རྐྱང་རྐྱང་བྱས་ནི་ཚོགས་འདུའི་དུས་ཚོད་སྐྱེལ་ཏེ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོ་ཡིད་ཐང་ཆད་བཅུག་གི་འདུག།

  30. ཕོ་རྒོད། says:
    2015-10-03 at 2:07 am

    ཡང་སྟེང་སྤྲུལ་སྐུས་ངོ་མ་གནད་ལ་ཁེལ་བ་བྲིས་འདུག་་་བཀྲིན་ཆེ་་་་་ཡིན་ནའང་་་་ཀརྨ་བློ་གསལ་སོགས་་་་ཁ་བརྡའི་དྲྭ་འབུ་ཚོ་ལ་་་གསེར་སྤྲད་པ་དང་་་་སྐྱག་པ་སྤྲད་པ་གཅིག་པ་རེད་་་་ཁོང་ཚོའི་མང་གཙོ་ནི་་་་ཨ་ཕ་ག་རེ་བྱས་ནས་བསད་མ་ཆོག་པ་རེད་ཟེར་པ་དེ་རེད་་་་་རྗེས་མ་ཡང་སྟེང་སྤྲུལ་མཆོག་ཁྱེད་ལྟ་བུ་་་འདིའི་་་་ཉོག་གཏམ་ནང་ལ་མ་ཡོང་ན་ལེགས་ཤོས་་མཐོང་།

  31. བདེན་པའི་མི། says:
    2015-10-03 at 2:59 am

    བླ་མ་ཡང་སྟེང་ལགས། བོད་རང་བཙན་དང་བོད་མི་རིགས་གཉིས་གདམས་ཀ་ཅན་ཞིག་རེད་དམ། གུས་པའི་བསམ་ན་བོད་རང་བཙན་ནི་བོད་མི་རིགས་ཀྱི་ངོ་བོ་ཡང་དག་པ་དེ་ཡིན་པས་གདམས་ཀ་ཅན་ཞིག་མ་རེད་སྙམ།

  32. དྲང་བདེན། says:
    2015-10-03 at 3:17 am

    ཅོག་རི་ཁྱོད་ཀྱི་ཁ་ནས་བོད་རང་བཙན་ཟེར་བ་ལྐུགས་པས་བལྟས་ནའང་ངོ་ཚ་དགོས་པ་ཞིག་རེད། ཁྱོད་ཀྱི་སེམས་ནང་རང་བཅན་རྩོད་རྒྱུ་མིན་པར་ནང་ཁུལ་རྩོད་རྒྱུ་རེད། རང་བཅན་རྩོད་ན་རྒྱ་གུང་ཁྲན་གྱི་མདུན་དུ་རྒྱུགས།
    ང་ཚོས་བསམ་ཚོད་པར་བཤད་པར་སྒེར་གཅོད་དང་། ཁྱེད་ཚོས་བཤད་པ་དེ་ངེས་པར་མིན་ན་མི་ཆོག་ཟེར་བ་སྒེར་གཅོད་རིང་ལུགས་པར་མི་འགྲོ་བ་སྙིང་རྗེ། ཨ ཁ་ཁ། xxx་ཅོག་རི་ལྟོས་དང་། རང་བཙན་ཞིག་རྩོད་ས་རེད་དམ། ཁ་ཐབས་དེ་ལས་མེད་པར་ཞབས་འདྲེན། བདག་མེད་xx་རིང་ལུགས་རང་རེད།

  33. ཅོ་རི་ཉི་མ། says:
    2015-10-03 at 3:23 am

    དྲང་བདེན་ལགས།
    xxxx་གྱི་མ་གཏོགས་ཅང་ཤེས་ཀྱི་མེད་པེ། མེད་ན་ས་རྒྱ་ཅང་ཆོད་ཀྱི་མ་རེད། ཁ་བཙུམ་དང་དགའ་གི་རེད།
    ཁྱོད་ཁ་ཐབས་བཟང་པོ་དེ་འདྲ་ཡོད་མཁན་ཞིག་ན་རང་གཟུགས་སྟོན་མི་ནུས་པ་ཅི་རེད་དམ། ཁ་ཐབས་བཟང་མདོག་མ་བྱས་ཨ་་་ཁ་ནས་ཐོན་གྱི་xx་རེད་འདུག་ག་་་་ཧཧ་

  34. ཅོ་རི་ཉི་མ། says:
    2015-10-03 at 3:27 am

    བོད་རང་བཙན་ཟེར་བའི་ཡིག་འབྲི་འདི་མཐོང་འོང་དུས་་རྒྱལ་བཙོང་བ་ཁྱོད་ཚོའི་སྙིང་ལ་མདའ་བརྒྱབ་ལྟར་ན་ཟུག་བརྒྱབ་ཨེ་འོང་འདུག ངས་བལྟས་ན་ཁྱོད་ཚོ་བོད་རང་བཙན་གྱི་དགྲ་བོ་ངོ་མ་རེད་བསམས་ཀྱི་ཡོད།

  35. དྲང་བདེན། says:
    2015-10-03 at 3:35 am

    ཧཧཧ། ཁྱོད་ཅོ་རི་xx་གྱིས་གདོང་སྟོན་སར་ཤོག་ཏ་དེ་ནས་ང་ཡོང་ཆོག། བོད་རང་བཙན་ནི་ང་ཚོས་བོད་ཀྱི་མེས་པོ་ཚོས་ལོ་རྒྱུས་གསེར་གྱི་དེབ་ཐེར་ནང་སྲོག་དང་ཁྲག་གིས་འགྲོ་གྲོན་བཏང་ནས་བཙུགས་ཡོད་པས་xxx་ཁྱེད་ལྟ་བུར་ཁ ནས་ནས་རང་བཙན་ཟེར་བའི་ཐོབ་ཐང་མེད།

  36. ཅོ་རི་ཉི་མ། says:
    2015-10-03 at 3:38 am

    བྱས་ན་ཁྱོད་ཀྱིས་མུ་མཐུད་རང་བཙན་བརྩད་བཞིན་ཡོད་དམ།

  37. ཅོ་རི་ཉི་མ། says:
    2015-10-03 at 3:47 am

    ངོ་སྤྲོད། དངོས་མིང་། ཉི་མ།
    སྡོད་གནས། སུད་སི།
    གྲོང་ཁྱེར། ཝན་ཁྲེ་ཐོ།
    སྐྱེས་ཡུལ། ཏྲེ་ཧོར།
    ཁ་དཔར་ཨང་གྲངས། 0041762176132

    ཡིན་ད་་་ཁྱོད་རང་ངོ་སྤྲོད་བྱོང་ཤོག

  38. ལུང་རྟོགས། says:
    2015-10-03 at 7:13 am

    ཅོ་རི་ཟེར་བ་འདིས་གླེན་རྟགས་ལ་ལྟོས་དང་། དྲ་ཐོག་གི་ཁ་རྩོད་ལ་ཁོང་ཕྲོ་འདི་འདྲ་ལང་དགོས་རྒྱུ་ཅི་ཡོད། ངོ་མ་xxམི་འགའ་རེའི་གླན་རྟགས་ནི་ངོ་ཚ་ཡ་འདྲ་ཞིག་རེད། སི་པན་གླང་གོག་ཞེས་པའི་མིང་དེ་ཡང་མི་འདི་འདྲ་ལ་ཧ་ཅང་འཚམས་པོ་རེད། ཧཧཧ

  39. དྲན་དཀར་དཔལ་ཡོན་ says:
    2015-10-03 at 7:17 am

    ཅོ་ར་ཉ་མ་ལགས། ཁ་པར་ཨང་གྲངས་རྫུན་མ་རེད་འདུག ཁྱེད་རང་རྟོག་པ་རྣམ་རྟོག་གནང་དགོས་མེད། ང་སྒོར་མོ་ཏོག་ཙམ་ཡོད་རྒྱ་གཞུང་གི་ལག་ནས་ལོ་གཅིག་གཉིས་གཅིག་ལ་ཉོས་བཞག་ན། ག་ལེར་བོད་པར་འདྲེ་ལྟར་བལྟ་དགོས་ཀྱི་མ་རེད།
    གནའ་སྔ་མོར་བོད་པ་ཚོའི་མགོའི་ཤིག་ལ་སེམས་ཁུར་ཡོད་མདོག་བྱས་སོང་ང་།
    ཁྱེད་རང་གི་ཀླད་པའི་ནང་ཤིག་བཏབ་པར་ང་འགན་ཏོག་ཏོག་ཙམ་ཡོད།

  40. ལུང་རྟོགས། says:
    2015-10-03 at 7:19 am

    བཙན་ལས་མི་རིགས་གལ་ཆེ།

    ཆགས་འཇིག་གི་མཚམས་སུ་སླེབས་པའི་མི་རིགས་ཤིག་གིས་ཁ་ཚ་དགོས་གཏུགས་བྱེད་དགོས་པ་ནི་རང་གི་མི་རིགས་དེ་འཆི་ཉེན་ལས་ཐར་བར་བྱ་རྒྱུ་དེ་རེད། ཅི་སྟེ་འཆི་ཉེན་ལས་ཀྱང་ཐར་བར་བྱ་མི་ནུས་ན་དེ་ལས་ལྷག་པའི་རེ་བ་ཞིག་བཅང་རྒྱུ་ལྷག་མེད། དོན་ངོ་མར་མི་རིགས་ཀྱི་ཆེད་དུ་རང་བཙན་རྩོད་པ་ལས་རང་བཙན་གྱི་ཆེད་དུ་མི་རིགས་རྩ་བརླག་གཏོང་རྒྱུ་ག་ལ་ཡོོད། ཤི་ལ་ཉེ་བའི་མི་རིགས་ཤིག་ལ་མཚོོན་ན་མི་རིགས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པ་ལས་ལོ་རྒྱུས་ནང་གང་ཡིན་པ་དེ་ད་ལྟར་ཡིན་དགོས་པའི་རྒྱུ་མཚན་ཞིག་ག་ལ་ཡོད།

    གོང་ས་མཆོག་གིས་ལམ་དབུ་མ་སྟོན་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འདི་རེད། འདི་ལ་ཞིབ་ཏུ་བསམ་བློ་ཐོངས་དང་ལམ་དབུ་མ་ལ་འགྲོ་དགོས་པའི་རྒྱུ་མཚན་ལ་ངེས་ཤེས་བརྙེད་སྲིད།

  41. BONPO says:
    2015-10-03 at 8:22 am

    གངས་ཅན་པ་ཚོ་བཙན་པོའི་གདུང་རྒྱུད་མིན་ན། ང་ཚོ་བོད་པ་ཡིན་ཟེར་བ་དེ་ཡང་ག་འདྲ་བྱས་ན་ཡོང་ངམ། དེར་མི་ཚད་ང་ཚོ་བོད་མི་རིགས་ཡིན་ཟེར་བ་དེ་ཡང་ག་འདྲ་བྱས་ནས་ཡོང་ངམ། སྐད་ཆ་འདི་ཚོ་འདྲ་ལེ་འདྲ་མི་འདུག་གམ། །

  42. ཨ་ཁུ་ནོར་བུ་ says:
    2015-10-03 at 10:36 am

    སྐུ་ཞབས་ཡང་སྟིང་ མཆན་དང་པོ་དེ་ལ་ལན་ཞིག་ཡོད་པ་ཞུ་།
    རྩོམ་བྲིས་ཞེས་སྐུ་ངོ་བློ་བཟང་དགའ་བ་ལགས་ཀྱིས་གསུང་པ་ལྟར་མཆན་ལན་བྲིས་པར་ཡང་སྐྱར་སྐུ་ངོས་ལ་བཀའ་འཕྲོལ་ཞུ་དགོས་ཀྱི་མ་རེད་།

  43. འཇིགས་བྲལ་བསྟན་འཛིན། says:
    2015-10-03 at 4:51 pm

    བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་དུས་མོ་ཀྲ་གཅིག ཁ་པར་གཅིག་ཟེར། འདི་བདེན་པ་མ་རེད།
    གསེར་ཕྱེ་ལེབ་ཧ་ཅང་མང་པོ་ཡོད་རེད། ཧཧཧཧཧཧཧ

    མ་གཞི་ནས་དགའ་ལྡན་པའི་བོད་གཞུང་འདི་ཐོག་མར་ (༡༦༤༢ ནས་ ༢༠༡༡) ལོར་བཙུགས་པ་དང་།་མཇུག་བསྡུས་པ་རེད། གཞུང་དེ་བཙན་བྱོལ་དུ་ཡོང་བས་བཙན་བྱོལ་བོད་གཞུང་ཟེར་བ་རེད། དེ་བས་ཐོག་མར་བཙུགས་ཟེར་དུས་གསར་དུ་བཙུགས་པར་གོ་བས་འགོ་ནས་ནོར་འདུག

    དེ་ནས་མུ་མཐུད་ཀློག་མེད། དྲང་པོ་དྲང་བཞག་གི་སྐད་ཆ་ཡིན།

    ལྷ་རམས་པའི་ཞབས་འདྲེན་མ་ཞུ་རོགས། ཆབ་སྲིད་མི་ཤེས་ན་མི་ཤེས་སར་བཞུགས།

  44. འཇིགས་བྲལ་བསྟན་འཛིན། says:
    2015-10-03 at 4:52 pm

    བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་དུས་མོ་ཀྲ་གཅིག ཁ་པར་གཅིག་ཟེར། འདི་བདེན་པ་མ་རེད།
    གསེར་ཕྱེ་ལེབ་ཧ་ཅང་མང་པོ་ཡོད་རེད། ཧཧཧཧཧཧཧ

    མ་གཞི་ནས་དགའ་ལྡན་པའི་བོད་གཞུང་འདི་ཐོག་མར་ (༡༦༤༢ ནས་ ༢༠༡༡) ལོར་བཙུགས་པ་དང་།་མཇུག་བསྡུས་པ་རེད། གཞུང་དེ་བཙན་བྱོལ་དུ་ཡོང་བས་བཙན་བྱོལ་བོད་གཞུང་ཟེར་བ་རེད། དེ་བས་ཐོག་མར་བཙུགས་ཟེར་དུས་གསར་དུ་བཙུགས་པར་གོ་བས་འགོ་ནས་ནོར་འདུག

    དེ་ནས་མུ་མཐུད་ཀློག་མེད། དྲང་པོ་དྲང་བཞག་གི་སྐད་ཆ་ཡིན།

    ལྷ་རམས་པའི་ཞབས་འདྲེན་མ་ཞུ་རོགས། ཆབ་སྲིད་མི་ཤེས་ན་མི་ཤེས་སར་བཞུགས་རོགས།

  45. དྲན་དཀར་དཔལ་ཡོན་ says:
    2015-10-03 at 6:06 pm

    མགོ་སྐེད་པར་ཡོད་གནང་མཁན་ཁོང་གིས་དྲང་པོ་དྲང་བཞག་ཞེ་དྲག་གནང་བཞག་བྱ།
    བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་དུས་༡༦༤༢ལོར་ནི་མིན་པ། དགའ་ལྡན་པའི་བོད་གཞུང་ཐོག་མར་འཛུགས་ས་བོད་ནང་། བཙན་བྱོལ་བོད་གཞུངས་ཐོག་མར་འཛུགས་ས་བཙན་བྱོལ་ནང་། ཧ་ཧ་ཧཧཧ

    ཁོང་གི་མགོ་སྐེད་པར་འདུག

  46. འཇམ་གཅེས། says:
    2015-10-03 at 8:53 pm

    གཟུར་གནས་བློ་ལྡན་དགྱེས་པའི་མཆོད་སྤྲིན་ཟེར་བ་ལྟར། བོས་པའི་ལས་དབང་རྩ་དོན་སྨིན་ངེས་ཀྱི་དོན་སྙིང་ལྡན་པའི་རྩོམ་ཡིག་ཞིག་སྤེལ་འདུག་པར་སྙིང་ནས་གུས་བཀུར་ཞུ།

  47. འཇམ་གཅེས། says:
    2015-10-03 at 8:54 pm

    བོད་སྤྱིའི་ལས་དབང་དང་། ཞེས་ཆོས

  48. ལུང་རྟོགས། says:
    2015-10-04 at 1:21 am

    བཙན་བྱོལ་བོད་གཞུང་དང་བོད་གཞུང་གཉིས་ལ་དབྱེ་བ་ཡོད་པ་རེད། བཙན་བྱོལ་བོད་གཞུང་ནི་བཙན་བྱོལ་ལ་སླེབས་ནས་གསར་དུ་བཙུག་པ་ཞིག་ཅི་ལ་མིན། འཇིགས་བྲལ་བསྟན་འཛིན་ཟེར་བ་འདིས་ཞབས་འདྲེན་ཁོ་རང་གིས་ཞུས་ནས་གཞན་ལ་ཞབས་འདྲེན་མ་ཞུ་ཟེར་བ་ནི་་་་ཧཧཧ

  49. འཇིགས་བྲལ་བསྟན་འཛིན། says:
    2015-10-04 at 1:47 am

    བཙན་བྱོལ་བོད་གཞུང་འཛུགས་ས་བཙན་བྱོལ་ནང་། བཙན་བྱོལ་བོད་གཞུང་ (༢༠༡༡ ལོ་བར་) ཐོག་མར་བཙུགས་དུས་ཟེར་བ་དེ་ནོར་བ་རེད་ཟེར་གྱི་ཡོད། བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་དུས་ཟེར་ཡོང་དུས་གཞུང་དེ་སྔར་མེད་པ་གང་ཞིག་གསར་དུ་བཙུགས་པར་གོ་དགོས་རེད། དེ་ཡིན་དུས་གཞུང་དེ་སྔར་མེད་གསར་བཙུགས་མ་ཡིན་པར་སྔར་ནས་ཡོད་པའི་དགའ་ལྡན་ཕོ་བྲང་པའི་གཞུང་གི་རྒྱུན་བསྐྱངས་པ་ཙམ་ཆགས་ཡོད་པ་རེད། དེ་མ་ཡིན་པར་བཙན་བྱོལ་དུ་གཞུང་དེ་གསར་དུ་བཙུགས་པ་ཡིན་ན། རྒྱ་ནག་དབུས་གཞུང་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བོད་གཞུང་མེད་པ་བཟོས་ཟིན་ཚུལ་བརྗོད་ཀྱི་ཡོད་པར་ངོས་ལེན་རང་ཤུགས་སུ་བྱས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ལྟར་ངོས་ལེན་ཡོད་ན་དཱ་བཙན་བྱོལ་དུ་གཞུང་གསར་པ་ཞིག་འཛུགས་རྒྱུ་རེད།
    དེ་ནས་གལ་གནད་ཆེ་བའི་ལོ་རྒྱུས་འདི་དང་གོང་གི་རྩོམ་དེ་ཏག་ཏག་བསྡད་ཀྱི་མ་རེད། དཱ་ལོ་རྒྱུས་འདི་ཀློགས་དང་།
    ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་བོད་མི་མང་གི་ཞི་བའི་རང་དབང་སྒེར་ལངས་ཀྱི་དོན་རྐྱེན་ལ་ཡང་རྒྱ་ནག་དམར་གཞུང་གིས་དྲག་གནོན་བྱེད་འགོ་བཙུགས་སྟབས་རྒྱ་བོད་འགྲིག་མཐུན་ལ་རེ་ཐབས་གཏན་ནས་མེད་པ་ལྟ་བུར་ཡོད་ཀྱང༌། བོད་གཞུང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བོད་གཞུང་བཀའ་ཤག གཞུང་ཞབས་ཧྲག་བསྡུས་བཅས་རྒྱལ་ས་ལྷ་ས་ནས་བྲོས་བྱོལ་གྱིས་ལྷོ་ཁའི་ལྷུན་རྩེ་རྫོང་དུ་བོད་ཀྱི་གནས་སྐབས་སྲིད་གཞུང་བཙུགས་ཏེ་ལན་དགུ་ཆད་འཐུད་ཀྱི་རེ་བས་རྒྱ་བོད་འགྲིག་མཐུན་ཡོང་རེའི་ཁྱབ་བསྒྲགས་བྱས་པར་དོན་འབྲས་མ་བྱུང་སྟབས། མཐར་བོད་གཞུང་བོད་མི་འབུམ་ཕྲག་ལ་ཉེ་བ་དང་ལྷན་རྒྱ་གར་ལ་བོད་རང་དབང་སླར་གསོའི་ཆེད་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་བོད་ཀྱི་སྲིད་གཞུང་ལ་བཙན་བྱོལ་བོད་གཞུང་ཟེར་སྲོལ་ཆགས།
    བྱུང་རིམ་འདིའི་ཐོག་ནས་བཙན་བྱོལ་བོད་གཞུང་དེ་བོད་མིའི་ཁྲིམས་མཐུན་སྲིད་གཞུང་ཡིན་ཟེར་གྱི་ཡོད་རེད། གློ་བུར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་ན་བོད་མིའི་ཁྲིམས་མཐུན་སྲིད་གཞུང་ག་བར་ཆགས་ཀྱི་རེད།
    གནད་འགག་ཆེན་པོ་འདི་ཚོ་ཚིག་རེ་གཉིས་ལ་བརྟེན་ནས་ནོར་གྱི་རེད། དེ་ནོར་གྱི་འདུག་ན་ཆབ་སྲིད་མི་ཤེས་པ་རེད། ཆབ་སྲིད་སྦྱོང་དགོས་རེད། ཡང་སྟེང་ལགས་དགའ་ལྡན་ཕོ་བྲང་བླ་བྲང་གི་ལས་བྱེད་ཅིག་ཡིན་བསམ་སོང་། དེ་གར་ཁྲི་ཟུར་ཟམ་གདོང་ཚང་ལ་དོན་འདི་ནས་བཀའ་འདྲི་ཞུས་དང་། ཧ་ཞིག་གོ་ཡོང་།

  50. ས་མཐའི་འཁྱམས་པོ says:
    2015-10-04 at 2:26 am

    བོད་འདི་ནམ་ཡང་འཆི་མི་སྲིད་ལ་། ནམ་ཡང་ཤི་་མི་སྲིད་།་ བཙན་པོའི་གདོང་རྒྱུད་ཀྱི་ལོ་རྒྱུསཡོད། ཏ་ལྟ་གནས་བསྐབས་ཀྱི་ཚོ་བ་ལ་ལྟས་ན་ཧ་ཅང་གི་སྐལ་ངལ་ཀྱིས་གནས་སུ་ལྷོང།
    ཡིན་ན་འང་སྔོན་ཆད་མེད་པས་ཏ་ལྟ༢རྒྱལ་བའི་་བཀའ་དྲིན་ལ་མང་གཙོ་ཞེས་པ་ཞིག་ང་ཚོའི་ སྤྱི་ཚོགས་ལ་གསར་ཁ་དོད་ཡོད་པས་།། དེ་ཁེ་དབང་དེ་ལོངས་སུ་སྤྱོད་ནས་ང་ཚོའི་བཙན་བྱོལ་ལ་འགྲོ་གི་ཡོད་རེད། དེ་གལ་ཆེན་པོ་རེད་།
    དེམིན་དེའི་གོམ་བཤིས་ཟེར་ནའང་འདྲ་ཡང་ན་་མིང་གཙོ་ཟེར་བ་འདི་བོད་ནང་ལོགས་ལ་ཀ་ཚོད་གསར་བསྒྲགས་བྱེད་ཐུབ་པ་ཡིན་ན། དེ་ལ་ཁེ་ཕན་ཆེན་པོ་ཡོད།
    ་སྤྱི་མཐུས་ཚོས་ལས་འགན་གལ་ཆེས་ཤོས་ཞིག་རེད་བསམ་གྱིན་འདུག་། བོད་སྤྱི་ནང་གཉིས་ཀའི་ལས་དཀའ་འདི་བྱེད་ཐུབ་ན། ད་ཟོད་མང་གཙོ་ཟེར་བ་འདི་རྒྱ་ཆེན་པོ་ཆགས་པ་རེད།
    རང་གི་སྐུ་ལུས་མེ་རུ་འབར་ཀྱིས་བཙན་པོའི་སྙིང་བསྟོབས་འདི ཁ་ཕྱོགས་དེ་འདྲ་ཞིག་ལ་བསྒྱུར་གཏོང་ན་ཡག་པོ་འདུག།
    དེ་ལོངས་སུ་སྤྱད་ནས་འགྲོ་ན་ད་ཟོད་བོད་འདི་རྒྱུན་རིང་པོ་གནས་གི་རེད།
    མ་རྟོགས་བཙན་བྱོལ་གཅིག་པུ་ལ་ཁྱབ་ཆུང་འདྲ་འདུག།
    སྤྱི་ལོ ༢༠༡༥ ༡༠ ༤
    ས་མཐའི་འཁྱམས་པོ་ནས

  51. ཁྱུང་སེ། says:
    2015-10-04 at 4:38 am

    http://bangchen.net/སྤྱི་ཚོགས་ནང་མཛད་རྗེས་/
    ཁ་བྱང་འདི་ཡི་སྟེང་བསྣན་ནས་གཅིག་གཟིགས་རོགས་གནང། གསལ་བཤད་རྒྱས་པ་འདུག དེ་ཡིས་མ་གོ་ན་་་་ཁ་ཆེ་ཕ་ལུས་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོ་རེད།

  52. ཟིམ་ཟིམ། says:
    2015-10-04 at 8:32 am

    ཡང་སྟེང་རིན་པོ་ཆེས་ཡག་པོ་གསུངས་འདུག བཀའ་དྲིན་ཆེ།

  53. ཞོལ་གཡག་འབྲོང་རྒྱུད། says:
    2015-10-04 at 2:08 pm

    བཙན་བྱོལ་སྲིད་གཞུང་བཙུགས་དུས་འཕྲུལ་ཆས་རིགས་མོ་ཊ་གཅིག་དང་ཁ་དཔར་གཅིག་ལས་མེད་ཟེར་བ་ནི་བདེན་དུ་ཆུག་ཀྱང་། རིན་ཐང་ཅན་གྱི་རྒྱུ་དངོས་རིགས་སྣ་གཅིག་ཀྱང་མེད་ཟེར་ན་རུལ་བསྲུང་ཅན་དུ་མི་འགྱུར་བའི་ངེས་པ་མེད་ལ། ཀ་ལི་ཀ་ཏར་གྱི་རྒྱ་མཚོའི་ནང་དུ་གཡུགས་ཟིན་པའི་བོད་གཞུང་གི་གསེར་ས་སྦག་དེ་ཚོ་གཡུག་མཁན་སུ་རེད་ཟེར་ན། ཞིབ་འཇུག་བྱེད་འདོད་དང་མཐོང་འདོད་དང་བལྟ་འདོད་རྩ་བ་ནས་ཡོད་རྒྱུ་མ་རེད་པཱ། དོན་དངོས་བྱས་ན་ཀ་ལི་ཀ་ཏར་གྱི་རྒྱ་མཚོའི་ནང་དུ་གཡུགས་ཟིན་པའི་རིན་ཐང་ཅན་གྱི་གསེར་ས་སྦག་དེ་ཚོས་བཙན་བྱོལ་སྲིད་གཞུང་ལ་དཔེ་གསར་ཅན་གྱི་མོ་ཊ་མང་པོ་དང་། སྐབས་དེ་དུས་ཀྱི་ཐོན་གསར་ཅན་གྱི་ཁ་དཔར་མང་པོ་ཉོ་ཐུབ་པ་ནི་ཨ་ཅང་ཅང་། བཙན་བྱོལ་སྲིད་གཞུང་གི་གཞུང་ལས་ཁང་ཡང་མང་པོ་གསར་བརྒྱག་ཐུབ་པ་ནི་སྨྲོས་མེད་རེད། གཞུང་རྒྱུ་དེ་ཚོ་ནི་རྒྱ་ཆེའི་བོད་མི་དམངས་ཀྱི་ཁྲལ་བསྡུ་ལས་བྱུང་བ་ཞིག་མིན་ན་ཅི་རེད། འོན་ཀྱང་འདི་ཚོ་གླེང་ན་བཙན་བྱོལ་གྱི་མཐོ་རིམ་མི་ཆེན་དཔོན་ཆེན་ཚོའི་རྫུན་རྐུབ་བརྡོལ་འགྲོ་ལ། གླེང་སློང་བྱེད་མཁན་ཡང་ནག་ཆེན་དུ་བཟོ་རྒྱུ་གདོན་་ཟ་བས་སྐབས་བབས་ཀྱི་བཤད་བྱ་གཙོ་བོ་ཡང་སྟེང་སྤྲུལ་སྐུ་ལྟ་བུ་ནི། ཆོས་བཤད་སར་སྲིད་བཤད་མཁན་དང་སྲིད་བཤད་སར་ཆོས་བཤད་དེས་ཆོས་སྲིད་ཉ་ཉོག་བཟོས་ཏེས་དཀོར་འཚོ་དོན་གཉེར་མཁན་གྱི་གྲས་རེད། མི་འདི་ཚོས་ལ་ཞེན་ཡོད་མདོག་གིས་མི་རིགས་བསྐོར་གླེང་ཁུལ་བྱས་པ་ཙམ་ལས་ནང་བསྟན་དར་ན་མི་རིགས་མི་དགོས་མཁན་དེ་འདྲ་རེད། རྒྱུ་མཚན་ཁོས་ཕྱིའི་གཟུགས་པོ་ལས་ནང་སྙིང་དེ་ཚོ་གལ་ཆེ་རབས་བཤད་ཏེས་གཟུགས་གཞི་དང་ནང་སྙིང་གཅིག་ཏུ་སྦྲེལ་ཡོད་པ་མི་ཤེས་པ་དེ་རེད།

  54. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-04 at 5:46 pm

    ཧཧཧཧཧ་་་་་་ད་ཡང་གསེར་ས་བག་གི་སྐོར་ལ་གླེང་བྱུང་གདའ། དེ་ན་རྒྱ་ལོ་དོན་འགྲུབ་ཀྱི་རྣམ་ཐར་གསེར་གྱི་ཐུར་མ་སྒྲོག་སྦྱང་བྱ་དགོས་པས་སུ་ལ་དཔའ་བློ་ཁོག་ཡོད་དམ། ཅིག་ཕེབས་ཤོག་དང་་་་་

  55. ཞོལ་གཡག་འབྲོང་རྒྱུད། says:
    2015-10-04 at 6:26 pm

    རྒྱ་ལོའི་རྣམ་ཐར་ཐུག་པའི་བཟོ་གྲྭ་དེ་ཨེ་རེད། གསེར་ས་སྦག་ཀ་ལི་ཀ་ཏར་གྱི་རྒྱ་མཚོའི་ནང་གཡུག་མཁན་ལས་གཡོལ་ཕྱིན་པ་དེ་རེད་པཱ། འོ་ན་ཡབ་གཞིས་བཟོ་གྲྭ་དེ་ཚོ་གང་ནས་བྱུང་ངམ་ཟེར་ན། རྒྱ་གར་གཞུང་གིས་ཕུལ་བཞག་པ་རེད། ཡང་ན་ཡབ་གཞིས་ཚང་གིས་ཚོང་མཁས་གྱི་འཇོན་ཐང་རེད་ཟེར་རྒྱུ་རེད་པཱ།

  56. དྲན་དཀར་དཔལ་ཡོན་ says:
    2015-10-04 at 9:11 pm

    ཁོམ་པ་ཡོད་ན་བཀའ་བློན་སྦུག་ལ་ཕེབས་དང་། རྒྱ་ལོ་དོན་འགྲུབ་མཆོག་གི་གཞིས་ཀ་ཆེ་བ་ཀེ་མ་རེད་ཆུང་ཤོས་རེད། ས་གཞན་དུ་གང་འདྲ་ཡོད་མིན་མཁྱེན་ན་མུ་མཐུད་ནས་བཀོད་དང་། ང་ཚོས་ཤེས་ན་འདོད།

  57. ཞོལ་གཡག་འབྲོང་རྒྱུད། says:
    2015-10-05 at 4:41 am

    རྡོར་གླིང་ཀཱ་ར་ཁཱ་ནཱ་ཡབ་གཞིས་བཟོ་གྲྭ་དང་དེའི་ལས་མི་ཚང་མ་སྡོད་གནས་ཁང་ཆུང་རེ་ཡོད་ཙམ་དང་། ཟ་བཏུང་ངན་ངོན་ཙམ་ལས་གླ་འཕོག་ནི་སྐར་ལྔ་ཙམ་ཡང་མེད་པར་ལག་ཤེས་ལས་བཟོས་པའི་ཐོན་སྐྱེད་ཚང་མ་ཕྱིར་བཙོང་བྱས་པའི་ཡོང་འབབ་ཚང་མ་ཡབ་གཞིས་ཚང་གི་དངུལ་ཁུག་ལས། བཙན་བྱོལ་གྱི་དཔལ་འབྱོར་ལས་ཁུངས་ལ་བཅའ་ཁྲལ་སྐར་ལྔ་ཙམ་ཡང་ཡོད་མིན་ཞིབ་འཇུག་བྱེད་མྱོང་ཨེ་ཡོད། ད་དུང་ད་དུང་་་་་་་་་་་་། ད་གཡུག་བཞོག། ཡང་དམ་ཉམས་ཀྱི་ཞྭ་ནག་གྱོན་འདོད་མེད།

  58. དྲན་དཀར་དཔལ་ཡོན་ says:
    2015-10-05 at 8:58 am

    མ་རྩོམ་འདི་དངོས་གནས་ཕུལ་དུ་བྱུང་བའི་གཏན་ཚིགས་ཀྱིས་བྲིས་གནང་འདུག གོང་དུ་དྲྭ་ཐོག་གི་རང་སྐྱོང་དང་རང་བཙན་གྱི་སོ་ཤུགས་ངལ་རྩོལ་བ་ཚང་མས་ཇི་འཕྲོས་མོལ་འཕྲོ་འདྲ་བཤད་ནས་བསྡད་འདུག་ག།

  59. ལུང་རྟོགས། says:
    2015-10-05 at 10:40 pm

    བཙན་བྱོལ་བོད་གཞུང་ཟེར་བ་ནི་བཙན་བྱོལ་ནང་ལ་བཙུགས་པའི་གཞུང་འདི་ལ་གོ་དགོས། དེ་ཐོག་མར་བཙུགས་པའི་དུས་ཤིག་ཡོད་རེད་དམ་མ་རེད། ཡོད་ན་ཅིའི་ཕྱིར་བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་པའི་དུས་ཞེས་བཤད་མི་རུང་བ་རེད། མེད་ན་བཙན་བྱོལ་ལ་འབྱོར་ནས་མ་སུ་རིར་ཐོག་མར་བཙུགས་པའི་གཞུང་དེ་བཙན་བྱོལ་བོད་གཞུང་མ་རེད་དམ། ལར་ནས་ཐོག་མར་བཙུགས་པ་ཟེར་བ་དེ་གསར་དུ་གཙུགས་པ་ལ་གོ་དགོས་པའི་དབང་དུ་བཏང་ཡང་ལྷ་སར་ཡོད་པའི་བོད་གཞུང་དེ་རྒྱ་ནག་གཞུང་གིས་མེད་པར་བཟོས་ཟིན་པ་རེད། འོན་ཀྱང་བཙན་བྱོལ་ནང་ལ་བོད་གཞུང་གསར་དུ་བཙུགས་པ་རེད་ཟེར་ན་འགལ་བ་ཅི་ཡང་མ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme