Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལྗོངས་བདེ་འཇགས་དགོས་ན་བཙན་བྱོལ་བོད་གཞུང་གི་དགོས་འདུན་ལ་མྱུར་དུ་དང་ལེན་བྱེད་དགོས།

Posted on 2009-11-18 By དགེ་རབ་ 3 Comments on བོད་ལྗོངས་བདེ་འཇགས་དགོས་ན་བཙན་བྱོལ་བོད་གཞུང་གི་དགོས་འདུན་ལ་མྱུར་དུ་དང་ལེན་བྱེད་དགོས།

གཅན་བཟོད་རྒྱམ་པས་
༡༽ དེང་སྐབས་རྒྱ་རིགས་ཚོས་བོད་ཐོག་ལྟ་སྟངས།
ང་རང་རྒྱུན་དུ་དྲ་ཁང་དུ་སོང་སྟེ་རྒྱལ་ཁབ་དང་མི་རིགས་འདྲ་མིན་ལ་ལབ་གླེང་སྣ་ཚོགས་བྱེད་པར་ཧ་ཅང་དགའ་ཞིང༌། ལྷག་པར་དུ་ད་ལོའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་བྱུང་བ་ནས་བཟུང་དུས་ཚོད་སྟོང་པ་ནམ་ཡོད་ལ་དྲ་ཁང་དུ་འགྲོ་བཞིན་ཡོད། ཉིན་གཅིག་ལ་དྲ་ཁང་དུ་མ་སོང་ཚེ་སེམས་མི་བདེ་བའམ་ལས་དོན་ཆེན་པོ་ཞིག་བརྗེད་བསྡད་པའི་སྣང་བ་ཞིག་འདུག དྲ་ ལམ་ཁག་ནས་བོད་མི་དམར་གསད་བྱས་པའི་འདྲ་པར་དང་བོད་ས་སྟོད་སྨད་བར་གསུམ་ནས་རྒྱ་ གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་པར་རིས་འདྲ་མིན་དང་འཛམ་གླིང་གང་ས་ནས་རྒྱའི་ གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་པའི་གནས་ཚུལ་དང་འབྲེལ་བའི་ གསར་འགྱུར་སོགས་མཐོང་ཚེ་མིག་ཆུ་དབང་མེད་དུ་ཤོར་བ་དང༌། རྒྱ་ ནག་གཞུང་གིས་རྫུན་བཟོ་བྱས་པའི་གསར་འགྱུར་དང་པར་རིས་སོགས་ཀྱང་འཚང་ཁ་ཤིག་ཤིག་ གིས་གཅིག་ཐོན་གཉིས་ཐོན་བྱེད་ཀྱིན་པ་ལས་ཆེས་ཡ་མཚན་དགོས་པ་ཞིག་ནི་ད་ལོའི་བོད་ ནང་རྒྱ་གཞུང་ལ་རྒོལ་བའི་ལས་འགུལ་དེའི་རྒྱབ་ན་ཏཱ་ལའི་བླ་མ་ཡོད་ཚུལ་དང༌། ལྷ་སར་བོད་མིས་དྲག་པོའི་བྱ་སྤྱོད་སྤེལ་ཏེ་རྒྱ་མིར་གསོད་རྡུང་དང་བཅོམ་འཕྲོག་སྟོར་གསུམ་བྱས་པ། བོད་ པ་ཚོ་ཨལ་ཁེ་ཌ་འཇིགས་སྐུལ་བར་འབྲེལ་བ་ཡོད་སྐོར་སོགས་ཤིན་ཧྭ་བརྙན་འཕྲིན་དང་ གསར་འགྱུར་སོགས་སུ་སེམས་ལ་མ་དྲན་པའི་མ་བྱས་རྫུན་བཟོ་གསལ་བསྒྲགས་བྱེད་བཞིན་ པ་དང༌། དེས་ རྐྱེན་བྱས་ཏེ་རྒྱ་ནག་ནང་སྡོད་རྒྱ་རིགས་གཙོས་ཕྱི་སྡོད་རྒྱ་རིགས་སློབ་མ་སྟོང་ ཕྲག་མང་པོས་རྒྱ་གཞུང་གིས་ཟེར་རྗེས་འབྲངས་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་ ཚོགས་པ་ཁག་དང༌། ལྷག་ པར་དུ་ཏཱ་ལར་ངོ་རྒོལ་སྐད་འབོད་དང་དགག་རྒྱག་རྩོམ་འཆལ་བརྒྱ་ཕྲག་མང་པོ་སྤེལ་ བཞིན་པ་ནི་རྒྱ་ནག་དམར་པོའི་གཞུང་གིས་ནམ་མཁར་མི་ཤོང་བའི་ནག་ཉེས་ཆེན་པོ་ཞིག་ བཟོས་པ་མ་ཟད། རྩོམ་པ་པོ་དེ་དག་གི་ངོ་ཚ་ཞིག་ཀྱང་ཅི་ལ་མིན་ཏེ། རྒྱ་རིགས་སློབ་མ་དང་ཤེས་ཡོན་པ་ཡིན་ཟེར་བ་དེ་ཚོས་ཤེས་བཞིན་དུ་རྒྱ་གཞུང་གི་ངོ་ཚ་བྲལ་བའི་རྫུན་རྗེས་འབྲངས་དོན་ཅི་ཡིན་ནམ། མ་གཞི་ནས་རྒྱ་ནག་ནང་སྡོད་སློབ་མ་དང་ཤེས་ཡོན་པ་མང་ཆེ་བའི་བོད་དོན་ཐད་ཀྱི་གོ་རྟོགས་ནི་ཧ་ཅང་ཞན་པོ་དང༌། ཁོང་ཚོས་ཤེས་པ་དེའང་རྒྱ་གཞུང་གི་དྲིལ་བསྒྲགས་ཁོ་ན་རང་རེད་འདུག དེ་ཡང་དཔེ་མཚོན་ཙམ་ཞུས་ན། ༢༠༠༧ལོའི་ལོ་མཇུག་ཙམ་ང་དྲ་ལམ་ནས་པེ་ཅིང་སློབ་ཆེན་ནས་ཐོན་ཟིན་པའི་སློབ་མ་ཞིག་དང་ངོ་ཤེས་བྱུང༌། ཁོ་མོས་དེང་སྐབས་ཤིན་ཅང་དུ་གཞུང་ལས་བྱེད་བཞིན་ཡོད། ཐོག་ མར་ངེད་གཉིས་ཀྱིས་བོད་དོན་ཐད་ལ་གླེང་མོལ་བྱེད་སྐབས་ཁོ་མོའི་སྐད་ཆ་ཚང་མ་རྒྱ་ གཞུང་གིས་དྲིལ་བསྒྲགས་བྱེད་ཀྱིན་པ་དེ་ག་རང་ལས་གཞན་ནི་ཁོ་མོས་མི་ཤེས་ཤིང་ གཏན་ནས་ཁས་ལེན་ཡང་བྱེད་ཀྱི་མི་འདུག རིམ་གྱིས་ཉི་མ་མང་པོའི་རྗེས་ནས་ཁོ་མོའི་ལས་ཀ་ཅི་ཡིན་དང་བོད་དོན་ཤེས་རྟོགས་ཅི་ཡོད། ད་ལྟའི་ཤིན་ཅང་གི་གནས་སྟངས་དང་ཁོ་མོའི་འཚོ་བའི་སྐོར་སོགས་དངོས་ཡོད་གནས་ཚུལ་རྣམས་གསལ་བོར་བཤད་བྱུང༌། ཁོ་ མོས་བཤད་པའི་སྐད་ཆ་དེ་དག་གིས་ད་གཟོད་ངས་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཚོར་ལྟ་ སྟངས་དེ་སྦད་དེ་འགྱུར་བ་མ་ཟད་ཁོང་ཚོར་ཁག་མི་འདུག་ཡང་བསམ་མྱོང༌།

༢༽ རྒྱ་གཞུང་དང་རྒྱ་རིགས་མང་པོའི་ནོར་འཕྲུལ་ཅན་གྱི་བསམ་བློ།

རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་འོག་རྒྱ་ནག་མི་དམངས་དུར་ཕྱུར་མང་པོ་དང་གྲངས་ཉུང་མི་རིགས་ཚོའི་དཀའ་སྡུག་དང་མནར་གཅོད། དམངས་ གཙོ་དང་འགྲོ་མིའི་ཐོབ་ཐང་སོགས་མིང་ཙམ་ལས་མེད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་ རྒྱལ་ཁབ་དང་མི་མང་གིས་གླེང་དང་གླེང་བཞིན་པ་མིག་མཐོང་ལག་ཟིན་ཡིན་པས་སྐྱར་ བཤད་དགོས་པ་ཅི་ཡང་མེད་དེ། དེང་སྐབས་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་གཞུང་དང་རྒྱ་མིར་ལྟ་སྟངས་ཅི་འདྲ་ཞིག་འཛིན་གྱི་ཡོད་པ་ནི་ཤེས་གསལ་ལྟར་རེད། དེ་ནི་དེང་གི་རྒྱ་ནག་དམར་པོའི་སྲིད་གཞུང་འདིས་བྱས་འབྲས་ཡིན་པ་ལས་རྒྱ་རིགས་མི་དམངས་དུང་ཕྱིར་བཅུ་གསུམ་ལྷག་ལ་ཁག་དཀྲི་ས་གཅིག་ཀྱང་མེད་ལ། འདིས་ནག་ཉེས་ཚང་མའང་རྒྱ་ནག་དམར་པོའི་འགོ་འཛིན་པ་ཚོས་བྱས་པ་ཁོ་ནའོ། །

ལྟོས་དང༌། ད་ལོའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་བྱུང་བ་ནས་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གི་དམག་མིས་(ཁུངས་ལྡན་གྲངས་ཀ་)བོད་མི་ཉིས་རྒྱ་ལྷག་ལ་མེ་མདའ་བརྒྱབས་ཏེ་དམར་གསོད་བྱས་པའི་པར་རིས་གང་མང་ཞིག་ང་ཚོས་དྲ་ལམ་ཁག་ནས་མཐོང་ཐུབ་ཀྱི་འདུག འོན་ ཀྱང་རྒྱ་གཞུང་གིས་ཞིན་ཧྭ་བརྙན་འཕྲིན་གཙོས་གསར་ལམ་གང་སར་མ་ཡིན་རྫུན་བཟོས་ ཀྱིས་བོད་མིས་རྒྱ་མི་མང་པོར་གསོད་རྡུང་དང་བཅོམ་འཕྲོག་བྱེད་ཀྱི་ཡོད་སྐོར་ དང༌། ངོ་ལོག་ཟིང་འཁྲུག་དེའི་རྒྱབ་ན་ཏཱ་ལའི་བླ་མ་ཡོད་ཚུལ་རྫུན་སྒྲོག་ཁོ་ན་བྱེད་པ་ལས། བོད་མིར་མེ་མདའ་རྒྱབ་སྟེ་དམར་བསད་བྱས་སྐོར་པར་རིས་དང་གསར་ལམ་ཁག་ནས་མཐོང་མྱོང་ངམ། གསལ་བསྒྲགས་བྱས་སོང་ངམ། མདོ་ སྨད་རྔ་བའི་ཉེ་འཁོར་གཅིག་པུར་བོད་མི་ཉི་ཤུ་རྩ་གྲངས་ཤིག་དམར་བསད་བྱས་ཡོད་ ཀྱང་རྒྱ་ནག་ནང་སྡོད་རྒྱ་རིགས་འགའ་ཤས་ཀྱིས་མ་གཏོགས་ཤེས་མེད་པར་གསང་བ་ཕྱིར་ བསྒྲགས་བྱས་མེད་པ་རེད།

ད་དུང༌། བོད་ མིའི་འདི་ཕྱིའི་སྐྱབས་གནས་ཏཱ་ལའི་སྐུ་པར་ཡོད་ཚད་ཀྱི་གདོང་ལ་མེ་མདའ་དང་རྡོས་ བཞུས་ཏེ་བཅག་སྟོར་བྱས་པ་དང་བོད་མི་འཛིན་བཟུང་བྱས་ཏེ་གཅར་རྡུང་འོག་ཤི་རྐྱེན་ བྱུང་བ། འགའ་ཤས་ཤིག་གློད་གྲོལ་བྱེད་སྐབས་ཏཱ་ལའི་བླ་མར་སྡུག་དམོད་དང་ངོ་རྒོལ་མིང་རྟགས་རྒྱག་དགོས་པ་མ་ཟད་སྐུ་པར་སྟེང་དུ་རྐང་པ་སྤོ་བཅུག་པ་(འདི་མདོ་སྨད་བླ་བྲང་གི་བུད་མེད་ཅིག་གིས་བཤད་མྱོང་)སོགས་བོད་མིར་མཐོང་ཆུང་དང་བོད་མིའི་སེམས་ཀྱི་རྨ་ཁ་ཇེ་ཆེར་བཏང་དང་གཏོང་བཞིན་ཡོད། བྱེད་སྒོ་འདིས་ནི་ཧུའུ་ཅིན་ཐའོ་རང་གིས་སྒྲོག་བཞིན་པའི་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་ཟེར་བར་ཆེད་དུ་གནོད་སྐྱེལ་བ་དང༌། ཐ་ན་བོད་རྒྱ་མི་རིགས་མཐུན་སྒྲིལ་ལ་ཆེད་དུ་འགལ་ཟླ་བཟོ་བཞིན་པ་ནི་ཉི་ཤར་སྤར་མོས་མི་ཁོག་པ་ཡིན་མོད། འོན་ ཀྱང་ཆེས་ཡིད་སྐྱོ་བ་ཞིག་ལ་ཕྱི་སྡོད་རྒྱ་རིགས་ཚོས་མིག་གིས་མཐོང་ཞིང་རྣ་བས་ ཐོས་བཞིན་དུ་རྒྱ་གཞུང་གིས་རྫུན་ཐོག་རྫུན་འགེབས་གྱི་བྱེད་སྟངས་འདི་ལ་གང་ཐུང་ ཅི་ཐུབ་ཀྱིས་རོགས་རམ་བྱས་དང་བྱེད་བཞིན་པ་ནི་རྒྱ་མི་རིགས་ཀྱི་ངོ་གནོང་དགོས་ པ་ཞིག་ཅི་ལ་མིན་ཏེ། འདིས་ནི་རྒྱ་རིགས་ཆེན་པོའི་ཞེན་ཁོག་བྱེད་ཀྱི་ཡོད་པ་ལས། རྒྱ་རིགས་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་ཕུགས་ཀྱི་འདོད་པ་ནི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་དེ་ཡིན་པ་སྨྲོས་མེད་རེད།

ཕྱི་ སྡོད་རྒྱ་མི་ཚོ་རང་དབང་ལུང་པར་ཡོད་པས་གསར་འགྱུར་དང་དྲ་ལམ་ཁག་གི་གནས་ཚུལ་ལ་ གཟིགས་ཞིབ་ཀྱིས་རྒྱ་གཞུང་གི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་ཐོག་བོད་དོན་གླེང་ བ་གཉིས་ལ་ཞིབ་སྡུར་བྱེད་རྒྱུ་ཧ་ཅང་གལ་ཆེ་ཞིང༌། མནར་གཅོད་དང་དཀའ་སྡུག་འོག་འཚོ་བཞིན་པའི་བོད་རིགས་གཙོས་རྒྱ་རིགས་མི་དམངས་དུང་ཕྱིར་བཅུ་གསུམ་གྱི་དམངས་གཙོའི་ཁེ་དབང་དང༌། འགྲོ་མིའི་ཐོབ་ཐང་རྩོད་ལེན་སོགས་ཀྱི་གོ་རྟོགས་དང་བདེ་སྡུག་ཡོད་ཚད་ཕྱི་སྡོད་རྒྱ་རིགས་གཙོས་ང་ཚོ་ཚང་མིའི་ལས་འགན་ཡིན་ཙ་ན། ཕྱོགས་ཞེན་གྱི་དབང་དུ་མི་འགྲོ་བ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་སྙམ།

༣༽ བོད་པའི་དཀྱེལ་ཡངས་ཀྱི་བསམ་བློ་ལ་གུས་བཀུར་དང་སློབ་སྦྱོང་བྱེད་འོས།

གསུམ་པའི་བཅུ་བཞིའི་དོན་རྐྱེན་བྱུང་བ་ནས་ད་བར་དུ་བོད་མི་ཉིས་བརྒྱ་ལྷག་དམར་བསད་དང༌། དྲུག་སྟོང་ལྷག་འཛིན་བཟུང་བྱས་པ་སོགས་བོད་ཁུལ་འདི་ད་ལྟའང་ད་དུང་ལྷིང་འཇགས་ཤིག་བྱུང་ཐུབ་མེད་པ་རེད། དེ་ནི་རྒྱ་གཞུང་གིས་༡༩༤༩ ལོ་ནས་བོད་སར་བཙན་འཛུལ་གྱིས་ད་བར་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་མི་ས་ཡ་གཅིག་ལྷག་ལ་འཆི་སྐྱོན་དང་མུག་ཤི་ཐེབས་པ། དགོན་སྡེ་གཏོར་སྐྱོན་དང་དངོས་པོ་རྐུ་ཁྱེར་སོགས་སྡུག་སྦྱོང་མནར་གཅོད་ཚད་མེད་པ་བཏང་དང་གཏོང་བཞིན་པ་དང༌། བོད་ མིའི་ཁོག་པའི་སྙིང་དང་འདྲ་བའི་ཏཱ་ལའི་བླ་མ་གཙོས་བོད་མང་པོ་མི་ལོ་ལྔ་བཅུ་ ལྷག་ལ་རྒྱ་གར་དུ་སྐྱབས་བཅོལ་བྱེད་དགོས་བྱུང་བ་དུས་ད་ལྟའང་ཕྱི་རུ་སྡོད་དགོས་ པ་དང༌། བཙན་བྱོལ་བོད་གཞུང་གིས་བཏོན་པའི་བོད་ས་རང་སྐྱོང་གི་དགོས་འདུན་གྱི་གྲོས་མོལ་ལ་དོན་འབྲས་ཅི་ཡང་སོན་མེད་པ་མ་ཟད། མི་ མཐུད་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་ལྷག་པར་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ འདོད་པ་མ་ཁེངས་བར་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་ངོ་ རྒོལ་བྱས་པ་ཞིག་ཡིན་མོད། སེམས་ སྐྱོ་བ་ཞིག་ལ་རྒྱ་གཞུང་གིས་དེང་རབས་དྲག་ཆས་བེད་སྦྱོད་བྱས་ཏེ་བོད་མིའི་དམངས་ གཙོའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་པ་ནི་གྱ་དགུ་ལོའི་པེ་ཅིང་གི་དྲུག་ བཞིའི་དོན་རྐྱེན་དང་ཀུན་ནས་གཅིག་མཚུངས་རེད་ལ། འདི་ནི་རྒྱ་དམར་གཞུང་གིས་མི་ལོ་ཉེར་དགུའི་རྗེས་ཀྱི་དམངས་གཙོ་དྲག་གནོན་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད།

བོད་མི་ཚོར་འདི་ལྟར་ཕ་མ་སྤུན་མཆེད་བུ་ཕྲུག་གཉེན་ཉེ་སོགས་ཁ་ཕྲལ་གྱིས་བསད་རྡུང་འཛིན་བཟུང་སོགས་ཡ་ང་བའི་དོན་རྐྱེན་འབྱུང་བཞིན་ཡོད་ནའང༌། ལྔ་ བའི་༡༢ཀྱི་ཝུན་ཁྲོན་དང་པེའེ་ཁྲོན་ས་ཡོམ་གྱི་གོད་ཆགས་ལ་བོད་མི་དང་ལྷག་པར་དུ་ རྒྱ་གཞུང་གིས་དམ་དྲག་ཆེ་བའི་བོད་དགོན་དག་གིས་མ་སྐུལ་དང་བླངས་ཀྱིས་ཤི་འདས་ བྱུང་བའི་ཆེད་དུ་བསྔོ་སྨོན་དང་ཞལ་འདེབས་བསྡུ་རིབ་ཀྱིས་གདུང་སེམས་མཉམ་སྐྱེད་ བྱེད་བཞིན་པ་དངོས་གནས་”བྱང་ཆུབ་སེམས་དཔའ་”ཞིག་ཡིན་མ་གཏོགས་དེ་ལྟར་བྱེད་ནུས་ཤིང་། བོད་མིའི་འཚེ་མེད་ཞི་བ་དང་དཀྱེལ་ཡངས་ཀྱི་བསམ་བློ་ཐེངས་གཉིས་པ་དེ་རེད་ལ། རྒྱ་རིགས་མི་དམངས་ཀྱིས་ལག་པ་བྲང་ཁར་བཞག་སྟེ་བསམ་ཞིབ་བྱ་དགོས་པའི་གནས་ཤིག་ཀྱང་ཅི་ལ་མིན།

རྒྱ་ ནག་གཞུང་དམངས་གཉིས་ཀྱིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ལྟ་སྟངས་བསྒྱུར་ཏེ་ བཙན་བྱོལ་བོད་གཞུང་གིས་དགོས་འདུན་བཏོན་པ་གཞིར་བཟུང་བོད་དོན་ཐག་གཅོད་བྱ་ རྒྱུ་ནི་བོད་རྒྱ་གཉིས་ཕན་གྱི་ལས་གཞི་གལ་ཆེན་ཞིག་ཡིན། དེ་ཡང་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་སྐབས་གང་མགྱོགས་བྱེད་དགོས་པ་མཐོང་སྟེ། གལ་ སྲིད་ཏཱ་ལའི་བླ་མ་སྐུ་མ་བཞུགས་པའི་ཉིན་ནས་བཟུང་བོད་པའི་གཞོན་སྐྱེས་ཚོས་རྒྱ་ གཞུང་གིས་ད་བར་བོད་ཐོག་གཉའ་གནོན་མནར་གཅོད་བྱས་པ་རྣམས་སྡུག་སྒོམ་བྱས་པའི་ནད་ རོ་བསྐྱར་དུ་འཕར་ངེས་པས། དེ་ དུས་བོད་ལ་ཏཱ་ལའི་བླ་མ་ལྟ་བུའི་དབུ་ཁྲིད་མེད་པའི་ཁར་བོད་མིར་བརྒྱ་ཁ་གཅིག་ གཅོད་བྱེད་ཐུབ་པའི་འགོ་ཁྲིད་ཅིག་ཀྱང་འབྱུང་དཀའ་བས་བོད་རྒྱ་མི་རིགས་གཉིས་ དབར་འགལ་ཟླ་དང་རྙོག་ཟིང་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་སྔོན་དཔག་མི་ཐུབ་པ་ཞིག་ མ་ཡིན་ཏེ། ད་ལོའི་དོན་རྐྱེན་སྐབས་སུ་བོད་ནས་ཏཱ་ལའི་བླ་མར་ཞུ་ཡིག་ཅིག་ཕུལ་འབྱོར་བྱུར་བའི་ནང་དུ། “འདི་ཕྱིའི་སྐྱབས་གནས་དམ་པས་ང་ཚོར་བསྔོ་སྨོན་གང་ཐུབ་རེ་གནང་རྒྱུ་ལས་ང་ཚོའི་ལས་དོན་འདི་ལ་བཀག་འགོག་མ་གནང་རོགས་གནང་”ཞེས་འཁོད་འདུག་པ་འདིས་ཀྱང་ཤེས་ཐུབ་པ་ཡིན། དེ་ བས་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་རིང་བཙན་བྱོལ་བོད་གཞུང་གི་ཆེས་དམའ་བའི་དགོས་ འདུན་འདི་ལ་བརྩི་འཇོག་གིས་གང་མགྱོགས་སྒོས་བོད་དོན་ཐག་གཅོད་བྱ་རྒྱུ་བོད་ རྒྱའི་དཀའ་རྙོག་སེལ་བའི་གོ་སྐབས་ཡག་ཤོས་ཤིག་ཏུ་འདོད་དོ། །

མཐའ་དོན་བོད་དོན་ཐག་གཅོད་དགོས་པ་ནི་བོད་མིའི་གཞི་རྩའི་ཐོབ་ཐང་ཡིན་ལ། དེ་ ཡང་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུག་གི་དགོས་འདུན་ཁག་ལ་བརྩི་འཇོག་གིས་བོད་ རྒྱའི་དངོས་གཞིའི་གྲོས་མོལ་ལ་ཤུགས་གནོན་རྒྱག་རྒྱུ་ནི་རྒྱལ་ཕྱི་ནང་དུ་ཡོད་ པའི་རྒྱ་མི་རིགས་ཤེས་ལྡན་ཚོར་འཁྲི་བའི་ལས་འགན་ཡིན་ལ། དེ་ཡང་ཕྱོགས་སུ་མ་ལྷུང་བར་དཔྱོད་ཤེས་ཀྱི་མིག་གིས་བདེན་དོན་ལ་གཟིགས་ཏེ་བོད་རྒྱའི་དེང་གི་དཀའ་རྙོག་སྐོར་ལ་ཉམས་ཞིབ་བྱ་རྒྱུ་ལས། དེང་ སྐབས་རྒྱ་གཞུང་གིས་གསར་འགོད་ལ་རང་དབང་ཅུང་ཙམ་ཡང་མེད་པར་གཞུང་གི་ལྟ་བ་ཁོ་ན་ དྲིལ་སྒྲོག་བཞིན་པའི་རྗེས་སུ་གཡམ་རྒྱུགས་བྱ་བ་ནི་བླུན་པོའི་ལས་ཁོ་ན་ཡིན་པས་ དེ་དོན་དགོངས་འཇག་ཞུ།

༢༠༠༨།༦།༢༣།

རྩོམ་རིག

Post navigation

Previous Post: བསད་བཏང་རུང་འགྱོད་པ་ང་མེད་གི་་་་སོག་ཕྲུག་བཀྲིས་དོན་གྲུབ་གྱི་རྡུང་ལེན།
Next Post: བཀྲ་ཤིས་དོན་འགྲུབ་ཀྱི་གཞས་འགའ།

Comments (3) on “བོད་ལྗོངས་བདེ་འཇགས་དགོས་ན་བཙན་བྱོལ་བོད་གཞུང་གི་དགོས་འདུན་ལ་མྱུར་དུ་དང་ལེན་བྱེད་དགོས།”

  1. Tenzin Deshal says:
    2009-11-19 at 10:57 am

    President of the year, Mr.Obama , after bowed to the waist line to the Japanese emperor, hurried to Beijing , threw himself to ground and kissed Hu, begged for more money lending to the US government, pleaded Hu to not reveal his faithful homage to Pecking to world media, in return promised no interference his country’s abuses of human rights and total support for Hu’s iron fist over Tibet.

  2. གཅན་བཟོད་རྒྱམ། says:
    2009-11-20 at 12:04 am

    ཨོ་རེད། ངས་འདིར་བོད་ལྗོངས་ཟེར་བ་ནི་བོད་ས་ཁྱོན་ཡོངས་ལ་ཟེར་བ་ཡིན་དཱ།

  3. བློ་བྷེ། says:
    2009-11-20 at 6:45 am

    དེ་རིང་གཞི་ནས་མཐོང་སོང༌།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme