Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།

Posted on 2012-02-162012-02-16 By ཤར་ཕྱོགས་ཁུག་རྟ། 3 Comments on བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་བོད་ནང་དོན་དངོས་ཀྱི་ཞི་བདེ་ལྷིང་འཇགས་ཡོང་ཐུབ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་སུ་ཞིག་མེད་སྟབས། རྒྱ་ནག་གཞུང་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཁོ་ནར་བྱས་དང་བྱེད་མུས་ཡིན་པ་དེའི་ཚབ་ཏུ་དངོས་ཡོད་གནས་ཚུལ་ངོས་འཛིན་གྱིས་བོད་མིའི་ཐོབ་སྟངས་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་རེ་འདུན་བཏོན་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཨ་རིར་ལྟ་སྐོར་དུ་སླེབས་པ་དང་སྟབས་བསྟུན་ཚོགས་ཆུང་དེའི་ཚོགས་གཙོ་ཁ་སི་ཊོམ་ཁ་རི་དང་ཤཱ་རི་བྷོ་རོན་རྣམས་གཉིས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། རྒྱ་ནག་གཞུང་ནས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་ནང་ཁྲིམས་ལུགས་དབང་བསྒྱུར་གྱི་ལམ་སྲོལ་ཡར་རྒྱས་གཏོང་དགོས། ཞི་ཅིན་ཕིང་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་དུ་འཁོད་རྒྱུ་ཡིན་སྟབས། ཧུའུ་ཅིན་ཐའོ་གཙོས་དེ་སྔའི་རྒྱ་ནག་གི་སྲིད་འཛིན་རྣམ་པའི་བྱ་སྤྱོད་ལས་ལྡོག་སྟེ་རྒྱ་ནག་ནང་དོན་དངོས་དང་མཐུན་པའི་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་བཞིན་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་ཤོས་དེ་བྱེད་བཞིན་ཡོད་པ་མ་ཟད། གནས་ཚུལ་བརྒྱུད་ལམ་ཁག་ལ་བཀག་འགོག་བྱེད་བཞིན་ཡོད། ད་ཆ་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པར་བརྟེན་བོད་མི་ཉི་ཤུ་བརྒལ་བས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་དག་ཐོག་རྒྱ་ནག་གཞུང་ནས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་མི་རྣམས་ནས་རང་གི་ཆོས་དང་རིག་གཞུང་ལ་གཅེས་འཛིན་བྱ་རྒྱུའི་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བའི་རྐྱེན་གྱིས་གནས་ཚུལ་དེ་དག་འཐོན་བཞིན་ཡོད་པ་ངོས་ལེན་མ་བྱས་པ་མ་ཟད། བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་བརྒྱབ་སྟེ་དམ་བསྒྲགས་ཇི་ཆེར་གཏོང་བཞིན་ཡོད་པ་དེ་ནི་ང་ཚོར་བློ་ཕམ་དང་སེམས་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་ནས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ལ་སྐྱོན་བརྗོད་ཁོ་ནར་མ་བྱས་པར་ཁོང་དང་ཁོང་གི་མི་མང་གི་རེ་འདུན་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་སྐོར་སོགས་ཀྱི་རེ་འདུན་ཤུགས་ཆེ་བཏོན་འདུག་པ་བཅས། །

ཡོང་ཁུངས་བོད་གཞུང་དྲ་བ། ༢༠༡༢ ཟླ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ།

གསར་འགྱུར།

Post navigation

Previous Post: ཞིས་ཅིན་ཕིན་དང་ཨ་རི།
Next Post: ཧུའུ་ཅིན་ཐོ་ཡི་མེ་མདའི་འོག་གི་མི་རིགས་འཆམ་མཐུན།

Comments (3) on “བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།”

  1. དོམ་ཁྲ says:
    2012-02-16 at 6:46 am

    དེ་ངོ་མ་གཏམ་བཟང་རེད། ཐུགས་རྗེ་ཆེ་སྙིང་ནས་དགའ་གུས་ཡོད།

  2. བདག་པོ། says:
    2012-02-16 at 7:16 am

    གྲོས་ཚོགས་ཚོགས་ཆུང་ནས་སྐབས་སུ་བབ་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཤི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་རིང་ཁོའི་རྒྱུད་ལ་སྙིང་རྗེ་ཅུང་ཙམ་སྐྱེས་ཏེ་དེའི་མཐའ་འཁོར་དུ་ཡོད་པའི་འགྲོ་བ་སེམས་ཅན་ཚང་མར་བདེ་སྐྱིད་འཐོབ་པའི་སྨོན་འདུན་ཞུ།

  3. ཀླུ་སྐལ་རྒྱམ། says:
    2012-02-16 at 12:08 pm

    རེ་འདུན་ཅི་ཙམ་བཤད་ཀྱང་རྒྱ་ནག་པོའི་སེམས་པ་རྡོ་ལྟར་སྲ་བས་འགྱུར་བ་འགྲོ་རྒྱུའི་རེ་བ་ང་ལ་མེད། ཡིན་ནའང་བཀའ་དྲིན་ཅན་གྱི་ཨ་རིའི་གཞུང་གིས་འདི་འདྲའི་བྱེད་སྒོ་སྤེལ་བ་ལ་ཡིད་རངས་ལོས་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme