Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་དར་མ་འུ་དུམ་བཙན།

Posted on 2020-10-28 By ཁ་བརྡ 3 Comments on བོད་རྒྱལ་དར་མ་འུ་དུམ་བཙན།

ཆང་སྐྱེས།
 
སྤུ་རྒྱལ་བོད་ཀྱི་རྒྱལ་བོ་ཞེ་གཉིས་པ(ལ་ལས་ཞེ་གསུམ་པ་ཡིན་པར་ཡང་འདོད)རྒྱལ་བོ་དར་མ་འུ་དུམ་བཙན་ནི་ཕྱི་ལོ་༨༡༥ལོར་ཡབ་རྒྱལ་བོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་དང་། ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་༨༣༦པའི་མེ་འབྲུག་ལོར་མངའ་བདག་ཁྲི་རལ་འདས་པ་དང་རྒྱལ་སྲིད་ལ་བསྐོས། བཙུན་མོ་ཆེ་བ་སྣ་ནམ་བཟའ་དང་ཆུང་བ་ཚེ་སྤོང་བཟའ་གཉིས་ཁབ་ཏུ་བཞེས། འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་བློན་ཆེན་དང་དབས་རྒྱལ་ཏོ་རེ་སྟག་གཉའ་ཡིས་ནང་བློན་གྱི་འགན་བཞེས། རྒྱལ་བོ་དར་མ་འུ་དུམ་བཙན་ལ་མཚོན་ན་དང་ཐོག་སངས་རྒྱས་ཆོས་ལུགས་ལ་སེམས་པ་དཀར་པོ་ཡོད་པ་དང་རྒྱལ་སྲིད་ཀྱང་འཇིག་རྟེན་ཕལ་སྤྱོད་རྣལ་མས་ངང་ནས་བསྐྱངས་པ་མ་ཟད་(འབྲི་ཡི་གཙུག་ལག་ཁང་)དང་(སྤ་གྲོ་སྟག་ཕུག་གཙུག་ལག་ཁང)སོགས་བཞེངས་པར་གྲགས། དེ་ནས་སྐབས་ཤིག་ལ་བློན་པོ་སངས་རྒྱས་ཆོས་ལུགས་ལ་མི་དགའ་མཁན་དག་གིས་དོན་རྐྱེན་འདྲ་མིན་ལ་སྙད་བཏགས་ཏེ་རྒྱལ་པོའི་བློ་ཁ་བསྒྱུར་ནས་ལྷ་སའི་གཙུག་ལག་ཁང་གི་ཇོ་ཤག་རྣམ་གཉིས་དང་བསམ་ཡས་དགོན་པ་སོགས་ལ་གཏོར་འགོ་ཚུགས་ཏེ་ལྷ་ཁང་མང་པོ་བཤིགས། གསུང་རབ་གང་རྙེད་མེར་བསྲེགས་པ་དང་ཆུ་ལ་བསྐྱུར་བ་སོགས་བྱས། ལོ་པཎ་ཕལཆེར་གཞན་ཡུལ་དུ་བྲོས། བཙུན་པ་རབ་བྱུང་བ་རྣམས་ཁྱིམ་པར་ཕེབས་ཏེ་ལག་ཏུ་མདའ་གཞུ་སྤྲད་དེ་བཙན་གྱིས་རྔོན་པའི་ལས་ལ་ཞུགས་སུ་བཅུག་པ་དང་། ལ་ལ་ཞིག་རྒྱལ་བོ་དང་བློན་ཆེན་དག་གི་རྟའི་འབབ་སྟེགས་སུ་བཀོལ་ཏེ་སངས་རྒྱས་བསྟན་པ་བཤིག་པའི་སྐབས་ལ་ལྷ་ལུང་དཔལ་རྡོར་གྱིས་རྟགས་དང་ཆ་ལུགས་བརྗེས་ནས་བྲག་ཡེར་བ་ནས་ཕྱག་ཏུ་ལྕགས་མདའ་ལྕགས་གཞུ་བསྣམས་ཏེ་ལྷ་སར་ཐོན་པ་ན་རྒྱལ་བོ་དར་མས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་ཀློག་ནས་བཞུགས་པའི་སྐབས་དང་སྟབས་འཁེལ་བའི་རྒྱལ་བོ་ལ་གུས་ཕྱག་འབུལ་ཁུལ་གྱིས་མདའ་འཕངས་ཏེ་རྒྱལ་བོའི་སྙིང་ག་ལ་ཕོག་ནས་བཀྲོངས་ཟེར་བ་སོགས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་བརྩམས་པའི་ལོ་རྒྱུས་དེབ་ཐེར་མང་པོ་ནང་བྲིས་འདུག་མོད ། ཡིན་ན་ཡང་འདི་དག་ནི་སངས་རྒྱས་ཆོས་ལུགས་ལ་མི་དགའ་བའི་བློན་པོ་དག་དང་ལོ་རྒྱུས་དེབ་ཐེར་འབྲི་རྩོམ་གནང་མཁན་རེ་ཟུང་གིས་བསམ་བཞིན་དུ་ལོ་རྒྱུས་གྱིས་ནག་ཉེས་ཡོད་ཚད་རྒྱལ་བོ་དར་མ་འུ་དུམ་བཙན་གྱི་སྟེང་ལ་གཡོག་ཐབས་བྱས་པའི་གཡོ་སྒྱུ་ཞིག་མ་ཡིན་པས་ངེས་པ་ཡང་མེད་དོ།།

ཡོངས་གྲགས་སུ་བོད་རྒྱལ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་དང་འབྲོ་བཟའ་ཁྲི་ལེགས་གཉིས་ལ་ལྷ་སྲས་ལྔ་བྱུང་ཞིང་། དེ་དག་ནི་གཙང་མ་དང་དར་མ། རལ་བ་ཅན། ལྷ་རྗེ། ལྷུན་འགྲུབ་རྗེ་བཅས་ལྔ་ཡིན་ལ། ཆེ་བ་གཙང་མ་རབ་ཏུ་བྱུང་། དར་མ་བླུན་ཞིང་སྤྱོད་པ་མི་ལེགས་པས་རྒྱལ་སར་མ་བསྐོས་པར་གཅུང་རལ་བ་ཅན་རྒྱལ་བོའི་ཁྲི་ལ་མངའ་གསོལ། ཆུང་བ་ལྷ་རྗེ་དང་ལྷུན་འགྲུབ་རྗེ་གཉིས་དགུང་ལོ་ཆུང་དུས་ནས་སྐུ་གཤེགས་ཞེས་བཤདསྲོལ་ལ་བལྟས་ན་སྲས་དར་མ་རལ་བ་ཅན་གྱི་གཅེན་པོ་ཡིན་པ་ཞིག་བརྗོད་ཡོད་ཀྱང་དོན་གྱིས་དེ་འདྲ་ཞིག་ཡིན་མིན་ཡང་ཧ་ཅང་གིས་ཐག་གཅོད་བྱེད་དཀའ་བར་མཐོང་། རྒྱུ་མཚན་ནི((བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་མེ་ལོང))ལས་ནར་སོན་པ་ན་གཅེན་གྱིས་འུ་ཤངས་རྡོ་ཡིག་གཙུག་ལག་ཁང་བཞེངས་པ་ན་གྲོགས་ཀྱིས་སྟོབས་ལ་བརྟེན་ནས་དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་དང་སྤ་གྲོ་རྟག་ཕུག་གི་ལྷ་ཁང་སོགས་བཞེངས་ཞེས་གསལ་བ་ལ་དཔག་ན་ལྷ་སྲས་དར་མ་ནི་རལ་བ་ཅན་ལས་ཆུང་བ་དང་།ལྷ་སྲས་དར་མ་ཆུང་དུས་ནས་བླུན་ཞིང་སྡིག་ལས་ལ་དགའ་བ་ཞིག་ཡིན་ན་གྲོགས་ཀྱི་ཁ་ཉན་ནས་གཙུག་ལག་ཁང་སོགས་བཞེངས་ཀྱང་མི་སྲིད་དོ།།

ལྷ་ལུང་དཔལ་རྡོར་གྱིས་ལྷ་སྲས་དར་མ་བཀྲོངས་པའི་སྐོར་ལ་ཡང་དངོས་ཡོད་དང་མི་མཐུན་ས་མང་པོ་འདུག ལྷ་ལུང་དཔལ་རྡོར་ལ་མཚོན་ནའང་རབ་ཏུ་མ་བྱུང་བའི་སྔོན་ལ་རྒྱ་བོངད་ས་མཚམས་ཀྱི་དམག་དཔོན་ཞིག་ཡིན་པ་དང་ཕྱིས་སུ་སློབ་དཔོན་པད་འབྱུང་དང་དངོས་སུ་ཞལ་མཇལ་བྱུང་སྟེ་བྲག་ཡེར་བའི་བྲག་ཕུག་ཅིག་ལ་བཞུགས་ནས་སྒོམ་སྒྲུབ་བྱེད་པའི་ཚེ་ན་ནུབ་གཅིག་དཔལ་ལྷ་མོ་བྱུང་ནས་རྒྱལ་བོ་གླང་དར་གསོད་པའི་དུས་ལ་བབས་སོ། སྐྲག་མི་དགོས་ཁོ་མོས་གྲོགས་བྱའོ་ཞེས་བསྐུལ་བ་དང་། མདོར་ན་སྐབས་དེར་ལྷ་ལུང་དཔལ་རྡོར་ལ་དཔལ་གྱི་མགོན་པོ་དང་དཔལ་ལྷ་མོ། གྲིབ་ཀྱི་རྫོང་བཙན་སོགས་ཆོས་སྐྱོང་སྲུང་མ་དུ་མ་ཞིག་གིས་ཀྱང་མངོན་ལྐོག་ཅི་རིགས་ཀྱིས་སྒོ་ནས་སྐུལ་སློང་དང་མགོན་སྐྱབས། གྲོགས་དན་མཛད་པར་གསུངས་ཡོད་པ་མ་ཟད། ད་དུང་ལྷ་ལུང་དཔལ་རྡོར་སྔོན་རྒྱ་བོད་ས་མཚམས་ཀྱི་དམག་དཔོན་ཆེན་པོ་ཞིག་ཡིན་པས་རྒྱལ་བོའི་ཕོ་བྲང་ནང་དུའང་བློན་ཆེན་ཁ་ཤས་ཀྱིས་རོགས་རམ་ལ་བརྟེན་ནས་རྒྱལ་བོ་དར་མ་ལས་སླ་བོའི་ངང་ནས་བཀྲོངས་ཐུབ་སོང་ཞེས་གསལ་ཡོད་པ་དག་ཀྱང་ཆབ་སྲིད་ཀྱི་གཡོ་འགུལ་ཁྲོད་ནས་བློན་པོ་ཧམ་སེམས་ཅན་ཁ་ཤས་ཀྱིས་ཇུས་བཤམས་ཏེ་ལྷ་སྲས་དར་མ་ལ་སྐུར་འདེབས་དང་ཉེས་འདོགས་བྱས་པ་ཞིག་ཀྱང་ཡིན་སྲིད། གཞན་ཡང་ལྷ་ལུང་དཔལ་རྡོར་གྱི་བསམ་པར་རྒྱལ་བོ་འུ་དུམ་བཙན་གྱིས་དམ་པའི་ཆོས་སྤངས་པའི་སྡིག་པ་ནི་སྡིག་བ་གང་ལས་ཀྱང་ཆེ་བ་དང་། རྒྱལ་བོས་མུ་མཐུད་དུ་ཆོས་བསྣུབས་ཏེ་སྡིག་སྒྲིབ་བྱས་ན་མཐར་དམྱལ་བ་མནར་མེད་དུ་སྐྱེ་བ་ལས་འོས་མེད་ཞེས་རྒྱལ་བོ་ལ་སྙིང་རྗེ་ཚད་མེད་ཞིག་སྐྱེས་ནས་རྒྱལ་བོ་དམྱལ་བར་ལྷུང་བ་ལས་རང་ཉིད་དམྱལ་བར་ལྷུང་ཡང་འགྱོད་པ་མེད་པར་དགོངས་ནས་རྒྱལ་བོ་ཕྱི་མའི་ཡུལ་དུ་བརྫངས་སོ་ཞེས་ཀྱང་བཀྲོངས་སྟངས་དང་མཚོན་ཆ་སོགས་ལ་བཤད་སྲོལ་འདྲ་མིན་མང་པོ་ཞིག་འདུག

༡ དེ་ཡང་((མཁས་པས་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ))ལས་རྒྱལ་བོའི་སྐེ་གྲི་ཡིས་བཅད་དེ་བཀྲོངས་ཟེར་བ་དང།
༢ ((སྔོན་གྱི་གཏམ་མེ་ཏོག་ཕྲེང་བ))ལས་ཕྱག་བྱེད་པ་བཞིན་བྱས་ནས་སྙིང་གར་མདུངས་བཙུགས་ནས་བཀྲོངས་ཟེར།
༣ ((རྒྱལ་རབས་གསལ་བའི་ལོང))དང((བྲག་ཡེར་བའི་དཀར་ཆག))((ཆོས་འབྱུང་མཁས་པའི་དགའ་སྟོན))སོགས་སུ་རྒྱལ་བོས་གུག་ལག་ཁང་གི་རྡོ་རིང་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕངས་ཏེ་དཔྲལ་བེ་ཕོག་ནས་བཀྲོངས་ཟེར། དགོད་བྲོ་བ་ཞིག་ལ་རྒྱལ་བོས་རྡོ་རིང་གི་ཡི་གེ་ཀློག་ནས་སྡོད་སྐབས་ལྷ་ལུང་དཔལ་རྡོར་གྱིས་ཕྱག་ཕུལ་ཁུལ་གྱིས་ཕྱག་དང་པོ་ལ་ཕུ་ཐུང་ནང་དུ་མཐེབ་སྟོང་སྤྲད། ཕྱག་གཉིས་པ་ལ་མདའ་བཀང་། ཕྱག་གསུམ་པ་ལ་འཕངས་པས་རྒྱལ་བོའི་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང་ནས་གཤེགས་ཞེས་འཁོད་ཡོད་པར་འདུག་སྐད། ང་ཚོས་བསམ་བློ་ཞིབ་ཏུ་བཏང་ན་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་བོ་དར་མ་བཀྲོངས་ཡོད་པའི་དབང་དུ་བཏང་ཡང་བཀྲོང་བྱེད་ཀྱི་མཚོན་ཆ་མི་གཅིག་པ་མ་ཟད། ད་དུང་བཀྲོངས་སྟངས་ཀྱང་རྣར་མི་འགྲོ་བ་ཞིག་རེད། རྒྱལ་བོས་ལྷ་ལུང་དཔལ་རྡོར་གྱིས་རིམ་བཞིན་རང་ཉིད་མ་བསད་བར་ཏུ་བལྟས་ནས་འདུག་སྲིད་དམ། ཡང་ལས་ལས་རྒྱལ་བོས་མ་མཐོང་བས་ཕྱིར་ཟེར་ན་ལྷ་ལུང་དཔལ་རྡོར་རྒྱལ་བོ་ཁ་སྤྲོད་དུ་སྡད་དེ་མདའ་འཕངས་པ་ཡིན་དགོས། དེ་མིན་ན་རྒྱལ་བོའི་དཔྲལ་བའི་སྨིན་མཚམས་སུ་ཅི་ལྟར་ཕོག ད་དུང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བོ་ཞིག་ལ་མཚོན་ན་ཕོ་བྲང་ཕྱི་ནང་དུ་འགྲོ་དུས་སྐུ་སྲུང་ཧྲག་དམག་གཅིག་ཀྱང་རྒྱལ་བོའི་སྐུ་དྲུང་ན་མེད་པ་འདི་འང་ཅི་འདྲ་ཡ་མཚན་ཞིག་རེད། ཨ་མདོའི་དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་ལ་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་བོ་བཀྲོངས་རྗེས་བཀྲོངས་བྱེད་ཀྱི་མཚོན་ཆ་མདའ་གཞུ་ཁྱེར་ནས་བྲོས་མཐར་མདོ་སྨད་གཅན་ཚའི་ཡུལ་གྱི་རྡོ་རྗེ་བྲག་ལ་མདའ་གཞུ་སྦས་ཡོད་པར་བཤད། མི་བསོད་ཀྱི་ལག་དམར་ཞིག་ལ་མཚོན་ན་མདའ་འཕངས་ཏེ་རྒྱལ་བོ་བཀྲོངས་རྗེས་ད་དུང་ལྷོད་ལྷོད་ཀྱིས་ངང་ནས་མཚོན་ཆ་ཕྱིར་བསྡུས་ནས་ཁྱེར་མཁན་ཞིག་ཡོད་སྲིད་དམ། གང་ལྟར་རྒྱལ་བོ་དར་སུས་བཀྲོངས་པ་དང་ཇི་ལྟར་བཀྲོངས་པ། ཅིའི་ཕྱིར་བཀྲོངས་པ་སོགས་ཀྱི་ཐད་ལ་དྲི་བ་མང་པོ་ཞིག་ལྷག་ཡོད་པར་འདོད།

བསམ་ཚུལ།, ལོ་རྒྱུས།

Post navigation

Previous Post: ཨ་ནེ་ཇོ་མོ།
Next Post: བརྩེ་བ་གཙང་མ་ཞིག་ཡོད་ན་བུ་ཕྲུག་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ།

Comments (3) on “བོད་རྒྱལ་དར་མ་འུ་དུམ་བཙན།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-28 at 8:32 pm

    དོན་དངོས་རྒྱལ་པོ་གླང་དར་མས་བོད་ཀྱི་རྒྱལ་པོའི་རིང་ལུགས་ལ་འཇུག་བསྡོམས་རྒྱབ་པ་མ་རེད་དམ?

  2. ཀརྡོ་རབ་འབྱམས་པ་ says:
    2020-10-29 at 2:53 am

    གླང་དར་གླང་གི་བློ་ཅན་ལ། །
    འུ་དུམ་འུར་གྱིས་ནང་བསྟན་བསྣུབས། །
    ལྷ་སྲས་དར་མ་ཆོས་རྒྱལ་ཞེས། །
    མ་བསྟོད་སྡིག་ཅན་རྒྱལ་པོར་བསྒྲགས། །

    མི་མངས་ལག་དེ་གསེར་ཡིན་ཟེར། །
    མི་མངས་ཁ་དེ་དུག་ཡིན་ཟེར། །
    དེ་དུས་མི་མངས་སྨྱོ་མེད་ན། །
    གླང་དར་སྨྱོ་བ་ཐེ་ཚོམ་མེད། །

    གླང་དར་ཕྱོགས་གཏོགས་རལ་པ་བཀྲོངས། །
    ལྷ་ལུང་དཔལ་རྡོར་གླང་དར་བཀྲོངས། །
    གནོད་འཚེ་ནང་དམེ་སོང་བས་ན། །
    འོད་སྲུངས་ཡུམ་བརྟན་ཁ་གྱེས་སོང་། །

    ཁ་གྱེས་སོང་བས་འབྲས་བུ་ལ། །
    རྒྱལ་སྲསམངའ་བདག་ཁྲིར་མ་མཁོད། །
    མ་མཁོད་བསིལ་བུར་འཐོར་ནས་སོང་། །
    འོད་སྲུངས་གདུང་བརྒྱུད་མ་ཆད་ཙམ། །

    མཐའ་མར་རྒྱལ་སྲས་བྱང་ཆུབ་འོད་། །
    ཡེ་ཤེས་འོད་ཅེས་ཚ་ཞང་གིས། །
    ཇོ་བོ་གདན་འདྲེན་ནང་བསྟན་སྤེལ། །
    ད་ལྟའང་བཀའ་གདམས་གསར་རྙིང་གནས། །

    ཀརྡོས།

  3. ཀརྡོ་རབ་འབྱམས་པ་ says:
    2020-10-29 at 3:04 am

    རྒྱ་བཟའ་བལ་བཟའི་ལྷ་སྒྲུང་དང་། །
    ལྷ་ལུང་དཔལ་རྡོར་ལྷ་སྒྲུང་གཉིས། །
    བཅོས་སྒྲུང་ཡིན་པ་མཉམ་ན་ཡང་། །
    སྒྲུང་གཏམ་རྨང་གཞི་མེད་པ་མིན། །

    གླང་དར་སྨོན་ལོག་ཡིན་སྟངས་དང་། །
    སྲོང་བཙན་སྤྱན་རས་གཟིགས་དབང་དང་། །
    རྒྱ་བཟའ་སྒྲོལ་ལྗང་སྤྲུལ་པ་དང་། །
    བལ་བཟའ་ཁྲོ་གཉེར་མ་ཡིས་འཕྲུལ། །

    དད་ལྡན་མོས་པས་མཐོང་བའམ། །
    ཡང་ན་སྤྲུལ་པ་བསམ་མི་ཁྱབ། །
    འདོད་པ་ལ་ནི་རྒྱུ་མཚན་དག །
    རྒྱལ་རབས་ལྟ་ཀློག་བྱས་ན་མཐོང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme