Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་འཛུགས།

Posted on 2014-03-112014-03-11 By ཁ་བརྡ་ 4 Comments on བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་འཛུགས།

གནས་ཚུལ་གཏོང་མཁན། ངག་དབང་ནོར་བུ།

unnamedབྱང་ཨ་རིའི་མངའ་སྡེ་མེ་སེ་ཅུ་སེཊ།(Massachusetts) རྒྱལ་ས་སྦོས་ཊོན་དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བོད་རང་དབང་སྒེར་ལངས་ཐེངས་ལྔ་བཅུ་ང་ལྔ་པ་སྲུང་བརྩི་གནང་ཆེད་ས་གནས་སྤྱི་ཁྱབ་ལས་ཁུངས་ཨ་མའི་མདུན་ཐང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཐོག་ཨ་རི་གཞུང་དང་ས་གནས་མངའ་སྡེའི་དར་ཆ་དང་མཉམ་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དགུང་ལ་བསྒྲེངས་ཏེ་རྒྱལ་གླུ་དང་། གསུམ་བཅུའི་དྲན་གླུ མི་མང་ལངས་གླུ་བཅས་སྐད་གསེང་མཐོན་པོའི་ངང་ཕུལ་རྗེས་ས་གནས་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ནས་བཀའ་ཤག་གི་གསུམ་བཅུའི་གསུང་འཕྲིན་ཀློག་གནང་རྗེས། བོད་མི་གཞོན་སྐྱེས་ཁ་ཤས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གི་ངོས་སྦྱོར་རྒྱབ་སྐྱོར་གསུང་འཕྲིན་ཁག་ཀློག་འཕྲལ། (Tibet Action)གྱི་ཚོགས་གཙོ་ལྷ་སྒྲོན་བཀྲས་མཐོང་ལགས་ནས་གསུང་བཤད་གནང་།
མཐའ་མཇུག་ཏུ་དགེ་བཤེས་ངག་དབང་འཕྲིན་ལས་མཆོག་ནས་༧རྒྱལ་བའི་ཞབས་བརྟན་དང་སྒྲོལ་མའི་བསྟོད་པ་དང་བཅས་འདོན་གནང་གིས་སྔ་དྲོའི་ལས་རིམ་མཚམས་འཇོག་ལེགས་གྲུབ་དང་། དགོང་དྲོའི་ཆུ་ཚོད་གསུམ་པའི་ཐོག་མངའ་སྡེ་འཛོང་དཔོན་གྱི་ལས་ཁུངས་མདུན་མང་ཚོགས་རྣམས་ཚང་འཛོམས་ཡོང་བའི་གསལ་བསྒྲགས་བཅས་དགའ་དགྱེས་ངང་གྲོལ་བའི་གནས་ཚུལ་དུ་ཕུལ།

གསར་འགྱུར།

Post navigation

Previous Post: དོལ་ཚོགས་འདུལ་བའི་བདེན་གཏམ་མཚོན་ཆ་དགུ་རྩིགས།
Next Post: སྐད་འཕྲིན་སྟེང་ན་གསང་བ་མེད།

Comments (4) on “བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་འཛུགས།”

  1. གངས་ལྡོམ། says:
    2014-03-12 at 3:25 am

    བོད་ཀྱི་རྒྱལ་དར་དེ་རྩེ་མོར་སླེབས་མེད་པ་འདྲ་པོ་འདུག
    གང་ལྟར་བོད་རྒྱལ་གྱུར་ཅིག

  2. ngawang norbu says:
    2014-03-12 at 9:04 am

    ༄༅། །གངས་ལྡོམ་ལགས། དེ་ལ་རིམ་པ་ཡོད་པ་རེད། མཐོ་ཤོས་དེ་ཨ་རིའི་གཞུང་གི་རྒྱལ་དར་དང་དེ་ནས་ས་གནས་མངའ་སྡེའི་དར་ཆ་གསུམ་པ་གྲངས་ཉུང་མི་རིགས་སུ་རུང་གི་རྒྱལ་དར་སྒྲེང་དགོས་པ་རེད། ང་ཚོ་ལས་འགུལ་གང་ཞིག་བརྩོམ་ཀྱང་ས་གནས་སྲིད་གཞུང་གི་ཁྲིམས་ལུགས་དང་བཏུན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མ་གཏོགས་རྩེ་ལ་སྒྲེང་འདོད་མེད་པ་ག་ལ་ཡིན། གང་ལྟར་ང་ཚོར་མཆོས་ཤེས་ངེས་པར་དགོས།

  3. ngawang norbu says:
    2014-03-12 at 9:04 am

    ༄༅། །གངས་ལྡོམ་ལགས། དེ་ལ་རིམ་པ་ཡོད་པ་རེད། མཐོ་ཤོས་དེ་ཨ་རིའི་གཞུང་གི་རྒྱལ་དར་དང་དེ་ནས་ས་གནས་མངའ་སྡེའི་དར་ཆ་གསུམ་པ་གྲངས་ཉུང་མི་རིགས་སུ་རུང་གི་རྒྱལ་དར་སྒྲེང་དགོས་པ་རེད། ང་ཚོ་ལས་འགུལ་གང་ཞིག་བརྩོམ་ཀྱང་ས་གནས་སྲིད་གཞུང་གི་ཁྲིམས་ལུགས་དང་བཏུན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མ་གཏོགས་རྩེ་ལ་སྒྲེང་འདོད་མེད་པ་ག་ལ་ཡིན། གང་ལྟར་ང་ཚོར་མཆོས་ཤེས་ངེས་པར་དགོས།

  4. གནམ says:
    2014-03-13 at 10:17 am

    བོད་པའི་རྒྱལ་དར་དེ་དར་ཡུལ་གྱི་རྩེ་མོར་སླེབ་དགོས་ན། རང་བཙན་གཙང་མ་རྩོད་དགོས་བ་རེད། དེ་མིན་བོད་ཀྱི་རྒྱལ་དར་འདི་རྒྱལ་དར་ཚང་མའི་འོག་ནས་འདུག་དགོས་བ། ང་ཚོའི་ལམ་དབུ་མ་ཚང་གི་བོད་པ་ཚོས་སོ་སོའི་རྒྱལ་དར་ལ་བཞག་པའི་གོ་ས་རེད། ད་ཅི་བྱེད།
    བོད་དར་རླུང་གིས་གཡོ་རུང་།། དབུ་འཕངས་གཞན་གྱི་དམའ་རེད།
    བོད་རྒྱལ་དགྱ་ཡི་མིན་རུང་།། ཧམ་པ་ཁོ་རས་བཟས་སོང་།།
    སྔོན་རབས་དཔའ་བོ་དེ་ཚོས།། བོད་ལ་འཐམ་ནས་ཤི་ཡོད།
    གཞོན་རབས་སྡར་མ་ང་ཚོ། ཕྱོགས་བཞིར་བྲོས་ནས་ལུས་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme