Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་མ་རེད།

Posted on 2011-03-16 By ཁ་བརྡ་ 4 Comments on བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་མ་རེད།

རིག་པའི་རྡོ་རྗེ།

༧གོང་ས་ཐམས་ཅད་མཁྱེན་པས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཁ་ཕྱོགས་དང་། ལྷག་པར་དུ་མ་འོངས་བོད་ཀྱི་བདེ་ཐབས། དེ་བས་ཀྱང་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་འབའ་ཞིག་གི་ཆེད་དུ་ཆབ་སྲིད་དབུ་ཁྲིད་ཀྱི་ཐུགས་འགན་དང་། བཙལ་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་སྟེགས་བུ་ལས་རེ་ཞིག་བགྲེས་ཡོལ་དུ་ཕེབས་པ་རེད་མ་གཏོགས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དབུ་ཁྲིད་ལས་དགོངས་པ་ཞུ་ཡི་མ་རེད་ལ། བོད་མི་རིགས་དང་རྒྱལ་ཁབ་ཐུགས་ཀྱིས་དོར་བ་དེ་བས་ཀྱང་མ་རེད།
བོད་མི་རིགས་དང་༧གོང་ས་ཐམས་ཅད་མཁྱེན་པ་གཉིས་ཀྱི་འབྲེལ་བ་ནི་མེད་ན་མི་འབྱུང་གི་འབྲེལ་བ་ལྟ་བུ་ཞིག་ཡིན་པས། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཞེས་པའི་ཐད་ལ་སེམས་ཁྲལ་བྱེད་དགོས་དོན་མི་འདུག གནད་དོན་འདིའི་ཐད་བོད་མི་མང་པོ་ཞིག་གིས་སེམས་ཁྲལ་བྱེད་བཞིན་པའི་རྩ་གནད་གཙོ་བོ་གཉིས་ཡོད།
གཅིག གསར་འགོད་པ་ཁག་ཅིག་གིས། ༧གོང་ས་མཆོག་བོད་མི་རིགས་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་རེད་ཅེས་གསལ་ཁ་མེད་པར་གླེང་ཕྱོགས་བཟོས་པ་དང་། གཉིས། མི་མང་གིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དབུ་ཁྲིད་དང་། གཞུང་གི་འཛིན་སྐྱོང་གི་དབུ་ཁྲིད་གཉིས་སོ་སོར་འབྱེད་མ་ཐུབ་པ་དེ་རེད།
དེས་ན་ང་ཚོས་སྐབས་འདིར་གསལ་བོར་ཤེས་དགོས་པ་ནི། ༧གོང་ས་ཐམས་ཅད་མཁྱེན་པ་བོད་གཞུང་གི་འཛིན་སྐྱོང་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་རེད་མ་གཏོགས། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དབུ་ཁྲིད་ལས་བསྐལ་བའི་བར་དུ་བགྲེས་ཡོལ་དུ་ཕེབས་མི་སྲིད་པ་འདི་ཡིན།
འདི་ལ་རྒྱུ་མཚན་གཉིས་ཡོད། དང་པོ་ཆོས་ཕྱོགས་ནས་བཤད་ན། ༧གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་དངོས་རེད། དེས་ཇི་སྲིད་བོད་ཀྱི་འགྲོ་བ་མ་རྫོགས་པར་དེ་སྲིད་དུ་བོད་ཀྱི་མགོན་སྐྱབས་གནང་རྒྱུར་དམ་བཅས་ཡོད་པ་དེ་རེད།
གཉིས་པ་སྲིད་ཕྱོགས་ནས་བཤད་ན། དེང་སྐབས་འཛམ་གླིང་ཐོག་བོད་མི་རིགས་ཀྱིས་མྱང་དང་མྱོང་བཞིན་པའི་སྡུག་བསྔལ་འདི་ལས་ཆེ་བ་ཞིག་ཧ་ལམ་མིའི་འགྲོ་བ་གཞན་གྱིས་མྱོང་གི་མེད་པའི་སྐབས་འདིར། ༧གོང་ས་མཆོག་གིས་བོད་མི་རིགས་ཐུགས་ཀྱིས་དོར་བ་ཤེས་བྱ་ལ་མི་སྲིད་པ་ཞིག་ཡིན་པ་འདི་རེད།
གནད་དོན་འདི་གཉིས་ལེགས་པར་ཤེས་ན། ༧གོང་ས་མཆོག་གིས་རེ་ཞིག་བོད་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པར་སེམས་ཁྲལ་བྱེད་དོན་མི་འདུག་སྙམ།
ཡང་ཁ་ཅིག་གིས། ༧གོང་ས་མཆོག་སྤྱན་རས་གཟིགས་དངོས་རེད། དེར་བརྟེན་ཁོང་འཕགས་པ་ཡིན་པས་སྡུག་བསྔལ་དང་དཀའ་སྣང་ཡོད་པ་མ་རེད་ཟེར་གྱིན་འདུག འདི་དག་ལ་འདི་ལྟར་ཤོད་ན་འདོད། ༧གོང་ས་མཆོག་སྤྱན་རས་གཟིགས་དངོས་ཡིན་པ་ང་ཚོས་ཀྱང་ཡིད་ཆེས་བྱེད་བཞིན་ཡོད་ལ། དེ་བདེན་པ་ཡང་རེད།
འོན་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱིས་འཕགས་པའི་རྣམ་པ་སྦས་ཏེ་འགྲོ་བ་མིའི་རྣམ་པར་འགྲོ་བ་སྤྱི་དང་བྱེད་བྲག་བོད་མིའི་སྐྱབས་མགོན་དུ་མིའི་རྣམ་པར་ཕེབས་པ་རེད། མིའི་རྣམ་པར་ཕེབས་དུས་མིའི་སྤྱོད་པ་བསྐྱང་དགོས་ནི་རེད། དེ་དུས་རྒས་པའི་ཚུལ་དང་། སྐུ་བསྙུང་བའི་ཚུལ་དང་། སྐུ་ངལ་བའི་ཚུལ་སོགས་སྟོན་དགོས་པ་མ་ཟད།
འདོད་རུང་མ་འདོད་རུང་ཉིན་གཅིག་སྐུ་གཤེགས་པའི་ཚུལ་ཡང་ངེས་པར་དུ་སྟོན་གྱི་རེད། དེ་འདྲ་ཡིན་དུས་ང་ཚོས་ངེས་པར་དུ་གནས་ཚུལ་དང་སྣང་ཚུལ་གཉིས་ཀྱི་ཁྱད་པར་ཡག་པོ་ཞིག་འབྱེད་ཤེས་དགོས།
དེང་སྐབས་གང་སར་༧གོང་ས་མཆོག་ལ་བརྟན་བཞུགས་ཅེས་ཐ་སྙད་སྐམ་པོ་ཞིག་གིས་བརྒྱན་ཏེ་སྐུ་ཚེ་བསྐལ་བརྒྱར་བཞུགས་དགོས་ཞེས་གསོལ་བ་འདེབས་བཞིན་ཡོད་མོད། དོན་ངོ་མར་འགྲོ་བ་མིའི་ཚེ་ཚད་ཅི་ཙམ་ཡིན་པ་དང་། འཇིག་རྟེན་འདིར་མི་འཆི་བར་སྡོད་པའི་མི་ཞིག་མེད་པ་ཤེས་དགོས།
དེས་ན་༧གོང་ས་མཆོག་གི་སྐུ་ཚེ་བསྲིང་བའི་ཐབས་ལམ་ཞིག་རྩ་བ་ནས་མེད་དམ་སྙམ་ན། གཏན་དུ་བསྲིང་བའི་ཐབས་མེད་མོད། གནས་སྐབས་རིང་སྐུ་ཚེ་རིང་དུ་བསྲིང་བའི་ཐབས་ཡོད། དེ་ནི་ཡོད་ཚད་༧གོང་ས་མཆོག་གི་དབུ་ཐོག་ལ་མི་འགེལ་བར་བོད་མི་རྣམས་རང་གི་རྐང་བའི་སྟེང་རང་ཉིད་ལངས་ཏེ། ༧གོང་ས་མཆོག་གི་སྐུ་གསུང་ཐུགས་ལ་ངལ་གསོ་གནང་རྒྱུའི་གོ་སྐབས་ཞིག་ཕུལ་དགོས་པ་རེད།
དེ་ལྟར་བྱུང་ན་༧གོང་ས་མཆོག་གི་སྐུ་ཚེ་རིང་རྒྱུར་ཕན་ཐོགས་བརྒྱ་ཆའི་བརྒྱ་ཐམ་པ་ཡོད་པ་ཐག་ཆོད་ཀྱིས་ཤོད་ཐུབ། དཔེར་ན་རླན་ལ་བརྟེན་པའི་མེ་ཏོག་ཞིག་རིང་དུ་འཚོ་ཕྱིར་མེ་ཏོག་ཡུན་རིང་སྡོད་རོགས། བསྐལ་བའི་བར་དུ་མ་བསྐམ་རོགས་ཞེས་འབོད་སྐུལ་ཅི་ཙམ་བྱས་ཀྱང་རླན་དང་བྲལ་ན་བསྐམ་འགྲོ་བ་ཆོས་ཉིད་རེད། དེ་བས་མེ་ཏོག་གི་རྩར་ཆུ་བླུགས། ཉི་མར་ཕྱོགས།
གཙང་སར་འཇོག་པ་སོགས་མེ་ཏོག་ཚེ་རིང་བའི་ཆེད་དགོས་ངེས་ཀྱི་ཆ་རྐྱེན་ཚང་ན་མེ་ཏོག་དེ་ཡང་ཚེ་རིང་པོར་སྡོད་ཐུབ། དེ་མིན་ལག་པས་བཟུང་ན་ཡང་ཕན་ཐོགས་མེད་པར་སྐམ་རན་དུས་བསྐམ་འགྲོ་ནི་རེད།
དེས་ན་ད་ནས་བཟུང་༧གོང་ས་མཆོག་གི་སྐུ་ཚེ་རིང་དུ་བསྲིང་བའི་ཆེད་དུ། ༧གོང་ས་མཆོག་ལ་སྐུ་ངལ་གསོ་རུ་འཇུག་དགོས། ༧གོང་ས་མཆོག་གི་སྐུ་གསུང་ཐུགས་གསུམ་ལྷོད་ལྷོད་ངང་བཞུགས་སུ་འཇུག་དགོས། བོད་ཀྱི་རྩ་དོན་དང་འབྲེལ་བ་ཐད་ཀར་ཡོད་པའི་གལ་ཆེའི་རིགས་ཡིན་ན་མ་གཏོགས། ཆོས་སྲིད་གཉིས་ཀྱི་མཛད་འཆར་ཁག་ཆེས་ཉུང་དུ་བཏང་དགོས། ལྷག་པར་ཚོགས་པ་ཁག་དང་།
དགོན་སྡེ་ཆོས་ཚོགས་ཁག་གིས། སོ་སོའི་དཔལ་འབྱོར་འདུ་འགོད་སླད་༧གོང་ས་མཆོག་ཡར་ལ་གདན་འདྲེན་ཞུས་ཏེ་དབང་ཞུས། མར་ལ་གདན་འདྲེན་ཞུས་ཏེ་ལྷ་ཁང་ག་གེ་མོ་རེ་དང་མཆོད་ཁང་ཆུང་ཆུང་རེའི་སྒོ་འབྱེད་གནང་དུ་འཇུག་གིན་ཡོད་པ་སོགས་རྦད་དེ་མཚམས་འཇོག་ཐུབ་ན། འདི་ནི་བརྟན་བཞུགས་ཐམས་ཅད་ཀྱི་རྒྱལ་པོ་དང་།
སྐུ་ཚེ་བསྲིང་བའི་འཆི་མེད་བདུད་རྩི་རེད་ཅེས་བཤད་ཀྱང་གནས་སྐབས་རིང་འགལ་བ་མེད་དོ༎
བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༡ ཚེས་ ༡༠ ཉིན།

སྣ་ཚོགས།

Post navigation

Previous Post: རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།
Next Post: ཀླུ་མཁར་བྱམས་ཀྱིས་སྡེ་སྲིད་དང་། བགྲེས་ཡོལ། དགའ་ལྡན་ཕོ་བྲང་སོགས་ཀྱི་སྐོར་ལ་འདི་ལྟར་བརྗོད་འདུག

Comments (4) on “བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་མ་རེད།”

  1. Ogyend says:
    2011-03-16 at 10:19 pm

    ད་ནས་བཟུང་༧གོང་ས་མཆོག་གི་སྐུ་ཚེ་རིང་དུ་བསྲིང་བའི་ཆེད་དུ། ༧གོང་ས་མཆོག་ལ་སྐུ་ངལ་གསོ་རུ་འཇུག་དགོས་པ་དངོས་ཡོད་གནས་ཚུལ་ཡིན། ༸གོང་ས་མཆོག་ལ་ཐུགས་ཕམ་པའི་གནས་ཚུལ་དག་གིས་སྐུ་ངལ་ཆེན་པོ་བྱུང་ཡོད་ཤག་རེད། དཔེར་ན། དོད་རྒྱལ་གྱི་རྙོགས་གླེང། གཞོན་ནུ་ལྷན་ཚོགས་སྦར་བ་གང་འདི་ཚགས་ཚུད་པོ་བཟོ་མ་ཐུབ་པའི་ཐོག་ཏུ་འགོ་འཁྲི་ཞིག་གིས་རྒྱ་མི་བོད་ནས་ངས་སྤུད་ཐུབ་ཞུས་པ་དང། མའི་སོར་གཞིས་ཆགས་ན་བཟོ་གྲྭ་ཉམས་རྒུད་ཕྱིན་ནས་ཡོད་པ། བོད་མི་སྒེར་དང་གཞུང་ཞབས་པ་མང་དག་ཅིག་གིས་ཁྲིམས་འགལ་ཐོག་ཕྱི་རྒྱལ་དུ་བསྐྱོད་པ། བོད་མི་ཚོས་ནག་ཚོང་བརྒྱབས་པ། གྲྭ་བཙུན་རྣམས་ཀྱི་ཀུན་སྤྱོད་ཉམས་རྒུད་འགྲོ་བཞིན་པ། སློབ་གྲྭ་ཁག་ཏུ་ཤེས་ཡོན་སྐྱོ་རུ་འགྲོ་བཞིན་པ། སྤྱི་འཐུས་གྲོས་ཚོགས་ཀྱི་ཞབས་འདྲེན་ཞུ་སྟངས་དང། རྒྱ་གཞུང་གི་ནུས་ཤུགས་ལས་བོད་མི་བཙན་བྱོལ་བ་ཚོར་དཀའ་ངལ་འཕྲད་བཞིན་པ་སོགས་གནས་ཚུལ་ཧ་ཅང་མང་པོ་ཡོད། སྐབས་ཤིག་དེ་དག་ལ་གདོང་ལེན་བོད་མི་མང་རང་ངོས་བྱེད་ཐབས་དགོས་པ་ལས་༸གོང་ས་མཆོག་གི་ཐོག་ཏུ་མུ་མཐུད་གཡུག་ཐབས་བྱེད་པ་ནི་ཤིན་ཏུ་མི་འགྲིག་པ་ཡིན་ནོ།

  2. ཨ་ཁུ་སྟོན་པ། says:
    2011-03-16 at 10:26 pm

    ད་ལམ་༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེ་དུས་ཚོད་ཏག་ཏག་ཞིག་རེད། ད་ང་རང་ཚོ་བོད་མི་མང་གི་ངོས་ནས་གན་འཁུར་ཆ་ཚང་འཁྱེར་ནས་ཕྱག་ལས་གནང་དགོས། ག་དུས་ཡིན་ཡང་བོད་ཀྱི་སྲིད་གཞུང་གི་དབང་ཆ་ཡར་ལ་ཀྱང་ཕུལ་ནས་བསྡད་ན་འགྲིག་གི་མེད། ང་རང་ཚོ་༧གོང་ས་དད་གུས་ཡོད་པ་ཡིན། ༧གོང་ས་མཆོག་གི་སྐུ་ངལ་ལ་གཟིགས་གཞིགས་གནང་དགོས། ༧གོང་ས་མཆོག་གིས་མཁྱེན་གཟིགས་ལ་བོད་གཞུང་གི་དབང་ཆ་དེ་མི་མང་རང་ལ་བརྩི་སྤྲོད་བྱས་ན་ལན་འགན་གྲུབ་ཐུབ་ཀྱི་ཡོད་པ་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ཡོད། ང་རང་ཚོས་ག་དུས་ཡིན་ཡང་བོད་གཞུང་གི་སྲིད་དབང་དེ་༧གོང་ས་མཆོག་ལ་ཕུལ་བ་དེ་ང་རང་ཚོའི་བོད་གཞུང་གི་ལས་བྱེད་བཀའ་བློན་བཀའ་ཤག་ཚོ་ལ་འཇོན་སྟངས་མེད་ནས་ཡིན་ནམ། ཡང་ན་༧གོང་ས་མཆོག་དཔེ་ལས་ཡིན་པ་ཡིན་ན་གོ་དཀའ་བའི་གནས་སུ་འགྱུར་གྱི་འདུག །དེ་ལྟར་མ་ཡིན་ན། ད་ལྟ་༧གོང་ས་བཞུགས་པའི་སྐབས་ནས་འགན་འཁུར་བཞེས་ནས་སྐུ་དྲག་གི་རིང་ལུགས་སྤངས་ནས་མང་གཙོའི་ལམ་ནས་ཕྱག་ལས་ཐུགས་དྲང་པོའི་ཐོག་ནས་གནང་སྟེ་༧གོང་ས་མཆོག་ཐུགས་བློ་བདེ་པོ་བཟོ་དགོས་པ་དེ་ང་ཚོས་ལས་འགན་ཞིག་ཡིན་པ་མཁྱེན་ནས་ཕྱག་ལས་གནང་རོགས་མཛོད།། བོད་རྒྱལ་ལོ།། །།

  3. ཀརྡོ་རབ་འབྱམས་པ་ says:
    2011-03-17 at 12:08 am

    ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཀྱང་། རྒྱལ་ཁབ་ཀྱི་མེས་པོ་དང་། མི་རིགས་ཀྱི་དབུ་འཁྲིད་མུ་མཐུད་གནས་རྒྱུ་ཡིན་པའི་ཞལ་བཞེས་ཐོབ་པར་ལྟར་ཡོད། ༼ ༸གོང་ས་མཆོག་གིས་ཇི་སྲིད་ང་ལ་བོད་མི་མང་གིས་ཡིད་ཆེས་ཡོད་ན་་་༽སོགས་ཀྱིས་སོ། ། ༸སྐུ་ཚེ་ཡུན་དུ་བརྟན་ཕྱིར་བགྲེས་ཡོལ་དུ་ཕེབས་དགོས་མི་འདུག་གམ། ། སོམས་ཤིག །

  4. ཨ་ཁུ་སྟོན་པ། says:
    2011-03-17 at 12:22 am

    ༈ ༧གོང་ས་མཆོག་བགྲེས་ཡོལ་ཕེབས་པ་ནས་ཟུང༌། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་ཡང་འགྱུར་བ་གཏོང་དགོས་ཀྱི་ཡོད། གང་ཡིན་ཞེས་ན། ད་ལྟའི་བོད་གཞུང་དེ་མང་གཙོའི་གཞུང་ཞིག་ཡིན། དེར་བརྟེན་གཞུང་གཅིག་ལ་མིང་གཉིས་ནམ་ཡང་ཡོང་ཐབས་མེད། དངོས་ཡོད་ཡིན་ན་ང་རང་ཚོའི་གཞུང་མང་གཙོ་ཆག་པ་ནང་ཟུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་དེ་རང་གཤུགས་ཀྱི་མེད་པ་ཆག་དགོས་ཀྱི་ཡོད། དེ་ལྟར་མ་ཡིན་ན་དེའི་གོང་གི་གཞུང་གི་མཚན་སྡེ་སྲིད་དང༌། ཕག་གྲུ་དང༌། ས་སྐྱ་དང༌། རིན་སྤུང་པ་སོགས་ཀྱི་མཚན་དང་དུས་དྲན་སོགས་སྲུང་བརྩི་བྱེད་དགོས་ཀྱི་ཡོད། ད་ལྟ་བོད་གཞུང་དེ་མང་གཙོ་མཚན་ལྡན་ཞིག་ཡིན་པ་ཡིན་ན། དེ་དང་མཚུངས་པའི་གཞུང་གི་མཚན་དང་ལས་སྣེ་སོགས་ཀྱི་མཚན་ཡང་སྲིད་གཞུང་རང་ཞིག་ཡིན་པའི་ཐོག་ནས་མཚན་སོགས་སྒྱུར་བ་གཏོང་དགོས་ཀྱི་འདུག །དཔེར་ན། དང་པོ་གཞུང་དེ་ལ་མང་གཙོའི་གཞུང་དང༌། གཉིས་པ་བཀའ་བློན་ཁྲིད་པ་ལ་སྲིད་འཛིན་དང༌། གསུམ་པ་བཀའ་ཤག་ལ་སྲིད་བློན་སོགས་ཀྱི་སྒྱུར་ངེས་པར་དུ་གཏོང་དགོས་ཀྱི་ཡོད། བོད་གཞུང་གི་ལས་སྣེ་རྣམས་ཐུགས་རྗེ་གཟིགས་དགོངས་པ་རྒྱ་ཆེར་གཟིགས་རོགས་གནང༌། བོད་རྒྱལ་ལོ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme