Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱའི་ཚོགས་འདུར་ཐུན་མོང་གི་རྟེན་གཞི་འཚོལ་བ།

Posted on 2014-08-312014-08-31 By ཁ་བརྡ་ 11 Comments on བོད་རྒྱའི་ཚོགས་འདུར་ཐུན་མོང་གི་རྟེན་གཞི་འཚོལ་བ།

གློག་བརྙན་།

Post navigation

Previous Post: ༼ཨ་མའི་ཞལ་གདམས་དྲོན་མོ།༽
Next Post: དཔྱིད་ཟླ་ར་བའི་སྐོར་ཀྱི་དཔྱད་གླེང་།

Comments (11) on “བོད་རྒྱའི་ཚོགས་འདུར་ཐུན་མོང་གི་རྟེན་གཞི་འཚོལ་བ།”

  1. པ་སངས་ says:
    2014-09-01 at 7:53 am

    སྟོང་པ་རེད་ རྒྱ་ནག་གཞུང་དེ་མ་འགྱུར་བར་གང་བྱས་ཀྱང་སྟོང་པ་རེད་

  2. ཅོ་རི་ཉི་མ། says:
    2014-09-01 at 1:07 pm

    བོད་ཆེན་པོ་ཟེར་ན་ག་རེད་དམ། བོད་ཆེན་ལབ་དགོས་ཡ་ག་རེ་རེད་དམ་ཞེས་རྒྱ་རིགས་ཚོས་དྲི་བ་བཏང་ཡོང་སྐབས་ང་ཚོས་ངོས་ནས་དུས་ནམ་བོད་ཆེན་པོ་ཞེས་ལབ་མེད། ང་ཚོས་ངོས་ནས་བོད་ཟེར་དུས་མདོ་དབུས་ཁམས་གསུམ་དེར་རེད་ཅེས་ལན་བཏབ་ཡོད། ལོ་རྒྱུས་ཐོག་ཏུ་བོད་ཆེན་པོ་ཟེར་བ་ཞིག་མེད་ཅེས་་་བཤད་ཡོད་ཅེས་བཞིན་འདུག

    རྒྱ་རིགས་ཚོས་དྲི་བ་དེ་འདྲ་ཡག་པོ་ཞིག་བཏང་ཡོང་དུས་ལན་དོན་དང་ལྡན་པ་ཞིག་བརྒྱབས་མ་ཤེས་པ་ནི་འཚོགས་འདུས་དེའི་ནང་དུ་བོད་མི་ཤེས་ཡོན་ཅན་དང་ལོ་རྒྱུས་མཁས་པ་གཅིག་ཀྱང་མེད་པའི་རྟགས་རེད།

    ཉོན་ཨ། བོད་ཆེན་པོ་ཟེར་བ་འདི་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་ཡང་ཐང་རྒྱལ་རབས་ཀྱི་ཁྲང་ཆིང་ཁྲི་ལོ་དང་པོ་གོང་མ་མུའུ་ཙུང་མཆོག་དང་བོད་ཆེན་པོའི་རྒྱལ་པོ་ཁྲི་རལ་པ་མཆོག་རྣམས་གཉིས་ཀྱིས་སྤྱི་ལོ་༨༢༡་ལོར་ཁྲན་ཨན་དུ་མནའ་གན་བཞག་ཅིང་། དེ་ནས་སྤྱི་ལོ་༨༢༢་ལོར་བོད་ཀྱི་རྒྱལ་ས་ལྷ་སར་གནའ་གན་བཞག་པ་དང་། དེ་ནས་སྤྱྱི་ལོ་༨༢༣་ལོར་བཙུགས་པའི་རྡོ་རིང་ངོས་འདི་ལྟར་གསལ།།

    རྒྱ་བོད་གཉིས། ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས་སྲུང་ཞིང་།
    དེའི་ཤར་ཕྱོགས་ཐམས་ཅད་ནྀ་རྒྱ་ཆེན་པོའི་ཡུལ།
    ནུབ་ཕྱོགས་ཐམས་ཅད་ནྀ་བོད་ཆེན་པོའི་ཡུལ་ཏེ།
    དེ་ལས་ཕན་ཚུན་དགྲར་མྱྀ་འཐབ།
    དམག་མྱྀ་དྲང། ཡུལ་མྱྀ་མརྣམ།
    ཡྀད་མ་ཆེས་པ་ཞིག་ཡོད་ན།།
    མྱྀ་བཟུང་ཞིང་གཏམ་དྲྀས་ཏེ།།
    རྫངས་ནས་ཕྱྀར་གཏང་ངོ།།་་་་་་་་་་་་ཞེས་གསལ་ཡོད།

    འདི་ནི་བོད་མི་རིགས་དང་རྒྱ་མི་རིགས་གཉིས་བར་དུ་མནའ་གན་བཞག་པ་དང་ལྷག་པ་ཏུ་རྡོ་རིང་ངོས་ཀྱི་ཡི་གེ་ཞིབ་ཏུ་བཀླགས་ན་རྒྱལ་ཁབ་གཉིས་ཀྱི་མི་རིགས་ཀྱི་མཛའ་བརྩེ་མཚོན་པའི་ཚིག་གང་མང་འདུག རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་འབྲེལ་གྱི་ཟམ་པ་རྡོ་རིང་ངོས་སུ་གསལ་བ་འདི་དག་མི་རིགས་གཉིས་ཀྱི་བར་དུ་གླེང་ན་གླེང་རིན་ཡོད་པ་ཞིག་ཡོད།

    བློ་བཟང་ཉི་མའི་སྐད་ཆ་བཤད་སྟངས་འདི་དག་གོ་འོང་དུས་ང་ཅོ་རིའི་སྙིང་འདར་ཡོང་གི་འདུག་ལ་བློ་ཕམ་ཚོད་མེད་བྱུང་། འཚོགས་འདུས་དེའི་ནང་གི་སྲིད་སྐྱོང་སེང་གེ་ཡིན་ན་ཁག་མེད། ཚང་མས་མཁྱེན་གསལ་རེད། ཁོང་བོད་ཀྱི་རིགས་གནས་མཁས་པ་ཞིག་མ་རེད། ཡིན་ཀྱང་སུ་གང་གིས་ལན་དོན་ལྡན་ཞིག་བརྒྱབས་མ་ཐུབ་པ་ནི་བོད་ཆེན་པོའི་མི་རིགས་ཀྱི་ཞབས་འདྲེན་རེད།

    ལྷག་པ་ཏུ་བཙན་བྱོས་སྒྲིག་འཛུགས་ཡིན་ནའང་འདྲ། ༧རྒྱལ་བ་རིན་པོ་ཡིན་ནའང་འདྲ། སྐུ་ཚེ་རིང་་་་བོད་མི་རིགས་ཀྱི་གནད་དོན་བཤད་དུས་བོད་མི་ཤེས་ཡོན་ཅན་རེ་གཉིས་སྐད་གཏོང་རོགས་བྱོས་ཅེས་རེ་བ་ཞུ་རྒྱུ་ཡིན། དཔེ་ན། མཁར་རྨེའུ་བསམ་གཏན་མཆོག་དང་འབྲུ་དགུང་ཆུ་ཚང་རིན་པོ་ཆེན། ནམ་མཁའ་ནོར་བུ་རིན་པོ་ཆེན་ལྟ་བུ་གང་རུང་ཞིག་བྱུང་ན་ཞབས་འདྲེན་འདི་འདྲ་རྩ་བ་ནས་ཡོང་དོན་མེད།

    བོད་པའི་ཤེས་ཡོན་ཅན་རྣམས་བདག་པོ་རྒྱོབ་ཅེས་རེ་བ་ཡིན་ད། དྲ་གྲོགས་དམ་པ་ཚོས་འདིའི་སྐོར་ལ་རྒྱ་བོད་ཨེན་གསུམ་གྱི་ཡིག་རིགས་ཐོགས་ནས་གསལ་བཤད་གནང་དགོས་པ་ནི་གནད་འགག་རེད་འདོད་དོ།།

    མཇུག་ཏུ་་་རྒྱ་རིགས་དྲི་བ་བཏང་མཁན་དེ་ལ་ཐུགས་རྗེ་ཆེ་ལབ་ཀྱི་ཡིན།

  3. ཅོ་རི་ཉི་མ། says:
    2014-09-01 at 1:16 pm

    ཨོ་རེད་་་ཁྱོད་ཚོས་ཐུན་མོང་གི་རྟེན་གཞི་འཚོལ་གྱི་ཡོད་དམ་་་་ཐུན་མོང་གི་རྟེན་གཞི་གཏོར་གྱི་ཡོད་ཅེས་དྲི་བ་ཡིན། ལོ་རྒྱུས་ལ་ལོག་བཤད་བྱེད་དགོས་ན་ཁས་ལེན་གྱི་མིན་ནོ། གོང་གི་མཆན་བུ་འབྲི་དུས་དུས་ཚོད་མཁོ་པ་ཡག་པོ་མ་བྱུང་བས་་་ཆོད་ལྷག་ཤོར་སོང་འདུག་པས་དགོངས་འགལ་མེད་བྱོས།

  4. ཅོ་རི་ཉི་མ། says:
    2014-09-01 at 1:49 pm

    རྡོ་རིང་གི་བྱང་ངོས་སུ་བོད་ཀྱི་མནའ་གན་འཇོག་མཁན་དཔོན་རིགས་བཅུ་བདུན་གྱི་མཚན་ཐོ་རྒྱ་ཡིག་བོད་ཡིག་ཤན་སྦྱར་གྱི་བཀོད་འདུག
    ལྷོ་ངོས་སུ་རྒྱའི་དཔོན་རིགས་ཀྱི་གནའ་གན་འཇོག་མཁན་ཅོ་བརྒྱད་ཀྱི་མཚན་ཐོ་རྒྱ་བོད་ཤན་སྦྱར་གྱི་ཐོག་ནས་བཀོད་འདུག

    རྒྱ་དང་བོད་པའི་བར་གྱི།
    མཛའ་བརྩེ་རྡོ་ལ་བཀོད་ཡོད།
    ཁྲེལ་མེད་གུན་ཁྲན་དམར་པོས།
    མཛའ་བརྩེ་རྡོ་རིང་བཅག་སོང་།

  5. ཅོ་རི་ཉི་མ། says:
    2014-09-01 at 3:40 pm

    ཉོན་ཨ། རྒྱ་བོད་མི་རིགས་གཉིས་ཀྱི་ཕ་མེས་ཡང་མེས་ཚོས་ཐུན་མོང་གི་རྟེན་གཞི་བཞག་་ཡོད་པ་དེར་ཕ་མའོ་ཙེ་ཏུང་གིས་གཏོར་ནས་དཀའ་ངལ་འདི་བྱུང་བ་རེད། ཕ་མའོ་དང་བུ་ཏྭ་ལེའི་གཉིས་ཀྱི་དུས་སྐབས་སུ་མི་གསོད་ཁྲག་སྦྱར་གྱི་ལས་ཀ་ཡ་ངལ་ཡིད་སྐྱོ་དགོས་པ་ཞིག་བཟོས་ཡོད་རེད།

    བོད་མི་ས་ཡ་དང་རྒྱ་མི་འབུམ་ཕྲག་ཕར་ཚུར་བསད་རེའི་བྱས་པ་རེད། ཐག་རིང་པོ་མ་རེད། ༡༩༥༡་ནས་འགོ་བཙུགས་ཏེ་ད་ལྟའི་བར་བསད་བསྡད་ཀྱི་ཡོད་རེད། ཐང་བོད་གཉིས་ཀྱི་ཕ་མེས་ཚོས་དམག་མི་རྒྱབ། ཡུལ་མི་འཕྲོག ཟེར་ནས་མནའ་གན་འཇོག་ཡོད་རེད། ཕ་མའོ་ཡིས་མི་བསད་ཁྲག་སྦྱར་བྱས། ལུང་པ་ཕྲོགས། བུ་ཏ་ལའི་བླ་མའི་མི་ཚེ་ཡོངས་རྫོགས་ས་མཐའ་རྫོགས་འགྲོ་གིན་ཡོད་རེད། འདི་བཟོ་མཁན་ཨ་ཕ་མའོ་རེད།

    སྡུག་མྱོང་མཁན་རྒྱ་བོད་མི་རིགས་གཉིས་ཀ་རེད། ཏ་ལའི་བླ་མས་གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་གྱི་ཡོད་མདོག་མདོག་ཟོལ་སྟོན་གྱི་ཡོད་རེད། གལ་སྲིད་གྲོས་མཐུན་དོན་ཚན་བཅུ་བདུན་གཞིར་བཞག་གི་ཐོག་ནས་བོད་ཞི་བའི་བཅིངས་གྲོལ་བཏང་བ་དེར་༧རྒྱལ་བ་རིན་པོ་ལ་འགན་ཡོད་ན། ཁས་ལེན་ན། རང་བཞིན་གྱི་མི་དམངས་ཡ་ས་དམར་གསོད་མྱོང་བའི་འགན་ཕྲག་ཏུ་བབ་པ་རེད་དོ།།།།།།།།།།།།

  6. ཅོ་རི་ཉི་མ། says:
    2014-09-02 at 4:32 am

    རྐུ་ངོ་ལུང་རྟོགས་ལགས་ཕེབས་མི་འདུག་ག མཛད་སྒོ་ལ་ཕེབས་པར་འདྲ། མཛེས་མ་ཞིག་ཐུག་པ་མིན་ནམ།་་་་ཧཧཧ

  7. ཅོ་རི་ཉི་མ། says:
    2014-09-02 at 4:42 am

    ཁ་བརྡའི་རྩོམ་སྒྲིག་པ་མཆོག ངས་རེ་བ་ཆུང་ཆུང་ཙམ་ཞུ་རྒྱུར་ཡིན། ཁ་བརྡ་ཐོག་ཏུ་་ཐང་བོད་གཉིས་ཀྱི་མནའ་གན་བཞག་པའི་ཆིག་ཡིག་དང་གཅིག སིལ་ལའི་ཆིག་ཡིག་དང་གཉིས། སྐུ་ཕྲེང་བཅུ་གསུམ་བོད་རང་བཙན་སྐྱར་གནོན་གྱི་གསལ་བསྒྲགས་གསུམ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་བོད་ཀྱི་སྐོར་བཞག་པའི་གྲོས་འཆར་གྲོས་ཁག་སོགས་ཁ་བརྡའི་ཐོག་ཏུ་བཀོད་ན་བོད་མི་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད་འདོད། ངས་ཀྱང་ཡིག་ཆ་རེ་གཉིས་ཁ་བརྡ་ཚང་ལ་རོགས་བྱེད་ཆོག ཡིག་ཆ་དེ་དག་ཚང་མ་ཕྱོགས་ལ་བཀོད་ན་ག་འདྲ་ཡག་པོ། ཐུགས་རྗེ་ཆེ། བསམ་ཚུལ་ཙམ་ཡིན།

  8. ཁ་བ་རི་བ་གཉིས་པ་ says:
    2014-09-03 at 7:51 am

    བུ་ཏ་ལ་གིས་བྱུང་མིན་འདུག་ན་ཅོ་རི་ཁྱི་རྒན་ཁྱོད་སྐྱག་པ་བཟའ་ནས་བསྡད་ཡོད་པས་འདི་ལ་ལན་ཞིག་རྒྱབ་ཤོག་དང་

  9. དྲི་མེད་ལྷག་བསམ། says:
    2014-09-05 at 8:20 am

    ཅོ་རིས་བཤད་པ་བདེན་པ་རེད། བོད་ཆེན་པོའི་ཚིག་དེ་གསར་བྱུང་མ་རེད། བོད་རྒྱའི་གྲོས་མོལ། སྐུ་ཚབས་མངགས་གཏོང་། འདི་འདྲའི་ཚོགས་འདུ་སོགས་ལ་ཉམས་མྱོང་ཅན་དང་བོད་ཀྱི་ལོ་རྒྱུས་མཁས་པ་འགའ་རེ་གདན་ཞུ་ངེས་པར་དགོས། དེ་ཡང་བོད་རིགས་གཙང་མ་ཞིག་ཡིན་ན་བོད་པ་ཚོའི་དོགས་པ་སེལ་བ་ལ་ཕན་པ་ཆེ། །ཨ་ཀྱཱ་རིན་པོ་ཆེ་ལྟ་བུ་ཡིན་ན་རྒྱ་རིགས་ལ་འདྲིས་ཆེ། ཉམས་མྱོང་བཟང་། སྐུ་ཚབས་སུ་འོས་པ་ཡིན་ཀྱང་ཡབ་བོད་པ་དང་མ་ཡུམ་སོག་པོ་རེད། འདི་འདྲའི་རིགས་ལ་བོད་ཀྱི་ལྟ་ཚུལ་དེ་ཙམ་མི་བཟང་བས་ལྷག་བསམ་དང་། ཤེས་ཡོན། སྙིང་སྟོབས་བསྐྱེད་ཀྱང་ནུས་པ་ཆུང་། ཕྲན་ལྟ་བུར་མཚོན་ན་བོད་ཀྱི་ལ་རྒྱ་འཛིན་མྱོང་། བོད་ཀྱི་རིགས་གཞུང་སྲོག་ལྟར་གཅེས། རང་ཉིད་ཀྱིས་བོད་པ་ཡིན་ཐག་ཆོད་ཀྱིས་སེམས་ཤུགས་བསྐྱེད་དེ་འགྲོ་སྐབས། གཞུང་ལས་ཚབ་མཚོན་མི་སྣ་ཆེན་པོ་ཞིག་གིས་ཁྱོད་བོད་པ་མ་རེད། ཅེས་སྙིང་ལ་ལྕི་བའི་ཚིག་འགའ་ཞིག་བསྣུན་པས་དེ་ནས་བཟུང་སྐད་ཆ་རེ་བཤད་འདོད་ཀྱང་ཁུར་དུ་མ་བབ་པ་རེད་གཞན་གྱིས་ཁྱོད་ལ་བོད་མ་རེད་སྨྲས་པ་་མི་དྲན་ནམ་ཟེར་བའི་བསམ་བློ་ཞིག་བཅོས་མིན་དུ་འཆར་བ་ཞིག་ཏུ་གྱུར་སོང་། དེ་བཞིན་སྲིད་དོན་ཞུག་འདོད་མ་བྱུང་ལ་སྐད་ཆ་བཤད་མ་མྱོང་། མི་རྒན་སྡོད་མ་ཐུབ་པའི་སྐད་ཆར་ཐལ།

  10. ཀརྨ་བློ་གསལ་ says:
    2014-09-05 at 10:19 am

    ཅོ་རི་ལགས་ལ་ཐུགས་ཁག་མི་འདུག རྒྱ་མི་ཚོས་དེང་སྐབས་བོད་ཆེན་པོ་ཟེར་བ་དེར་ལན་འདེབས་མ་ཤེས་ན། དབུ་མའི་ལམ་འགག་ཟིན་པ་སྟོན་བཞིན་པ་རེད། དྲང་པོར་ཞུས་ན། དེང་སྐབས་རྒྱ་མི་ཚོས་བོད་ཆེན་པོ་ཟེར་བ་དེ་ནི་གུང་བྲན་ཏང་གིས་བོད་ཁུལ་ཟེར་བ་དེ་རེད། ད་མཁས་དབང་ཚོ་འདོམ་གང་གིས་ནོར་ཤག

  11. དྲི་མེད་ལྷག་བསམ། says:
    2014-09-05 at 9:27 pm

    ཅོ་རི་ལགས་ལ་ཡིག་ཆ་དེ་དག་ཡོད་ན་མཁོ་སྤྲོད་གནང་བར་ཞུ། ད་དུང་རྒྱལ་དབང་བཅུ་གསུམ་པས་རྒྱ་གར། ཐེ་ལན་བཅས་ལ་བསྐུར་བའི་ཡི་གེ་དང་། སྲིད་སྐྱོང་རྭ་སྦྲེང་གིས་དབྱིན་ཅི་རྒྱལ་མོ་དང་། ཇར་མན་ནིའི་ཧི་ཊ་ལེ་ལ་བསྐུར་བའི་ཡི་གེ་སོགས་ཀྱང་མཁོ་གལ་ཆེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme