Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་འགྱུར་གྱི་གནས་བབ་ངོས་འཛིན་དང་གོ་རྟོག་རྙེད་དགོས།

Posted on 2021-12-05 By ཁ་བརྡ No Comments on བོད་རྒྱ་འགྱུར་གྱི་གནས་བབ་ངོས་འཛིན་དང་གོ་རྟོག་རྙེད་དགོས།

དམ་ཆོས་བསམ་འཕེལ།

བོད་རྒྱ་བསྒྱུར་གྱི་སྲིད་བྱུས།  ང་ཚོས་བོད་མི་ཡོངས་ཀྱིས་བོད་མི་རིགས་རྒྱ་འགྱུར་གྱི་གནས་བབ་ངོས་འཛིན་དང་གོ་རྟོག་ངེས་ཤེས་རྙེད་དགོས་པར་གལ་ཆེའི་གནད་འགག་ཡིན་ཕྱིར། ད་ལྟའི་རྒྱ་མི་དམར་པོའི་སྲིད་བྱུས་གཏིང་ནག་པོའི་རྩ་བའི་འཇུ་ས་དེ་ཁ་གསལ་ལ་བཏང་ན། བོད་མི་རིགས་ཀྱི་རིག་གནས་འདི་རྒྱ་བསྒྱུར་གྱིས་རྒྱ་མི་རིགས་ཀྱི་རིག་གནས་དེ་བོད་མི་རིགས་ཀྱི་རིག་གནས་སུ་བོད་མི་ཚོས་ངོས་འཛིན་དགོས་པ་རེད། དེ་ཡང་། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་པར་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་འདུ་ཤེས་མཐའ་དག་རྩ་བརླག་ཏུ་བཏང་སྟེ་རྒྱ་རིགས་ལས་ཐ་དད་དུ་བགར་ཐབས་མེད་པར་ངོ་བོ་གཅིག་ཏུ་གྱུར་བར་བྱེད་པ་རེད། དེ་བཞིན་དུ། ཧན་གྱི་རིག་གནས་ལ་”ཀྲུང་ཧྭ་རིག་གནས”་ཞེས་བ་བོད་མི་ཚོས་དེ་བོད་ཀྱི་རིག་གནས་སུ་ཡིད་ཆེས་བྱེད་དགོས་པ་དེ་རེད། ད་རུང་བོད་མི་རིགས་དུམ་བུ་དུམ་བུར་བགར་ཏེ་ལུང་ཚན་རེ་རེར་མི་རིགས་རེ་ཡི་མིང་རེ་བཏགས་ཏེ་ཁ་འཐོར་ཏུ་གཏོང་ཇི་ཐུབ་བྱེད་པ་རེད། དེའི་ཞོར་ཏུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་དབང་ཤུགས་འོག་བོད་མི་རིགས་ཀྱིས་རྒྱ་མིའི་སྐད་ཡིག་བཀོལ་སྤྱོད་མ་བྱས་ཚེ། སློབ་སྦྱོང་ལེགས་པོ་ཞིག་རེག་མི་ཐུབ་ཅིང་།

བྱ་ལས་གང་ལ་ཞུགས་མི་གཏུབ་པར་འཚོ་བ་བཟང་པོ་ཞིག་ཀྱང་རོལ་ཐུབ་པའི་གོ་སྐབས་མེད་པར་བཟོ་བ་རེད། དེའི་ཐོག བོད་མི་རིགས་ཀྱི་ངོ་བོ་བརླག་སྟེ་རྒྱ་འགྱུར་ཟིན་པའི་བོད་མི་ཚང་མས་རྒྱ་མི་རིགས་ལ་བརྩི་མཐོང་ཁོ་ན་བྱེད་དགོས་པ་དེ་རེད། དེ་ཡང་རྒྱ་མི་རིགས་ཀྱི་རིག་གནས་ལ་”ཀྲུང་ཧྭ་རིག་གནས”་སུ་འབོད་པར་བོད་མི་རིགས་ཀྱིས་ཀྱང་གཅིག་གྱུར་རིག་གནས་ཀྱི་མཚོན་རྟགས་སུ་དྲིལ་བསྒྲགས་བྱེད་དགོས་པ་རེད།  ལར་རྒྱ་མི་རིགས་ལ་”ཀྲུང་ཧྭ་མི་རིགས”་ཟེར་བ་དེ་བོད་མི་རིགས་ཀྱིས་ཀྱང་རང་ཉིད་ཀྱང་”ཀྲུང་ཧྭ་མི་རིགས”་ཡིན་ཞེས་དོན་དམ་པའི་རྒྱ་རིགས་ཡིན་པའི་རྣམ་པ་གསལ་པོར་སྟོན་དགོས་པ་རེད། དེ་དང་ཆབ་ཅིག་བོད་མི་རིགས་རྒྱ་འགྱུར་ཟིན་རྗེས་མི་རིགས་ཀྱི་ངོ་བོ་ཐ་དད་པ་ཞིག་མེད་པར་ཐུན་མོང་ལ་ཡོད་པ་ནི་”ཀྲུང་ཧྭ་མི་རིགས”་ཞེས་རྒྱ་མི་རིགས་ལ་དབང་བར་ཁས་ལེན་བྱེད་དགོས་པ་དེ་རྒྱ་དམར་པོའི་སྲིད་བྱུས་གཏིང་ནག་གི་དམིགས་འབེན་ཁོ་ན་རེད། རྒྱ་དམར་པོས་སྲིད་བྱུས་ལག་བསྟར། རྒྱ་ནག་དམར་ཕྱོགས་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ནི་དུས་དང་གོ་སྐབས་སུ་བསྟུན་ཏེ་འཆར་གཞིའི་སྒྲིག་འཛུགས་ཡོད་པའི་དམིགས་འབེན་ངང་བསམ་བཞིན་དུ་བོད་མིའི་བསམ་བློ་བསྒྱུར་བཅོས་གཏོང་ཐབས་ཐོག་ཏུ་བོད་མི་རིགས་རྒྱ་མི་རིགས་ཀྱི་ལྟ་བ་ཆགས་སུ་འཇུག་རྒྱུའི་ཕུགས་རྒྱང་རིང་བའི་བོད་རྒྱ་བསྒྱུར་གྱི་གཏིང་ནག་གི་ཐབས་ལམ་དེ་རེད། དེ་ཡང་དམིགས་ས། བོད་ནང་གི་བླ་དཔོན། སྐྱ་སེར། ཕོ་མོ། མཁས་བླུན། དགེ་སློབ། རྒན་གཞོན། ཞིང་འབྲོག་ཁྱད་མེད་ཀྱི་བོད་མི་ཡོད་དོ་ཅོག ནང་དགོས་སུ། བོད་མི་སྙིང་སྟོབས་ཅན་དང་ལྷག་བསམ་ཅན། བོད་མི་རིགས་ཀྱི་གཤིས་རྒྱུད་ཤ་གསེང་དུ་ཡོད་པ་ཅན། མི་གཞིའི་སྒལ་ཚིགས་ཀྱི་རུས་རྐང་ཅན། མི་བུ་སློབ་གསོའི་བསམ་གཞིག་རང་དབང་གི་ཁ་ཕྱོགས་སུ་སྐྱོད་མཁན་དག་ལ་ཁྱད་གསོད་བསྙོན་འཛུགས་དང་ངན་ཁག་འདྲ་མིན་དཀྲིས་ཏེ། གར་སོང་ཆ་མེད། དམར་གསོད་བཙོན་འཇུག གཅར་རྡུང་སྡུག་སྦྱོང་། རྗེས་འདེད་སོ་ལྟ། འཇིགས་སྐུལ་དྲག་གནོན་ལ་སོགས་ཀྱིས་བོད་མི་རིགས་ཀྱི་བསམ་བློའི་སྟོབས་ཤུགས་འགོག་ཐབས་རྣམ་པ་སྣ་ཚོགས་ཀྱི་ཐབས་ལམ་བྱས་དང་བྱེད་ཀྱིན་ཞིང་། མ་འོངས་པར་ཡང་བྱ་འགུལ་དེ་དག་མུ་མཐུད་དུ་སྤེལ་རྒྱུ་གྲ་སྒྲིག་ཨང་གསར་ཡོད་པ་བཅས་རེད།  འདི་ཡང་ལག་བསྟར་གྱི་ཞོར་ན་ཞི་དྲག་དང་མངོན་ལྐོག་གཉིས་ཀྱིས་སྒོ་ནས་རྒྱ་མི་རྣམས་རྒྱབ་ནས་སྡོད་ཅིང་བོད་མི་རྣམས་མདུན་དུ་བཞག་སྟེ་ལས་ཀར་བཀོད་སྤྱོད་བྱས་དང་བྱེད་ཀྱིན་པ་ནི་རྩ་བའི་ལག་ཆ་ཁོ་ན་རེད། ད་དུང་གསལ་པོ་ཤེས་དགོས་པ་ཞིག་ནི། རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བཟུང་། ད་ནི་བོད་མི་རིགས་ཀྱི་མི་ཐོག་བཞི་བ་ཆགས་ཡོད་པར་བརྟེན་བོད་ནང་གི་བོད་ཀྱི་མི་ཐོག་བཞི་བ་འདི་ཡང་དངོས་ཤུགས་ལྐོག་གསུམ་ནས་བོད་མི་རིགས་ཀྱི་ལྟ་བ་རྒྱ་མི་རིགས་ཆེན་པོའི་ལྟ་བ་དང་མི་མཐུན་པ་དག་རྣ་བར་ཐོས་པར་མི་འཇུག་ཅིང་། ལྟ་ཚུལ་མི་མཐུན་པ་རྣམས་མཐའ་གཅིག་ཏུ་ལོག་པར་ལྟ་བའི་ཀླད་པ་བཀྲུ་བའི་སློབ་གསོ་སྔ་ཕྱི་བར་གསུམ་ལ་ཤུགས་ཆེན་སྤེལ་ཡོད་ལ། དེ་ལ་མཇུག་འབྲས་ཀྱང་གང་འཚམས་ཐོབ་ཡོད་པའི་ཉེན་འཕྲང་ཅན་གྱི་གནས་སུ་ལྷུང་ཡོད། དེ་དང་ཆབ་ཅིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིའང་རྒྱ་ནག་དམར་པོས་ཐབས་བརྒྱ་ཇུས་སྟོང་གིས་ཇག་རྐུན་གྱི་ངོ་བོར་བསྒྱུར་ཏེ་མི་སུ་ཞིག་གིས་ཀྱང་ཡིད་ཆེས་མེད་པར་བརྩམས་དང་རྩོམ་གྱིན་པ་། མ་འོངས་པར་ཡང་ཆེད་མངགས་ཀྱིས་གནོན་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པར་ང་ཚོས་མིག་མཐོང་ལག་ཟིན་འདི་རེད། ང་ཚོ་གཞིས་བྱེས་བོད་རིགས་ཡོངས་ཀྱིས་དངོས་ཟིན་ཐོབ་དགོས་པ། གཅིག བོད་ས་ཡོངས་རྫོགས་རྒྱ་ལག་ལ་ཤོར་ནས་འདུག བོད་མི་ཚང་མ་རྒྱ་མིའི་སྤར་མོ་ནང་ལ་བསྡམས་ནས་འདུག རྒྱ་དམར་གྱིས་བོད་མི་རིགས་ལ་ག་རེ་བྱེད་བྱེད་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན། སྐད་ཡིག་བཅས་རྩ་མེད་གཏོང་བཞིན་འདུག ད་ལྟ་ཚོད་དཔོག་བྱས་པར་གཞིགས་ན། རྒྱ་མི་ས་ཡ་ཉུ་ཤུ་ལྷག་བོད་ལ་སླེབས་འདུག བོད་ས་ཡོངས་རྒྱ་ཡུལ་ཏུ་གྱུར་ཏེ་རྒྱ་མི་ཚོས་བོད་ས་ཁོང་ཚོས་ཡིན་ཤག་ཤག་བྱས་ནས་རྫིག་པོ་ངང་བསྡད་འདུག ལྕག་ལམ་དང་གནམ་ཐང་བཟོས་ཤིང་འཛུགས་སྐྲུན་འདྲ་མིན་བྱས་ཏེ་རྒྱ་མི་རིགས་ཀྱི་མི་སེར་སྤེལ་ཡུལ་ཆགས་འདུག བོད་ཀྱི་གྲོང་ཁྱེར་ཚང་མ་རྒྱ་མི་གཏན་སྡོད་ཀྱི་ས་གནས་གྱུར་འདུག བོད་ཀྱི་འཚོ་བའི་གནས་སྟངས་ནི་རྒྱ་མིའི་འཚོ་བ་བསྒྱུར་འདུག མཐའ་ན། རྒྱ་སྐད་བཀོལ་སྤྱོད་མ་བྱས་ན་གསོན་པོ་གནས་མི་ཐུབ་པའི་ཚོད་ལ་སླེབས་འདུག མཐའ་ན་བོད་མི་ཞིག་གིས་ལས་ཀའི་གླ་ཆ་རྒྱ་མི་ཞིག་ལས་་དམའ་བ་སྤྲོད་པར་ལས་ཀ་པ་འཚོལ་པའི་གསལ་བསྒྲགས་ནང་དངོས་སུ་བཀོད་པ་གསར་ལམ་ནས་མཐོང་རྒྱུ་ཡོད་པ་དེ་རེད། གཉིས། དྲག་པོའི་ལྟེ་གནས་བསྐྲུན་ནས་དམག་དཔང་འབོར་ཆེན་ཞིག་བོད་ན་གཏན་སྡོད་བྱས་འདུག་ལ། རྡུལ་ཕྲན་གད་སྙིགས་གཡུགས་ནས་དུག་རྫས་ཀྱི་ཁ་རླངས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་འཚབ་ཆེན་ཐེབས་བཞིན་པ་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག  ཆུ་རགས་རྒྱག་པ། ཚོང་ལས་བཟོ་སྐྲུན་གྱི་གད་སྙིགས་སོགས་ཀྱི་ཉེར་ལེན་ལས་ཀྱང་ཁོར་ཡུག་སྦག་བཙོག་དང་། གནམ་གཤིས་འགྱུར་ལྡོག་གིས་ཐམ་པ་དང་ས་ཡམ། ཆུ་ལོག ནད་ཡམས་སོགས་འབྱུང་བའི་གནོན་སྐྱོན་རབ་དང་རུམ་པ་གང་མང་ཞིག་བྱུང་དང་འབྱུང་བཞིན་འདི་རེད། གསུམ། དེང་རབས་འཕྲུལ་རིགས་ཡར་རྒྱས་ཀྱི་གོ་སྐབས་དང་བསྟུན་རྒྱ་དམར་གྱིས་གསང་མིག་འཕྲུལ་ཆས་སོ་བལྟའི་བརྙན་འཕྲིན་ཟ་ཁང་དང་ཇ་ཁང་། མགྲོན་ཁང་། ཁང་ཐོག རྩིག་པ། སྲང་ལམ། གློག་སྡོང་། རྒྱ་སྒོ། སྒེའུ་ཁུང་སོགས་སུ་བཙུགས་ནས་ཉིན་མཚན་དུས་དྲུག་ལ་བོད་མི་འགྲོ་འདུག་སྤྱོད་གསུམ་སོ་ལྟ་བྱས་ནས་སྲུང་། དེའི་ཐོག་ཏུ། གྲོང་ཁྱེར་དང་གྲོང་གསེབ། སྡེ་བ། ཚོ་བར་སྐོར་སྲུང་དམག་གིས་རྒྱང་ནས་ལྟ། དགོན་པ་དང་ལྷ་ཁང་། བླ་མ་གྲྭ་བཙུན་ཚོགས་སུ་གྲྭ་གཟུགས་སོ་བ་ཉོས་ནས་ཉིན་དང་མཚན་ལ་ལྐོག་ཏུ་བལྟ་རུ་མངག གདོང་ངོས་འཛིན་བྱེད་ཀྱི་མྱུལ་ལྟའི་འཕྲུལ་མིག་གང་སར་གསར་འཛུགས་བྱས་ཏེ་མང་ཚོགས་ནོར་ལུག་བཞིན་འཚོ་ཞིང་། རང་འཕུར་གནམ་གྲུའི་མྱུལ་ཆས་དག་གིས་སྤྱི་ཚོགས་རྗེས་འདེད་ཀྱིས་བཙན་དབང་གིས་སྒེར་གཅོད་གཏིང་འཛིན་ལག་བསྟར་བྱེད། བརྡ་འཕྲིན་གྱི་སྤྱི་ཚོགས་གསར་ལམ་ཡོངས་དང་། གློག་ཀླད་དང་ཁ་པར། འཕྲུལ་རིགས་ཡོངས་ཀྱི་བརྡ་འཕྲིན་བང་མཛོད་གྲངས་ཐོ་བསྡུས་ཏེ་བསོག་འཇོག་གིས་དབྱེ་ཞིབ་བརྟག་དཔྱད་བྱས་མཐར། གནག་སེམས་དམིགས་ཚད་བཟུང་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཅི་བྱེད་དང་། ཅི་བལྟ། ཅི་མཉན། ཅི་འདོད་པར་ཐད་ཀར་འགོག་ཅིང་འཛིན་མཁན་ཚོ་དངོས་ཤུགས་དང་སྔ་གཞུག་གང་རུང་ལ་མཆོངས་ནས་ཡོང་།  བོད་རིགས་ནང་ཁུལ་གཏོར་བཅོམ་འགལ་རྐྱེན་བཟོ་ཐབས་ཀྱི་ཞོ་ལྔའི་དྲྭ་དམག་སྤྱི་ཚོགས་གསར་ལམ་བསྐོར་ནས་ཤ་མོ་བརྡོལ་བཞིན་པ་འདི་རེད། བཞི། དེང་སང་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་ཟེར་བ་དང་། བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་བདུན་བཅུ་ཟེར་བ་འཁོར་བའི་དུས་ཚིགས་སྲུང་བརྩི་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བར་སློབ་སྦྱོང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་ལ་དྲན་དགོས་པ་ཟེར་བ་ལ་སོགས་པས་བོད་རིགས་མི་མང་ལ་དམིགས་གསལ་སྐུལ་དེད་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་པ་དང་། ལྷག་པར་ཏུ། ཉེར་ཆར་ལྷ་སའི་གཙུག་ལག་ཁང་གི་སྒོ་ཆེན་སྟེང་གི་དམར་ཤོག་གི་རྒྱ་ཡིག་གི་དྲིལ་བསྒྲགས་དེ་དང་། ཕོ་བྲང་པོ་ཏ་ལ་ཡི་ཐོག་ཏུ་རྒྱ་ཡིག་འབོད་ཚིག་ཆེན་པོའི་འཕྲལ་དར་ཕྱར་ཏེ་རྒྱ་མི་མ་གཏོགས་བོད་མི་ཚོ་ཕོ་བྲང་ལ་སྐོར་ར་འགྲོ་མི་ཆོག་པའང་བཟོས་པ་འདིས་ཀྱང་གསལ་ཁ་བསྟན་འདུག ད་དུང་བོད་ཀྱི་ས་ཁུལ་ཏུ་་བྱིས་པའི་སེམས་པ་དམར་ཤོག་ལ་ཕྱོགས་པ་དང་དམར་ཤོག་གི་རྗེས་སུ་འབྲངས་པ་ཟེར་བའི་བྱེད་སྒོ་འདིས་བསམ་གཟེས་ནས་བོད་པའི་སྤྱི་ཚོགས་ཀྱི་ཉིན་རེའི་འཁོར་སྤྱོད་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་ཀྱི་གོ་སྐབས་ཉིན་རེ་ལས་ཇེ་ཉུང་དང་ཇེ་ཉུང་དུ་བཏང་དང་གཏོང་བཞིན་པ་དེས་དངོས་སུ་གསལ་སྟོན་བཤམས་འདུག དེ་ལས་ཀྱང་ཉེན་ཁ་ཆེ་བ་ཅན་ནི་ད་ལོ་རྒྱ་དམར་པོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩར་བསྙབས་ཏེ་དགོན་སྡེ་ཁག་གི་ནང་ཡང་ཆོས་ལུགས་ལྟ་གྲུབ་རྒྱ་ཡིག་གི་ཐོག་སློབ་སྦྱོང་བྱེད་དགོས་ཟེར་བ་དེ་རེད། ད་རུང་ད་ལོ་ནས་བཟུང་རྒྱ་ནག་གི་དབྱིན་ཡིག་གསར་ལམ་ཁག་ལ་བོད་ཀྱི་གནས་ཚུལ་སྤེལ་སྐབས་དབྱིན་ཡིག་ནང་Tibetཞེས་འབྲི་མི་ཆོག་པར་xizhang ཞེས་འབྲི་དགོས་པར་བྱས་པ་དེས་བོད་འདི་རྒྱལ་སྤྱི་རང་བཞིན་གྱི་མིང་བརྡ་ལས་རྩ་མེད་དུ་ཡལ་བར་གཏོང་བའི་གཡོ་བྱུས་འཁྲབ་བཞིན་པ་དེ་དག་ཚང་མ་ང་ཚོ་བོད་མི་རིགས་ཀྱིས་ཤེས་ཤིང་ཚོར་དགོས་སོ། ལྔ་བ། བོད་མི་ཞིག་གིས་རྒྱ་ནག་དམར་ཕྱོགས་ལ་ག་ཚོད་ཡིད་ཆེས་བྱེད་ཅིང་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཞུ་སྒྲུབ་ཀྱང་དེ་ཚོད་ཀྱིས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བཏང་སྟེ་མཐའ་མར་མ་ཉེས་ཁག་གཡོགས་ཀྱིས་དམར་གསོད་གཏོང་བ་དེ་རེད། དེ་མིན་ན་ཁ་རྒྱུ་འབྱོར་གྱིས་བཅད་དེ་དུར་འཇུག་བྱེད་པ་རེད། ཡང་ན། བོད་རྒྱ་གང་གི་ཕྱོགས་སུ་འགྲོ་བར་མ་བཅུག་པར་རང་སྲོག་གཅོད་པར་འཇུག་པ་རེད། ཁྱེད་བོད་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱི་བསམ་པ་ག་ཚོད་དམར་ཕྱོགས་ལ་དཀར་ནའང་ཁོ་ཚོས་ཁྱེད་ལ་ནམ་ཡང་ཡིད་ཆེས་བྱེད་མི་སྲིད་པ་དེ་རེད། དེ་ནི་ང་ཚོ་བོད་མི་རིགས་ཀྱི་མི་ཐོག་བཞིའི་རིང་ལ་དམར་ཕྱོགས་ཀྱི་བཙན་འོག་ནས་བསྡད་དེ་ལོ་རྒྱུས་ལས་བསགས་པའི་མཉམ་མྱོང་གི་ར་སྤྲོད་བདེན་དཔང་དེ་རེད། མཐར་གཏུགས་ན། དམར་པའི་སྲིད་ཇུས་རྒྱ་བསྒྱུར་ཅན་གྱིས་བོད་མི་རིགས་རྩ་གཏོར་མྱུར་བའི་ཚད་དེ་མངོན་ལྐོག་དང་རྒྱབ་མདུན་ཡོངས་ནས་ཉིན་མ་རེ་རེ་ལ་ཇེ་ཐུ་ནས་ཇེ་མགྱོག་རེད། བོད་མི་རིགས་འདི་གོ་ལ་ཟླུམ་པོའི་ཐོག་ནས་ཀྱང་ཅང་མ་འགོར་བར་རྩ་མེད་དུ་ཡལ་རྒྱུ་རེད།

དམ་ཆོས་བསམ་འཕེལ་གྱིས་ནུབ་ཕྱོགས་ཧོ་ལན་ཌི་ནས། ༢༠༢༡ ༡༡ ༢༣

བསམ་ཚུལ།

Post navigation

Previous Post: སྒྱུར་རྩོམ་༼སྡོམ་ཆར་ལོའི་དྲ་བ།༽
Next Post: རྒྱ་ནག་གཞུང་གིས་དངོས་ཤུགས་ལྐོག་གསུམ་ནས་བོད་མི་རིགས་ཀྱི་བླ་སྲོག་ཚེ་གསུམ་གཅོད་བཞིན་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme