Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་ཞི་མོལ་གྱི་བཀག་རྡོ། སྲིད་སྐྱོང་བློ་བཟང་སེང་གེ 


Posted on 2018-12-11 By ཁ་བརྡ 11 Comments on བོད་རྒྱ་ཞི་མོལ་གྱི་བཀག་རྡོ། སྲིད་སྐྱོང་བློ་བཟང་སེང་གེ 


བློ་གྲོས་རབ་བརྟན།
 
བློ་སེང་གི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བསྡད་དེ། ལོ་བརྒྱད་ཙམ་འགྲོ་སོང་། བོད་རྒྱ་ཞི་མོལ་ཞིག་ཕར་ཟད་རྣམ་འགྱུར་ཙམ་ཡང་མཐོང་ཐུབ་མེད། དེའི་རྐྱེན་རྩ་བློ་སེང་གིས་བཤད་ན། རྒྱ་ཕྱོགས་ལ་རག་ལས་པ་ལས་ང་ཚོའི་ལག་ན་མེད་ཚུལ་ཤོད་ཀྱི་ཡོད། རེད་དེ་དེ་ཙམ་གྱིས་ཡོངས་སུ་འཐུས་པ་ཞིག་མ་རེད། ང་ཚོས་བློ་སེང་ལ་འང་མི་ལྟ་རང་ལྟ་རེད། བློ་སེང་ལ་བལྟས་ན། དངོས་ཡོད་གང་དང་གང་ནས་ལས་ཀ་མ་བྱས་པའམ་བྱེད་མ་ཤེས་པ། མ་འཇོན་པ་ཡིན་པ་ཤེས་དགོས་པ་སྐོར་ཞིག་ཡོད་ཐག་ཆོད་རེད།

ཕྱི་ནས་ཞི་མོལ་ལ་ཁོར་ཡུག་བསྐྲུན་་རྒྱུ་དང་། ནང་ནས་ཐབས་མཁས་བསྟུན་མཁས་ཀྱིས་དོན་ཆེན་བསྒྲུབ་རྒྱུ་དེ་རེད། གནད་དོན་དེ་གཞིར་བཟུང་ནས་བློ་སེང་ལ་བལྟས་ན། བློ་སེང་གིས་བོད་རྒྱ་ཞི་མོལ་ཡོང་བར་ཁོར་ཡུག་བསྐྲུན་ཡོད་དམ། བློ་སེང་གིས་ཁོར་ཡུག་བསྐྲུན་རྒྱུའི་ཚབ་ལ་དེ་སྔ་ཟམ་གདོང་རིན་པོ་ཆེའི་རིང་ལ་བསྐྲུན་པའི་ཁོར་ཡུག་དེ་ཡང་རྩ་གཏོར་བཏང་སོང་། བློ་སེང་གིས་སྔ་ཕྱི་ཐེངས་འགའ་ལ་དོན་ཏག་མེད་སར་རྒྱ་གཞུང་ལ་ཕོག་ཐུག་འགྲོ་བའི་སྐད་ཆ་མང་པོ་བཤད་སོང་། ཉེ་ཆར་ཡོ་་རོབ་ནས་ཡོ་ཡོབ་མཉམ་འབྲེལ་ལ། རྒྱ་གཞུང་དང་མཉམ་དུ་གཟབ་གཟབ་མ་བྱས་ན། ཡོ་རོབ་མཉམ་འབྲེལ་བོད་ནང་བཞིན་ཆགས་རྒྱུ་རེད་ཅེས་བཤད་ཡོད། དོན་ངོ་མ་བཤད་ན། ཡོ་རོབ་མཉམ་འབྲེལ་སྐོར་ལ་བློ་སེང་ལ་ཇུས་གཏོགས་མེད་ཅིང་། ཡོ་ཡོབ་མཉམ་འབྲེལ་ལ་མཚོན་ན་གང་ཐད་འཛམ་གླིང་འདིའི་མདུན་དུ་ཐོན་ཏེ། མིའི་རིགས་ཡོངས་ལ་འགན་ལེན་བཞིན་པའི་གླིང་ཆེན་ཞིག་རེད། ཁོང་ཚོའི་མདུན་ལམ་ལ་ང་ཚོས་ཅིག་བཤད་བསྡད་ན་མི་རྣམས་དགད་མོ་ཤོར་བའི་རྒྱུ་རེད།་ཡོ་རོབ་མཉམ་འབྲེལ་ལ་ཞུ་དགོས་པ་དེ་ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་བོའི་སྐོར་ནས་བཤད་དེ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་རེད། ཞུ་དགོས་པ་དེའི་ཚབ་ལ་ཞུ་མི་དགོས་པ་རྒྱ་གཞུང་ལ་ཕོག་ཐུག་འགྲོ་བའི་སྐད་ཆ་བཤད་པ་ནི་རང་དོན་སྒྲུབ་སྟངས་མ་ཤེས་པ་དང་། བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་ཏེ་སྲིད་སྐྱོང་གི་འགན་འཁྲི་དང་ལས་འགན་དེ་ཡོངས་སུ་དོར་བ་ཞིག་དང་། བོད་རྒྱ་འབྲེལ་མོལ་དང་གོང་ས་མཆོག་བོད་དང་རྒྱ་ནག་ཏུ་ཕེབས་པར་འགོག་རྐྱེན་བཟོ་བཞིན་འདུག

སྲིད་སྐྱོང་བློ་སེང་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་མངོན་འདོད་བསྒྲུབ་རྒྱུ་ལས་ལྷག་པའི་ལས་དོན་གཞན་མེད་ཅིང་། བློ་སེང་གིས་རྒྱ་གར་དང་ཡོ་རོབ། ཁ་ན་ཌ་བཅས་ནས་རང་གི་གནས་བབ་དང་འགན་འཁྲི་ལས་བརྒལ་ཏེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་། ཤིན་ཅང་དང་ལྷོ་སོག་གི་གནད་དོན་སོགས་ཀྱི་ཐད་མི་ཤེས་ཤེས་མདོག་གིས་ཕན་མི་ཐོགས་པའི་རྙོག་གཏམ་མང་པོ་བཤད་སོང་། དེ་དག་བློ་སེང་གི་ལས་ཀ་མ་རེད་ལ། རང་ཉིད་བཙན་བྱོལ་བ་ཞིག་གི་གནས་བབ་ངོས་མ་ཟིན་ཅིང་། ཆབ་སྲིད་པ་ཞིག་ལ་མཚོན་ན་བཤད་དགོས་པ་དང་བཤད་མི་དགོས་པའི་ས་མཚམས་ཡོད་པའང་བློ་སེང་ལ་རྒྱུས་མེད་ཡིན་ཚོད་རེད།

དེ་སྔོན་ཞིག་ལ། བློ་སེང་གིས་བོད་རྒྱ་འབྲེལ་མོལ་དེ་ཁོ་རིང་ལ་ཆད་པ་ཞིག་མ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་རིང་ནས་ཆད་པ་རེད་ཅེས་བཤད་སོང་། ཟམ་གདོང་རིན་པོ་ཆེའི་རིང་ལ་འབྲེལ་མོལ་ཐེངས་ག་ཚོད་བྱུང་སོང་། ཧ་ལམ་ལོ་གཅིག་ལ་ཐེངས་རེ་བྱུང་ཡོད།ཁྱོད་སྲིད་སྐྱོང་ལ་བསྡད་དེ་ལོ་བརྒྱད་ཙམ་རེད། འབྲེལ་མོལ་ཞིག་ཕར་ཟད་འབྲེལ་མོལ་ལ་ཉེ་བའི་རྣམ་པ་ཙམ་ཡང་མཐོང་མ་ཐུབ་པ་ཅི་ཡིན་ནམ། ཁག་གཞན་ལ་འཁྲི་ས་གང་ཡང་མེད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཁྲི་ལ་སུ་བསྡད་ཡོད་དམ། སྡོད་མཁན་དེ་ལ་འགན་ཆ་ཚང་ཡོད་ཅིང་། དེའི་ལྷག་བསམ་དང་འཇོན་ནུས། ཐབས་ཇུས་གསུམ་གྱིས་ཐག་བཅད་ཡོད་པས། བློ་སེང་ལ་དེ་གསུམ་གྱིས་དབེན་སོང་བས་བོད་རྒྱ་འབྲེལ་མོལ་མ་བྱུང་བ་དེ་ཀུན་གསལ་རེད།

སྟབས་མ་ལེགས་པ་ཞིག་ལ། བློ་སེང་སྲིད་སྐྱོང་ལ་བསླེབས་རྗེས་བོད་རྒྱ་ཞི་མོལ་དང་། རྒྱ་བོད་འབྲེལ་མཐུད་ལ་གོད་ཆག་བསྟུན་མར་བྱུང་སོང་། འབྲེལ་མོལ་སྐུ་ཚབ་གཉིས་ནས་སྔ་ཕྱི་ནས་རྩ་དགོངས་པ་ཞུས་པ་དང་། ཚབ་ལ་སུ་ཡང་བསྐོ་བཞག་བྱས་མེད་ཅིང་། དེ་བཞིན་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་རྡ་སར་བླངས་ཏེ། ལོ་གཉིས་མ་ཟིན་ཙམ་དུ་བྱང་ཨ་རིའི་ནང་རྒྱ་རིགས་འབྲེལ་མཐུད་པ་མེད་པར་གྱུར་ཅིང་། བློ་སེང་གིས་ཀུན་དགའ་བཀྲ་ཤིས་རྡ་སར་ལེན་དོན་གྱི་གཡོ་ཇུས་ངོ་མ་ནི་འབའ་བ་སྐལ་བཟང་རྒྱལ་མཚན་ཚབ་ཏུ་བསྐོས་ཏེ། ཨ་རིའི་དོན་གཅོད་དུ་བློ་སེང་གི་ཕྱོགས་གཏོགས་ཚོས་ཡོངས་སུ་འཛིན་རྒྱུ་དེ་རེད་དེ། འབའ་བ་སྐལ་བཟང་རྒྱ་མཚན་ཨོ་གླིང་དུ་སྲིད་བཙོན་གྱི་མིང་ཐོག་ནས་བསྐྱོད་པས། ཨ་རིའི་དོན་ཁང་དུ་བསྐོ་མ་ཐུབ་ཀྱང་ཁོ་ལ་ཨོ་གླིང་དོན་གཅོད་དུ་རྒྱ་རིགས་འབྲེལ་མཐུད་པའི་ལས་ཀ་སྤྲད། ཨ་རིའི་དོན་ཁང་དུ་འབྲེལ་མཐུད་པ་མེད་རིང་ལ་མི་སྐོར་ཞིག་གིས་ལས་ཀ་དེར་སྙན་ཞུ་ཕུལ་ཀྱང་ངོས་ལེན་བྱས་མེད་ལ། མཐའ་མ་དེར། ཀུན་དགའ་བཀྲ་ཤིས་ཡང་བསྐྱར་འབྲེལ་མཐུད་པར་བསྐོས། ཡིན་ནའང་། ཀུན་བཀྲ་ཉེ་བའི་ཆར་མིང་སྙན་མོ་ཞིག་བཏགས་ཏེ་ཡང་བསྐྱར་རྡ་སར་གནས་སྤོ་གནང་། རེད་དེ། ཁོ་བཀའ་ཤག་ཏུ་ཟླ་འགར་བསྡད་རྗེས་གཞུང་ཞབས་ནས་རྩ་དགོངས་ཞུས་སོང་། མི་རྒན་ཉམས་མྱོང་ཅན་ཁོང་ལྟ་བུ་བོད་མིའི་འཐབ་རྩོད་ལ་དགོས་མཁོ་ཡོད་ཀྱང་བློ་སེང་གི་ཟུར་ན་བསྡད་ཐུབ་ཀྱི་མེད། བློ་སེང་གིས་ད་ལྟའི་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་གི་རེ་འདོད་ལྟར་ནང་མི་དང་མཉམ་དུ་ཨ་རི་ལ་ལས་ཀ་སྤྲད་པ་བཞིན། ཀུན་དགའ་བཀྲ་ཤིས་ལ་འང་དེ་མཚུངས་ལས་ཀ་སྤྲད་ན་མ་ཆོག་པ་ཡོད་དམ། བློ་སེང་གི་དམིགས་ཡུལ་ནི་ཨ་རིའི་དོན་ཁང་རང་གི་ཕྱོགས་གཏོགས་ཚོས་འཛིན་རྒྱུ་དེ་རེད། ད་ལྟའི་ཆར་དོན་ཁང་དུ་དཔལ་སྐྱིད་ཟེར་བའི་བུད་མེད་ལས་བྱེད་གསར་བ་ཞིག་ཀྱང་བཞག་འདུག་ན་ཁོའི་དམིགས་ཡུལ་དེ་ཡོངས་སུ་བསྒྲུབས་ཐུབ་ཡོད།

བློ་སེང་གིས་ཆེན་པོ་ཞིག་ཤེས་ཡོད་མདོག་དང་། གནད་དོན་ཆེ་ཁག་ཁོ་ལ་འབྲེལ་བ་ཡོད་མདོག་སྟོན་ཕྱིར། དེ་སྔོན་གསར་ལམ་འགར་གོང་ས་མཆོག་མགྱོགས་པོར་རྒྱ་ནག་ཏུ་གནས་གཟིགས་ལ་ཕེབས་རྒྱུ་རེད་ཅེས་བཤད་སོང་ལ། དེ་རྗེས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གོང་ས་མཆོག་རྒྱ་ནག་ལ་ཕེབས་འཆར་གང་ཡང་མེད་པ་རེད་ཅེས་གསལ་བཤད་གནང་དགོས་འཁེལ་ཡོད། གཅིག་གིས་ཕེབས་རྒྱུ་རེད་ཟེར་བ་དང་གཞན་དེས་མ་རེད་ཟེར་བ་གཉིས་ཀྱི་བར་ནས་ལས་དོན་ལ་སུས་འགོག་རྐྱེན་བཟོ་བཞིན་ཡོད་དམ། རང་ཉིད་ཆེ་མདོག་དང་ཡིན་མདོག་སྟོན་ཕྱིར་བཤད་མི་དགོས་དག་བཤད་དེ། རྒྱ་བོད་བར་ཕན་ཚུན་ཐབས་མཁས་བསྟུན་མཁས་དང་གོ་ཤེས་ཉན་ཤེས་ཀྱིས་ལས་དོན་སྒྲུབ་པར་གནོད་ག་ཚོད་སྐྱེལ་གྱིན་ཡོད། ང་ཚོས་ཚོད་དཔག་མི་དགོས་པར་བློ་སེང་གི་ཐོག་ནས་དངོས་སུ་ར་སྤྲོད་བྱེད་ཐུབ་པ་ཁོ་ན་རེད།

བསམ་ཚུལ།

Post navigation

Previous Post: ཕྱི་གླིང་དུ་ཕ་མ་གསར་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ།
Next Post: རྗེའི་ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་གཏམ་ཉུང་ངུ་།    

Comments (11) on “བོད་རྒྱ་ཞི་མོལ་གྱི་བཀག་རྡོ། སྲིད་སྐྱོང་བློ་བཟང་སེང་གེ 
”

  1. རྟ་བདུན་དབང་བོ says:
    2018-12-11 at 2:53 pm

    རྒྱ་བོད་གྲོས་མོལ་བྱེད་མ་ཐུབ་པ་དེ་སྲིད་སྐྱོང་བློ་བཟང་ལགས་ལ་སྐྱོན་འཛུགས་བྱེད་ན་མི་འོས་སོ། ངས་བློ་བཟང་ལགས་དབུ་ཁྲིད་ཚད་ལྡན་ཞིག་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། འོན་ཀྱང་རྒྱ་བོད་གྲོས་མོལ་དེ་ང་ཚོར་རག་ལས་ཡོད་པ་མ་རེད། གལ་ཏེ་གྲོས་མོལ་འགོ་འཛུགས་བྱས་རུང་གྲུབ་འབྲས་གང་ཡང་འོང་གི་མ་རེད། ཇི་སྲིད་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་པ་དེ་སྲིད་དུ་བོད་ལ་རང་སྐྱོང་ཚད་ལྡན་ཞིག་གཏན་ནས་ཐོབ་མི་སྲིད། ད་ལྟ་ང་ཚོས་བོད་མི་ཚོའི་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་འགྲོ་བར་སྒུག་དགོས་པ་དེ་རེད། དུས་ཚོད་སྔ་ཕྱི་རེད་མ་གཏོགས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་དན་དན་འགྲོ་ཀི་རེད། །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-11 at 9:33 pm

    བོད་རྒྱའི་དཀའ་སྙོགས་སེལ་རྒྱུ་དེ་ལས་སླ་པོ་ཞིག་ལ་ནམ་ཡང་
    ངོས་འཛིན་བྱེད་ཀྱི་མེད་ལ་བོད་དང་རྒྱ་ནག་ཕྱོགས་གཉིས་ངོས་
    ནས་འགན་ཁུར་དགོས་པ་ལས་ང་ཚོའི་ངོས་ནས་བསྟུན་མཁས་
    གང་ཐུབ་དང་རྒྱ་མིའི་ངོས་ནས་ཡ་ལན་མ་སྤྲད་ན་ང་ཚོར་བྱེད་རྒྱུ་
    གང་ཡང་མེད་ལ་གལ་ཆེ་ཤོས་དེ་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་
    འཛུགས་འདི་མང་གཙོའི་ལམ་ལུགས་ཁྲིམས་ཀྱི་དབང་བསྒྱུར་འོག་
    ཏུ་ཡོད་པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ནང་གི་ལས་དོན་ཡོངས་
    རྫོགས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་
    སྲིད་ཇུས་དང་མ་འགལ་བའི་ཐོག་ནས་འཛིན་སྐྱོང་གི་ཕྱག་ནས་
    གནང་རྒྱུ་དེ་གལ་ཆེན་དོན་ཆེན་ལ་ངོས་འཛིན་ཞུ་གི་ཡོད།

  3. སྤར་ཤད། says:
    2018-12-11 at 11:55 pm

    རྟ་བདུན་དབང་པོ་ལགས་ཀྱིས་བཤད་པའི་ཕྱོགས་གཅིག་ལ་གནས་ལུགས་འདུག མང་མང་གིས་བཤད་ཀྱིན་པ་ནང་བཞིན་སྲིད་སྐྱོང་གི་བོད་རྒྱ་འབྲེལ་བྱས་ཏེ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་གི་ཡིན་ཞེས་པའ་ིདམ་བཅའ་དེ་ནི་སྟོང་འབའ་ཞིག་རེད་དེ། འོན་ཀྱང་། བློ་སེང་ལ་སྤྱི་སེམས་ལྷད་མེད་པ་ཞིག་ཡོད་ན། བཙན་བྱོལ་སྤྱི་ཚོགས་འདི་ཆིག་སྒྲིལ་དང་། འཛིན་སྐྱོང་གང་ཐད་ནས་སྲ་ཐག་ཐག་ཅིག་བཟོ་ཐུབ་པའི་ལམ་ཁ་ཞིག་ཅིས་ཀྱང་ཡོད་མོད། བློ་སེང་གིས་བསམ་བཞིན་དུ་བཙན་བྱོལ་སྒྲིག་འཛུགས་འདི་ལ་གཏོར་ལུང་གཏོར་བྱས་སོང་། ད་ནི་བློ་སེང་འདིའི་བྱེད་ལས་དང་དམིགས་ཡུལ་ཅི་ཡིན་ལ་དོགས་པ་ཟ་དགོས་པའི་ཚད་རེད་དོ།།

  4. བོད་ཁམས་སྡེ། says:
    2018-12-12 at 3:56 am

    མི་སུ་འདྲ་ཞིག་ཡིན་རུང་། སྔོན་ལ་མི་ཐོག་ལ་རང་བཞག་ རང་ཐོག་ལ་མི་བཞག་ནས་སྐད་ཆ་རེ་བཤད་ན་འདྲ་ཆགས་པོ་ཡོད་རེད། མ་གཞི་བཙན་བྱོལ་མི་མངས་རྒྱ་ཆ་དགུ་བཅུ་འམ་དྲུག་བཅུ་ཡན་གྱིས་བློ་བཟང་སེང་གེ་དབུ་ཁྲིད་ལ་བདམས་ཡོད་པ་ཤེས་ཀྱི་ཡོད་་་ ངས་བློ་སེང་དབུ་ཁྲིད་ཚད་ལྡན་ཞིག་རེད་ནམ་ཡང་བསམས་མྱོང་མེད་ ཡིན་ནའང་བཙན་བྱོལ་དུ་གནས་ནས་མི་ལོ་དྲུག་བཅུའི་རིང་ལ་སྒྲུབ་མི་ཐུབ་པའི་གནོད་དོན་དེ་ཚོ་བློ་སེང་གིས་ལོ་བཅུའི་ནང་་ལ་བསྒྲུབ་དགོས་ཡོད་ཟེར་བ་དང་ བཙན་བྱོལ་ནང་གིས་མ་འགྲིག་མ་མཐུན་ས་ཚང་མ་བློ་བཟང་སེང་གེ་གཅིག་པོའི་མགོ་ལ་གཡོག་བཞག་ན་ རྣམས་ཀུ་ཏུ་ཁ་ནས་བྱམས་སྙིང་བརྗེ་དང་ལས་རྒྱུ་འབྲས་སྐྱེ་བ་བསྔ་ཕྱི་བཤད་ནས་འགྲོ་སྡོད་མཁན་གྱི་མི་རིགས་ཞིག་གི་སྐད་ཆ་ཡིན་ནམ།།

  5. སྤར་ཤད། says:
    2018-12-12 at 6:56 am

    ༸གོང་ས་མཆོག་གིས་བསྟན་པ་མགོ་ནས་བཤིག་བཞིན་འདུག་ཅེས་གསུང་སྐད་ཤོར་དགོས་ཐུག་ཡོད། བཙན་བྱོལ་གཞུང་གིས་མི་ལོ་དྲུག་ཅུའི་རིང་སྒྲུབ་མ་ཐུབ་པ་ཞིག་སྲིད་སྐྱོང་ཁོག་སྟོང་འདིས་སྒྲུབ་མི་ཐུབ་པ་ལོས་ཤེས་མོད། འོན་ཀྱང་། ང་ཚོ་ཧང་སངས་བ་དང་སྐད་ཤོར་དགོས་དོན་ནི་བློ་སེང་ཁོག་སྟོང་འདིས་༸གོང་ས་མཆོག་གི་གཙོས་མི་རབས་རྒན་པ་དག་གིས་དཀའ་སྡུག་གི་རྔུལ་ཆུ་གྲངས་མེད་གཏོར་ནས་བསྐྲུན་པའི་བཙན་བྱོལ་སྒྲིག་འཛུགས་འདི་ཁྲག་བཞིན་དཀྲུག་སོང་པས་ཡིན། འདིའི་གཏེ་བོ་བློ་སེང་ཡིན་པ་བསྙོན་དུ་མེད་པས་བློ་སེང་ནག་འདེད་བྱས་པ་ནི་གནས་ལུགས་དང་མཐུན་པ་ཞིག་ཡིན་ནོ།།

  6. ཨ་འབར་རོ་འཇིགས་དབང/ says:
    2018-12-12 at 3:13 pm

    ༄༅། བོད་རྒྱའི་དཀའ་རྙོག་འདི་ལས་སླ་བོ་གཏན་ནས་མ་རེད།
    རྒྱ་དམར་པོ་ནས་ག་དུས་ཡིན་ཡང་་ཕྱི་སྡོད་བོད་མི་ཚོར་་་ཁ་བྲལ་བ་ཡིན་སྐོར་ཤ་
    སྟག་བཤད། བོད་མིས་ཕྱོགས་ནས་ག་དུས་ཡིན་ཡང་རྒྱ་མི་ལ་ངོ་རྒོལ་སྐྱོན་བརྗོད་ཤ་སྟག་བཤད་
    དེ་དོན་དངོས་ཐོག་ལ་ངེས་པར་གནོད་ཀྱི་ཡོད་པ་རེད། རྒྱ་བོད་གཉིས་བར་ལ་བཀའ་མོལ་
    གནང་མཁན་རྒྱལ་ཁབ་ཚད་ལྡན་ཤུགས་ཅན་གཅིག་ངེས་པར་དགོས་པ་འདུག།
    སྲིད་སྐྱོང་ལ་སྐྱོན་འཛུགས་བྱེད་རྒྱུ་གཏན་ནས་མེད། སྲིད་སྐྱོང་གི་ཕྱག་ལ་མེད་པ་ངེས་པར་
    ཤེས་དགོས་པ་ཡིན།
    སྲིད་སྐྱོང་ནས་གང་ཐུབ་ཅི་ཐུབ་ཕྱག་ལས་གནང་གི་འདུག་པ་ཤེས་དགོས།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-12 at 8:56 pm

    དབུ་མའི་ལམ་གྱི་དགོས་མདུན་དེ་བོད་རྒྱ་གཉིས་ནས་འགྲུབ་དགོས་
    ན་རྒྱ་མིའི་ངོས་ནས་ཁ་བྲལ་ཟེར་བའི་ཚིག་དེ་ཕྱི་འཐེན་དགོས་པ་དང་
    བོད་མིའི་ངོས་ནས་ངོ་རྒོལ་སྐད་འབོད་བཞག་ནས་བོད་རྒྱ་གཉིས་
    ལྕོག་རྩེ་གཅིག་གི་སྟེང་དུ་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་
    ཉན་བྱས་ནས་གཉིས་སྨན་དབུ་ལམ་འཚོལ་དགོས་པ་དེ་བོད་རྒྱའི་
    དཀའ་སྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་
    ཞུ་གི་ཡོད།

  8. ཨ་འབར་རོ་འཇིགས་དབང/ says:
    2018-12-12 at 11:35 pm

    ༄༅། སེམས་ནས་གང་དྲན་ཁ་ནས་འདོན་རྒྱུ་སླ་ཡང་དོན་དངོས་ཀྱི་
    འགྲུབ་འབྲས་ཐོན་རྒྱུ་དཀའ་ཞིང་དཀའ།
    ཁ་བཤད་ཆུ་ཡི་ལྦོ་བ་དང། ལག་ལེན་གསེར་གྱི་ཐིགས་པའི་དཔེ་ལྟར་རེད།
    ལྕོག་རྕེའི་སྟེང་ལ་བཤད་འདོད་ཡོད་ཀྱང་ཉན་རྒྱུའི་རང་དབང་སོ་སོར་མེད་པ་རེད།
    གཞན་གྱི་རྐུབ་བཀྱག་ཐོག་སོ་སོ་བསྡད། སོ་སོའི་བསྡད་སར་གཞན་བཞག་ནས་ལྟོས་དང།
    གཞི་ནས་ཤེས་ཀྱི་རེད།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-13 at 1:48 am

    གཏམ་ཨ་ཕས་མ་བཤད་ཨ་མས་བཤད།
    ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན།
    བདེན་གཏམ་ངོ་མ་བཤད་ཡོད་དོ།

  10. དགོན་པ་ཚང་ དར་རྒྱས་ says:
    2018-12-13 at 1:34 pm

    སྤྲང་ཕྲུག་འགོ་ལ་སྡད་ནས་བག་མེད་ལོངས་སྤྱོད་ཀྱིས་བོད་གཞུང་གི་དངུལ་བེད་སྤྱོད་བྱས་ནས་ཐུགས་རྗེ་ཚེ་ཞུ་ཡིན་ཟེ་ནས་འཛམ་གླིང་གང་སར་ཁ་ཐོར་ནས་སྡད་པའི་བོད་མི་ཚོ་མདའདཀྲུག་ཕུ་དཀྲུག་བཟོས་ཁྱི་ཕྲུག་ཡིན་བཞིན་སེང་ཕྲུག་ཡིན་འདོག་གིས་སྔོན་མ་སྲིད་བསྐྱོང་འོས་མིར་ལང་སྐབས་བོད་མིར་སྟོང་བཤད་བཤད་པ་ནང་བཞིན་ཕྱི་རྒྱལ་བ་ཚོར་བཤད་ནས་མ་འོང་པར་བོད་མིར་ཡིད་ཆེད་མེད་པ་བཟོས་དེའི་བརྒྱབ་ཙར་ཁམ་ཕྲུག་ཁག་ཅིག་ཟི་ནས་བརྒྱབ་བསྐྱོར་ཡིན་འདོག་གིས་བློ་སེང་ལ་པག་སྐྱེས་བསླང་དེས་ན་བློ་སེང་གིས་དེ་བས་ཀྱང་ཧམ་བཤད་ཆེ་རུ་གཏང་དོན་དངོས་བློ་སེང་རང་ཉིད་ལོ་རྒྱུས་ཐོག་མི་ངན་ཡིན་པ་ལས་མི་བཟང་མིན་པའི་གཏམ་རྒྱུད་ཞིག་ཆགས་ཀྱི་ཡོད་པའང་བློ་སེང་གི་ཧ་མི་གོ་བས་བོད་མའི་འགོ་འཁྲིད་གང་འདྲ་ཟེ་? ཡིན་ནའི་ད་ཕྱིས་དྲག་པ་རེད་ལི་ཐང་གི་ཨ་ཐ་གཉིས་པ་རེད་ཨ་ཐར་གྱིས་རང་ཉིད་དཔའ་བོ་ཡིན་འདོག་རྒྱ་ལ་དམག་བརྒྱབ་ཏབ་བཤད་པ་དང་དེའི་ཐོག་ཁམ་ཕྲུག་ཁག་ཅིག་གིས་་ཁོ་པར་པག་སྐྱེས་བསླང་འོ་ན་རྒྱ་ཐོག་མར་་མར་ཁམ་ཁུལ་ནས་བོད་ནང་ཡོང་སྐབས་མཐའ་སྤྲོད་མ་གཏང་བར་དབུས་ཁུལ་ལ་ཡོང་དབུལ་ཁུལ་གྱི་བོད་མའི་ཐོག་ཇགས་པ་བརྒྱབ་དབུས་པ་ཚོ་ཁམ་པ་སླེབས་སོ་ཟེ་ན་ཞེ་སྣང་ཆེ་ཤོས་སྐྱེ་ས་ཆགས་དཔའ་བོ་དེའང་དབུས་ཁུལ་གྱི་བོད་མིའི་ཐོག་ཇགས་པ་བརྒྱག་མཁན་གྱི་དཔའ་བོ་ཞིག་དང་རྗེས་སུ་རྒྱ་གར་ནང་གི་བོད་མི་ཚོ་ཐུག་པ་དཀྲུག་དཀྲུག་གཏོང་མཁན་གྱི་དཔའ་བོ་ཞིག་ནང་བཞིན་ད་ལྟ་བློ་སེང་དེ་དང་གཅིག་མཚུང་རེད།

  11. ཨ་འབར་འཇིགས་དབང། says:
    2018-12-16 at 11:21 pm

    སྤྲག་ཕྲུག་ང་ཚོ་ཚང་མ་རེད།
    འཐབ་རྩོད་བྱེད་སར་བྱེད་མ་ཐུབ། རང་ཡུལ་བཙན་པོས་འཕྲོག་ རྒྱུས་མེད་མི་ཡུལ་
    གང་སར་བསླེབས།
    རྒྱལ་བའི་བཀའ་མི་རྕི། རང་ཉིད་མཁས་མདོག་ བྱོན་མདོག་ག་རེ་བཏོན་ཡང་།
    བྱོན་མདོག་མཁས་མདོག་གང་ཡོད་ཚང་མས་ཤེས་གསལ་རེད།
    རང་ཉིད་སོ་སོར་ལྟོས། ག་པར་བསྡད་ཡོད། ལས་ཀ་ག་རེ་བྱེད་ཀྱི་ཡོད།
    ལྟོ་ག་རེ་ཟ་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme