Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།

Posted on 2008-11-222008-11-22 By དགེ་རབ་ 2 Comments on བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།

དགེ་མཐར།

བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དེ་ཕྱི་ལོ་ ༢༠༠༨ ཀྱི་ཟླ་བ་ ༡༠ ཚེས་ ༣༠ ནས་ ཟླ་བ་ ༡༡ ཚེས ༥ ཚེས་ནས་ཚེས་བར་རྒྱ་རི་བློ་གྲོས་འཁོར་རྒྱ་ནག་ལ་ཐོན་པ་དང་རྒྱ་ནག་ཏུ་སླེབས་རྗེས་གནས་ཚུལ་གང་ཡང་མེད་པར་ཉིན་གྲང་མང་ཆེ་བ་བལྟ་སྐོར་ལ་ཕྱིན་ནས་མཐའ་མ་ཉིན་གཉིས་རིང་བགྲོ་གླེང་ཚོགས། ཚོགས་འདུའི་རྗེས་རྒྱ་གར་དུ་བསླེབས་མཚམས་ལྡི་ལིར་བཀའ་ཁྲི་ལ་ངོ་ཐུག་དང་བཀའ་ཁྲི་ནས་སྐབས་འདིའི་གྲོས་མོལ་གྱི་སྐོར་གསར་འགོད་གསལ་བསྒྲགས་དེ་དམིགས་གསལ་ཚོགས་འདུའི་རྗེས་སུ་མ་གཏོགས་མ་བཤད་རྒྱུའི་འབོད་བསྐུལ་གནང་ཚུལ་བརྗོད་དེ་བོད་མི་མང་རྣམས་རྣ་ཅོག་ཀྲོང་ངེར་བཞག སྐབས་འདིར་བསམ་དགོས་པ་ལ་རྒྱ་ནག་ལ་བལྟ་བསྐོར་ལ་བཏང་བ་ཡིན་ནམ་བགྲོས་མོལ་ཆེད་བཏང་བ་རེད་དམ། དུས་ཚོད་མང་བ་བལྟ་སྐོར་ལ་བཏང་དགོས་པ་གང་ཡིན་ནམ། དེ་ནས་གསར་འགོད་གསལ་བསྒྲགས་སྐབས་མཚམས་སུ་མ་གནང་བའི་དགོས་ལ་རྒྱཱུ་མཚན་གང་ཡིན་བཅས་སུས་ཀྱང་རྟོགས་པར་བཀའ།

ཕྱི་ཟླ་ ༡༡ ཚེས་ ༦ ནས་རྒྱ་ནག་གཞུང་ནས་མུ་མཐུད་སྐབས་འདིའི་བགྲོས་མོལ་སྐོར་གྱི་གསར་འགོད་གསལ་བསྒྲགས་རྒྱ་ཆེ་ཞིག་སྤེལ་བ་དང་རྒྱ་རི་བློ་གྲོས་འཁོར་བཅས་ནས་དམིགས་གསལ་ཚོགས་འདུའི་ཉིན་སྔོན་མ་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་དེ་ལ་གསལ་འགོད་གསལ་བསྒྲགས་ཤིག་སྤེལ། འཆར་གཞི་ལྟར་ན་དམིགས་གསལ་ཚོགས་འདུའི་རྗེས་སུ་མ་གཏོགས་གསལ་བསྒྲགས་དེ་མ་སྤེལ་རྒྱུ་ཡིན་པ་རེད། བགྲོས་མོལ་བརྒྱད་པའི་གསལ་བསྒྲགས་དེ་ད་ལེན་གྱི་དམིགས་བསལ་ཚོགས་འདུའི་སྔོན་ལ་མི་མང་ནས་ཤེས་མི་ཆོག་པ་དང་གསལ་བསྒྲགས་གནང་མི་ནུས་པ་ལ་དགོས་པ་ངེས་ཅན་ཞིག་ཡོད་ངེས་རེད། འགྲོ་ལུགས་ལྟར་ན་བགྲོས་མོལ་བརྒྱད་པའི་གསལ་བསྒྲགས་དེ་མི་མང་ནས་གང་མགྱོགས་ཤེས་དགོས་པ་དང་། དམིགས་གསལ་ཚོགས་འདུའི་སྔོན་ལ་དོན་གནད་དེའི་ཐོག་བསམ་གཞིག་གནང་ཐུབ་པ་ཞིག་དགོས་ན་ཡང་བོད་གཞུང་དབང་འཛིན་པ་རྣམས་ནས་དེ་ལས་ལྡོག་པའི་འཆར་གཞི་འཛིན་པ་དེ་ལ་དགོས་པ་རྒྱུ་མཚན་གང་ཡོོད་ཀྱང་ད་བར་མི་མང་ལ་གསལ་པོ་བཟོས་མེད།

ཕྱི་ནང་གི་གསར་གནས་བརྒྱུད་ལམ་ཁག་ནས་ད་ལམ་གྱི་དམིགས་བསལ་ཚོགས་འདུའི་གནས་ཚུལ་ཉན་སྐབས་ཚོགས་མི་མང་ཆེ་བ་ནས་སྔར་གྱི་བཀའ་མོལ་གསུང་རྒྱུན་སྙིང་པ་རྣམས་སྐྱར་བཟློས་ཙམ་ལས་ཐབ་ལམ་གསར་པ་གང་ཡང་བཤད་རྒྱུ་མེད་པ་ལྟ་བུ་འདུག ད་ལེན་ཚོགས་འདུ་འདིར་བོད་ཀྱི་གཞོན་ནུ་ཚོགས་པའི་ལངས་ཕྱོགས་བོད་རང་བཙན་གཙང་མའི་ལས་འགུལ་དེ་མི་མང་གི་ལས་འགུལ་ཞིག་ཏུ་མི་འགྱུར་བར་བཟོ་ཐུབ་པ་དང་། མི་མང་ནས་བཀའ་སྤྱིའི་བཀའ་གང་གནང་འོག་རལ་གྲི་གནམ་གཡུག་ལྟར་འགྲོ་རྒྱུ་ཞིག་གཏན་འབེབ་ཐུབ་ཡོད་པ་སྲིད། བོད་རང་དབང་རང་བཙན་ནི་ཐོག་མ་ནས་ད་བར་བོད་མི་རྣམས་ཀྱི་ཉིན་རེའི་སྨོན་ལམ་དང་ཉལ་བའི་གཉིད་ལམ། སྐྱོ་བའི་གླུ་ཚིག་དང་ངར་བའི་འབོད་ཚིག སྙིང་གི་ནོར་བུ་དང་གཅེས་པའི་རྒྱུ་ནོར་ལྟར་བཅངས་པ་དེ་ད་ཆ་གཏན་བརྗེད་དུ་གཏོང་དགོས་པ་ཡིན་ནམ།

ཚོགས་མི་མཁྱོན་ཆེ་བ་གཞུང་བཀོས་ལས་སྣེ་བ་ཡིན་སྟབས་ཁོང་ཚོས་གཞུང་གི་ལམ་ལུགས་ལས་ལོགས་སུ་བཤད་ཐབ་མེད་པ་གསལ་པོ་ཡིན་པར་སོང། དོན་དངོས་ལ་ཚོགས་ཆེན་འདིར་མི་མང་སྐྱུས་མའི་བསལ་ཚུལ་ངོ་མ་མཚོན་ཐུབ་བཀའ་བ་ཡང་དོ་སྣང་ཅན་རྣམས་ནས་གསལ་པོ་ཤེས་ཐུབ་པ་ཆགས་ཡོད་པ་ཡིན། མི་མང་གི་ཚོགས་ཆེན་ནི་མི་མང་ནས་གདམས་པའི་འཐུས་མི་རྣམས་ཚོགས་དགོས་པ་ལས་གཞུང་བསྐོས་ལས་མི་མང་ཆེ་བའི་ཚོགས་འདུ་དེས་མི་མང་གི་ཚོགས་ཆེན་ངོ་མ་མཚོན་བཀའ་བས། ད་ལེན་གྱི་ཚོགས་ཆེན་གྱི་ལས་འཆར་བཀོད་བསྒྲིགས་པ་རྣམས་ནས་འགན་ཡག་པོ་ཞིག་མཁྱེར་མ་ཐུབ་པ་དང་ཚོགས་འདུ་འདི་༧གོང་ས་ཆེན་པོའི་བཀའ་དགོངས་དང་བཅའ་འཁྲིམས་ཀྱི་ཚིག་དོན་དང་མཐུན་པ་ངོ་མ་ཞིག་ཆགས་མེད་པར་བློ་ཕམ་ཆེའོ།།

རྩོམ་རིག

Post navigation

Previous Post: རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་གི་སློབ་ཆུང་དགེ་རྒན་འགའ།
Next Post: ཁ་བརྡའི་དྲན་སྐུལ་ཐེངས་གཉིས་པ།

Comments (2) on “བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།”

  1. ཁ་བ་དཀར་རོ། says:
    2008-11-23 at 2:01 am

    ཐེངས་འདིའི་ཚོགས་འདུ་ལ་བཞག་པའི་སྡོམ་ཚིག་ནག་ལྡང་མ།
    ཨ་རི་ཡོ་རོབ་ཕྱོགས་ནས་ཕེབས་པ་དང་། །
    ལྷོ་ཕྱོགས་བལ་བོའི་ཡུལ་ནས་བསླེབས་པ་ཚོའི། །
    ཨམ་ཕྲག་ནང་གི་ལག་དངུལ་ཉུང་ཉུང་དེ། །
    རྒྱ་གར་ཇ་ཁང་ཞིག་ལ་སྤྲད་པ་ཙམ། །

  2. rethosangey says:
    2008-11-30 at 12:57 pm

    ༄༅།། རྩོམ་ཡིག་འབྲི་བའི་དགོས་པ་ཤེས་པ་ནི། རྩོམ་པ་པོ་ཞིག་ལ་མཚོན་ན་གཞི་རྩའི་ཤེས་བྱ་ཞིག་ཏུ་གྱུར་ཡོད། རྩོམ་ཡིག་འབྲི་བའི་དགོས་དོན་ཇི་བཞིན་མ་རྟོགས་པའི་བར་གཞན་ཕན་གྱི་རང་བཞིན་ལྡན་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་སྟོན་ཐུབ་པའི་རྩོམ་ཡིག་ཅིག་འབྲི་བའི་ནུས་པ་དང་འདུན་པ་གཉིས་ཆ་མེད། དེར་བརྟེན་དྲ་གྲོགས་ཚོས་རང་གི་བཤད་འདོད་དང་འབྲི་འདོད་ཙམ་མིན་པར་བྲིས་པ་དང་བཤད་པ་དེ་ལ་ནང་དོན་ཡོད་པ་ཞིག་ཅིས་ཀྱང་བྱ་དགོས། འདི་ངའི་རྩོམ་པ་པོ་དང་སྐད་ཆ་པ་ཚོ་ལ་གཞི་རྩའི་ལྟ་ཚུལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme