Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་གཉིས་ཀྱིས་འཛམ་གླིང་ལ་བཞག་པའི་ལག་རྗེས་ཀྱི་ཁྱད་པར།

Posted on 2021-08-21 By ཁ་བརྡ 1 Comment on བོད་རྒྱ་གཉིས་ཀྱིས་འཛམ་གླིང་ལ་བཞག་པའི་ལག་རྗེས་ཀྱི་ཁྱད་པར།

ནམ་མཁའ།

དུས་རབས་ཉེར་གཅིག་གི་ལོ་རབས་ཉི་ཤུའི་ནང་རྒྱ་ནག་སྲིད་གཞུང་གིས་དམར་ཤོག་ཚོགས་པ་བཙུགས་ཏེ། ལོ་ངོ་༡༠༠འཁོར་བའི་དུས་སྟོན་རྒྱ་ཆེན་ཞིག་བྱས་ཡོད།  དགོད་བྲོ་བ་ཞིག་ལ། དུས་སྟོན་དེའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞིའི་ཅིན་ཕེན་གྱི་གཏམ་བཤད་སྐབས། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་ངོ༢༠༠འཁོར་བའི་དུས་སྟོན་བྱེད་པའི་རེ་བ་ཁྱེད་རང་ཚོའི་ལག་ཏུ་ཡོད་པས། དེ་རིང་ནས་བཟུང་གཞོན་སྐྱེས་ཚོས་འབད་བརྩོན་བྱེད་དགོས་ཞེས་བཤད་པ་རེད།  འདི་ནི་ཞིའི་ཅིན་ཕེན་གྱི་རེ་བ་ཡང་ཡིན་ལ། ཁོའི་རྨི་ལམ་ཡང་རེད་ཟེར་ཆོག

ཞིའི་ཅིན་ཕེན་གྱིས་རྒྱ་ནག་གི་གཞོན་སྐྱེས་ཚོར་མགོ་སྐོར་གཏོང་ཆེད། ཁོས་མུ་མཐུད་ནས་འདི་ལྟར་བཤད་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་ཀྱི་འཚོ་བའི་དཀའ་སྡུག་ཁྲོད་ནས་སྐྱབས་ཏེ། འོད་སྟོང་འབར་བའི་འཚོ་བའི་ལམ་ཆེན་དུ་བསྐྱལ་ཡོད་ལ།

རྒྱ་ནག་མི་དམངས་ཀྱི་ལུས་སེམས་གཉིས་ཀ་རང་དབང་ལྡན་པའི་བཅིངས་གྲོལ་བཏང་ཡོད་ཟེར།  སྲིད་འཛིན་ཞིས་ཀྱིས་སྐད་ཆ་འདི་དག་བཤད་སྐབས། ཁོ་རང་གི་ཨ་ཕ་ཞིའི་ཀྲོང་ཞིའི་ལ་ཏང་རྒོལ་གྱི་ཞྭ་མོ་གཡོགས་ཏེ་གཞོན་སྐྱེས་མང་པོས་འཐབ་རྩོད་བྱས་པའི་བརྒྱུད་རིམ་རྣམས་གཏིང་བརྗེད་དུ་གྱུར་བ་ཡིན་ནམ། གལ་སྲིད་ཁོ་རང་གི་ཨ་ཕ་ཞིས་ཀྲོང་ཞིའི་སྐུ་འཚོ་བཞུགས་ཡིན་ཚེ། ཁོ་རང་གི་ཕ་རྒན་ངོ་ཚ་ནས་མགོ་བོ་དགྱེས་ཐུབ་ཀྱི་མ་རེད་སྙམ། གཅིག་བྱས་ན། རིག་གནས་གསར་བརྗེ་སྐབས་བུ་ཡར་ལངས་ཏེ་རང་གི་ཕ་མ་ལ་འཐབ་རྩོད་བྱས་ཡོད་སྟབས། ཁོ་རང་ཡང་དེའི་གྲལ་ཡིན་སྲིད་པ་རེད།

གང་ལྟར་ཡང་། གོང་དུ་དྲངས་ཟིན་པའི་ཞིས་ཀྱི་གཏམ་བཤད་ལས་གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་ཀྱི་འཚོ་བའི་དཀའ་སྡུག་ལས་སྐྱབས་ཏེ། འོད་སྟོང་འབར་བའི་འཚོ་བའི་ལམ་ཆེན་དུ་བསྐྱལ་ཡོད་ཅེས་བཤད་པ་ལྟར། གལ་སྲིད་དེ་ལྟར་ཡིན་ན། ༡༩༦༠ནས་༦༣བར་དུ་རྒྱ་ནག་མི་དམངས་ཀྱི་བྲོ་ཁོག་ལྟོགས་ཏེ། དུད་འགྲོའི་ཟ་བའི་རྩྭ་དང་ལྗོན་ཤིང་གི་པགས་པ་ལ་སོ་བཏབས་ནས་ཟས་ཏེ་དུད་འགྲོ་བཞིན་ལྕི་བ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ལྷོ་ཕྱོགས་广西ཀོང་ཞིའི་རང་སྐྱོང་ལྗོངས་ཟེར་བ་དེ་ནས་བྲོ་ཁོག་ལྟོགས་ཏེ། ལྟོགས་ཤི་ཐེབས་པའི་མི་ཤ་ཟས་པའི་ལོ་རྒྱུས་ས་གནས་དེ་གའི་མི་ཚོས་བཤད་བཞིན་པ་དེང་བརྙན་ཐུང་ལ་བལྟ་རྒྱུ་ཡོད། རང་གི་ལྷམ་མཐིལ་ཆུ་ལ་བཙས་ནས་ཟ་དགོས་བའི་དུས་སྐབས་དེ་ནི། གོ་མིན་ཏང་སྲིད་གཞུང་ཡང་མིན་ལ། རྒྱ་ནག་གི་རྒྱལ་ཁབ་རྒྱལ་རྒྱུད་ཀྱིས་བཟུང་བའི་དུས་ནི་དེ་བས་ཀྱང་མིན། སྐབས་དེ་ནི་གུང་ཁྲན་ཏང་གིས་བཟུང་བའི་སྐབས་རེད། དུས་དེར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མནར་གཅོད་འདྲ་མིན་གྱི་འོག་ནས། མི་དམངས་ལྟོགས་ཤི་ཐེབས་པ་དང་དམར་གསོད་བཏང་བ་སོགས་ཀྱི་གྲངས་ཀ་ས་ཡ་བཞི་བཅུ་༼༤༠༽ལས་བརྒལ་བ་དེ་ཡང་གུང་ཁྲན་ཏང་གི་ལག་རྗེས་སུ་བརྩི་གི་ཡོད་དམ།  དུས་སྐབས་དེ་ནི་གུང་ཁྲན་ཏང་གིས་འོད་སྟོང་འབར་བའི་འཚོ་བའི་ལམ་ཆེན་དུ་བསྐྱོད་པར་ངོས་འཛིན་བྱེད་རྒྱུ་ཡིན་ནམ། ༡༩༦༦ནས་༧༦བར་ ལོ་ངོ་བཅུའི་རིང་། རྒྱ་ནག་རྒྱལ་ཁབ་སྨྱོན་པར་གྱུར་ཏེ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱ་ནག་གི་རིག་གནས་ཤུལ་བཞག་ཆ་ཚང་གཏོར་བཤིགས་བཏང་སྟེ། མེ་ལྕེ་ཀློང་དུ་འབར་དུ་བཅུགས་པ་དེ་དག་ཡང་རྒྱ་ནག་གུང་ཁྲན་ཏང་གིས་བཞག་པའི་ལག་རྗེས་སུ་ངོས་འཛིན་བྱེད་རྒྱུ་ཡིན་ནམ།  འདི་དག་ཚང་མ་རྒྱ་ནག་གུང་ཁྲན་ཏང་གི་ལག་རྗེས་སུ་ངོས་འཛིན་བྱེད་རྒྱུ་ཡིན་ཚེ། རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ནི་ཇག་པ་སྐོར་ཞིག་མཉམ་འཛོམས་བྱས་ཏེ་བཙུགས་པའི་ནག་ཚོགས་ཅན་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད།  

རྒྱ་ནག་གུང་ཁྲན་ཏང་གིས་གོང་གི་གཏོར་བཅོམ་དང་དམར་གསོད་ལྟོགས་ཤི་ཐེབས་པ་སོགས་ནི། མི་བཞི་ཤོག་ཁག་གིས་བཟོས་པ་རེད་ཅེས་རྒྱ་ནག་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད། དེ་ལྟར་ཡིན་ན། ༡༩༨༩ལོའི༦ཚེས༤ལ་རྒྱ་ནག་གི་གནམ་བདེ་སྒོ་མོའི་ཐང་ཆེན་ནས་མཚན་མོ་གཅིག་ལ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་གཏོང་དུས། མི་བཞི་ཤོག་ཁག་ནི་བཙོན་ཁང་དུ་ཡོད་པས། སྐབས་དེར་དམར་གསོད་གཏོང་མཁན་གྱི་ལག་དམར་དེ་སུ་ཞིག་ཡིན་ནམ། དེ་ཡང་མི་གཞན་ཞིག་གི་མགོ་ལ་ཞྭ་མོ་ནག་པོ་གཡོགས་ཐབས་ལ་འབད་ཡོད་མོད། འོན་ཀྱང་སྐབས་དེ་ནི་མི་གཅིག་གི་སྒང་ལ་ཡང་གཡོགས་ཐབས་རྙེད་མེད། རྗེས་ནས་གཞོན་སྐྱེས་མང་པོ་ལ་དེའི་སྐོར་ནས་ཚིག་ཀྱང་གླེང་དུ་བཅུགས་མེད་པས། དེང་སང་གི་གཞོན་སྐྱེས་ཚོས་དྲུག་བཞིའི་དོན་རྐྱེན་ཟེར་ན་ཅི་ཡིན་ཤེས་ཀྱི་མེད་པའི་དུས་ལ་སླེབས་ཡོད། 

༡༩༩༠ནས་བཟུང་རྩ་རླུང་སྒོམ་སྒྲུབ་པ་ཚོ་འཛིན་བཟུང་བྱས་ཏེ་དམར་གསོད་དང་། བཙོན་ཁྲིམས་མི་གསོན་པོའི་ལུས་ནས་དབང་པོ་བླངས་ཏེ། ཁྲོམ་ར་བཙོང་བཞིན་པ་ནི་དེང་སང་བརྙན་ཐུང་མངོན་སུམ་མཐོང་རྒྱུ་ཡོད་པ་ཡང་མི་བཞི་ཤོག་ཁག་གི་མགོ་ལ་འཇོག་གི་ཡིན་ནམ། ཡང་ན། ནུབ་ཕྱོགས་རྒྱལ་ཁབ་ཚོའི་མགོ་ལ་གཡུགས་ཀྱི་ཡིན། གུང་ཁྲན་ཏང་གི་སྤྲད་པའི་ཆོས་ལུགས་དད་མོས་ཀྱི་རང་དབང་ནི་མི་ཉེས་མེད་ལ་ནག་ཉེས་བཀལ་དེ་དབང་པོ་གསོན་ལེན་བྱེད་རྒྱུ་དེ་ཡིན་ནམ།   རྒྱ་ནག་གིས་ནུབ་ཕྱོགས་སྒོ་འབྱེད་ཞེས་འཛམ་གླིང་སྟེང་ཁྲོམ་རའི་སྒོ་ཕྱེ་བ་ནས་བཟུང་། རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོར་ཚོང་པ་ཚོས་དངུལ་སྤྲད་དེ། མི་དམངས་ཉམ་ཆུང་ཚོའི་ལག་གི་ས་ཞིང་དང་སྡོད་ཁང་བཙན་འཕྲོག་བྱས་ཏེ། མི་དམངས་ཉམས་ཆུང་ཚོ་སྡོད་གནས་དང་འཚོ་རྟེན་ཡང་མེད་པར་གྱུར་ནས། སྲང་ལམ་དུ་གད་སྙིགས་ནང་བསྔོགས་བཤེར་བྱེད་བཞིན་པ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ལག་རྗེས་སུ་བགྲངས་ཏེ་རྒྱལ་ཁབ་འཛུགས་སྐྲུན་དུ་ཁ་གཡོར་བཞིན་ཡོད། དོན་ངོ་མར་མི་དམངས་ཉམས་ཆུང་ཚོར་གཉའ་གནོན་བྱེད་ཀྱི་ཡོད་པ་རྒྱ་ནག་མི་རིགས་ཚོས་བཤད་བཞིན་ཡོད་པ་ལས། ང་རང་བོད་རིགས་ཞིག་ཡིན་པའི་ཆ་ནས་རྒྱ་ནག་སྲིད་གཞུང་ལ་མ་དགའ་བར་སྒྲོ་བཏགས་བྱས་པ་ཞིག་མིན།

 དུས་རབས་ཉེར་གཅིག་གི་མགོ་ནས་བཟུང་རྒྱ་ནག་ལ་ནད་འབུ་སར་སི་དང་༢༠༢༡ཟླ༡༢ནང་ཏོག་ནད་བྱུང་སྟེ། རྒྱ་ནག་གི་མི་ག་ཚོད་ཞིག་གི་སྲོག་ཤོར་ཡོད། ཏོག་ནད་འགོས་བའི་མི་རྣམས་སྨན་བཅོས་བྱེད་རྒྱུ་ལས་དམར་གསོད་བཏང་ན་ལས་སླ་བར་བསམ་ནས། སྲང་ལམ་གྱི་མི་དམངས་ལ་མེ་མདའ་རྒྱབ་སྟེ་དམར་གསོད་བྱེད་བཞིན་པ། དེང་སང་དྲ་ལམ་དུ་གསལ་བོར་མཐོང་རྒྱུ་ཡོད། འདི་དག་ཚང་མ་ནི་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལམ་ཆེན་ཞིག་བཟོས་བར་ངོས་འཛིན་བྱེད་རྒྱུ་ཡིན་ནམ།

གུང་ཁྲན་ཏང་གིས་བཟོས་བའི་ནད་འབུའི་མཚོན་ཆའི་ཏོག་ནད་འདིས། འཛམ་གླིང་གི་མི་ས་ཡ་བཞི་དང་འབུམ་གཉིས་བརྒལ་བའི་ཚེ་སྲོག་ཤོར་བ་དང་། འཛམ་གླིང་སྟེང་རྒྱ་ནག་གི་ནད་འབུ་ཏོག་ནད་འགོས་བའི་མི་ས་ཡ་བརྒྱ་དང་དགུ་བཅུ་གོ་བརྒྱད་བརྒལ་བ་འདི་དག་ནི། རྒྱ་ནག་གུང་ཁྲན་ཏང་གིས་འཛམ་གླིང་ལ་བཞག་པའི་ལག་རྗེས་སུ་བརྩི་རྒྱུ་ཡིན་ནམ།  དུས་རབས་ཉེར་གཅིག་གི་ནང་དུ་འཛམ་གླིང་གི་ལག་དམར་གསར་ཤོས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་གཙོ་ཞིའི་ཅིན་ཕེན་རེད་ཅེས་འཛམ་གླིང་ཡོངས་ཀྱིས་གླེང་བཞིན་པའི་དུས་ཡིན་ལ།  གཅིག་བྱས་ན། ལོ་འདིའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིན་ཕེན་རྒྱལ་སྤྱིའི་སྟེང་གི་ལག་དམར་ཞིག་ཏུ་ངོས་འཛིན་བྱེད་སྲིད། 

གོང་དུ་བཤད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་ཡ་ང་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་འདིས།   རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་འོད་སྟོང་འབར་བའི་ལམ་ཆེན་ཞིག་ཏུ་བསྐྱལ་ཡོད་དམ། ཆེས་ཤིན་ཏུ་གདུག་རྩུབ་ཆེ་བའི་ལམ་ཞིག་ཏུ་བསྐྱལ་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཆེད་ཟུར་ཙམ་ཞིག་ཕྱིར་དྲན་ཆེད་བཀོད་པ་ཡིན།  གོང་གི་གནས་ཚུལ་འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་༡༠༠རིང་། རྒྱ་ནག་མི་རིགས་ཁོ་རང་ཚོར་དཀའ་སྡུག་སྤྲད་པའི་དངོས་ཡོད་གནས་ཚུལ་གྱི་ཟུར་ཙམ་ཞིག་རེད།

 གཉིས་པ། བོད་མི་རིགས་བཅིངས་གྲོལ་བཏང་ཡོད་དམ། གྲོལ་ནས་ཡོད་པ་བཅིངས་པ་རེད།

ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གིས་བོད་ཆོལ་གསུམ་བཅིངས་གྲོལ་བཏང་སྟེ། མུན་ནག་གི་སྤྱི་ཚོགས་ཞིག་ནས་འོད་སྟོང་འཕྲོ་རུ་བཅུགས་ཡོད་ཞེས། རྫུན་སྒྲོགས་གནམ་ལ་མི་ཤོངས་པ་བཤད་བཞིན་ཡོད།  ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར། རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་གི་དགོན་པ་དྲུག་སྟོང་ལྷག་གཏོར་བཤིགས་བཏང་ཡོད་ལ། དེའི་ནང་གི་གསེར་དངུལ་ལས་གྲུབ་པའི་ལྷ་རུ་རྟེན་བཞེངས་ཚང་མ་རྒྱ་ནག་ཏུ་སྐྱེལ་འདྲེན་བྱས་ཏེ།  རྒྱ་ནག་གི་དཔལ་འབྱོར་གྱི་མ་རྩ་བཟོས་པ་རེད། འདམ་སྐུ་ཁྲི་འབུམ་དང་ལོ་སྟོང་གི་གནའ་བོའི་ཤེས་རིག་གི་དཔེ་ཆ་རྣམས་མེ་ལྕེ་ཡི་ཀློང་དུ་འབར་དུ་བཅུགས་ཡོད།

གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་དབང་གིས་སྐྱ་སར་ཕབ་ཏུ་བཅུགས་པ་མ་ཟད། སྤྲུལ་སྐུ་དང་ས་གནས་དཔོན་པོ་མང་པོ་དམར་གསོད་བཏང་ཡོད། འདི་དག་ཚང་མ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཅིངས་གྲོལ་བཏང་བ་རེད་དམ། རང་དབང་ལྡན་པའི་བོད་མི་རྣམས་གྲོལ་ནས་ཡོད་པ་བཅིངས་ནས་བཞག་ཡོད།  ༡༩༦༠ནས་༡༩༦༣བར་དུ་བོད་མི་རྣམས་ལ་ཡང་འཚོ་བའི་དཀའ་སྡུག་མྱངས་ཏེ། རི་མགོའི་རྩྭ་དང་ཀོ་ལྷམ་གྱི་ལྷམ་མཐིལ་ཆུ་ལ་བཙས་ཏེ་ཟ་རུ་བཅུགས་པ་རེད། འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་ཡོངས་འོད་སྟོང་འབར་བའི་འཚོ་བའི་ལམ་དུ་བསྐྱལ་བར་ངོས་འཛིན་བྱེད་རྒྱུ་ཡིན་ནམ། བོད་ཆོལ་གསུམ་གྱི་བོད་མི་རྒན་གཞོན་ཡོངས་ཀྱི་རྣ་བྱང་དང་ཁ་བྱང་དུ་སོང་བའི་ཚིག་ཞིག་ནི། ཟ་མའི་དཀའ་ངལ་སྐབས་ཟེར་བ་འདི་རེད། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་མ་བྱས་བའི་ཡར་སྔོན། ལོ་ངོ་སྟོང་ཕྲག་ལྡན་པའི་བོད་ཀྱི་ལོ་རྒྱུས་ནང་བོད་མི་རིགས་ལྟོགས་ཤི་ཐེབས་པའི་ལོ་རྒྱུས་ཞིག་ནམ་ཡང་བྱུང་མེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་དམར་གསོད་དང་ལྟོགས་ཤི་ཐེབས་པ་གྲལ་རིམ་འཐབ་རྩོད་སོགས་མནར་གཅོད་འདྲ་མིན་གྱི་འོག་ནས་བོད་མི་རིགས་ཀྱི་ཚེ་སྲོག་ཤོར་བ་ས་ཡ་གཅིག་ཡས་མས་བྱུང་ཡོད། གནས་ཚུལ་འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པས་བཅིངས་གྲོལ་བཏང་བ་རེད་དམ། རང་དབང་གི་གྲོལ་ནས་ཡོད་པ་བཅིངས་པ་རེད། གནས་ཚུལ་འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པས༡༩༥༠ནས་བཟུང་ལོ་རབས་༨༠བར་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་རིགས་ལ་དྲག་གནོན་བྱས་བའི་བརྒྱུད་རིམ་གྱི་ཟུར་ཆུང་ཙམ་རེད།

གསུམ་པ། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ༡༠༠དང། བཙན་བྱོལ་གཞུང་བཙུགས་ནས་ལོ་ངོ༦༠ནང་། འཛམ་གླིང་མི་དམངས་ཀྱི་སེམས་ནས་གདེང་འཇོག་གི་ཁྱད་པར།

  རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གིས་འཛམ་གླིང་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཡོད་དམ། དྲི་བ་འདི་ལ་དངུལ་གྱི་ཆེད་དུ་རང་གི་མི་རིགས་དང་རྒྱལ་ཁབ་བཙོང་ཐུབ་མཁན་གྱི་མི་ཞིག་གིས་ལན་འདེབས་པར་སླ་མོ་རེད། རྒྱ་ནག་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་དེ་རེད། དཔལ་འབྱོར་འཛམ་གླིང་གི་ཨང་གཉིས་པ་སླེབས་ཡོད་ཅེས་ལན་འདེབས་ངེས་རེད། ངས་ཀྱང་མི་དེ་ལ་རེད་བདེན་པ་རེད་ཅེས་ལན་འདེབས་ཆོག

 ཡིན་ན་ཡང་།  རྒྱ་ནག་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཏེ། འཛམ་གླིང་མི་དམངས་ཀྱི་སེམས་སུ་བག་ཆགས་བཟང་པོ་ཞིག་བཞག་ཡོད་པ་རེད་དམ། དྲི་བ་དངོས་དེ་འདི་རེད།  རྒྱ་ནག་ནི་ཅ་ལག་རྫུན་མ་བཟོ་དགོས་ཚེ། འཛམ་གླིང་གི་ཨང་དང་པོ་རེད། ཉི་མ་གཅིག་མི་རྫུན་མ་ཡང་བཟོ་གི་རེད་ཅེས་འཛམ་གླིང་མི་དམངས་ཀྱི་དགོད་གཏམ་བཤད་ཡུལ་དུ་གྱུར་ཡོད། དགོད་གཏམ་འདིའི་ཕུགས་སུ་ཅི་ཞིག་རྟོགས་ཐུབ་ཟེར་ན། རྫུན་གཏམ་མ་བཤད་ན་དྲང་བདེན་བཤད་མི་ཆོག་པའི་སྲིད་གཞུང་ཞིག་གི་གོམས་གཤིས་ངན་པ་དེ། རྒྱ་ནག་མི་དམངས་ལ་ཡང་ངན་གོམས་སུ་སོང་སྟེ། ཅ་ལག་རྫུན་མ་མ་བཟོས་ན་ཅ་ལག་སྤུས་གཙང་དངོས་མ་ཞིག་བཟོ་མི་ཤེས་པ་དེ་རྟོགས་ཐུབ་ཀྱི་ཡོད།   འཛམ་གླིང་སྟེང་གི་ཅ་དངོས་སྤུས་ཚད་ཡག་ཤོས་ཡོད་ཚད་ལ། རྒྱ་ནག་གིས་ཕྱིའི་རྣམ་པ་འདྲ་མཚུངས་བཟོས་ཏེ་བཙོང་གི་ཡོད།

ཡིན་ན་ཡང་། རྒྱ་ནག་གུང་ཁྲན་ཏང་གི་ནང་རུལ་ནས་དྲི་ངན་འཛམ་གླིང་ལ་ཁྱབ་པ་ལྟར། ཕྱི་ངོས་འདྲ་མཚུངས་བཟོས་བའི་ཅ་ལག་གི་ནང་རྫོང་ཡོངས་སུ་རྫུན་མ་རྐྱང་ཡིན་པས། དེང་སང་འཛམ་གླིང་མི་དམངས་གཉིད་སད་དེ། ཅ་དངོས་གང་ཉོ་ན་ཡང་ཐོག་མར་དོ་སྣང་བྱེད་ས་གཙོ་བོ་ནི་རྒྱ་ནག་ནས་བཟོས་པ་ཡིན་མིན་བལྟ་གི་ཡོད།  རྒྱ་ནག་གིས་ཅ་དངོས་རྫུན་མ་བཟོས་ཏེ། འཛམ་གླིང་སྟེང་བག་ཆགས་ངན་པ་བཞག་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར། རྒྱ་ནག་མི་དམངས་ལ་ཟ་ཆས་དང་སྨན་རྫུན་མ་བཟོས་པ་རེད། ལོ་ཤས་གོང་དུ་རྒྱ་ནག་གིས་འོ་རྩམ་རྫུན་མ་བཟོས་ཏེ་བུ་ཕྲུག་མང་པོའི་ཚེ་སྲོག་འཕྲོག་ཡོད་པ་འཛམ་གླིང་གི་གསར་འགྱུར་ནང་བཤད་ཡོད།

 མི་ཡི་ཚེ་སྲོག་སྐྱོབ་ཆེད་མི་སུ་ཡིན་ཡང་སྨན་ཁང་ནས་སྨན་པ་བསྟན་ཏེ་སྨན་ཟ་གི་ཡོད་མོད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་དངུལ་ཁོ་ནའི་ཆེད་སྨན་རྫུན་མ་བཟོས་ཏེ། རྒྱ་ནག་མི་དམངས་ནད་པ་བཟོས་ཡོད་པ་མ་ཟད། སྟབས་ལེགས་དང་མ་ལེགས་གང་ཞིག་བརྗོད་དགོས་མིན་མི་ཤེས་མོད། འོན་ཀྱང་སྨན་རྫུན་བཟོ་བཀོད་བྱེད་མཁན་གྱི་སྨན་པ་ཞིག་གི་བུ་ཕྲུག་ལ་སྨན་ཁབ་རྫུན་མ་དེ་རྒྱབ་ནས་ཚེ་སྲོག་ཤོར་རྗེས། སྨན་རྫུན་བཟོ་བཀོད་བྱེད་མཁན་གྱི་སྨན་པ་དེས་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ། རྒྱ་ནག་མི་དམངས་ལ་ཆམ་ནད་ཀྱི་སྨན་ཁབ་དེ་མ་རྒྱགས་རོགས། ཆམ་པ་ན་ཚེ་སྨན་ཁབ་གང་ཡིན་ཡང་མ་རྒྱབ་ན་འགྲིག་གི་རེད། ཆམ་ནད་ནི་དུས་ཚིགས་འགྱུར་ལྡོག་གྱི་དབང་གིས་རིམ་གྱིས་ཡལ་འགྲོ་གི་རེད་ཅེས་ངུ་འབོད་དང་མཉམ་དུ་དགོངས་སེལ་ཞུས་པ་དེང་སང་དྲ་ལམ་དུ་མཐོང་རྒྱུ་ཡོད་པ་རེད།

 ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་གཞུང་ངོས་ནས་རྒྱ་ནག་གི་སྲིད་འཛིན་སུ་ཡིན་ཡང་། གདན་ཐང་ཆེན་འདྲ་ཞིག་བཏང་སྟེ། མགྲོན་པོ་རི་ཆེན་འདྲ་ཞིག་བསུས་ཀྱང་། ལུང་པ་དེའི་མི་རིགས་ཀྱིས་ཕེབས་བསུ་བྱེད་མཁན་ལས། ངོ་རྒོལ་བྱེད་མཁན་གྱི་བོད་སོག་ཡུར་གསུམ་གཙོ་བྱས་བའི་དྲང་བདེན་ལ་དགའ་བའི་མི་དམངས་མང་པོ་ཡོང་གི་ཡོད། ཐ་ན་དམངས་གཙོ་དོན་གཉེར་ཅན་གྱི་རྒྱ་རིགས་ཚོས་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད།

 མཐར་སྡོམ་ཚིག་ཞིག་བཀོད་ན། རྒྱ་ནག་གི་ཟ་མ་ཟོ། རྒྱ་ནག་སྲིད་གཞུང་གི་སྐད་ཆ་མ་ཉན་ཟེར་བ་འདི་རེད།  དེ་ལྟ་ན་ཡང་།  ཕྱི་རྒྱལ་གྱི་མི་ལ་བཤད་སྲོལ་ཞིག་སྟེ་money mindསྒོར་སེམས་ཅན་ཚོ་རྒྱ་ནག་གི་ཟ་མ་ཟོ་ཟེར་བ་འདི་ལ། གོ་ནོར་ཐེབས་ཏེ་རྒྱ་ནག་སྲིད་གཞུང་གི་དངུལ་བླངས་ནས་སྒོ་ཟུར་ལྔ་ཡི་སྐྱེས་པ་བླངས་ཏེ། སྤྱི་ཚོགས་དཀྲུགས་ཟེར་གྱི་མེད། རྒྱ་ནག་མི་རིགས་ཟ་མ་བཟོ་མཁས་པ་འཛམ་གླིང་སྟེང་སྐད་གྲགས་ཡོད་པས། ཟ་ཁང་ནས་ཟ་མ་ཟ་འདོད་ཡོད་ཚེ་ཟ་མ་ཟོ་ཟེར་གི་ཡོད།  གང་ལྟར་ཡང་། གོང་དུ་བཤད་པའི་སྐད་ཆ་རྣམས་རྒྱ་ནག་གུང་ཁྲན་ཏང་གིས་འཛམ་གླིང་མི་དམངས་དང་། ལྷག་པར་དུ་རང་དབང་ལ་དགའ་བའི་རྒྱ་ནག་མི་རིགས་ཚོའི་སེམས་སུ་བཞག་པའི་ལག་རྗེས་ནི།  ཡིད་ཆེས་ཟེར་བའི་ཚིག་འདི་རྩ་བརླགས་བཏང་བ་རེད།

         དེ་ལྟ་ན་ཡང་། བོད་མི་འབུམ་གཅིག་ཡས་མས་༧གོང་ས༧མཆོག་དང་མཉམ་དུ་བཙན་བྱོལ་                                                                                            ལ་ཕེབས་དུས། ལུས་ལ་གང་ཞིག་གྱོན་ནས་ཡོད་པ་དེ་ལས་ལྷག་པའི་དངོས་ཟོག་གཅིག་ཀྱང་ཁྱེར      མ་ཐུབ་པར་རྒྱབ་དབང་ལུས་དབང་བྱས་ཏེ། ས་ཆ་མེད་ཞིག་ལ་མི་རྒྱུས་མེད་ཞིག་སླེབས་པ་རེད། ཡིན་ན་ཡང་།  དབུ་ཁྲིད་༧གོང་ས༧མཆོག་གི་ཐུགས་བཀོད་དང་བཙན་བྱོལ་བོད་མིའི་སྙིང་སྟོབས་ཞུམ་མེད་ཀྱིས། ས་ཆ་མེད་ནས་སྡོད་ཁང་སྨྱུག་མའི་ཁང་པ་ནས་མགོ་བཙུགས་ཏེ། གཞི་ཆགས་ཁག་དང་དགོན་སྡེ་ཁག་སློབ་གྲྭ་སོགས་གོམས་པ་རིམ་སྤོས་ཀྱིས་འཛམ་གླིང་གི་ལྡིང་ཆའི་སྒང་སླེབས་ཐུབ་ཡོད། འཛམ་གླིང་གི་ལྡིང་ཆའི་སྒང་སླེབས་ཐུབ་པ་ཙམ་མ་ཡིན་པར་འཛམ་གླིང་གི་ཤར་ནུབ་ཡོངས་ལ། བོད /Tibetཟེར་བའི་མིང་འདི་ཐོས་མ་ཐག་ཡ་རབ་ཀུན་སྤྱོད་ཅན་གྱི་མི་རིགས་ཞིག་དང་། ཕྱུག་པོ་ཡིན་པའི་རིག་པའི་གཞུང་ལུགས་ཀྱི་བདག་པོ་ཡིན་པ་ཞིག་ངོས་འཛིན་བྱེད་པར་གྱུར་ཡོད་པ་ལས། རྒྱ་ནག་གུང་ཇག་གིས་བཤད་པ་ལྟར་རྗེས་ལུས་རྨོངས་དད་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དོན་ངོ་མ་བཤད་ན། རྒྱ་ནག་གུང་ཇག་ལ་དགའ་དད་སྤྲོ་གསུམ་བྱེད་པ་ནི་རྨོངས་དད་དང་བསམ་བློ་རྗེས་ལུས་ཞིག་ཏུ་འཛམ་གླིང་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་མི་རིགས་ཀྱི་ཤེས་ཡོན་ཅན་ཚོས་ཀྱང་ང་ཚོའི་མི་རིགས་ནི་གུང་ཇག་གིས་ཀླད་པ་བཀྲུས་ཏེ། རང་གི་རིག་གཞུང་བོར་བརླགས་སུ་ཕྱིན་པའི་རྨོངས་དད་ཅན་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཀྱི་ཡོད།

རྒྱ་ནག་གི་སྲིད་འཛིན་ལ་འཛམ་གླིང་ཞི་བདེ་སྐྲུན་པའི་བློ་འདྲི་བྱེད་ཀྱི་འདུག་གམ། བོད་མིའི་དབུ་ཁྲིད༧གོང་ས༧རྒྱལ་བ་རིན་པོ་ཆེར་འཛམ་གླིང་མི་དམངས་ཀྱིས་བློ་འདྲི་བྱེད་ཀྱི་འདུག  ཐ་ན་༢༠༢༠ལོར་རྒྱ་ནག་གུང་ཇག་གིས་བཟོས་བའི་ནད་འབུ་ཁྱབ་བརྡལ་འགྲོ་དུས། རྒྱ་ནག་མི་དམངས་ཀྱིས་སྲིད་འཛིན་ཞིའི་ཅིན་ཕེན་ལ་ལམ་སྟོན་གྱི་བློ་འདྲི་བྱས་སམ། དྲ་ལམ་བརྒྱུད་ནས་༧གོང་ས༧རྒྱལ་བ་རིན་པོ་ཆེར་བཀའ་སློབ་ལམ་ཞུས་པ་རེད། སྐབས་ཐོག་དེར་རྒྱ་ནག་ནས་ཐད་གར་༧གོང་ས༧རྒྱལ་བ་རིན་པོ་ཆེར་ལ་བཀའ་སློབ་ལམ་སྟོན་ཞུ་དུས། རྒྱ་ནང་དུ་ཡོད་པའི་རྒྱ་རིགས་རྒན་གཞོན་བར་གསུམ་ཚོའི་མིག་མཐར་མཆི་མ་འཁྱིལ་ནས་ང་ཚོ་ལ་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞེས་འུ་ཐུག་ཐབས་ཟད་ཀྱིས་ངུ་འབོད་བྱེད་པ་མཐོང་དུས། ང་རང་ལྟ་བུ་ཞིག་ཡིན་ན་ཡང་སེམས་གཏིང་ནས་སྐྱོ་དགོས་པ་ཞིག་བྱུང་སོང་། གལ་སྲིད་རྒྱ་ནག་གུང་ཇག་གིས་འཛམ་གླིང་མི་དམངས་དང་རྒྱ་ནག་མི་དམངས་ཀྱི་སེམས་སུ་བག་ཆགས་ཡག་པོ་ཞིག་བཞག་ཡོད་ཚེ། བདེ་སྐྱིད་དང་ཞི་བདེ་འདོད་མཁན་ཚོའི་རྒྱ་ནག་སྲིད་གཞུང་ལ་རེ་བ་རྒྱབ་སྟེ། ལམ་སྟོན་འདྲི་ཡུལ་དང་བློ་འདྲི་བྱེད་སའི་ཡུལ་དུ་གྱུར་ཡོད་མོད། འོན་ཀྱང་དེ་ལས་ལྡོག་སྟེ་རྒྱ་ནག་མི་རིགས་གཙོ་བྱས་ཏེ། འཛམ་གླིང་མི་དམངས་ཀྱི་སེམས་ནས་རྒྱ་ནག་སྲིད་གཞུང་ཡིད་ཆེས་རྩ་བརླག་ཏུ་ཕྱིན་ཡོད་པ་རེད།

གང་ལྟར་ཡང་། རྒྱ་ནག་གུང་ཇག་བཙུགས་ཏེ་ལོ་ངོ་བརྒྱ་ཡི་རིང་འཛམ་གླིང་མི་དམངས་ལ་ལག་རྗེས་བཟང་པོ་ཞིག་བཞག་ཐུབ་མེད་ན་ཡང་། རྒྱ་ནག་ཁོ་རང་ཚོའི་མི་རིགས་ཀྱི་སེམས་སུ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཡོད་ན་ཡང་འགྲིག་མོད། འོན་ཀྱང་དེ་ཡང་འཇོག་ཐུབ་མེད་ལ། མི་སུ་འདྲ་ཞིག་གི་སེམས་སུ་ལག་རྗེས་བཞག་ཡོད་ཟེར་ན། ཐུབ་ཕུན་གྱིས་བཤད་པ་ལྟར། ཀླད་པ་tofuཏུག་ཧྥུ་ཡིས་བཟོས་བའི་ལྷ་འདྲེ་དབྱེ་འབྱེད་མི་ཤེས་བའི་མདོ་སྟོད་ཀྱི་དོལ་རྒྱལ་ཚོགས་པ་དང་། བཙན་བྱོལ་གཞུང་གི་སྒོ་ཟུར་ལྔ་ཅན་གྱི་སྐྱ་སེར་འགའི་སེམས་སུ་བག་ཆགས་བཟང་པོ་བཞག་ཡོད་སྲིད།  དེ་མིན་རྒྱ་ནག་གུང་ཇག་སྲིད་གཞུང་ལ་འཛམ་གླིང་ལ་བཞག་པའི་ལག་རྗེས་ཞིག་སྟོན་རྒྱུ་མེད། 20/82021ལ་ཡོ་རུབ་ནས་ནམ་མཁས་བྲིས།

བསམ་ཚུལ།

Post navigation

Previous Post: ༄༅།།གཉན་ཞེས་པ་ལ་རགས་ཙམ་དཔྱད་པ།
Next Post: དོན་དངོས་འདི་རེད།

Comments (1) on “བོད་རྒྱ་གཉིས་ཀྱིས་འཛམ་གླིང་ལ་བཞག་པའི་ལག་རྗེས་ཀྱི་ཁྱད་པར།”

  1. གཅོད་པ་ཐར། says:
    2021-08-28 at 12:55 pm

    ད་ལྟའི་བོད་ཀྱི་དཀའ་རྙོག་གི་གནས་ཚུལ་འདི་དོན་རྐྱེན་ཚབས་ཆེན་མ་རེད། དེ་ལས་ཀྱང་གའལ་ཆེ་བའི་དོན་དག་ཅིག་ནི་ད་ལྟ་ང་ཚོས་བོད་པ་བོད་པའི་སྤྱི་ཚོགས་ལ་བསྒྱུར་ཐབས་དང་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་གཙང་སེལ་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་རེད།
    ༡། སྤྱི་འཐུས་གྲོས་ཚོགས་དགོས་པ་མ་རེད། གྲོས་ཚོགས་ཀྱི་ཚབ་ལ་རྒྱལ་ཡོངས་ཚོགས་ཆེན་འཛུགས་དགོས། དོན་གཅིག་མིང་གི་རྣམ་གྲངས། གྲོས་ཚོགས་ཀྱི་མིང་གལ་ཆེན་པོ་མ་རེད། ལས་དོན་བསྒྲུབ་མཁན་དང་ལས་འགན་འཁུར་མཁན་འཐུས་མི་གལ་ཆེན་པོ་རེད། ལོ་གཅིག་གི་རྗེས་ནས་གྲོས་ཚོགས་ཀྱི་མིང་བསྐྱར་གསོ་བྱེད་ན་ཡག།
    རྒྱལ་ཡོངས་ཚོགས་ཆེན་ལ་འཐུས་མི་༤༥ དགོས་པ་དང་དེས་དེ་སྔའི་སྤྱི་འཐུས་༤༥ཚབ་བྱེད་ཐུབ། འཐུས་མི་༤༥ ས་གནས་ནས་མངག་གཏོང་བྱ་དགོས། འདེམས་བསྐོ་བྱེད་དགོས་པ་མ་རེད།
    ༢། རྒྱལ་ཡོངས་ཚོགས་ཆེན་འཐུས་མི་༤༥ནང་ཁྲི་ཟུར་སྤྱི་ཟུར་དང་བཀའ་ཟུར་མི་དགོས། གྲྭ་བ་དང་གྲྭ་ལོག་མི་དགོས། ཆོལ་ཁའི་སྐུ་ཚབ་མི་དགོས། བོད་ནས་ཡོང་བའི་འཐུས་མི་བཅུ་ལས་ཡན་ཡོད་མི་ཆོག།
    ༣།ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་ལ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ལག་ཁྱེར་དང་ཁྲིམས་ཀྱི་ལས་གཉེར་ལག་ཁྱེར་ཡོད་དགོས།
    ༤། སྤེན་པ་ཚེ་རིང་ལས་ཁུར་རྩ་དགོངས་བྱེད་ན་ཡག་པོ་རེད། རྒྱལ་ཡོངས་ཚོགས་ཆེན་འཐུས་མི་༤༥ ཡིས་སྲིད་སྐྱོང་གསར་པ་བསྐོ་གཞག་བྱེད་ན་ཡག།
    ༥།སྲིད་སྐྱོང་གསར་པ་ཁྲི་ཟུར་སྤྱི་ཟུར་དང་དོན་གཅོད་ཟུར་པ་བཀའ་ཟུར་མིན་པ། མི་རབས་གསར་པ་དགོས།
    ༦། སྲིད་འཛིན་ནི་རྒྱལ་ཁབ་གཅིག་གི་སྤྱི་ཡོངས་མཚོན་བྱེད་སྣང་བརྙན་རེད། སྲིད་འཛིན་གྱི་རིན་པོ་ཆེའི་ཁྲི་ཐོག་ཏུ་བསྡད་པའི་མི་འདི། ངེས་པར་དུ་བསམ་གཞིགས་གསལ་པོ། གཏན་ཚིགས་ཀྱི་རང་བཞིན་ཡོད་པ། འདུ་ཤེས་རྙོག་འཁྲུལ་མེད་པ་དགོས། འབུམ་རམས་པའི་ལག་ཁྱེར་མེད་ན་ཆོག། གཙོ་བོ་བློ་རིག་དྭངངས་ཤིང་གསལ་བ། ལས་ཀའི་ནུས་པ་དང་ལས་ཆོད་ཡོད་དགོས། སྲིད་འཛིན་ཞིག་གི་བཟོ་ལྟ་ངེས་པར་དུ་ཡོད་དགོས།
    གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༢༡ཟླ་ ༧ཚེས་ ༢༩ཉིན། ཨ་རིའི་གྲོང་ཁྱེར་ནིག་ཡོག་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme