Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིགས་ལས་བྱེད་པར་ཕུལ་བའི་རེ་ཞུ་དགུ་ཚན་མ།

Posted on 2016-05-182016-05-18 By ཁ་བརྡ 1 Comment on བོད་རིགས་ལས་བྱེད་པར་ཕུལ་བའི་རེ་ཞུ་དགུ་ཚན་མ།

དུང་དཀར་ཡོན་ཏན་རྒྱ་མཚོ།
 
དང་པོ།༽ ཁྱེད་ཅག་བོད་རིགས་ལས་བྱེད་པའམ་བོད་རང་གི་སྐད་དང་ཡི་གེ་ས་ཆའི་སྒྲིག་ལམ་སོགས་ལ་བདག་པོ་བྱེད་མཁན་གྱི་ལས་བྱེད་པ་ཡིན་ཞིང་ཁྱེད་ཚོ་ཚེ་གང་བོར་ལས་བྱེད་པ་བྱེད་ཐུབ་པའང་རང་ས་རང་ཡུལ་ཕ་མ་སྤུན་མཆེད་སོགས་ཀྱི་དྲིན་ཡིན་པ་ཤེས་པའི་སྟེང་མ་མཐའ་ཡང་བོད་རང་གི་ཆབ་དཔལ་རིག་གསུམ་ལ་བྱས་རྗེས་འཇོག་མ་ཐུབ་རུང་གནོད་མི་སྐྱེལ་བའི་རེ་བ་ཞུ་བཞིན་ཡོད་ལགས།
 
གཉིས་པ།༽ ཁྱེད་ཅག་ནི་ཤེས་ཡོན་པའི་སྡེར་གཏོགས་པས་ན་བོད་རང་གི་སྐད་ཡིག་ལ་བྱང་ཆུབ་པ་ནི་སྨོས་མ་དགོས་པ་རེད། དེ་བས་བོད་སྤྱི་ཚོགས་ལ་ལྷག་བསམ་དང་དུང་བ་ཆེ་བའི་རྒྱུ་མེད་དབུལ་བོ་ཚོས་དཀའ་སྡུག་འབུམ་ཕྲག་གིས་སླར་གསོ་གནང་བཞིན་པའི་ཁྱེད་དང་ང་ཡི་ཕ་སྐད་ཕ་ཡིག་ལ་སྦྲག་སྐད་སྦྲག་ཡིག་གི་ནག་ཐིག་མི་བཟོ་རོགས་ཞེས་རེ་བ་ནན་གྱིས་ཞུས་པ་ལགས་སོ།།
 
གསུམ་པ།༽ འཆི་གསོན་གང་ལ་ཐུག་ནའང་མཐར་རེ་ས་དང་རྟེན་ས་དེ་ཡུལ་མི་སྤུན་ཟླ་དག་ལས་མེད་པས་ན་ཁྱེད་ཚོས་དེ་དག་གི་ཆེད་དུ་དང་མི་རིགས་དང་རང་ཉིད་ཀྱི་ཆེད་དུ་ལས་བྱེད་པ་ཡང་དག་པ་རེ་བྱེད་རྒྱུ་ལས་ཁྱི་སྨྱོན་ཇི་བཞིན་ཁ་ནང་ལ་ཕྱིར་འཁོར་ནས་བོད་རིགས་མི་དམངས་ཀྱི་འཚོ་རྟེན་གྱི་སྟེང་ལ་སོ་མི་འདེབས་པའི་རེ་བ་སྙིང་ནས་ཞུ།
 
བཞི་བ།༽ ཁྱེད་ཅག་ཕ་ཡུལ་ལ་ལོག་ཐེངས་རེར་མི་བུ་རླབས་ཆེན་ཚོའི་དཀའ་སྡུག་གི་སློབ་གསོ་དང་ལ་རྒྱ་ཡི་རྡོ་རིང་ལས་བྱུང་བའི་ཕ་སྐད་ལ་གས་ཆག་མི་གཏོང་རོགས་ཞུ། སྤྱིར་བཤད་ན་ཕ་ཡུལ་གྱི་ཡུལ་མི་ཚོ་ཕ་སྐད་ཕ་ཡིག་གི་ཕྱོགས་ལ་ཅུང་ཙམ་བྱང་གི་འདུག་མོད། ཁྱེད་དང་ཁྱེད་ཀྱི་རྒན་མོ། ད་དུང་བོད་སྐད་གོ་ཡང་མི་ཤོད་པའི་བྱིས་པ་རྒྱ་མ་བོད་དག་ནི་ཁུལ་དང་རྫོང་ཞིང་ཆེན་རིམ་པ་ནས་ཕྱིར་ཕ་ཡུལ་ལུང་པར་ལོག་ཐེངས་རེར། རང་གི་ཕ་སྐད་དང་ཕ་ཡིག་ལ་རྫོབ་ཆེན་རེ་བསྐྱིལ་ནས་བྱ་རྡོ་སྟེང་ནས་འཕུར་བ་བཞིན་ཕྱིར་འདུག་གནས་ལ་བུད་འགྲོ་བ་ནི་བོད་མི་རིགས་ལ་མཚོན་ན་ཇི་འདྲའི་ཉེན་ཁ་ཆེ་བ་ཞིག་རེད་ཨང་།། དེ་བས་ཁྱེད་ཅག་ཕ་ཡུལ་ལ་ལོག་སྐབས་ཕ་སྐད་དང་ཕ་ཡིག་ལ་བརྩི་བཀུར་དང་དོ་སྣང་། ལྷག་པར་དུ་ཁྱིམ་མི་བཟའ་ཚང་གི་སྔུན་ནས་ཕ་སྐད་ཕ་ཡིག་དག་མ་བཤད་མཁན་གྱི་སྣེ་འཁྲིད་པ་དེ་ཡིན་ཆོག་ཆོག་རེད།
 
ལྔ་བ།༽ བོད་མི་རིགས་ཤིག་གཞུང་ཞབས་པར་གྱུར་བ་ནས་བཟུང་བོད་ལ་ངོ་ལོག་འདུག་ཅེས་ནའང་མི་ཆོག་པ་མེད་མོད། དེ་ཡང་མ་ངེས་པ་ཞིག་ཡིན་སྲིད། འོན་ཀྱང་ཁྱེད་རང་ལས་བྱེད་པར་གྱུར་བ་ནས་བོད་སྐད་དང་བོད་ཡིག་བརྗེད་སོང་བ་འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་དང་གནས་ལུགས་ཀྱི་སྟེང་ནས་བཤད་ན་ཁྱེད་ནི་མི་རིགས་གཡོ་ཚོང་བྱེད་མཁན་གྱི་ཉེས་ཅན་དུ་གྱུར་སོང་བ་རེད། དེ་འདྲ་ཞིག་ཡིན་ཚེ་བོད་ལ་ལས་བྱེད་པ་འམ་གཞུང་ཟ་བ་ཡོད་པ་ལས་མེད་ན་བཟང་བ་འདྲ་བོ་རེད།
 
དྲུག་པ།༽ མི་སུ་ཞིག་ཡིན་ན་རང་གི་ཁྱིམ་ཚང་དང་ཁྱིམ་རྒྱུད་དེ་དར་ཞིང་གནས་ན་འདོད་པ་ལས་ཉམས་ན་མི་དགའ་བ་ཡིན་པས་ན། ཁྱེད་གྱི་མི་རིགས་དང་ཁྱེད་ཀྱི་ཕ་ས་འདི་འཇིག་རྒྱུའི་མགོ་བརྩམ་ཡོད་ཚེ་ད་གཟོད་ཁྱེད་ཀྱི་ཤ་རུས་ཀྱི་རྒྱུན་འདི་ཡང་གང་འདྲ་ཞིག་ཏུ་འགྱུར་གྱི་ཡོད་པ་བསམ་བློ་ཐོངས་ཤིག
 
བདུན་པ།༽ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་། ལྷག་པར་དུ་མི་རིགས་ཀྱི་ལས་བྱེད་པ་ཡིན་འདོད་རྒྱུ་ཞིག་གིས་རང་གི་མི་རིགས་ལ་གཅེས་དགོས་ཀི་ཨ། བཟང་དགོས་ཀི་ཨ། ཕན་ཐོགས་དགོས་ཀི་ཨ། ཞེས་གསུངས་པ་ནང་བཞིན་ཁྱེད་ཅག་བོད་རིགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་ཞབས་འདེགས་ཞུ་རྒྱུ་དང་རོགས་རམ་གནང་རྒྱུའི་ཆེད་དུ་རེད་མ་གཏོགས། གུང་ཏང་ཚང་ལ་གཞན་པའི་དགོས་མཁོ་ཅང་ཡོད་པ་མ་རེད། དེ་བས་ཁྱེད་ཅག་ནི་མི་རིགས་ལས་བྱེད་པ་ཞིག་ཡིན་པའི་སྟེང་ནས་རང་རང་གི་འོས་འགན་དེ་མི་བརྗེད་རོགས་ཞུ་ཞེས་ཞུས་པ་ལགས་སོ།།
 
བརྒྱད་པ།༽ མི་རིགས་ཀྱི་ལས་བྱེད་པ་ཚོས་གཞུང་ཡིག་སྣ་ཚོགས་བོད་ཡིག་གི་སྟེང་ནས་འབྲི་རྒྱུ་དང་དམངས་ཁྲོད་ལའང་བོད་ཡིག་གི་སྟེང་ནས་སྤེལ་ཅི་ཐུབ་གནང་རྒྱུའི་འབོད་སྐུལ་ཞུས་པ་ཡིན། དོན་ངོ་མར་བཤད་ན་འདི་ནི་ང་ཚོའི་ལས་བྱེད་པའི་སྡེ་ངན་སོང་བ་རེད་མ་གཏོགས་གཞུང་ཕྱོགས་ནས་འདི་ལ་རྒྱབ་སྐྱོར་དང་ཁྲིམས་མཐུན་གྱི་ཁེ་དབང་ཡོད་པ་རེད། བོད་ལ་ཁེ་དབང་གང་ཡོད་དག་ལས་བྱེད་པའི་སྡེ་ནས་དབུ་བཙུགས་ཏེ་ལག་ལེན་གནང་རྒྱུ་དེ་གལ་གནད་ཆེན་པོ་རེད། དེ་བས་དུས་དང་རྣམ་པ་ཀུན་ཏུ་འདིའི་ཕྱོགས་ལ་འབད་པ་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད་ལགས་སོ།
 
དགུ་བ།༽ གོང་གི་རེ་འདོད་འདི་དག་སྒྲུབ་མི་ཐུབ་མཁན་དང་ཟ་ཕོར་ཁོ་ནའི་ཆེད་དུ་མི་རིགས་ཀྱི་ཆབ་དཔལ་རིགས་གསུམ་ལ་ངོ་རྒོལ་བྱེད་པ་དང་ཏང་གི་སྒྲིག་གཞི་མི་ཤེས་པའི་ལས་བྱེད་པའི་རིགས་ནི་རྩ་བ་ནས་མེད་ན་བཟང་བ་རེད། དེ་བས་ལས་བྱེད་པའི་ཕྱོགས་ནས་མགྱོགས་བྲིས་སུ་ཐལ་བ་འདི་བདག་གི་བསམ་ཚུལ་དང་ཞུ་བ་ཙམ་ཡིན་པས་འདི་ལ་ཡིད་མཐུན་ཡོད་མཁན་ཞིག་ཡིན་ཚེ་བསམ་བློའི་སྟེང་ནས་རྒྱབ་སྐྱོར་གནང་རོགས་ཞུ་ཞེས་ཞུས་པ་ལགས་སོ།།

གསལ་བཤད།

Post navigation

Previous Post: དབང་ཞུ་ལ་བུད་ཐལ།
Next Post: བསྐྱར་དུ་བལྟས་པའི་འདས་པ།

Comment (1) on “བོད་རིགས་ལས་བྱེད་པར་ཕུལ་བའི་རེ་ཞུ་དགུ་ཚན་མ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-05-21 at 4:53 pm

    ཁྱེད་ཚོ། ཞེས་མང་ཚིག་གསལ་བྱེད་ཀྱི་ཚོ་ཇི་ལྟར་བྱུང་བརདཔྱད་པ། ཁ་ནས། ཙོ།མ་གཏོགས། ཚོ། ཞེས་མི་འཐོན། ཅག་ཅེས་པ་གྱུར་ནས་ཙོར་གྱུར་པ། བློ་ནང་དུ་བཀུགས་ཏེ། ཙོའམ་ཚོ་ཞེས་གང་ཡིན་པ་རང་གི་ལྕེ་ལ་དྲི་དགོས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme