Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭ་རུ་ཚོགས་པ།

Posted on 2012-12-262012-12-26 By ཁ་བརྡ་ 5 Comments on བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭ་རུ་ཚོགས་པ།

གནས་ཚུལ་མཁོ་གཏོང་བ། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།(ལྡི་ལི་མཐོ་སློབ།)

འདི་ལོའི་སྤྱི་ཟླ་༡༢་པའི་ཚེས་༢༦ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭའི་མདུན་ཐང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་དེ་གཟབ་རྒྱས་ངང་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། གཞན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ས་གནས་འགོ་འཛིན་དང་། བརྒྱ་དཔོན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་ཡང་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་རེད། འདི་གར་མཐོ་རིམ་སློབ་མའི་ཚོགས་ཆེན་གཙོ་སྐྱོང་བ་བསོད་ནམས་དར་རྒྱས་ལགས་ལ་ཚོགས་ཆེན་འདི་འདྲ་བ་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་དང་། མཐོ་རིམ་སློབ་མ་ཇི་ཙམ་ཞིག་ཚོགས་ཆེན་ཐོག་འཛུལ་ཞུགས་གནང་ཐུབ་པ་བྱུང་ཡོད་མེད་སྐོར་བཅར་འདྲི་ཞུས་དུས་ཁོང་གིས་“ད་ལན་ཚོགས་ཆེན་འདིའི་ཐོག་མཐོ་སློབ་འདྲ་མིན་༣༡་དང་ས་གནས་ཁག་༡༢། ད་དུང་མངའ་སྡེ་ཁག་དགུ་ཙམ་ནས་སློབ་མ་གྲངས་༨༡་ཙམ་འཛུལ་ཞུགས་ཐུབ་པ་བྱུང་ཡོད་པ་དང་། ཚོགས་ཆེན་འདི་འདྲ་བ་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་མཐོ་རིམ་སློབ་མ་རྣམས་ལོ་གཅིག་ལ་ཐེངས་མ་གཅིག་ཙམ་ཕན་ཚུན་མཉམ་འཛོམས་བྱེད་ནས་བོད་མི་རིགས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་སོགས་བརྗོད་གཞི་འདྲ་མིན་གྱི་ཐོག་ལ་གྲོས་བསྡུར་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་ཡིན་”ཞེས་བརྗོད་སོང་། ཡང་ཁོང་གིས་“ཚོགས་ཆེན་འདིའི་བརྒྱུད་མཐོ་རིམ་སློབ་མ་རྣམས་འཇིག་རྟེན་འདི་ནང་ཆེས་ཡི་གར་འོང་བའི་ཡར་རྒྱས་ཀྱི་རྩ་བ་ལྟ་བུ་མན་ངག་གསུམ་སྟེ། རང་མགོ་རང་ཐོན་དང་། རང་ངོ་རང་ཤེས། རང་འགན་རང་འཁུར་གྱི་ལྟ་གྲུབ་གསུམ་རྒྱུན་འཁྱོངས་བྱེད་ཐུབ་ཐབས་དང་། མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཆེད་ལས་མཁས་པ་དང་རིགས་གཅིག་རྐང་འཛིན་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་པར་རང་ཉིད་ནས་འགོ་བརྩམས་དགོས་པ་དང་། བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་བསྒྲུབ་ཐུབ་པར་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་ཧ་གོ་བའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།
ཐེངས་འདིའི་མཛད་སྒོའི་ཐོག་མཐོ་རིམ་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་རང་ལུས་མཆོད་མེ་རུ་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་མཛད་འཕྲིན་འདིར་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང་། གཞན་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་ཨང་རིམ་སོན་པའི་རྩོམ་པ་པོ་རྣམས་ལ་ཡང་བྱ་དགའ་དང་ལག་འཁྱེར་ཕུལ་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་འདིའི་ཐོག་བོད་དོན་ལས་འགུལ་ལ་ལོ་ངོ་བཞི་བཅུ་ལྷག་ཙམ་ཞིག་ཕྱག་ལས་གནང་མྱོང་མཁན་བོད་དོན་རྒྱབ་སྐྱོར་བ་དང་པར་ལེན་གསར་འགོད་པ་“ལྦི་ཇེཡི་ཀ་རན་དི་”(Vijay Kranti)མཆོག་ལ་ཐུགས་རྗེའི་ལེགས་ཕུལ་གྱི་ཕྱག་རྟགས་ཕུལ་ཡོད་ཅིང་ཚོགས་ཆེན་འདི་མུ་མཐུད་ཕྱི་ཟླ་༡༢་པའི་ཚེས་༢༦་ནས་༢༩་བར་ཁྱོན་བསྡོམས་ཉིན་བཞི་ཡི་རིང་འཚོགས་རྒྱུ་གཏན་འཁེལ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: བདག་གི་ཆེད་དུ། རྔ་བ་ཀུན་བཟང་སྒྲོལ་མ།
Next Post: ངེས་པར་ཀློག་དགོས་པའི་སུད་སི་ཁུལ་གྱི་གནས་ཚུལ།

Comments (5) on “བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭ་རུ་ཚོགས་པ།”

  1. གནམ says:
    2012-12-26 at 9:20 pm

    ཚོགས་ཆེན་མང་པོ་ཞིག་ཚོགས་ཀི་ཡོད་པ་མཐོང་ཡ་འདུག། བཟང་གི་ཁ་རྒྱན། ཚོགས་ཆུང་དེ་འདྲ་ཡང་འཚོགས་ཐུབ་ན་ཡག་པོ་མེད་འགྲོ། དུས་ཆེན་ལྟ་བུ་མི་བྱེད་པར། གོ་སྐབས་ལྟ་བུ་ལ་འགྲོ་བའི་རེ་སྨོན་ཡོད།

  2. ཨ་རིག་དགེ་མཐོང་གིས། says:
    2012-12-26 at 11:28 pm

    བོད་རིགས་མཐོ་སློབ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་བདེ་བླག་ངང་འཚོགས་ཐུབ་པར་ཁོ་བོས་རྟེན་འབྲེལ་དང་དགའ་བསུ་ལྷན་དུ་ཞུ། ན་ནིང་ཐེངས་དྲུག་པ་བྷང་ལོར་ནས་འཚོགས་པ་དེའི་སྟེང་དུ་ཁོ་བོ་སོང་ཡིན། སློབ་མ་ཚོ་དང་ལྷན་དུ་བགྲོ་གླེང་གང་མང་བྱེད་རྒྱུའི་གོ་སྐབས་ལྡན་པས་སྐྱིད་སོང་། ད་ལོ་མགྲོན་བརྡ་མཐོང་ཡང་རྐྱེན་དུ་མའི་དབང་གིས་འགྲོ་ཐུབ་མ་སོང་བར་འགྱོད་ནས་ཡོད། མུ་མཐུད་ནས་བགྲོ་གླེང་ལེགས་པོ་ཡོང་བ་དང་མཐར་རྒྱལ་ཁའི་ངང་གྲོལ་རྒྱུའི་སྨོན་འདུན་ཞུ།

  3. བན་དེ་བ། says:
    2012-12-27 at 9:13 am

    མཐོ་སློབ་ཀྱི་ཚོགས་ཆེན་དེར་མི་རིགས་ཀྱི་སྲོག་རྩར་གྱུར་པ་བོད་སྐད་དང་བོད་ཡིག་ལ་དོ་སྣང་དང་ཡར་རྒྱས་གཏོང་དགོས་པའི་གྲོས་ཆོད་དེ་འདྲ་བཞག་ཡོད་དམ། ལྡི་ལི་བོད་ཀྱི་མཐོ་སློབ་ཁང་དུ་བོད་རིགས་ཕན་ཚུན་བོད་སྐད་གཙང་མ་རྒྱབ་རྒྱུའི་གྲོས་ཆོད་བྱུང་ཡོད་དམ། དེང་སང་བོད་ལ་བཙན་གནོན་གྱི་འོག་ཏུ་གཞོན་ནུ་ཚོས་ངོ་མ་གྲོས་ཆོད་དང་ཚོགས་ཆེན་སོགས་གང་ཡང་མེད་པར་རང་འགུལ་གྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་ཡར་རྒྱས་གཏོང་བའི་ལས་འགུལ་དེ་ཚོར་ངོ་མ་ཡིད་སྨོན་འཆོར་གྱི་འདུག

  4. རི་རྒྱལ་ཏི་སེ། says:
    2012-12-27 at 9:22 am

    ཁ་རྡའི་དྲ་རྒྱའི་ནང་དུ་ཕེབས་མཁན་གྱི་གྲོགས་པོ་རྣམ་པར་ཞུ་རྒྱུ། ཧི་མ་ལ་ཡའི་ཕྲུལ་སྨྱུག་གིས་བྲིས་པའི་༼ཚ་བ་མདའ་སྨྱུག་དང་འབྲེལ་བའི་གཏམ་དྲང་བདེན་གྱི་སྙིང་སྟོབས།༽ ཞེས་པ་གཟིགས་འདོད་མཆིས་ཚེ། ཤེས་རབ་ཟིན་བྲིས་ནང་དུ་གཟིགས་པར་ཞུ།

  5. སྐལ་བཟང་ says:
    2012-12-27 at 9:54 am

    གོངས་ས་མཆོག་གིས་དང་པོ་་སོ་སོ་དགེ་ལུགས་ནང྄་ཁུལ་རྙོག་དྲ་དེ་གཙང་མ་བྱ྄ེད་རོགས་བྱེད་ན་ཡག་པོ་རེད་
    དེ་མ་ཚད་ས་སྐྱ་དང་ཇོ་ནང་་་ཀརྨ་པ་གཉིས་་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གཉིས་དེ་ཚང་མ་གཙང་མ་བྱེད་རོགས་གནང་
    ཡོང་ཁུངས་དེ་རིན་པོ་ཆེ་རང་གིས་ས་ནས་ཡོང་བ་རེད་་བོད་ནང་ཁུལ་ལ་སྙོག་དྲ་མེད་པ་ཡིན་ན་དགའ་བ་འདུག་ལུང་པ་གཞན་གྱིས་ ཆོས་ལུགས་རྟོག་ཙམ་ཞིག་བཞག་ན་དགའ་ས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme