Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༤༽

Posted on 2016-07-282016-07-28 By ཁ་བརྡ་ No Comments on རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༤༽

རེ་མདོ་སེངྒེ་།
 

ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། {ཚན་པ་བཞི་པ།}

༄༅།། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཐེངས་འདིའི་ཚོགས་འདུ་ཡོངས་སུ་མཇུག་གྲུབ་པས། དགོང་མོ་བྷ་ཀན་གྲོང་ཁྱེར་སྤྱི་ཁྱབ་པའི་མཚན་ཐོག་ནས་ཚོགས་ཞུགས་པ་ཡོངས་ལ་གསོལ་སྟོན་བཤམས། འདི་ནི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ལས་རིམ་མཐའ་མ་དེ་ཡིན།

ཐོག་མའི་འཆར་གཞི་བྱས་ན་ཚོགས་འདུ་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་གྲོལ་རྒྱུ་ཡིན་པས། ང་ཚོས་གནམ་གྲུའི་འཛིན་བྱང་དེ་ལུགས་ཀྱིས་ཉོས་ཡོད། འོན་ཀྱང་དངོས་གཞིའི་སྐབས་ཚོགས་འདུའི་ལས་རིམ་འགའ་ཤས་ལ་འགྱུར་བ་ཕྱིན་པས་ཡིན་ནམ་གང་ལྟར་ཚེས་ ༢༤ ཉིན་ཚོགས་འདུ་གྲོལ་བར་བརྟེན། ཕྱི་ཟླ་ ༦ པའི་ཚེས་ ༢༥ དང་ ༢༦ གཉིས་ལ་འཆར་གཞི་དམིགས་བསལ་མེད་སྟབས། ཉིན་གཅིག་ང་ཚོའི་ཕ་ཡུལ་གཅིག་པའི་གྲོགས་པོ་རབ་རྒྱས་ལགས་ཀྱིས་གོ་སྒྲིག་བྱས་འདུག་པ་ལྟར་བྷ་ཀན་གྱི་གྲོང་ཁྱེར་ནང་ལྟ་སྐོར་བྱས་ཤིང་། ཉིན་ཕྱི་མའི་ཉིན་ཆུང་ཚེ་རིང་དང་འཇིགས་མེད་བཅས་ང་ཚོ་རི་འཛེགས་བྱས་པ་ཡིན། ཁོང་ཚོས་ངོ་སྤྲོད་བྱས་པ་ལྟར་ན་བྷ་ཀན་གྲོང་ཁྱེར་མཐའ་ལ་རི་བོ་དྲུག་ཡོད་འདུག་པ་དང༌། ཡུལ་མི་གཅིག་གིས་ཉིན་གཅིག་ལ་རི་བོ་དྲུག་ཀར་འཛེགས་ཏེ་ཐོ་འགོད་བྱས་པ་ཡིན་ན། གྲོང་ཁྱེར་གཞུང་གིས་དམིགས་བསལ་གཟེངས་རྟགས་ཤིག་སྤྲོད་པའི་ལམ་སྲོལ་ཡོད་འདུག དེ་ནི་གཙོ་བོ་མང་ཚོགས་ཀྱི་ལུས་སྦྱོང་དང་འཕྲོད་བསྟེན་ལ་དམིགས་པ་ཞིག་ཡིན་པར་ངེས།

གང་ལྟར་ཉིན་གཉིས་པར་ང་ཚོས་རྐང་ལམ་ཕྲ་མོ་ཞིག་བརྒྱུད་དེ་རི་འཛེགས་བྱས་ཤིང་། རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་འགྲོ་བའི་སྐབས་འདམ་རྫབ་ཡོད་ས་རྣམས་སུ་ཤིང་ཟམ་དང༌། བྲག་ངོས་གཟར་ས་དག་ཏུ་སྐས་འཛེགས་བཟོས་འདུག འདི་མཐའ་དག་གཞུང་གིས་ཆེད་མངགས་མང་ཚོགས་ལྗོངས་རྒྱུ་བ་རྣམས་ཀྱི་དོན་དུ་བཟོས་པ་ཡིན་འདུག་ལ། ཁོང་ཚོས་བྱེད་ལུགས་འདིའི་ཐོག་ནས་གཞུང་གི་འཛུགས་བསྐྲུན་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང༌། ཕྱི་ཚུལ་གྱི་རྣམ་འགྱུར་ལ་རྫིག་ཉམས་སྟོན་པ་ཙམ་མ་ཡིན་པར། དོན་ངོ་མར་མང་ཚོགས་ཀྱི་དགོས་མཁོ་ལ་དམིགས་པ་གསལ་པོར་མངོན་པས། གཞུང་དང་མང་ཚོགས་ཀྱི་འབྲེལ་བ་འདི་ནི་ཡི་རང་ཁོང་ནས་འཕྱོ་བ་ཞིག་འདུག བྱེད་ཐབས་འདི་དག་ཀྱང་ཤིན་ཏུ་རྨད་དུ་བྱུང་བ་ཞིག་སྟེ། རང་བྱུང་ཁམས་ལ་གཏོར་བཅོམ་གཏནས་ནས་མེད་པའི་ཐོག རི་ངོས་དང་ནགས་ཁྲོད་ཀྱི་འཛུགས་བསྐྲུན་ཡོངས་རྫོགས་རང་བྱུང་གི་རྣམ་པ་ལྡན་པ་གཙོ་འདོན་བྱས་འདུག་ཅིང༌། ཁོང་ཚོས་ཁོར་ཡུག་དང་སྐྱེས་དངོས། མཐའ་ན་ཤིང་སྡོང་རེ་རེར་བདག་སྐྱོང་བྱེད་ལུགས་ལ་བལྟས་ན། ཡུལ་གྲུ་འགའ་ཤས་སུ་མིའི་ཚེ་སྲོག་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་དོ་ཁུར་གཏནས་ནས་མེད་པར། གསོད་རྐྱང་དང་གཏོར་རྐྱང་བྱེད་ཀྱི་ཡོད་པའི་གདུག་རྩུབ་ཀྱི་སེམས་ཁམས་འདི། རིག་གཞུང་དང་སློབ་གསོ་གང་འདྲ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ་སྙམ་པའི་དྲི་བ་ཞིག་རང་བཞིན་གྱིས་ཡོང་གི་འདུག

3620147d-faa7-4d8b-bd88-b640944b2a25གང་ལྟར་ང་ཚོ་རི་རྩེ་ཞིག་ཏུ་སླེབས་པའི་སྐབས་རླུང་ཤིན་ཏུ་བསིལ་ཞིང་གྲང་ངར་ལྡན་པ་ཞིག་འདུག་ལ། ཡུལ་ཁམས་ཀྱི་ཆགས་སྟངས་དང་སྐྱེས་དངོས་ཀྱི་གནས་སྟངས་བཅས། གང་ཅིའི་ཐད་ནས་བོད་ཡུལ་དུ་འབྱོར་བའི་ཚོར་སྣང་ཞིག་རང་བཞིན་གྱིས་ཡོང་གི་འདུག་པས། ང་ཚོས་རི་རྩེར་རྡོ་འབུལ་ཆུང་ངུ་ཞིག་བཞེངས་པའི་ཐོག་རྡོ་ལེབ་ངོས་འཇམ་ཞིག་གི་སྟེང་མཎི་ཡིག་དྲུག་བྲིས་ཏེ་བཞག་པ་ཡིན།

ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཆུང་ཚེ་རིང་དང་ངེད་གཉིས་སྔོན་མ་ནས་འཆར་གཞི་སྒྲིག་པ་ལྟར་བྷ་ཀན་གྲོང་ཁྱེར་ནས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་ཐོན་པ་ཡིན། ངེད་གཉིས་ཀྱི་གནམ་གྲུ་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་ཡིན་པས། ཆུ་ཚོད་དྲུག་དང་ཕྱེད་ཀ་ཡས་མས་སུ་གླ་གཏོང་རླངས་འཁོར་ཞིག་གི་ཐོག་མགྲོན་ཁང་ནས་བྷ་ཀན་གནམ་ཐང་ལ་ཕྱིན། ངེད་གཉིས་འགྲོ་སའི་རླངས་འཁོར་ཁ་ལོ་པ་དེ་བགྲེས་སོང་ལོ་དྲུག་ཅུ་རྩ་སྟོད་ཅན་ཞིག་རེད་འདུག ཁོང་བོད་དོན་སྐོར་ལ་དེ་ཙམ་རྒྱུས་མངའ་ཆེན་པོ་མི་འདུག་ཀྱང༌། ༸གོང་ས་མཆོག་ལ་དད་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་རྣམ་འགྱུར་གསལ་པོ་འདུག་ལ། ཁོང་གིས་ངེད་གཉིས་བོད་པ་ཡིན་པ་ཤེས་པའི་རྗེས། ཁྱེད་གཉིས་ད་ཐེངས་འདིར་སྐྱིད་པོ་བྱུང་སོང་ངམ་ཞེས་དྲིས་བྱུང་བའི་ལན་དུ། ཆུང་ཚེ་རིང་གིས། ང་ཚོ་ཤིན་ཏུ་སྐྱིད་པོ་བྱུང༌། གྲོང་ཁྱེར་འདིའི་ནང་གི་མི་ཡོངས་རྫོགས་ཤིན་ཏུ་ཡ་རབས་ཚུལ་མཐུན་ཤ་སྟག་རེད་འདུག་ལ། རང་བྱུང་ཁོར་ཡུག་གི་གནས་སྟངས་ཀྱང་ཤིན་ཏུ་མཛེས་སྡུག་ལྡན་ཞིང་ཉམས་དགའ་བ་ཞིག་འདུག་ཅེས་ལན་བཏབས། སྐབས་དེར་ཁ་ལོ་པས་ཅུང་གཟབ་ནན་གྱིས། ང་ཚོའི་ཡུལ་འདིར་གཞན་གྱིས་དབང་ཡོད་བྱེད་མཁན་མེད་སྟབས་རང་བྱུང་གི་ཁོར་ཡུག་བདག་སྐྱོང་ཡག་པོ་ཐུབ་ཡོད། འོན་ཀྱང་ཁྱེད་ཚོའི་གནས་སྟངས་ང་ཚོ་དང་མི་འདྲ་བས་ཁོར་ཡུག་དང་སྤྱི་ཚོགས་གཉིས་ཀར་གཏོར་བཅོམ་ཆེན་པོ་བྱུང་ཡོད་པ་རེད། ཅེས་སྐྱོ་ཉམས་དང་བཅས་བཤད་བྱུང་བས། ང་ལ་གློ་བུར་དུ་དྲན་གསོ་ཐེབས་པ་ལྟ་བུས་སེམས་ལ་ཚོར་བ་མ་བདེ་བ་ཆེན་པོ་ཞིག་བྱུང༌ལ། ཆུང་ཚེ་རིང་ལ་ཚོར་སྣང་དེ་འདྲ་ཞིག་བྱུང་ཡོད་པ་ཁོང་གི་རྣམ་འགྱུར་གྱི་ཐོག་ནས་གསལ་པོ་ཤེས་ཐུབ།

ངེད་གཉིས་བྷ་ཀན་གནམ་ཐང་དུ་སླེབས་པའི་སྐབས་སྤྱིར་བཏང་ཉེན་རྟོག་པ་སོགས་ཀྱིས་མི་རེ་རེ་བཞིན་དོ་ནན་ཆེན་པོས་ལག་ཁུག་དང་ལུས་ཕུང་ཡོངས་རྫོགས་ལ་སྔོག་གཤེར་ཞིབ་ཚགས་བྱེད་ཀྱི་འདུག་ཀྱང༌། ངེད་གཉིས་ལ་སྤྱིར་བཏང་ཙམ་མ་གཏོགས་གཞན་དག་ནང་བཞིན་སྔོག་གཤེར་བྱས་མ་བྱུང༌། སྤྱིར་ནོར་ལྦེའི་ཡུལ་དུ་བོད་མི་ལ་དགའ་མོས་ཆེན་པོ་བྱེད་ཀྱི་འདུག་པར་མ་ཟད། ༸གོང་ས་མཆོག་གི་ན་བཟའ་དང་ཆ་མཐུན་པའི་བོད་ཀྱི་གྲྭ་ཆས་གྱོན་མཁན་ཚོ་ལ་དམིགས་བསལ་ཡིད་ཆེས་དང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག8f9d84f8-abe9-45fa-8e15-7e2c563cb2bb

ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་ཡས་མས་ཐོག་ངེད་གཉིས་ཧྥ་རན་སིའི་རྒྱལ་ས་པེ་རིའི་སིའི་གནམ་ཐང་ལ་འབྱོར། ངའི་སྤུན་ཆུང་དར་རྒྱས་རྒྱ་མཚོ་ཆེད་དུ་བྷེ་རྗམ་ནས་པེ་རིའི་སིའི་གནམ་ཐང་དུ་འབྱོར་འདུག་ཅིང༌། ཁོང་དང་ལྷན་དུ་པེ་རིའི་སིར་རྟེན་གཞི་བྱས་པའི་གྲོགས་པོ་ཚེ་རིང་རྡོ་རྗེ་ཡང་བསུ་མར་འབྱོར་འདུག སྤུན་ཆུང་དར་རྒྱས་རྒྱ་མཚོས་སྔོན་མ་ནས་གོ་སྒྲིག་ཞུས་འདུག་པ་ལྟར། ངེད་གཉིས་པེ་རིའི་སིར་མ་བསྡད་པར་ཐད་ཀར་མེ་འཁོར་བརྒྱུད་སིད་སུའི་གྲོང་ཁྱེར་གྲགས་ཅན་ལྗི་ནེས་ལྦ་ལ་ Geneva ཕྱིན་པ་ཡིན། ངེད་གཉིས་ཕྱི་དྲོ་ཆུ་ཚོད་དྲུག་པ་ཡས་མས་ཐོག་ལྗི་ནེས་ལྦ་ལ་འབྱོར་ཞིང༌། ངའི་ལོ་མང་རིང་གི་གྲོགས་པོ་འཇམ་དབྱངས་ཚུལ་ཁྲིམས་མེ་འཁོར་འབབ་ཚིགས་སུ་བསུ་མར་འབྱོར་འདུག་པས། ང་ཚོ་ཁོང་གིས་གོ་སྒྲིག་བྱས་པའི་སྡོད་གནས་སུ་ཕྱིན། དེ་ནི་གྲོང་ཁྱེར་གྱི་མཐའ་ན་ཡོད་པའི་ཁོའི་དགའ་རོགས་ཀྱི་ཁང་པ་ཞིག་རེད་འདུག་ལ། ཁང་པ་དེ་ཐོག་རྩེག་གསུམ་གྱི་ཐོག་ན་འདུག་ཅིང་མཐའ་འཁོར་ཡོངས་རྫོགས་ལྡུམ་ར་དང་སྐྱེས་དངོས་ཀྱིས་བསྐོར་བས་སྤྲོ་སྣང་ལྡན་པ་ཞིག་འདུག

ཁོང་བཟའ་ཚང་གཉིས་ཀྱིས་ཉིན་ཤས་གོང་ནས་གོ་སྒྲིག་བྱས་ཏེ། སིད་སུའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཟས་རིགས་མང་པོ་བཟོས་འདུག་པར་མ་ཟད། མངར་རིགས་དང་འོ་མའི་རིགས་ཀྱི་མཚར་ཟས་མང་པོ་ཞིག་ཀྱང་གོ་སྒྲིག་བྱས་འདུག བུད་མེད་དེ་ཤིན་ཏུ་སྤྲོ་སྣང་ཆེན་པོ་ཅན་ཞིག་དང་འདྲིས་བདེ་བོ་ཞིག་འདུག་ལ། མོ་ཁོང་ཚོའི་རྒྱུན་སྤྱོད་ཀྱི་འཇར་མན་སྐད་ཡིག་ལ་བྱང་ཆ་ལྡན་པ་ཞིག་ཡིན་པར་མ་ཟད། དབྱིན་ཇིའི་སྐད་ཡིག་ལ་ཡང་ཐོགས་རྡུགས་མེད་པ་ཞིག་རེད་འདུག མོའི་ལས་ཀ་ནི་ལོ་རྒས་འཁོག་ཆགས་ནས་དྲན་པ་ཉམས་པ་དང༌། ནད་རིགས་བྱེ་བྲག་པའི་རྐྱེན་གྱིས་དྲན་པ་ཉམས་པའི་རིགས་ལ་རོལ་དབྱངས་དང༌། གཞན་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་དྲན་པ་སླར་གསོ་བྱ་རྒྱུ་རེད་འདུག

མོས་མོ་རང་གི་ལས་ཀའི་ཐོག་ཕྱོགས་མང་པོ་ནས་ཞིབ་འཇུག་གཏིང་ཕྱིན་པ་བྱས་འདུག་པར་མ་ཟད། ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་བསགས་འདུག་ལ། མོའི་ལས་རིགས་དང་འབྲེལ་བའི་ཐོག་བསམ་ཚུལ་བརྗེ་ལེན་བྱ་རྒྱུར་འདོད་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ངེད་གཉིས་ཀྱིས་མོས་གླེང་གཞི་བསླངས་པའི་གནད་དོན་མང་པོའི་ཐོག་བསམ་ཚུལ་བརྗེ་ལེན་བྱས།
དཔེར་ན། མོས་དྲན་པ་ཉམས་པའི་ན་ཚ་འདི་རིགས་ཀྱི་འབྱུང་རྐྱེན་ཐད་སྤྱི་ཚོགས་ཚན་རིག་པ་དང་། རྫས་འགྱུར་རིག་པ་བ། སེམས་ཁམས་ཚན་རིག་པ་བཅས་སོ་སོར་ངོས་འཛིན་དང་འགྲེལ་བཤད་མ་འདྲ་བ་ཡོད་ལུགས་དང། མོ་རང་གི་ཉམས་མྱོང་ཐོག་ནས་འདིའི་འབྱུང་རྐྱེན་དང་སྔོན་འགོག་ཐད་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་མེད་གནད་ལ་ཐིངས་པ་ཞིབ་ཚགས་སུ་གླེང་བ་དང་འབྲེལ། ཁོང་ཚོའི་ལུང་པའི་དཀའ་ཁག་མང་པོ་ཞིག་ཁ་གསལ་གཏིང་གསལ་གྱིས་བཤད་བྱུང་བས། ངས་མོ་ལ་དངོས་ཡོད་དཀའ་ངལ་འདི་རིགས་ཕྱོགས་གཅིག་རྐྱང་པའི་གནད་དོན་མ་ཡིན་པར་རྒྱུ་རྐྱེན་སྣ་ཚོགས་དང་འབྲེལ་ནས་ཡོད་ལུགས་དང་། ལྷག་པར་དུ་ན་ཚ་འདི་རིགས་ཕྱིའི་བཟའ་བཏུང་དང་སྤྱི་ཚོགས་ཀྱི་གནད་དོན་ཁོ་ན་ལ་བརྟེན་པ་ཞིག་མིན་པར། གང་ཟག་སྒེར་སོ་སོའི་མི་ཚེའི་འཚར་ལོངས་དང་། ཤེས་ཡོན་སློབ་གསོ། རྒྱུན་གྱི་སེམས་ཁམས་འཁྱེར་སྟངས་བཅས་ལ་འབྲེལ་བ་ངེས་ཅན་ཡོད་པའི་སྐོར་ཅི་ཐུབ་ཀྱིས་ངོ་སྤྲོད་ཞིབ་ཚགས་སུ་བྱས།

ལྷག་པར་དུ་བོད་མི་རིགས་ལྟ་བུར་མཚོན་པ་ཡིན་ན། ཁྱེད་ཚོ་དང་འདྲ་བའི་དཔལ་འབྱོར་ཡར་རྒྱས་མིན་པར་མ་ཟད། བོད་ཕྱི་ནང་གཉིས་ཀར་སྤྱི་ཚོགས་དང་ཆབ་སྲིད་གང་ཅིའི་ཐད་ནས་གདོང་ལེན་བྱ་དགོས་པའི་དཀའ་ཁག་མང་པོ་ཡོད་ཀྱང༌། མིག་མདུན་གྱི་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་བྱས་ཏེ་གོམ་སྟབས་མདུན་སྤོས་བྱེད་བཞིན་ཡོད་ལུགས། བོད་མི་རིགས་ཀྱིས་འདི་ལྟར་རང་གི་དཀའ་ཁག་ལ་གདོང་ལེན་བྱེད་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རྒྱབ་ལྗོངས་ཟབ་བརླིང་ལྡན་པ་ཞིག་ཡོད་པ་རེད་ལ། སུ་གང་གིས་ཀྱང་འགྲན་ཟླ་མེད་པའི་བྱམས་བརྩེའི་བདག་ཉིད་ཅན་གྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡོད།
བོད་ཀྱི་རིག་གཞུང་གི་སྙིང་དོན་གཙོ་བོ་ནི། རང་གི་བསམ་བློ་ལ་རང་ཉིད་ཀྱིས་སྒྱུར་བཅོས་དང་སྟངས་འཛིན་བྱ་དགོས་པ་དང་ཇི་ལྟར་བྱེད་དགོས་པའི་ཐབས་གཙོ་འདོན་གྱིས་བསྟན་གྱི་ཡོད་ལུགས། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཁོང་གིས་ཀྱང་ང་ཚོར་རིག་གཞུང་འདིའི་དགོངས་དོན་གཞི་ལ་བཞག་པའི་ཐོག་ནས། འཇིག་རྟེན་ཡོངས་ཀྱི་སྤྱི་དོན་ལ་འགན་ལེན་བྱེད་སྟངས་དང༌། དེ་བཞིན་དྲང་བདེན་དང༌། འཚེ་བ་མེད་པ། གཞན་ཕན་གྱི་བསམ་བློའི་ཐོག་ནས་བོད་ཀྱི་རྩ་དོན་སྒྲུབ་སྟངས། མི་སོ་སོས་རང་གིས་རང་ཉིད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་གང་འདྲ་བྱེད་དགོས་པ་བཅས་ཀྱི་ལམ་སྟོན་ཕེབས་ཀྱི་ཡོད་པ། རྨད་དུ་བྱུང་བའི་རིག་གཞུང་དང་དང་བྱིན་རླབས་ཅན་གྱི་གདམས་ངག་ལ་བརྟེན་ནས་སུ་གང་གིས་ཀྱང་ཐེག་དཀའ་བའི་དཀའ་ཁག་འདི་རིགས་ལ་ང་ཚོས་ཐེག་པར་བྱེད་ཀྱི་ཡོད། ཅེས་བོད་མི་རིགས་དང་རིག་གཞུང༌། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་པོའི་ཀུན་སྤྱོད་ཁྱབ་སྤེལ་མཛད་བཞིན་པའི་རླབས་ཆེན་གྱི་དགོངས་གཞི། དེང་སང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ལག་བསྟར་འགྲོ་བཞིན་པའི་ཤེས་ཡོན་སྲིད་སྐོར་བཅས་ངོ་སྤྲོད་ཞུས་པ་ཡིན་ཡང༌། ངེད་གཉིས་ཀྱི་གླེང་མོ་ཡོངས་རྫོགས་འདིར་བྲིས་ན་གཏམ་རྙོག་ཏུ་ཆགས་འགྲོ་བས་མ་བྲིས།

ངེད་གཉིས་གླེང་མོ་བྱས་པའི་བརྒྱུད་རིམ་ནས་མོ་རང་གཞན་གྱི་མི་ཚེའི་ནང་བྱུང་དང་འབྱུང་བཞིན་པའི་དཀའ་ཁག་གི་རིགས་ལ། ཕྱིའི་ཆ་རྐྱེན་དང་དཔལ་འབྱོར་རྐྱང་པའི་ཐོག་ནས་གདོང་ལེན་བྱ་ཐབས་བྱེད་མཁན་ཞིག་མ་ཡིན་པར་མ་ཟད། སྐྱོན་གནད་ཡོངས་རྫོགས་རང་དང་ཐ་དད་པའི་ཕ་རོལ་པ་ཞིག་གི་སྟེང་དུ་གཡོག་ཐབས་བྱེད་མཁན་ཞིག་མ་ཡིན་པར། རང་གི་བསམ་བློ་གཏོང་ཕྱོགས་ཀྱིས་མཚོན་པའི་རང་ངོས་ནས་མ་འགྲིག་པའི་སྐྱོན་གནད་རིགས་འཚོལ་ཞིབ་བྱས་ཏེ། སྐྱོན་གནད་དེ་དག་སྒྱུར་བཅོས་གཏོང་ཐབས་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་བྱུང་། ང་ཚོ་སྐད་ཆའི་ནང་མགོ་འཁོར་བས་དུས་ཡུན་ཐུང་ངུ་ལས་སོང་མེད་པའ་སྣང་བ་ཡོད་ཀྱང་། མཚན་ནག་གུང་གི་དུས་ཚོད་གཉིས་པ་ཡོལ་ནས་འདུག་ང་ཚོའི་གླེང་མོ་མཚམས་འཇོག་བྱས།
མཐའ་མ་ངས་མོ་ལ་ཕྱག་དེབ་འདིས་ཁྱོད་ཀྱི་མི་ཚེ་དང་ལས་ཀ་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་རྩོམ་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཅེས་པའི་ཕྱག་དེབ་ཅིག་ལེགས་སྐྱེས་སུ་སྤྲད་པ་ཡིན།

༼་་་་་་་་མུ་འགོད།༽

དྲན་ཐོ།

Post navigation

Previous Post: བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ།
Next Post: རྡ་རྡ་ཚང་གི་གཞིས་ཀ་ནས་སྙན་ངག་པའི་མཚན་མོ་འཁོར་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme