Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་འཛིན་གྲྭ་གསར་འཛུགས།

Posted on 2013-03-112013-03-11 By ཁ་བརྡ་ 5 Comments on བོད་ཡིག་འཛིན་གྲྭ་གསར་འཛུགས།

མཚམས་སྦྱོར་བ། ཀླུ་རྒྱལ་དོན་འགྲུབ།

ཡོ་རོབ་བོད་ཀྱི་གཞོན་ནུས་གོ་སྒྲིག་འོག་སུད་སིར་བོད་སྐད་ཡིག་ཡིག་རྨོངས་སེལ་བའི་བོད་ཡིག་འཛིན་གྲྭ་འགོ་བཙུགས་གནང་སོང་། ཟླ་སྔོན་མའི་ཚེས་ཉི་ཤུ་ནས་སུད་སིའི་གནས་སྡོད་བོད་མིའི་སྤྱི་ཚོགས་སུ་གཞོན་སྐྱེས་མང་པོར་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་བ་ཞིག་ཡོང་བཞིན་པ་དང་བསྟུན་ནས་བོད་ཡིག་འཛིན་གྲྭ་འགའ་མངའ་སྡེ་གསུམ་གྱི་ནང་དུ་འགོ་བཙུགས་གནང་ཡོད་འདུག

འཛིན་གྲྭ་དེར་གོ་སྒྲིག་བྱ་རྒྱུའི་བརྡ་སྦྱོར་བཀྲམ་པ་དང་སུད་སིར་གནས་སྡོད་བོད་ཀྱི་གཞོན་སྐྱེས་མང་པོས་བོད་ཡིག་ལ་དོ་སྣང་སྔར་ལས་བྱེད་བཞིན་ཡོད་པ་དང་། ཐོ་འགོད་བྱས་ནས་འཛིན་གྲྭར་ཞུགས་བཞིན་པའི་སློབ་མ་༥༠ ལྷག་ཅིག་ཡོད་པ་དང་། ཐོ་འགོད་རྗེས་ལུས་ཐེབས་པ་དང་ས་གནས་ཁ་ཤས་སུ་གནས་སྐབས་ཀྱི་རིང་སློབ་མའི་གྲངས་མ་ལོང་བ། དགེ་རྒན་སོགས་ཀྱི་དཀའ་ངལ་གྱིས་འཛིན་གྲྭ་འཚོགས་ཐུབ་ཀྱིན་མེད་པ་སོགས་ཀྱི་དབང་གིས་གཞོན་སྐྱེས་མང་པོས་འཛིན་གྲྭ་རྗེས་མར་ཐོ་འགོད་བྱེད་པར་སྒུག་འདུག

གོང་གི་འཛིན་གྲྭ་དེ་དག་འཛུགས་སའི་ས་ཁུལ་ནི་གྲོང་ཁྱེར་འཛུ་རིག་དང་ཡོ་ན། དེ་བཞིན་བེལ་སོགས་ཡིན་འདུག ད་ལྟ་དངོས་སུ་བོད་ཡིག་སློབ་ཁྲིད་འགོ་བཙུགས་འདུག་ལ་སློབ་མ་ཚོས་ཀྱས་རང་ངོས་ནས་ཐབས་ཤེས་གང་ཡོད་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་འདི་སློབ་སྦྱོང་བྱེད་པར་ནུས་ཤུགས་གང་ཡོད་འདོན་བཞིན་འདུག

བོད་ཡིག་འཛིན་གྲྭར་དོ་སྣང་ཡོང་བཞིན་པའི་སྐོར་ལ་འཛིན་གྲྭར་ཡོང་བཞིན་པའི་བུ་མོ་བསྟན་སྒྲོལ་ལགས་སུ་སྐད་ཆ་དྲིས་པར་ཁོང་མོས། ༼ཆུང་དུས་བོད་ཡིག་སྦྱངས་མྱོང་ཡོད་མོད་ཁོར་ཡུག་གི་དབང་གིས་བེད་སྤྱོད་གཏོང་ས་མེད་པས་དྲན་པ་བརྗེད་འདུག བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་དོ་སྣང་བྱེད་དགོས་རྒྱུ་ནི་ང་ཚོ་བོད་མི་རྣམས་ཀྱི་འགན་ཞིག་ཏུ་མཐོང་གི་ཡོད་༽ཟེར། འཛིན་གྲྭའི་དུས་ཡུན་ལོ་གཅིག་གི་རིང་ལ་ཁྱེད་རང་གིས་རེ་བ་ཇི་འདྲ་ཞིག་བཅངས་ཀྱི་ཡོད་པའི་སྐོར་ལ་སྐད་ཆ་དྲིས་པར་ཁོང་མོས་༼ང་རང་ལ་མཚོན་ན་བོད་ཡིག་ཡར་རྒྱས་སུ་གཏོང་འདོད་ཡོད་མོད་རང་ཁྱིམ་དུ་ཨ་མས་བོད་ཡིག་མི་ཤེས་སྟབས་བོད་ཡིག་ཡར་རྒྱས་སུ་གཏོང་བར་དཀའ་ངལ་ཧ་ཅང་ཆེན་པོ་འདུག གོ་སྐབས་འདི་རྒྱུད་ནས་ངས་ཧུར་བརྩོན་གྱིས་ལོ་གཅིག་གི་ནང་དུ་འབྲི་ཀློག་ཡག་པོ་ཞིག་ཡོང་ཐུབ་ཀྱིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་༽ཟེར།

ད་ལྟའི་འཛིན་གྲྭ་འདི་ནི་སུད་སིར་གསར་ཏུ་འབྱོར་བའི་གཞོན་སྐྱེས་དྲུག་གིས་དགེ་རྒན་དང་བླངས་དང་། ཡོ་རོབ་གཞོན་ནུས་འཛིན་སྐྱོང་གོ་སྒྲིག་སོགས་ཀྱི་མཐུན་རྐྱེན་འོག་བདུན་ཕྲག་གཅིག་གི་ནང་དུ་ཐེངས་གཅིག་འཚོགས་བཞིན་པ་ཞིག་རེད་ལ། འཛིན་གྲྭར་ཞུགས་མཁན་གྱི་སློབ་མ་རྣམས་ནི་ལོ་བཅུ་དྲུག་ནས་སུམ་བཅུ་བར་གྱི་གཞོན་སྐྱེས་ཤ་སྟག་རེད་འདུག

གསར་འགྱུར།

Post navigation

Previous Post: ཕ་ཡུལ།
Next Post: ཧྥ་རན་སིར་གསུམ་བཅུའི་དུས་དྲན་སྲུང་བརྩི།

Comments (5) on “བོད་ཡིག་འཛིན་གྲྭ་གསར་འཛུགས།”

  1. ངག་དབང་ says:
    2013-03-11 at 10:39 pm

    ༄།ཡག་པོ་རེད་བཀའ་དྲིན་ཆེ་ བོད གཞོན་ཚོ།

  2. ལུང་རྟོགས། says:
    2013-03-12 at 10:00 am

    བོད་མི་ཚོ་རྨོངས་གཉིད་ལས་སད་ཡོང་གི་ཡོད་པའི་རྟགས་རེད། ཧ་ཅང་བཟང་། ངོ་མ་བཤད་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡན་ཆད་ཀྱི་བཙན་བྱོལ་གཞུང་གི་ཤེས་ཡོན་སྲིད་ཇུས་ལ་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པ་ནི་བཙན་བྱོལ་ནང་གི་མི་རབས་གཉིས་པའི་ཤེས་ཡོན་དང་ཀུན་སྤྱོད་ནས་མཐོང་ཐུབ་པ་ཞིག་རེད། ད་དུང་མུ་མཐུད་ནས་དེ་ལྟར་སོང་ན་བོད་པ་ཞེས་པའི་མིང་ཙམ་ལས་ཅི་ཡང་མི་ལྷག་པ་ཟུར་བལྟས་ལེབ་མཐོང་རེད།

  3. རི་རྒྱལ་ཏི་སེ། says:
    2013-03-12 at 11:05 am

    ཤ་ཚ་ལོ་དེ་ག་ཙམ་སླེབ་ཟིན་པ་རྣམས་བོད་ཡིག་སྦྱངས་དགོས་དཀའ་ལས་ཆེ་ཙམ་ཡོད་རེད།

  4. དགའ་སྐྱིད་ says:
    2013-03-12 at 3:51 pm

    ཡག་པོ་ཡིན་དང་ཡིན་བོད་པའི་བོད་ཡིག་མ་སྦྱང་ན་རྒྱ་ནག࿒མར་གཞུང་ཧ་ཅང་དགའ་།

  5. གྲགས་པ་གནམ་ཐོས། says:
    2013-03-13 at 9:39 am

    ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་བྱས་པ་ཤིན་ཏུ་ལེགས། བཀའ་ཁྲི་ཟམ་གདོང་སྐབས་བོད་ཡིག་སྤྱོད་པའི་ཁོར་ཡུག་རྒྱས་ཐབས་སུ་བོད་མི་ནང་ཁུལ་ཡིག་འགྲུལ་བོད་ཡིག་ཁོ་ནར་སྤྱོད་དགོས་པའི་བཀའ་རྒྱ་ཕེབས་པ་དང། གཞུང་འབྲེལ་ཡིག་ཆ་ཁག་བོད་ཡིག་ཁོ་ན་སྤྱོད་བཞིན་པ་ཡིན་ཀྱང་ད་ལྟ་གཞུང་འབྲེལ་ཡིག་འགྲུལ་དབྱིན་ཡིག་ཐོག་སྤྱོད་རྒྱུ་རྡ་ས་ནས་འགོ་བཙུགས་ཟིན་འདུག་པས་སྤྱོད་རྒྱ་མེད་པའི་བོད་ཡིག་ཀྱི་ལས་དབང་ཇི་འདྲ་ཆགས་མིན་མི་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme