Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་དང་ཐའི་ཡིག་གཉིས་ཀྱི་བར་ལ་འབྲེལ་བ་ཨེ་ཡོད།

Posted on 2017-07-132017-07-13 By ཁ་བརྡ་ 16 Comments on བོད་ཡིག་དང་ཐའི་ཡིག་གཉིས་ཀྱི་བར་ལ་འབྲེལ་བ་ཨེ་ཡོད།

མི་ཉག་ཀུན་དགའ་བཀྲ་ཤིས།

 
ད་ལྟ་གྲོགས་པོ་ཞིག་ཐའི་ཡུལ་(Thailand 泰国)དུ་སྤྲོ་འཆམ་ལ་འགྲོ་བཞིན་པའི་སྒང་ཡིན་པ་དང་། ཁོས་ཟིན་ཐོ་ཞིག་དང་མཉམ་དུ་ཡུལ་དེ་གའི་དཔར་འགའ་ཡང་དྲྭ་ཐོག་ཏུ་བཞག་འདུག དཔར་བྱེ་བྲག་པ་ཞིག་གིས་ཁྱོད་ལ་དོ་སྣང་འདྲེན་ཡོང་ལ། བསམ་བློ་གསར་པ་ཞིག་འཁོར་བའི་དམིགས་བསལ་གྱི་རྒྱུ་ཆ་མཁོ་སྤྲོད་བྱེད་སྲིད། དཔར་དེ་ནི་གང་ཞིག་གི་མིང་བརྡ་གསལ་བའི་ཐའི་ཡིག་དང་དབྱིན་ཡིག་ཤན་སྦྱར་གྱི་མིང་བྱང་ཞིག་རེད། གཙོ་བོ་དཔར་ལ་བལྟས་ནས་བརྗོད་གཞི་འདིར་བསམ་གཞིགས་བྱེད་དགོས།
རྣམ་རྒྱུན་སོ་སོས་མཐོང་བའི་ཐའི་ཡིག་ཡིག་གཟུགས་རྣམས་ཆུང་ཆུང་ཡིན་སྟབས་དེ་དག་གི་དབྱིབས་དང་ཡང་ན་བཟོ་ལྟར་དེ་ཙམ་གྱི་དོ་སྣང་མ་བྱས། དཔར་རིས་ནང་གི་ཡིག་ཆེན་འདི་ཚོར་ཞིབ་ཀྱིས་བལྟས་ན། དབྱིན་སྐད་དུ་ Bamiyanguha ཅེས་བྲིས་པའི་ཐའི་ཡིག་ནི་བོད་ཡིག་དང་ཧིན་དི་གཉིས་གཅིག་ཏུ་འདྲེས་པའི་ཡིག་རིགས་ཤིག་ཡིན་པ་ཧ་ཅང་འདྲ་པོ་འདུག

དཔེར་ན་དཔར་རིས་ཀྱི་ནང་དུ་གསལ་བ་བཞིན། Ba (བ) Mi (མ) Ya (ཡ) N (न) Gu (गु) Ha (ཧ) མིང་ཚིག་འདི་ཡི་ནང་དུ་བོད་ཡིག་དང་འདྲ་བའམ། བོད་ཡིག་བཞི་ཡོད་པ་དང་། ཧིན་དི་དང་འདྲ་བའམ་ཧིན་དི་གསུམ། Mi ནི་བོད་ཡིག་དང་ཧིན་གཉིས་ཀར་འདྲ་བའི་ཡི་གེ་ཞིག་ཅི་ནས་ཀྱང་རེད་འདུག ད་དུང་གི་གུ་དང་འདྲའམ་དེའི་སྒྲ་ཇི་བཞིན་འབྱིན་པར་ནུས་པའི་དབྱངས་ཡིག་ཡོད་པ་སོགས་རིག་པས་དཔྱད་པའི་རིན་ཐང་ལྡན་པ་ཞིག་ནི་གཏན་གཏན་རེད་འདུག

རང་རེའི་བོད་ཡིག་འདི་ཐོན་མིས་གསར་གཏོད་མཛད་པའམ། གསར་བཅོས་གནང་བ་གཉིས་བར་གྱི་ཐག་མ་ཆོད་པའི་རྩོད་རྙོག་རིང་པོ་འདིའི་དཀའ་གནད་སེལ་བའི་ལྡེ་མིག་དེ་ཐའི་ཡིག་གི་ལག་ཏུ་ཡོད་མི་སྲིད་པ་མ་རེད། ཡང་མིན་ན་ཐའི་ཡིག་དེ་འབྲུག་ཡིག་དང་འདྲ་བར་བོད་ཡིག་ཨ་མར་གྱུར་པའི་བོད་ནས་ཐད་ཀར་དར་ཞིང་རྒྱས་པའི་ཡི་གེ་ཞིག་མ་ཡིན་པའི་ངེས་པ་ཡང་མི་འདུག དེ་མིན་ན་བོད་ཡིག་འདི་རྒྱ་གར་ནས་མ་ཡིན་པར་ཐའི་ཡུལ་ནས་དར་ཡོང་བའི་ཡི་གེ་ཞིག་ཀྱང་ཡིན་སྲིད། གང་ལྟར་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་བོད་ཡིག་གི་བྱུང་རིམ་ལ་ཐུགས་སྣང་ཡོད་པ་ཚོས་ཐའེ་ཡིག་དང་དེའི་བྱུང་རིམ་དང་ལོ་རྒྱུས་ལ་སློབ་སྦྱོང་གནང་དགོས་པ་གལ་ཆེ་དོན་ཆེན་ཞིག་རེད་འདུག་བསམ།

ང་ཚོའི་བོད་ཡིག་གི་ཤུགས་རྐྱེན་དེ་འབྲུག་ཙམ་མ་ཟད། ད་དུང་ཐའི་ཡུལ་དང་། འབར་མ། དེ་བཞིན་དེ་དག་གི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཁག་ཏུ་སླེབས་ཡོད་སྲིད་པ་དང་། ཡང་ན་ལུང་པ་དེ་དག་གི་ཡི་གེའི་ཤུགས་རྐྱེན་བོད་ལ་སླེབས་པ་སོགས། མདོར་ན་ང་ཚོས་བོད་ཡིག་གི་རྒྱ་ཁྱོན་དང་ཁྱབ་ཚད་ཤེས་དགོས་ན་ལུང་པ་དེ་དག་དང་མི་རིགས་དེ་དག་གི་སྐད་ཡིག་དང་ལོ་རྒྱུས་ལ་ངེས་པར་དུ་རྒྱུས་ལོན་བྱེད་དགོས་པ་ཧ་ཅང་གནད་འགག་ཅན་ཞིག་ཏུ་སྣང་།།

མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༡༧ ཟླ་༠༧ ཚེས་༡༣ ལ་བྲིས།།

རྩོམ་རིག

Post navigation

Previous Post: རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།
Next Post: དབུ་མཛོད་འཇམ་དབྱངས་བློ་གྲོས་ལ་སྨོན་ལམ་རྣམ་འདྲེན་གྱི་དར་ཐག་དཀར་པོ།

Comments (16) on “བོད་ཡིག་དང་ཐའི་ཡིག་གཉིས་ཀྱི་བར་ལ་འབྲེལ་བ་ཨེ་ཡོད།”

  1. རྟ་བདུན་དབང་བོ says:
    2017-07-13 at 12:09 pm

    ཐེ་ལན་ཊི་སྐད་ཡིག་དང་བོད་ཡིག་ལ་འབྲེལ་བ་ཡོད་སྲིད་པ་རེད། ཐེ་ལན་ཏི་ཡིག་གེ་རྒྱ་གར་དང་འབྲེལ་བ་ཡོད་ཚུལ་བཤད་ཀྱིན་འདུག ཐེ་ལན་ཏི་ནའང་སྐྱབས་བཅོལ་བ་མང་པོ་ཡོད་ཚོད་རེད། དེ་ཚོ་བོད་པ་རེད་ཅེས་ཟེར་མཁན་འདུག། ང་དངོས་སུ་ཁོང་ཚོ་དང་ཐུག་ནས་སྐད་ཆ་བྱས་པ་ཡིན། འོན་ཀྱང་བོད་སྐད་དང་འདྲ་བོ་མི་འདུག གོན་པའི་ཆ་ལུགས་ཀོང་པོ་དང་ཨ་མདོ་རྒྱ་རུང་གི་ཆས་འདྲ་བོ་འདུག ཀོ་རས་ཡའི་ཡིག་གེ་གྲལ་ནའང་བོད་ཡིག་ཡིག་དང་འདྲ་འདུག ། །
    /Users/tanpenyima/Desktop/Korean.jpg

  2. གཡག་རྒོད། says:
    2017-07-13 at 3:12 pm

    ཐེ་ལན་ཐ་ཊའི་རྡོ་ལ་བརྐོས་ཡོད་ཚད་ཐེ་ཡིག་ཡིན་པའི་ངེས་པ་ཨ་ཡོད་ན། ད་ལྟའི་ཐེ་ཡིག་དེ་འདི་དང་འདྲ་བོ་ཁྱོན་ནས་མི་འདུག མ་གཞི་ལྟ་རྒྱ་མཐོང་རྒྱ་ཅང་མེད་ན་དོན་མེད་དུ་འུར་རྒྱག་གི་མ་འདུག མ་མཐའ་ཡང་ཐེ་ཡིག་གི་ཁྱབ་ཁོངས་གང་ལ་གཏོགས་པ་དང་བྲག་བརྐོས་ཡི་གེ་འདི་ཐེ་ཡིག་ཡིན་རྩད་གཅོད་དགོས་རེད། དེ་མིན་དོན་མེད་དུ་སྨྱོ་ལབ་བརྒྱབ་པར་རྒྱུ་མཚན་མི་འདུག

  3. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2017-07-13 at 4:15 pm

    ཁ་གྲགས་མི་ཆོག་ཟེར་མཁན་གྱི་གཡག་རྒོད་ཅིག་སླེབས་སོང་ད།

  4. སྤོབས་པ་མཐའ་ཡས། says:
    2017-07-14 at 12:46 am

    འབྲེལ་བ་ཡོད་རེད་ལགས། ཝིད་ནམ་མ་གཏོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་ཡིག་རིགས་ཚང་མ་རྒྱ་གར་ཡི་གེ་ལ་དཔེ་བལྟས་ནས་བཟོས་ཡོང་བ་རེད། བོད་ཡིག་དང་འདྲ་དང་འདྲ།

  5. BONPO says:
    2017-07-15 at 7:24 pm

    བོད་ཡིག་འདི་རྒྱ་གར་ཡི་གེ་ལ་དཔེ་བལྟས་ནས་བཟོས་ཡོད་རབས་མ་ལེ་མུ་ལེ་ཞིག་གླེང་ནས་ལོ་གང་མཚམས་ཕྱིན་པ་རེད། རྒྱ་གར་བ་ལ་ཡིག་རིགས་སྣ་ཚོགས་པ་ཡོད་པས། འོན་ཀྱང་རྒྱ་གར་ཡི་གེ་གང་ལ་དཔེ་བལྟས་ཡོད་དམ་ཟེར་ནས་དྲི་བ་སྟོན་ན། རྒྱ་གར་ཡི་གེ་འདི་ལ་དཔེ་བལྟས་པ་རེད་ཟེར་ནས་སྟོན་ཐུབ་མཁན་སུ་དང་གང་ཡང་ད་བར་བྱུང་མྱངས་མེད། འདི་ཡ་མཚན་ཞིག་མིན་ན་ཅི་རེད། ལན་ཚ་དང་ཝར་ཏུ་གཉིས་ལ་དཔེ་བླངས་ཡོད་རབས་བཤད་པ་དེ་ནི་སྐྱག་རྫུན་དང་གཡོ་སྒྱུ་ས་སྟེང་འདིས་མི་འཁྱོག་པ་ཞིག་ཡིན་པས་དེའི་སྡིག་ཚན་དེ་ཁྱེད་ཚོས་ཁྱེར་རོགས་གནོངས། ཅིས་ན་རོང་ཡིག་ལན་ཚ་དང་ཝར་ཏུ་གཉིས་ལས་ཀྱང་འོ་ཅག་གི་བོད་ཡིག་རྨད་དུ་བྱུང་བ་འདི་ཆེས་སྔ་བར་བྱུང་བས་སོ། ཁ་ཅིག་གིས་གུབ་ཏའི་ཡི་གེ་ལ་དཔེ་བླངས་རབས། ཁ་ཅིག་གིས་ན་ག་རི་ལ་དཔེ་བླངས་རབས། ཁ་ཅིག་གིས་སམ་ཀྲི་ཏ་ལ་དཔེ་བླངས་རབས། ཁྱི་སྨྱོན་གྱིས་སོ་རྒྱག་པ་ལྟར་མངས་པོ་ཤོད་རྒྱུ་ཡོད་རེད། ཨ་རུ་ཡ་ད་ཡིན་ན་མགོ་ན་སོང་། །

  6. སྤོབས་པ་མཐའ་ཡས། says:
    2017-07-15 at 10:02 pm

    སམ་ཀྲི་ཏ་ཟེར་ན་བརྡ་སྤྲོད་ཚད་ལྡན་གྱི་གཞུང་རེད། གུབྟའི་ཡི་གེ་ན་ག་རའི་ཡི་གེ་ལ་གནས་གྱུར་པ་རེད། ལན་ཙ་དང་ཝརྟི་གཉིས་ནི་ཡིག་གཟུགས་མ་འདྲ་བ་ཙམ་རེ་རེད། ཁྱི་སྨྱོན་གྱི་སོ་བརྒྱབ་མིན་མི་ཤེས་ཏེ་འུག་པའི་རྫུན་དྲུག་གིས་ཉི་མ་ཨེ་འཁྱོལ་བལྟས་ནས་བསྡད་ཡོད་མཁན་བོན་པོ་སོགས་ཁག་གཅིག་འདུག

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-16 at 6:12 am

    སྐད་ཡིག་ལ་ས་མཚམས་མེད་པ་ནས་འདྲ་བོ་འདྲ་བོ་ཡོང་སྲིད་པ་རེད་ཧཧཧ

  8. BONPO says:
    2017-07-16 at 11:39 am

    དཔེ་ལེན་སའི་རྒྱ་གར་ཡི་གེ་དེ་ཡོད་ན་ཆ་ཚང་བ་ཞིག་འདི་རེད་ཟེར་ནས་མར་བཏོན་ཡོང་རོགས། ཞེ་བོ་ཡོད་མདོག་མདོག་འདྲ་བྱས། རྟགས་དཔྱད་ཡག་པོ་བཏང་ན་ཁུངས་འཕེར་བ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་ནི་རྫུན་གྱི་གོང་བུའི་རང་མདངས་རེད། ཐོན་མི་ཟེར་བའི་མི་ཧ་ལས་པ་དེས་ཀྱང་དཔེ་ལྟ་སའི་རྒྱ་གར་ཡི་གེ་དེ་འདི་ཟེར་ནས་བོད་ལ་ཁྱེར་ནས་གསལ་བཤད་བྱེད་མ་ཐུབ་པ། སྲོང་བཙན་སྒམ་པོ་མཆོག་གིས་ཀྱང་དཔེ་ལྟ་སའི་རྒྱ་གར་ཡི་གེ་དེ་ལ་ཐུགས་སྣང་རྩ་བ་ནས་མ་གནང་བ། དེ་དུས་ཀྱིས་མཁས་པ་དང་བློན་པོ་སོགས་མི་སྣ་གལ་ཆེན་ཡོད་ཚད་ཀྱིས་དཔེ་ལྟ་སའི་རྒྱ་གར་ཡི་གེ་དེ་རྩ་བ་ནས་མཐོང་མ་མྱངས་བ། དངོས་གནས་འདི་འདྲ་རང་ད་ཨ་ཡིན་ན། དཔེ་མི་སྲིད། །

  9. གནམ says:
    2017-07-18 at 9:58 am

    གང་ལྟར། ཞང་ཞུང་སྨར་ཡིག་ཡོད་ན་འདྲ། བོད་ཡིག་ཡིན་ན་འདྲ། སྟག་གཟིག་དཔུང་ཡིག་ཡིན་ན་འདྲ། འདི་དག་གི་མ་ཡིག་དྲིན་ཆེན་ནི། ལེགས་པར་སྦྱར་བ་སང་སུ་ཀུར་ཏམ་ལ་དཔེ་བྱས་བ་ལས་གཞན་འགྲོ་ས་མི་འདུག།
    ཡིན་ན་ཡང་། མི་འདྲ་ས་དེ།
    ཐོན་མི་བཀའ་དྲིན་ཅན་གྱིས། བོད་ཡིག་ནི་རྒྱ་གར་གྱི་ཡི་གེར་དཔེར་བྱས་ནས་བཟས་བ་ཡིན་པ་གསལ་པོར་གསུང་ཡོད།
    ཞང་ཞུང་སྨར་ཡིག་ནི་བརྐུས་བས་མ་ཚད་སྨྱོས་བའི་ཚུལ་གྱིས། བྷུ་ར་ཧམ་དང་གོ་པུ་ཏ། སང་སུ་ཀུར་ཏམ་སོགས་གནའ་བོའི་ཡིག་རྒྱུད་ཀུན་གྱི་མ་ཡིག་ཡིན་མདོག་གིས་ངོ་ལ་ཀོ་གོན་ནས་བསྡད་ཡོད་པ་དེ་རེད།
    ལན་ཙ་དང་ཝར་རྟུ་གཉིས་ནི་དུས་རབས་༡༡པའི་ནང་ལ། སང་སུ་ཀུར་ཏམ་ལ་དཔེ་བྱས་ནས། བལ་བོའི་གཞུང་ལ་དར་བའི་ཡིག་གཟུགས་རྣམས་པ་གཉིས་ཡིན་པ་རེད། དེ་ནས་བོད་དང་དགྱ། སོག་ཡུལ་སོགས་དར་བ་ཡིན་པ་རེད།
    ཨེ་ཤ་ཡའི་རྒྱལ་ཁབ་ཚོ་ཙམ་མ་ཟད། ཡོད་རོབ་གླིང་སོགས་ལ་ཡང་སང་སུ་ཀུར་ཏམ་གྱི་དཔེ་དང་སྤུན་མང་པོ་ཡོད་པས། རིག་ཚད་ལ་ཧང་སངས་དགོས་ན། མི་ཉག་ཀུན་དགས་དཀའ་རྒྱུ་མིན་འགྲོ། ཧ་ཧ་ཧ།

  10. ཀརྡོ་རབ་འབྱམས་པ་ says:
    2017-07-18 at 1:01 pm

    ་་་་་་་་་་་་ ལན་ཙ་དང་ཝར་རྟུ་གཉིས་ནི་དུས་རབས་༡༡པའི་ནང་ལ། སང་སུ་ཀུར་ཏམ་ལ་དཔེ་བྱས་ནས། བལ་བོའི་གཞུང་ལ་དར་བའི་ཡིག་གཟུགས་རྣམས་པ་གཉིས་ཡིན་པ་རེད། ་་་་་་་་་་་ འདི་ཡི་ཁུངས་གང་དུ་ཡོད་དམ། བལ་པོར་ཡིག་གཟུགས་མང་པོ་ཡོད་མདོག་བཤད་པ་དེ་དག་ངས་ཀྱང་བཀླགས་ཟིནད་ཏོ།།

  11. BONPO says:
    2017-07-19 at 12:01 pm

    རྒྱ་གར་ལུང་པར་བན་ལུགས་མ་དར་བའི་ཡར་སྔོན་གྱི་རྒྱ་གར་གྱི་མཁས་གྲུབ་རྣམ་པ་དང་འབྲེལ་བ་ཡོད་མཁན་དེ་ཞང་ཞུང་རྒྱལ་ཁམས་གཅིག་པུ་ཡིན་པ་རེད། ལྷག་པར་དུ་བོད་ཡུལ་དུ་བན་ལུགས་མ་དར་བའི་ཡར་སྔོན་གྱི་རྒྱ་གར་གྱི་མཁས་གྲུབ་རྣམ་པ་ཚོ་དང་འབྲེལ་བ་ཡོད་མཁན་དེ་བོན་ལུགས་གཅིག་པུ་ཡིན་པ་རེད། གནས་ཚུལ་འདི་དག་རྨང་གཞིར་བཞག་ནས་བསམ་བློ་གཏོང་དགོས། །
    རྒྱ་གར་གྱི་ཡེ་ཕྱི་མོའི་རིག་གནས་དངོས་དེ་བན་ལུགས་མ་རེད་ཧིན་རྡུའི་བྱུང་རིམ་ཁག་རེད། དེ་བཞིན་བོད་ཡུལ་གྱི་ཡེ་ཕྱི་མོའི་རིག་གནས་དངོས་དེ། བན་ལུགས་མ་རེད། བོན་ལུགས་བསྲ་བརྟན་གྱི་བྲག་རི་ལྟ་བུ་འདི་རེད། གནས་ཚུལ་འདི་དག་རྨང་གཞིར་བཞག་ནས་བསམ་བློ་གཏོང་དགོས། །

    བྱུང་རིག་ཁག་གཞིར་བཞག་ནས་སྐད་ཆ་བཤད་པ་ཡིན་ན་རྩོད་རྙོག་མངས་པོ་ཞིག་རང་ཞི་རང་གྲོལ་དུ་འགྲོ་བར་ངེས།

    རྒྱ་གར་ལ་ཆ་བཞག་ན་་་རྒྱ་གར་ཡི་གེ་་་ཟེར་བ་དེ་སྤྱི་མིང་སྦོམ་བཤད་ཅིག་ཡིན་པ་ལས་བྱེ་བྲག་གསལ་སྟོན་གྱི་མིང་ཞིག་མ་རེད། ང་ཚོར་དགོས་པ་དེ་དཔེ་ལྟ་སའི་རྒྱ་གར་ཡི་གེ་བྱེ་བྲག་པ་དེའི་ཡིག་གཟུགས་དང་དངོས་མིང་གང་ཡིན་པ་སྟོན་རྒྱུ་དགོས་ཀྱི་འདུག སམ་ཀྲི་ཏ་ཟེར་བ་དེ་ནི་སྐད་རྒྱག་རྒྱུ་གཅིག་པུ་མ་གཏོགས་དེ་ལ་དམིགས་བསལ་གྱི་ཡི་གེ་ཨ་ཡོད་ན། ཡོད་ན་དེ་དུས་ཀྱི་ཡེ་གེ་དེ་སྟོན་དགོས། བོད་ལ་མེད་ནའང་རྒྱ་གར་ལ་ཡོད་ཀྱི་རེད།

    ཐོན་མིས་བོད་ཡིག་སྔར་མེད་གསར་དུ་བཟོས་ཡོད་ན་ཁོས་དཔེ་ལྟ་སའི་རྒྱ་གར་ཡི་གེ་དེའི་མིང་ཙམ་ཡང་འབྲི་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། བྲིས་ཡོད་ན་ཡིག་ཆ་རྙིང་གྲས་གང་དུ་གསལ་ཡོད་གསུངས་རོགས་གནོངས། རྒྱ་གར་ཡི་གེ རྒྱ་གར་ཡི་གེ་ཟེར་ནས་སྐྱར་ཟློས་ཡང་ཟློས་ཇི་ཙམ་བྱས་ཀྱང་རྔོ་མོ་ཐོགས་སོ། །

    བོད་ཀྱི་ཡི་གེ་ནི་གཙོ་བོ་ཞང་ཞུང་གི་མཁས་པ་དང་བོད་ཀྱི་མཁས་པ་མཉམ་འབྲེལ་ཐོག་ནས་གཏན་ལ་ཕབ་པའི་འབྲས་བུ་ཞིག་ཡིན་པའི་་རྟགས་མཚན་ཆེན་པོ་ཡོད་རེད། ཞང་ཞུང་གིས་བོད་ལ་མཐུན་འགྱུར་ཚད་མེད་གནང་བའི་ནང་ནས་ཡེ་གི་བཟོས་པ་འདི་ཡང་གཅིག་རེད། །

  12. ཀརྡོ་རབ་འབྱམས་པ་ says:
    2017-07-19 at 3:35 pm

    #11 BONPO ་ལགས་ཀྱིས་སྤེལ་དོན།:
    July 19th, 2017 at 12:01 pm
    རྒྱ་གར་ལུང་པར་བན་ལུགས་མ་དར་བའི་ཡར་སྔོན་གྱི་རྒྱ་གར་གྱི་མཁས་གྲུབ་རྣམ་པ་དང་འབྲེལ་བ་ཡོད་མཁན་དེ་ཞང་ཞུང་རྒྱལ་ཁམས་གཅིག་པུ་ཡིན་པ་རེད། ་་་་་་་་་ འདི་ལ་ཁུངས་གང་དང་ཡོད་དམ།
    ་
    ནང་པ་སངས་རྒྱས་པའི་ལུགས་ལ་ཤཀྱྰ་ཐུབ་པ་ནི། རྣམ་འདྲེན་བཞིར་པར་གསུངས་ཡོད་རེད། གསུམ་པ་འོད་སྲུང་སོགས་ཀྱི་སྐོར་ལ་ཚན་རིག་པས་གཏན་འབེབས་བྱེད་ཐུབ་བམ། ལགས།

  13. གནམ says:
    2017-07-20 at 8:07 am

    བོན་པོ། ཁྱོས་སྨྱོ་བཤད་བརྒྱགས་རྒྱུ་མང་ཐལ། བོན་ཡིག་རྒྱ་གར་ནས་རྐུས་ཡོད་ན། ཁས་ལངས་ན་འགྲིག་གི་ཡོད་པ་རེད། བན་ཡིག་ལས་བོན་ཡིག་སྔ་མ་སྔ་དེ་ལ་གནད་ཆེན་པོ་ཅི་ཡང་མི་འདུག། ད་ཡོད་པ་འདི་སངསུཀུརཏམ་གྱི་གཞུང་བརྡ་སྤྲོད་དང་གོང་མཐུན་ཐུབ་པ་འདི་ཡ་མཚན་རེད། འདི་ལ་དགའ་བ་བྱས་ནས། བོད་ཡིག་དང་བོད་སྐད་སྦྱོངས།

    བོད་ཡིག་གྱི་མ་དཔེ། རྒྱ་གར་གྱི་ཡིག་གཟུགས་དེའི་མིང་ལ། ནགཱརེའི་ཡིག་བྲིས་ཟེར། འདི་ཡི་ཕྱག་འགྱུར་གྱི་བྲིས་རྒྱུན་ཡར་ནས་ཡར་ལ་དད་ན། བྷརཱཿམིའི་ཡིག་རྒྱུན་ལ་ཐུག་ཡོད་པ་ཡིན་པ་རེད།
    ནགཱརེ་ལ་ཌྷེབནགཱ་རེ་ཡང་ཟེར། འདིའི་དོན་ནི་ལེགས་པར་སྦྱར་བ་ལྷའི་གནས་ཀྱི་བྲིས་རྒྱུན་ཟེར།
    བོན་ཆོས་ནས་བན་ལ་འགྱུར་བའི་བོད་པ་ང་ཚོ་ཡང་ལྐུག་པ་མ་རེད་ཐལ། མེད་ས་ནས་ཡོད་སར་བརྙབས་པ་ལས། ཞང་ཞུང་ཚང་ལ་དེ་འདྲའི་འབྱོར་བོ་ཞིག་དང་ཡག་པོ་ཞིག་ཡོད་ན། སྔ་མ་སྔ་མས། རྒྱ་གར་ཡུལ་ལམ་ལ་གསར་དང་སྲོག་སྤྲད་ནས་དཀའ་ལས་ཞིག་བྱེད་དགོས་དོན་འདུག་གམ།

  14. BONPO says:
    2017-07-20 at 9:33 am

    གནམ། མི་གཙང་བཏང་རྗེས་གཡོས་གཙང་མ་བཟོ་མི་ཤེས་མཁན་ཁྱོད་ཁ་རོགས་སྡོད། གཡོས་དྲི་འཚུབ་བེ་བསྡད་ཡོད་ཐག་ཆོད་རེད། །

    རྒྱ་གར་ལ་འབྲེལ་བ་རྩ་བ་ནས་བྱུང་མེད་པ་སུས་ཀྱང་མི་གླེང། ཐ་ན་བྱ་གཅན་རི་དྭགས་ཚོས་ཀྱང་མི་གླེང། འོན་ཀྱང་ཐོན་མི་དང་སྲོང་བཙན་མ་སྐྱེས་པའི་ཡར་སྔོན་ནས་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་སོགས་ལ་འབྲེལ་ལམ་བྱུང་བསྡད་ཡོད་པ་དེ་ཁྱེད་ཚང་གིས་ཁས་ལེན་ཐུབ་བམ། ལེན་མི་ཐུབ་ན་མི་ཐུབ་དགོས་པའི་རྒྱུ་མཚན་ཤོད། རྒྱ་གར་ཚང་ལ་འབྲེལ་ལམ་བྱུང་བ་ནི་དུས་རབས་བདུན་པའི་མན་ཆོད་ནས་ཡིན་ཤག་བྱེད་པ་འདི་ཁྱེད་ཚང་གི་ལྐུགས་ཚུགས་དམིགས་བསལ་བ་དེ་མ་རེད་དམ། །

    མི་རབས་གོང་མས་་བསགས་པའི་བོད་རྒྱལ་ཁབ་ཀྱིས་གསེར་དང་དབྱིག་ནོར་ཡོད་ཚད་མི་རབས་རྗེས་མས་ཡར་གཏོར་མར་གཏོར་གང་འདོད་བྱས་པའི་རྐྱེན་ལས་བོད་ཡུལ་ཡ་ང་བ་དང་སྐྱི་འཇིགས་པའི་གནས་སུ་གྱུར་ཚེ་བཙན་པོ་དར་མ་འུ་ཐུག་ནས་ཡ་ཡུད་རྩེད་དགོས་ཐུག་པ་མ་རེད་དམ། །

    རང་ལུགས་བོན་ཆོས་ནས་གཞན་ལུགས་བན་ལ་མདའ་གྲི་མདུང་གི་ཁ་འོག་ནས་བཙན་བསྒྱུར་བྱས་པའི་བོད་པ་ཡིག་རྨོང་ཚང་དེང་སང་ཏོག་ཙམ་གཉིད་སད་ཡོང་གི་ཡོད་ས་རེད། བོད་ཡིག་ཡག་པོ་སྦྱངས་ནས་ལོ་རྒྱུས་དང་བྱུང་བ་རིག་པ་ལ་ཕྱོགས་ཀུན་ནས་སློབ་སྦྱོང་གནོངས། ཕྱོགས་གཅིག་ཁོ་ནས་འཚིམས་པར་བྱས་ནས་མ་སྡོད། བན་བོན་ཀུན་ལ་སྦྱངས་པ་གནང་ནས་རང་ཉིད་གཟུ་བོར་གནས་པའི་སྐྱེས་བུ་ཞིག་ཡོང་བར་འབད་པ་ལྷོད་མེད་བྱོས། །

    ཞང་ཞུང་གི་སྐུ་དྲིན་ཁོ་ནས་བོད་རྒྱལ་ཁབ་ཆགས་པ་རེད་མ་གཏོགས། རྒྱ་གར་གྱི་སྐུ་དྲིན་ལས་བོད་རྒྱལ་ཁབ་ཆགས་བའི་ལོ་རྒྱུས་མེད། དེ་མཁྱེན་རྒྱ་ཅན་ཚོས་མཁྱེན་པར་གནོངས། བོད་རྗེ་གཉའ་ཁྲི་བཙན་པོ་དང་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐུ་དྲིན་ལས་ད་ལྟ་ང་ཚོ་ཚང་མ་བོད་པ་དང་བོད་རིགས་ཡིན་ཟེར་རྒྱུ་འདི་བྱུང་བ་རེད། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་མཁན་ཚོས་སྐུ་དྲིན་གྱི་བྱུང་རིམ་ལ་ཁྱད་གསོད་དང་སྐུངས་སྦེད་མ་གཏོང་རོགས། །

  15. གནམ says:
    2017-07-20 at 6:45 pm

    སྔོན་མའི་མི་ཤེས་བ་ཅན་བཅུ་གཉིས་ཡིན་ན་འདྲ། ཤེས་བ་ཅི་གང་མེད་པའི་མི་དེ་འདྲ་ཡིན་ན་ཡང་ཆོག། ཁོང་ཚོ་བོན་པོ་གཅིག་པོས་ཕྱོགས་རེ་རྩོད་སྤྱད་བྱས་ན་མི་འགྲིག། ཁོང་དག་ནི་ང་ཚོ་བོད་པ་ཚང་གི་ཨ་མྱེས་ཚོ་ཡིན།
    ཞང་ཞུང་ཟེར་བའི་ཞེ་པོ་ཞིག་དང་དྲག་པོ་ཞིག་ཡོད་ན། ད་ལྟ་གང་ན་ཡོད། མཐའ་ན་ཤུལ་བཞག་ལ་གྱང་ཆག་ཆེན་པོ་ཞིག་ཡང་སྟོན་རྒྱུ་མེད་བསྡད་པ་ཅིས་སྐྱོན། ཧ་ཧ་ཧ།
    བོན་ཆོས་ཀྱིས་བསྐྱང་བསྡད་ཡོད་པའི་རྒྱལ་ཁབ་ཞིག་ཡོད་པ་རྣར་མ་གོ། ཆོས་ལུགས་གཞན་པ། གནས་ལུགས་ཡོད་པས་མི་སེམས་བཀོལ་ནས། ད་ལྟ་གོ་ལ་ཧྲིལ་བོ་འདི་ཆོས་ལུགས་གང་ཆེན་གང་ཆེ་ཚོས་བཟུང་ཡོད་པ་རེད། བོད་ཀྱང་དེའི་ནང་གི་གཅིག་རེད།

  16. དྲི་མེད་ལྷག་བསམ། says:
    2017-07-25 at 8:51 am

    ཞིབ་ཏུ་དཔྱད་ན་བོན་ལ་རིག་གནས་དང་ཆོས་ལུགས་ཅི་ཙམ་ཡོད་པ་དེ་ཙམ་གྱིས་བོད་པ་ཚང་ཕྱུག་པོར་གྱུར་པ་རེད། ང་ཚོའི་མེས་པོའི་ཆོས་དང་རིག་གཞུང་རྩོད་མེད་རེད། དེ་ལ་གུས་པ་ཡོད། དངོས་གནས་ཅི་ཡོད་ཞིབ་འཇུག་བྱེད་དགོས། ཐེའི་ལན་གྱི་བོད་ཡིག ༄། དུ་ཐུ་ནུ་མུ། པ་ཕ་བ་མ། ར་ལ་ཝ་ཧ། སོགས་བོད་ཡིག་དང་གཅིག་རེད་བྱས་ན་ཆོག་པ་འདྲ། གཞན་འདྲ་ས་ཤིན་ཏུ་མང་། བོད་ཡིག་ཤེས་མཁན་ཞིག་གིས་སྦྱང་ན། ཉིན་གཉིས་ཀྱིས་ཀློག་ཤེས་འགྲོ་ཐག་ཆོད། ཕ་ལ་ཕོ་ཟེར། མ་ལ་མོ་ཟེར། ་ཇ་དང་ཁ་སོགས་མིང་དོན་གཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme