Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་འགྱུར་མ་ཐོན་ལ་ཉེ།

Posted on 2013-09-03 By ཁ་བརྡ་ 23 Comments on བོད་འགྱུར་མ་ཐོན་ལ་ཉེ།

ཟླ་བ་གཞོན་ནུ།

Gardenerཇོ་བོ་ཉི་དབང་མགོན་པོའི་སྙན་དངགས་འདི་དག་གིས་ཁྱེད་ཀྱི་ཡིད་སེམས་བཟི་བར་བྱེད་ཅིང་། དག་ཞིང་ལྟ་བུའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་དྲངས་པར་བྱས་ཏེ། ཡིད་སེམས་ནི་སིམ་པ་དང་གདུང་བ། བར་མ་གསུམ་གྱིས་ཁྱབ་པར་གྱུར་ནས་འཆར་ཡན་གྱི་འགྱུ་བག་རྒོད་པོས་ཁྱེད་ཉིད་ལ་ཨི་ཙུག་ལུ་གུ་སྒོག་པ་ལྟ་བུ་དང་། ན་ཆུང་གི་བརྩེ་ཞེན་དྲག་པོས་ཁྱེད་ཉིད་ལ་སེན་འདོགས་བྱེད་པ་ལྟ་བུ། མཚན་ཉིད་པའི་གཏན་ཚིགས་སྲ་མོས་ཁྱེད་ཉིད་ལ་ཤ་གཅུ་ཐེངས་རེ་རྒྱག་པ་ལྟ་བུ་བྱེད་སྲིད་པས། དེ་དག་རང་ཉིད་ཀྱི་ཁེ་དང་ཐོབ་ཏུ་བསྒོམས་ནས་ཇི་དགར་ལོངས་སུ་སྤྱོད་པར་མཛོད་ཅིག

གསལ་བསྒྲགས།

Post navigation

Previous Post: ཁྲིམས་གཅོད་དང་མཚང་འབྲུ་བྱེད་པའི་སྐོར་གྱི་སྐད་ཆ།
Next Post: བསོད་རིན་གྱི་སྣོག་གཏམ་ལ་གསལ་བཤད་དུམ་བུ་གཉིས་པ་དོལ་རྒྱལ་བསྟེན་གསོལ་ལ་བསྙད་པའི་ལོག་སྒྲུབ་ལ་གཏམ་པ་ཚངས་ཐིག།

Comments (23) on “བོད་འགྱུར་མ་ཐོན་ལ་ཉེ།”

  1. ཀླུ་སྨྱོན། says:
    2013-09-03 at 7:32 pm

    རྟེན་འབྲེལ་ཞུ། བསྒུགས་བསྡད་ཡོད།

  2. གཞོན་ནུ་ཟླ་མེད། says:
    2013-09-03 at 8:15 pm

    ཟླ་བ་གཞོན་ནུ་ཐུགས་རྗེ་ཆེ། གནའ་སྔོན་མ་ཞིག་ལ་ཟམ་གདོང་རིན་པོ་ཆེ་ནས་བསྒྱུར་བ་ཡིན་ན། གླུ་ཐལ་སྦྱར་མ་ཟེར་བ་ཞིག་མཇལ་མྱོང་ལ་དཔེ་བརྗོད་ལྟ་བུ་ཞིག་ཀྱང་བཞག་མྱོང་མོད། ད་ལྟ་དྲན་ངོ་ན་མི་འདུག དྲ་ལམ་ནས་ངས་ཁྱེད་རང་བཀླགས་པ་ལྟར་ན་སྙན་ངག་ལ་ཤིན་ཏུ་དགྱེས་ཤིང་། སྙན་ངག་ལ་དུང་བ་ཞིག་ཏུ་མཐོང་སོང་། རེད་ཡ། ང་ཚོ་ལ་རིགས་གཅིག་རྐང་འཛིན་དགོས་ཟེར་ནས་༧གོང་ས་མཆོག་ནས་བཀའ་ཡང་ཡང་གནང་གི་ཡོད་པ་ལྟར། སྐུ་ཉིད་ཀྱིས་གོམས་སྟབས་སྙན་ངག་གི་ཕྱོགས་ལ་འདེགས་འཇོག་བྱེད་བཞིན་པ་མཐོང་། ཐུགས་རྗེ་ཆེ།

  3. བསམ་ཤེས། says:
    2013-09-03 at 9:51 pm

    ཇོ་བོ་ཉི་དབང་མགོན་པོའི་སྙན་ངག་དེ་བླ་མའི་རྣལ་འབྱོར་འདོན་མཁན་ཚོས། རང་གི་བླ་མ་ལ་བསྟོད་པ་དང་གདུང་བ་ལྟ་བུར་ཀློག་ན། བྱིན་རླབས་ཀྱི་ཆར་པས་རང་སེམས་བདེ་སྟོང་གིས་བརླན་པར་བྱེད་པ་དང་། རང་གི་མཛའ་མོར་གདུང་བ་འཕེལ་བཞིན་ཀློག་ན། བརྩེ་གདུང་གི་རྦ་རླབས་རྒྱས་པ། དེ་བཞིན་བུ་ཕྲུག་ཚོས་རང་གི་ཕ་མའི་བཀའ་དྲིན་དྲན་ནས་ཀློག་ན། དྲིན་ལན་གྱི་གདུང་སེམས་མེ་ལྟར་འབར་བའི་ཁྱད་ཆོས་འདུག

    བླ་མའི་རྣལ་འབྱོར་འཚར་སྟོང་ཀློག་པ་ལས་བླ་མར་མོས་པ་སྐྱོང་བཞིན་དུ་ཁོང་གི་སྙན་ངག་གླུ་ཐལ་སྦྱར་མ་འདི་འཚར་གཅིག་ཀློག་དང་། ཨོ་ཨོ། ཉམས་མྱོང་བཤད་མ་ཐུབ་པ་ཞིག་འདུག

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-03 at 10:41 pm

    འདིར་ཡུལ་བྷང་ལའི་སྙན་དངགས་མཁན་པོ། རྒྱ་གར་དང་། བྷང་ལ་ཡུལ་གྱི་རྒྱལ་གླུའི་རྩོམ་པ་པོ་དང་། ཤཱནྟི་ནི་ཀེ་ཏ་ན་སློབ་གྲྭ་ཆེན་མོའི་ཕྱག་འདེབས་པ་པོ་འི་སྙན་དངགས་སྐོར་ལ་བྲིས་པ་ན། མིང་ཚིག་མི་གོ་བ་འགའ་ཞིག་ཡོད་པ་དང་། དིང་སང་གི་ལུགས་ལྟར་སྙན་དངགས་ལ་སྔོན་འཇུག་དང་རྗེས་འཇུག་དོར་ཏེ། སྙན་ངག། ཅེས་འབྲི་བ་དང་། འདི་ཙུག་ལ་ལུང་པ་འགའ་ཞིག་གི་ཁ་སྐད་དུ། ཨི་ཙུག ཅེས་འདོན་པ་དང་། སྲ་མོས། ཞེས་པ་ཕྲ་མོས། ཡིག་ནོར་བྱུང་བ་ཡིན་ནམ། ཤ་གཅུ། ཁ་ནས་མ་འཐོན་པའི་དབང་གིས། ཤ་གཅུས་ཞེས་པའི་རྗེས་འཇུག་དོར་ཏེ། དེ་འདྲ་ཆགས་པ་ཡིན་ནམ། ཐེངས་། ཡིག་སྐད་དང་། བོད་ལུང་པ་མང་པོ་ན། ལན། ཞེས་ཡོད་པ་མ་གཏོགས་ཐེངས་ཞེས་པ་དཀོན། དེ་ཡང་རིག་གཞུང་སྐད་ན། སྐད་གཅིག། ཐང་གཅིག ཐང་འགའ་སོགས་ཡོད་པ་ལ་ཨ་ཡིག་ཨེ་ཡིག་ཆགས། དེ་ལ་ཡང་འཇུག་ས་བསྣོན་པ་ཁ་སྐད་དུ་བྱུང་། རྒྱག་པ། ཞེས་པ་ཡང་རིག་གཞུང་སྐད་ན། རྒྱབ་པ། ཞེས་ཡོད་བ་བཞིན་བོད་ཀྱི་ལུང་པ་མང་པོ་ན། རྒྱབ་པ། བཀོལ་སྤྱོད་མཆིས་སོ།

  5. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-03 at 11:41 pm

    ༤༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣ གི་ཆུ་ཚོད་ ༢༢ སྐར་མ་ ༤༡
    མི་འདིས་ག་རེ་ལབ་གི་ཡོད་རེད།
    ག་དུས་ཡིན་ན་རང་གིས་གོ་བ་དང་གཞན་གྱིས་མི་གོ་བ་ཅིག་བཤད་བསྡད་འདུག རྗེས་མ་ནས་སྐད་ཆ་བཤད་ན་གསལ་བོ་ཅིག་ལབ་རོགས། ད་དུང་སྐད་ཆ་བཤད་སྟངས་ལ་སྦྱངས་རོགས་གནང་། རྒན་འོས་སྦྱོང་མེད་ཡ་ཡིན་ན་སློབ་ཕྲུག་སྐྱོང་བའི་ཁ་དེ་ཡོད་མ་རེད་ལོ། 

  6. ཀརྡོ་གཉེར་ཕྱག་པ་ says:
    2013-09-04 at 12:46 am

    ཟླ་བ་གཞོན་ནུ་ལགས།
    ་་་་་འཆར་ཡན་གྱི་འགྱུ་བག་རྒོད་པོས་ཁྱེད་ཉིད་ལ་ཨི་ཙུག་ལུ་གུ་སྒོག་པ་་་་་་་ཟེར་ན་གང་རེད།

    སེན་འདོགས་བྱེད་པ་འདི། སེན་འདོགས་རྒྱབ་པ་ཞེས་པར་དགོས།
    རྒན་ལ་དྭགས་པས།
    ཤ་གཅུ་ཐེངས་རེ་རྒྱག་པ་འདི། ཤ་གཅུས་ལན་རེ་རྒྱབ་པར་བཅོས་པ་འདི་ལེགས་པ་འདུག

  7. ཀ་ཁའི་རྫི་བོ། says:
    2013-09-04 at 12:49 am

    འུ་ཚོས་བོད་ཡིག་བཀོལ་སྤྱོད་མི་འདུག་ཅེས་ཁ་ནས་མ་ཎི་འདོན་འདོན་བྱས་བསྡད་ན་ཅང་མི་ཕན། དེ་ལས་བོད་ཡིག་ནང་ཡིད་ཀྱི་རྒྱགས་ཕྱེ་སྣ་འཛོམས་ཤིག་བསྡུ་ཐུབ་ན་ད་གཟོད་སྐད་ངན་འདོན་མི་དགོས་པར་འགྱུར། ཟླ་བ་གཞོན་ནུ་ལ་ཐུགས་རྗེ་ཆེ་ཞུ།

  8. དྲི་མེད་ལྷག་བསམ། says:
    2013-09-04 at 2:36 am

    དུས་ཡུན་རིང་པོར་རེ་སྒུག་བྱས་པ་ཡིན། ་གྲུབ་འབྲས་མངོན་དུ་གྱུར་པ་ལ་བསྔགས་པར་འོས། མཇལ་འདོད་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་ཡིན། ལོ་ཙཱ་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་རྒན་ལ་དྭགས་པས་ཞུ་དག་གནང་བར་ཐུགས་རྗེ་ཆེ་ཞུ།

  9. དྲི་མེད་ལྷག་བསམ། says:
    2013-09-04 at 2:41 am

    རྒན་ལ་དྭགས་པ་དང་། ཟླ་བ་གཞོན་ནུར་ཞུ་བ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱཱ་ཐ། པཉྩི་དྲི་ཡ་ཨ་བ་བྷོ་དྷ་ན་ཡ་སྭཱཧཱ། ཞེས་བོད་ཀྱི་ཁ་དོན་ནང་ལ་རྒྱུགས་ཆེ་བ་འདིའི་སྔགས་དོན་དང་།འབྱུང་ཁུངས། ཞུ་དག་ཅིག་ཀྱང་བཀའ་དྲིན་མི་ཆུང་བར་ཞུ།

  10. ཨ་རིག་དགེ་མཐོང་ says:
    2013-09-04 at 3:13 am

    གཞོན་སྐྱེས་ཟླ་བ་གཞོན་ནུ་ལགས་ཀྱིས་ཁ་ནས་སྟོང་བཤད་མིན་པར་ལག་ལེན་ཁྲོད་ནས་བསྒྱུར་རྩོམ་ཞིག་མི་ཡུལ་དུ་ཕུལ་བར་རྟེན་འབྲེལ་ཞུ། དགའ་ཡོད།

  11. དོན་འགྲུབ says:
    2013-09-04 at 4:10 am

    ཡིད་སེམས་བཟི་བར་བྱེད་པའི་སྙན་དངགས་ཀྱིས་བཟི་བ་དང་། དག་ཞིང་ལྟ་བུའི་སྒྱུ་སྩལ་གྱི་ཞིང་ཁམས་ལ་ལོངས་སུ་སྤྱོད་འདོད་ཀྱིས་བྲེལ་འཚུབ་འཚུབ་ཀྱི་ངང་དུ་གནས་ཡོད། མགྱོགས་པོར་ལོང་སྤྱོད་ཐུབ་པའི་རེ་བ་ཡོད།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-04 at 5:51 am

    ༩༽ དྲི་མེད་ལྷག་བསམ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༤ གི་ཆུ་ཚོད་ ༢ སྐར་མ་ ༤༡
    རྒན་ལ་དྭགས་པ་དང་། ཟླ་བ་གཞོན་ནུར་ཞུ་བ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱཱ་ཐ། པཉྩི་དྲི་ཡ་ཨ་བ་བྷོ་དྷ་ན་ཡ་སྭཱཧཱ། ཞེས་བོད་ཀྱི་ཁ་དོན་ནང་ལ་རྒྱུགས་ཆེ་བ་འདིའི་སྔགས་དོན་དང་།འབྱུང་ཁུངས། ཞུ་དག་ཅིག་ཀྱང་བཀའ་དྲིན་མི་ཆུང་བར་ཞུ།
    ་
    དྲི་མེད་ལྷག་བསམ་མཆོག་ལ།
    ན་མོ་རཏྣ་ཏྲ་ཡཱ་ཡ། འདི་དག་པར་མཆིས། ན་མཿ ཞེས་པ་སྡེ་པ་དག་གི་ཡི་གེ་གསུམ་པ། བཞི་པ་སོགས་དང་། ར་དང་ཧ་ཡིག་སོགས་ཀྱི་སྔོན་དུ། རྣམ་བཅད་མེད་པར་སོང་ནས། མ་ཡི་ནང་ལ་ཨ་ཡིག་སྲོག་ཏུ་ཡོད་པ་ཨོ་རུ་གྱུར། དེས་ན། བླ་མཆོད་དུ། ན་མོ་སཾ་གྷཱ་ཡ མ་དག་པར་བྲིས་པ་མཐོང་། དག་པར་བྱེད་ན། ན་མཿསཾ་གྷཱ་ཡ ཡང་ན། ན་མསྶཾགྷཱ་ཡ ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཞེས་སོ། ཏདྱཱ་ཐ། ཞེས་པར་ཞུས་དག་དགོས་ཏེ། ཏདྱ་ཐཱ། དོན་ནི། འདི་ལྟ་སྟེ། ཞེས་སོ།
    པཉྩི་དྲི་ཡ་ཨ་བ་བྷོ་དྷ་ན་ཡ་སྭཱཧཱ། འདི་ལ་ཞུས་དག་བྱེད་ན། པཉྩི་ནྡྲི་ཡཱ་བ་བོ་དྷ་ནཱ་ཡ སྭཱཧཱ། འདིར་པཉྩི། ཙེ། ཞེས་འགྲེང་བུ་དགོས་ཀྱང་། བདག་གི་གློག་ཀླད་འཕྲུལ་ཆས་སུ་བཟོ་མི་ཐུབ། དོན་ནི། དབང་པོ་ལྔ་བྱང་ཆུབ་པར་གཞི་ཚུགས་ཤིག ཞེས་པའི་དོན་ཡིན་ནམ་སྙམ་མོ། སྭཱཧཱ། ཞེས་པ་ལ་ལེགས་སྦྱར་ཨིན་སྐད་ཚིག་མཛོད་དུ་དོན་མང་དུ་བྲིས་ཀྱང་། བོད་སྐད་དྱ། གཞི་ཚུགས་ཤིག ཅེས་པ་ཡིད་ལ་དྲན་ཏོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-04 at 6:13 am

    ས་སྒོ་བསམ་གཏན་སྒྲོལ་མ།
    ངས་ཁྱོད་ཀྱི་ཁ་སྐད་སྦྱང་མི་ཐུབ། བོད་སྤྱིའི་སྐད་དུ་འབྲི་བའི་ཁུལ་ཡིན་ཀྱང་། ཁྱོད་རིག་གཞུང་སྐད་ལ་སྦྱངས་པ་དམན་པས་མ་གོ་བ་ཡིན་ནམ། བདག་གི་འབྲི་སྟངས་ལ་སྐྱོན་ཡོད་པ་ཡིན། རང་རེས་བློ་གཟུ་བོར་གནས་པས་བལྟ་དགོས་སོ།

  14. དྲི་མེད་ལྷག་བསམ། says:
    2013-09-04 at 7:01 am

    རྒན་ལ་དྭགས་པར་ཐུགས་རྗེ་ཆེ་ཞུ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ།པཉྩེ་ནྡྲི་ཡཱ་བ་བོ་དྷ་ནཱ་ཡ་སྭཱཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། འདི་ལྟར། དབང་པོ་ལྔ་བྱང་ཆུབ་པར་གཞི་ཚུགས་ཤིག ། རྗེས་སུ་འདི་ལྟར་འབྲི་འཆར་ལེགས།

  15. དྲི་མེད་ལྷག་བསམ། says:
    2013-09-04 at 7:28 am

    ༄༅། །ལ་དྭགས་ལོ་ཙཱ་བློ་བཟང་འཇམ་དཔལ་ལ་བསྟོད་པ་བཅོས་མིན་ཡིད་གྱི་གླིང་བུ་ཞེས་བྱ་བ། །ཨོཾ་སྭ་སྟི། ལྷ་ཡི་སྐད་དང་གདོང་མར་བོད་ཀྱི་བརྡ། །ཁ་ཆེའི་སྐད་དང་ནུབ་ཕྱོགས་རིག་པའི་གཞུང་། །ཤེས་རབ་་ལྷ་ཡི་རྫིང་བུར་ལེགས་འཁྱིལ་པ། །བློ་གྲོས་བཟང་པོ་ལ་དྭགས་ལོ་ཙཱ་རྒྱལ། །བརྒྱད་ཅུར་སོན་ཀྱང་དྲ་བའི་ཞུ་དག་པ། །སྐུ་ཚེ་གང་བོར་བོད་ཀྱི་རིག་གཞུང་སྤེལ། །ཞུམ་པ་མེད་པའི་སྤོབས་པ་བརྩེ་བའི་ཐུགས། །མཁྱེན་པའི་འོད་འབར་ལ་དྭགས་ལོ་ཙཱ་རྒྱལ། །ལྷག་བསམ་མཁའ་ལ་རྣམ་དཔྱོད་ཉི་ཟེར་འཕྲོ། །མང་ཐོས་སྤྲིན་ལས་གཞན་ཕན་ཆར་རྒྱུན་འབེབས། །བློ་གསལ་སྙིང་གི་པད་ཚལ་རྒྱས་མཛད་པ། །འཇམ་དཔལ་མཚན་འཆང་ལ་དྭགས་ལོ་ཙཱ་རྒྱལ། །མངའ་རིས་ཡུལ་ཏུ་གཟུགས་སྐུའི་པདྨོ་བཞད། །བཀྲ་ཤིས་ལྷུན་པོར་མདོ་སྔགས་གཞུང་ལ་སྦྱང་། །ནུབ་ཕྱོགས་རྒྱ་མཚོར་ཆོས་དང་རིག་གཞུང་སྤེལ། །ཐུགས་སྟོབས་རྨད་བྱུང་ལ་དྭགས་ལོ་ཙཱ་རྒྱལ། །བསླབ་པ་མཐར་ཕྱིན་གནས་བརྟན་རྒན་པོ་དང་། །ཐུགས་བརྩེ་མཚུངས་མེད་བྱང་སེམས་རྣམ་ཐར་སྙན། །རིམ་གཉིས་ཉམས་བཞེས་སྦས་པའི་རྣལ་འབྱོར་པ། །རྒྱལ་བའི་ཐུགས་ཟིན་ལ་དྭགས་ལོ་ཙཱ་རྒྱལ། །ཅེས་པའང་དྲི་མེད་ལྷག་བསམ་གྱིས་སེམས་ལ་གང་ཤར་བཅས་བཅོས་མེད་པར་བྲིས་པའོ། །

  16. ཟླ་བ་གཞོན་ནུ། says:
    2013-09-04 at 11:46 am

    གཞོན་ནུ་ཟླ་མེད་ལགས་ཕེབས་པར་ཐུགས་རྗེ་ཆེ། གླུ་ཐལ་སྦྱར་མར་སྐད་པ་དེ་ཟམ་གདོང་གིས་བསྒྱུར་བ་མ་རེད། གར་ཞ་དངོས་གྲུབ་ཟེར་བ་ཞིག་གིས་བསྒྱུར་བ་རེད། ངས་དེ་ལ་སྙིམ་པའི་གླུ་ཞེས་བསྒྱུར་བ་ཡིན་ལ། སྙན་ཚོམས་དེ་ཧྲིལ་བོ་བདག་གིས་བསྒྱུར་དང་སྒྱུར་བཞིན་ཡོད།
    ངས་གཙོ་བོ་སྐད་ཡིག་དང་རྩོམ་རིག་གི་ཕྱོགས་ལ་དོ་སྣང་བྱེད་ཀྱིན་ཡོད། བརྩམས་སྒྲུང་དང་ཟློས་གར་སོགས་ཀྱང་བསྒྱུར་དང་སྒྱུར་གྱིན་པའང་ཡོད་ལ། བསྒྱུར་རྩིས་ཡོད་པའང་ཡོད།

    རྒན་ལ་དྭགས་པ་ལགས། ཁྱེད་ཀྱིས་
    དིང་སང་གི་ལུགས་ལྟར་སྙན་དངགས་ལ་སྔོན་འཇུག་དང་རྗེས་འཇུག་དོར་ཏེ། སྙན་ངག། ཅེས་འབྲི་བ་དང་། འདི་ཙུག་ལ་ལུང་པ་འགའ་ཞིག་གི་ཁ་སྐད་དུ། ཨི་ཙུག ཅེས་འདོན་པ་དང་། སྲ་མོས། ཞེས་པ་ཕྲ་མོས། ཡིག་ནོར་བྱུང་བ་ཡིན་ནམ། ཤ་གཅུ། ཁ་ནས་མ་འཐོན་པའི་དབང་གིས། ཤ་གཅུས་ཞེས་པའི་རྗེས་འཇུག་དོར་ཏེ། དེ་འདྲ་ཆགས་པ་ཡིན་ནམ།
    འདི་དག་གནད་འགག་ཅང་མ་རེད་འདོད། སྙན་དངགས་དང་སྙན་ངག་གང་བྲིས་ཀྱང་འཐད། ངས་འདིར་བྲིས་པའི་ཨི་ཙུག་ཟེར་བ་དེ་འདི་ཙུག་ཟེར་བ་མ་ཡིན་ལ། སྲ་མོ་ཞེས་པ་དེའང་ཕྲ་མོ་མ་ཡིན་པས་བསྐྱར་དུ་ཐུགས་བསམ་བཞེས་རོགས། དེ་དག་ཤེས་འདོད་ན་བོད་ཀྱི་སྐད་ཡིག་ལ་གནའ་བོའི་འབྲི་སྟངས་དེ་འབའ་ཞིག་མཁྲེགས་འཛིན་ཞེ་དྲག་མི་བྱེད་པར་དུས་བསྟུན་གྱིས་སྒྱུར་བཅོས་གཏོང་དགོས་པར་འདོད། དེའང་ཡིག་རྨོངས་པ་དག་གིས་མ་ཡིན་པས། བོད་ཀྱི་རིག་གཞུང་ཞིབ་ཕྲ་ཀུན་ལ་གཞན་གྱི་དྲིང་མི་འཇོག་པ་ཞིག་དགོས་པར་འདོད། དེ་མིན་ན་གཞན་གྱིས་འདོད་མོས་མི་བྱེད་ལ་གཏན་ཚིགས་དང་ཡང་མཐུན་ཐབས་ཡོད་མ་རེད།

    རེ་བ་ཞིག་ལ་ནམ་རྒྱུན་ཚིག་ཁ་ཤས་ལ་འཇུས་ནས་མི་བཞུགས་པར་མཁྱེན། ལན་དང་ཐེངས། ཚར་སོགས་དོན་གཅིག་ཏུ་འགྲོ་བའོ།། ཁྱེད་ཀྱིས་སྔོན་མར་མི་འགྲོ་གསུངས་ན། དེས་སང་དེའི་དོན་དུ་འགྲོ་བས་དེའི་དོན་དུ་འདོན་རོགས་ཞུ་རྒྱུ་ཡིན། དེ་མིན་ན་བོད་ལ་རྟེན་འབྲེལ་བཟང་ཟེར་བ་ཞིག་ཡོད་མི་སྲིད་དོ།།
    ལན་དང་བོར་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
    ཐེངས་དང་བོར་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
    ཚར་དང་བོར་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
    ལན་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    ཐེངས་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    ཚར་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    འདི་དག་གཅིག་རེད་དོ།། མིན་པའི་སྒྲུབ་བྱེད་དྲོངས་ཞོག འདི་ང་ཚོའི་བོད་གངས་ཅན་པའི་སྐད་ཀྱི་ལུགས་ཡིན་པས། ཐུགས་འཇགས་འཚལ།

    ད་དུང་ཁྱེད་ཀྱིས་ཆམ་འདྲེད་སྟེག་ཟེར་བ་དང་། གཡོ་སྟེག མགོ་ལངས་སྟེག འཆམ་སྟེག་ཟེར་བ་ལྟ་བུ་དང་། ཨི་ཙུག་ལུ་གུ་སྒོག་པ་དང་། ཆིངས་བྱུག་ཟེར་བ་དང་། ཟེ་ལ་སོང་ཟེར་བའང་གསན་མྱོང་ཡང་མེད་པར་མངོན་པས། བོད་ཁ་བ་རི་བའི་གཏམ་དཔེར། བོང་བུ་མ་སོང་ལམ་ཕྲན་མང་། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་ཟེར་བའི་ལེགས་བཤད་དེ་ཐུགས་ལ་བཟུང་ནས་ང་ཚོས་ད་དུང་མུ་མཐུད་དུ་འབད་ན་མི་བཟང་ངམ།

    ཨི་ཙུག་ལུ་གུ་སྒོག་པ་དང་། སེན་འདོགས་བྱས། སེན་འདོགས་བྱེད། སེན་འདོགས་བྱོས། གཏན་ཚིགས་སྲ་མོ།
    སོགས་རང་འཇགས་ཡིན་པས་དེ་དག་ལ་སྒུལ་རྒྱུ་མེད་དོ།།
    ཚང་མར་ཐུགས་རྗེ་ཆེ་ཞུ།
    དེང་སང་དྲ་ཐོག་དུས་རྒྱུན་བཅར་མི་ཐུབ་པས་ལན་དུས་ཐོག་རྒྱག་མ་ཐུབ་ན་མཐོལ་ལོ།། འཆགས་སོ།།

  17. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-09-06 at 2:05 am

    དྲི་མེད་ལྷག་བསམ་མཆོག་གིས་བདག་ལ་བསྟོད་པ་བཅོས་མིན་ཡིད་གྱི་གླིང་བུ་ཞེས་བྱ་བ། ༷ཞེས་པར་བྲིས་པར་བཀའ་དྲིན་ཆེ། འོན་ཀྱང་མདོ་སྔགས་གཞུང་ལ་སྦྱང་། བསླབ་པ་མཐར་ཕྱིན་སོགས་ཀྱི་ཡོན་ཏན་མེད་ཀྱང་། དེ་ལྟར་བྱེད་དགོས་པར་ཕན་པ་འབྱུང་ངེས། མཁས་གྲུབ་རྗེས་རྒྱལ་ཚབ་རྗེ་ལ་བསྟོད་པ་ན།
    ་
    སྐྱེ་བོ་ཡོན་ཏན་མེད་ལ་འང་།
    ཡོན་ཏན་ལྷག་པར་སྒྲོ་བཏགས་ནས།
    གཅམ་བུ་ཁོ་ནའི་ངག་གིས་ནི།
    མགུ་བ་ལྷུར་ལེན་ཚིག་ཏུ་སྨྲ།། ༡༥ །།
    ་
    ཞེས་གསུངས་པ་ལྟར་ཁྱེད་ཀྱིས་མཛད་པ་ལགས་ཤིང་། དེ་རིང་སྔ་དྲོ་ཁྱེད་ཀྱི་སྙན་རྩོམ་ལ་ལན་ཞིག་བྲིས་ནས་ཐོངས། ཞེས་པ་གནོན་པ་ན་ལྷག་སྟོར་དུ་སོང་། ལྷར་བྲིས་པ་མི་འདྲ་བ་ཞིག་བྱང་ངོ་། དཔེ་ཁྲིད་བྱེད་དགོས་པ་དང་། སང་ཉིན་རྒྱ་གར་དུ་འགྲོ་དགོས་པས། གཞན་ལ་ལན་རྒྱབ་པར་ལོང་འབྱུང་མིན་མ་ཤེས། ཞེས་སོ།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 10:51 am

    ལན་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    ཐེངས་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    ཚར་དང་བོར་སངས་རྒྱས་ལ་སྐྱབས་སུ་འགྲོ་རྒྱུ་ཡིན་ནོ།།
    འདི་དག་གཅིག་རེད་དོ།།
    ཟེར་ན།
    ལན། ཐེངས་དང་ཚར་རྣམས་དོན་གཅིག་ཏུ་སོང་བའི་དབང་དུ་བཏང་ན་ཡང་། དང་པོར་་་་ འདི། དང་བོར་འབྲི་དགོས་པའི་ཁུངས་གང་ཡོད་དམ། ཟླ་བ་གཞོན་ནུ་ལགས།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 10:59 am

    ཐང་ཅིག ཐེངས་ཅིག ལན་ཅིག ཚར་ཅིག་སྐོར།

    ལན་ཅིག་འཐེང་ཡང་རྒྱུན་དུ་འཐེང་དོགས་མེད། །
    ཐེངས་གཅིག་ནོར་ཡང་ཚར་གཉིས་ནོར་དོགས་མེད། །
    ཐེངས་དང་འཐེང་པ་ལན་དང་ཚར་གཅིག་སོགས། །
    ཐང་མ་གཅིག་ལ་བྲིས་པའི་ནོར་བཅོས་ལགས། །

    བློ་འཇམ་ཟླ་གཞོན་གཉིས་ཀྱིས་ཐུགས་འཇགས་འཚལ། །

  20. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-09-07 at 8:38 am

    ཟླ་བ་གཞོན་ནུ་མཆོག་ལ། ངས་ག་དུས་ཡིན་རུང་བོད་ཀྱི་རིག་གཞུང་གི་དག་ཆ་ལ་གང་ཤེས་དམ་པར་འཛིན་པ་ལ་དགོས་པ་གཉིས་ཡོད་པ་རྒྱུན་དུ་གླེང་བཞིན་པ་ཡིན། དང་པོ། རང་རེ་བོད་ཀྱི་མཁས་པ་རྣམས་ཀྱི་གཏན་་ལ་ཕབ་་པའི་དག་ཆ་རྣམས་སྲུང་བ་དང་། གཉིས་པ་རིག་གཞུང་གི་དག་ཆའི་སྐད་ལ་བརྟེན་ནས། བོད་རིགས་ཀུན་རིགས་སྐད་རིགས་གཅིག་གིས་ཕན་ཚུན་གོ་བརྡ་ཐུབ་པ་འབྱུང་བ་ལ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་རྗེས་སུ་འབྲང་།
    བོང་བུ་མ་སོང་ལམ་ཕྲན་མང་། ཞེས་པ་ལྟར་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ན་རང་རེས་མི་ཤེས་པའི་མིང་ཚིག་མང་། ལྷག་པར་འབྲི་བའི་ཚེ་སོ་སོའི་ལུང་པའི་ཁ་སྐད་མ་ཤོར་བ་གལ་ཆེ་བར་མཐོང་། སྲ་བ་དང་། སྲ་མོ་གཉིས་ལས་ཁྱབ་ཆེ་བ་དེ་བཀོལ་དགོས་པ་མ་ཡིན་ནམ། ངས་སྲ་བ་ལ་སྲ་མོ་ཞེས་མཐོང་བ་དང་པོ་ཡིན། ཁྱེད་ཀྱིསསྙན་ཚོམས་དེ་ཧྲིལ་པོ་་བསྒྱུར་དང་སྒྱུར་བཞིན་ཡོད་པ་དེར་སོ་སོའི་ལུང་པའི་ཁ་སྐད་མ་ཤོར་བར་བོད་རིག་གཞུང་སྤྱིའི་སྐད་དུ་བསྒྱུར་ཐུབ་པ་བྱང་ན། བོད་རིག་གཞུང་སྐད་ཤེས་མཁན་ཀུན་ལ་ཕན་པས་ཐུགས་ལ་འཇོག་དགོས་སོ།
    ་
    “གླུ་ཐལ་སྦྱར་མར་སྐད་པ་དེ་ཟམ་གདོང་གིས་བསྒྱུར་བ་མ་རེད། གར་ཞ་དངོས་གྲུབ་ཟེར་བ་ཞིག་གིས་བསྒྱུར་བ་རེད། ངས་དེ་ལ་སྙིམ་པའི་གླུ་ཞེས་བསྒྱུར་བ་ཡིན་ལ། སྙན་ཚོམས་དེ་ཧྲིལ་བོ་བདག་གིས་བསྒྱུར་དང་སྒྱུར་བཞིན་ཡོད།” སྙིམ་པའི་གླུ། ཞེཨ་པ་ལ་རྒྱུ་མཚན་ཞིག་ཡོད་ལས་ཆེ།
    གར་ཞ་པ་དངོས་གྲུབ་ཀྱི་སློབ་གྲོགས་ཡིན་པའི་ཆ་ནས། ཁོང་གི་ངོ་སྤྲོད་ཅུང་གླེང་བར་སྤྲོ། གཙང་གཞིས་ཀ་རྩེར་པཎ་ཆེན་སྐུ་གོང་མས་སློབ་ཕོགས་སྩལ་ཐོག་༡༩༥༧ནས་༡༩༦༠དེར་བོད་ཀྱི་རིག་གཞུང་སྤྱངས། ༡༩༦༠ ནས་༦༦ བར་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་སློབ་གྲྭ་ཆེན་མོར་བོད་སྐད་སློབ་པའི་མཛད་པ་བསྐྱངས། དེ་ནས་ཅཎྜཱིགཌྷསློབ་གྲྭ་ཆེན་མོ་བོད་ཡིག་སློབ་པ་ནས་རྒན་གཡོལ་ལ་ཕེབས། གང་གིས་བྲིས་པའི་བོད་སྐད་དང་ཧིནྡཱིའི་མཉམ་སྡེབས་སོགས་གླེགས་བམ་འགའ་ཝཱ་ཎ་བོད་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་སྤར་བསྐྲུན་མཛད། འོན་ཀྱང་། གླུ་ཐལ་སྦྱར་མ། ཞེས་པ་དེ་ཁོང་གིས་ཧིནྡཱིའི་སྐད་ནས་བསྒྱུར་པ་ཇི་ལྟར་བྱུང་མིན་མི་ཤེས། མིག་བལྟས་ཙམ་ལས་ཞིབ་གསལ་ཀློག་ལོང་མ་བྱུང་། རྒྱ་གར་སྐད་དུ། གཱི་ཏཱ་ཉཇ་ལི། ཞེས་པ་གླུ་ཐལ་མོ་སྦྱར་བའི་གཟུགས་སུ་བཀོད་པ་གཟུགས་ཅན་གྱི་རྒྱན་དུ་སྣང་། དེས་ན། གཟུགས་ཅན་གྱི་རྒྱན་ལ་འབྲེལ་སྒྲ་མ་བསྡུས་པ་དང་། བསྡུས་པ་གཉིས་སུ་དབྱེ་བས། གླུའི་ཐལ་སྦྱར་མ་དང་། གླུ་ཐལ་སྦྱུར་མ་དང་། གླུའི་སྙིམ་པ་དང་། གླུ་སྙིམ་པ། ཞེས་རྗེ་ཙོང་ཁ་པས། ལག་པའི་སོར་མོ་སྙིང་ཁའི་ངོས་སུ་ཟུམ། ཞེས་པ་དང་ཆ་མཚུངས་པར་སྣང་།
    སུ་ནཱི་ཏ་ཀུ་མཱ་ར་པཱ་ཊྷཀ ཞེས་པ་བྷངྒལ་པ་བོད་ཡིག་སྦྱངས་པ་ཁོང་གིས་ཉི་དབང་མགོན་པོའི་གཱི་ཏཱ་ཉཇ་ལི་ཡིན་ནམ་གླུ་གཞན་ཡིན། བོད་སྐད་དུ་བསྒྱུར་པའི་དེབ་ཅིག་བདག་གི་མིག་ལམ་དུ་གྱུར་ཏོ།

  21. སྤོབས་པ་མཐའ་ཡས། says:
    2013-09-07 at 8:45 am

    ངས་ཀྱང་གར་ཞ་པ་དངོས་གྲུབ་ཀྱིས་བསྒྱུར་བའི་གླུ་ཐལ་སྦྱར་མ་དེ་ཀློག་མྱོང་། ཆེས་བཀུར་བར་འོས་པ་ལ་དྭགས་པ་མཁས་དབང་བློ་བཟང་འཇམ་དཔལ་མཆོག་གིས་གར་ཞ་པ་དངོས་གྲུབ་ཀྱི་མི་ཚེའི་བྱུང་བ་ཅུང་གསལ་ཞིབ་ཅིག་འབྲི་ནུས་ན་བཟང་། མ་མཐའ་ཡང་འཁྲུངས་ཡུལ། ཡབ་ཡུམ། དགེ་རྒན། སློབ་གཉེར་བྱ་ཡུལ་སོགས་ཚུད་པའི་མི་ཚེའི་བྱུང་རིམ་གལ་ཆེན་ཁག་གཅིག་འབྲི་ཐུབ་ན་བཟང་། དེ་ལུགས་དགོངས་འཇགས་འཚལ།

  22. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-09-07 at 7:09 pm

    ༡༩༥༧ནས་༡༩༥༩ ཟེས་ཞུས་དག་བྱས་སོ།

  23. རྡོ་རྗེ་སྐྱོབ་པ། says:
    2014-09-13 at 3:22 am

    གར་ཞ་པ་དངོས་གྲུབ་དང་ཐུབ་བསྟན་མཆོག་གྲུབ་ཟེར་བ་དག་གི་ལོ་རྒྱུས་ཞིབ་པ་ཡོད་དམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme