Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིས་སྐྱབས་བཅོལ་ཞུ་ཡུལ་ནོར་འདུག

Posted on 2008-10-26 By དགེ་རབ་ 6 Comments on བོད་མིས་སྐྱབས་བཅོལ་ཞུ་ཡུལ་ནོར་འདུག

སྤོབས་པ་མཐའ་ཡས།

ལྷ་སར་༡༩༥༩ ལོར་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ལངས་ཤིང་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་དང་ཆོལ་ཁ་གསུམ་གྱི་བོད་མི་ཁྲི་ཕྲག་མང་པོས་ཕ་ཡུལ་བློས་བཏང་སྟེ་ཁྱིམ་མཚེས་རྒྱ་གར་དུ་སྐྱབས་བཅོལ་ཞུས་ཤིང་ད་ལྟའི་བར་དུ་ལུས། སྤྱིར་ན་རྒྱ་གར་ནི་བོད་མིའི་ངོས་ནས་ཆོས་ཕྱོགས་ནས་འབྲེལ་འདྲིས་དང་དད་ཞེན་ཟབ་ཐོག་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཅན་གཅིག་པོ་དེ་ཡང་ཡིན་སྟབས་སྐྱབས་བཅོལ་ཞུ་ཡུལ་ག་གཅིག་པོ་ཡིན་པར་ཀུན་གྱིས་ངོས་འཛིན་བྱེད། རྒྱ་གར་གྱིས་བོད་མི་སྐྱབས་བཅོལ་བ་ལ་འཛིན་སྐྱོང་གི་སྒྲིག་འཛུགས་རང་དབང་དང་། སྡོད་གནས་གོ་སྒྲིག དཔལ་འབྱོར་རོགས་སྐྱོར་གྱིས་མཚོན་པའི་རོགས་འདེགས་རྒྱ་ཆེན་བྱས་པའི་བཀའ་དྲིན་བསམ་ཤེས་དགོས་པ་གལ་ཆེན་ཡིན།
ཡིན་ན་ཡང་བོད་མིའི་མངོན་འདོད་ཉག་གཅིག་སྟེ་བོད་ཀྱི་ཆབ་སྲིད་དཀའ་རྙོགས་སེལ་བར་རྒྱ་གར་གྱིས་ཕན་ནུས་གང་ཡང་འདོན་མྱོང་མེད། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་བོད་དོན་ཞུ་གཏུག་གི་སྐབས་སུ་ཡང་རྒྱ་གར་གྱིས་གྲོས་ཆོད་ལ་མོས་མཐུན་མ་གནང་ཐོག་གྲོས་མོལ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་པ་སོགས་བྱས་ཡོད། བོད་མིའི་ངོས་ནས་རྒྱ་གར་གྱིས་བོད་དོན་དཀའ་རྙོགས་སེལ་བར་རྒྱབ་སྐྱོར་བྱ་འོས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡང་རྒྱ་གར་ནི་བོད་མིའི་སྐྱབས་བཅོལ་ཡུལ་ཡིན་པ་མ་ཟད་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོགས་ལས་བྱུང་བའི་དགྲར་འཛིན་གྱི་བག་ཆགས་གཙོ་བོར་གྱུར་པའི་རྒྱུ་མཚན་བགྲངས་ནས་རྒྱ་གར་གྱིས་བོད་ཀྱི་དཀའ་རྙོགས་སེལ་བར་རོགས་སྐྱོར་བྱ་དགོས་པའི་རེ་སྐུལ་བྱས་ཀྱང་རྒྱ་གར་གྱིས་བཏང་སྙོམས་སུ་འཇོག་གིན་ཡོད།

ལྷག་པར་ཡང་སྲིད་འཛིན་ཨ་ཊཏ་བྷེ་ཧ་རི་ཝ་ཇི་པའེ་ཡིས་རྒྱ་ནག་དང་མཉམ་དུ་ཚོང་དོན་དང་ས་མཚམས་ཀྱི་སྐོར་གྱི་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དང་། ཉེ་ཆར་གྱི་པེ་ཅིང་ཨོ་ལེམ་པིག་གི་སྐབས་སུ་རྒྱ་གར་དུ་སྡོད་བཞིན་པའི་བོད་མིས་རྒྱ་ནག་ལ་ངོ་རྒོལ་་བྱེད་པར་བཀག་འགོག་བྱ་རྒྱུར་ཁས་ལེན་བྱས་པ་སོགས་ལ་བསམ་ཚེ་རྒྱ་གར་གྱིས་བོད་དོན་ལ་ནམ་ཡང་ལག་པ་འཆང་རྒྱུ་མིན་པ་ཐག་ཆོད།
རྒྱ་གར་གྱིས་རྒྱ་ནག་གི་ངོ་འཚོ་དགོས་པའི་གནད་དོན་གཅིག་ནི་རྒྱ་གར་གྱིས་ཀྱང་རྒྱ་ནག་དང་མཚུངས་པའི་ཆབ་སྲིད་ཀྱི་ནག་ཉེས་མང་པོ་བསགས་དང་གསོག་བཞིན་ཡོད་པས་ཡིན། དེ་ཡང་ཀ་ཤི་མིར་གྱི་གནད་དོན་དང་། སིཀ་གི་རང་བཙན་གནད་དོན། འབྲས་ལྗོངས་ཀྱི་གནད་དོན། ཨ་སམ་ནང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སོགས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་རྒྱུན་མ་ཆད་དུ་བྱེད་བཞིན་ཡོད་སྟབས་རྒྱ་ནག་ལ་ཁ་འཁོར་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་ངོ་མ་ཤེས་པ་རེད། དེ་བཞིན་མངའ་ཁོངས་བདག་དབང་གི་ཕྱོགས་ནས་ཀྱང་ཀ་ཤི་མིར་དང་མོན་རྟ་དབང་སོགས་མ་བདག་བདག་བཟུང་གི་ས་ཆ་མང་པོ་ཉར་ཡོད་པར་བརྟེན་དུས་ཚོད་སྐྱེལ་གང་ཐུབ་བྱེད་པ་རེད།
དོན་ངོ་མར་རྒྱ་དཀར་ནག་གཉིས་གྲོགས་པོ་རྣམ་དག་ཅིག་བྱེད་པར་ཧ་ཅང་རྒྱུན་རིང་པོར་འགོར་གྱི་རེད། དེ་གཉིས་ལ་ས་མཚམས་ཀྱི་ལོ་རྒྱུས་ངེས་གཏན་མེད་པའི་ཁྱིམ་མཚེས་གསར་པ་ཡིན་སྟབས་ས་མཚམས་ཀྱི་རྩོད་རྙོགས་འདི་ཡུན་རིང་བར་དུ་ལུས་རྒྱུ་ཡིན་པ་དང་། མི་རིགས་ཕྱོགས་གཉིས་པོ་ཡང་རྒྱལ་ཞེན་དང་གཡོ་ཇུས་ཀྱི་ཕུལ་དུ་ཕྱིན་ཡོད་སྟབས་ནམ་ཡིན་ཡང་ས་མཚམས་ལ་ཐག་པ་འཐེན་ནས་རྟགས་རྒྱག་དགོས་ན་ཁག་པོ་རེད། དེ་བཞིན་ཚོང་གི་འབྲེལ་ལམ་དམ་པོ་ཞིག་གིས་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་ལམ་བརྟན་པོ་བྱ་རྒྱུ་དེ་ཁག་པོ་ཡིན། ཕྱོགས་གཉིས་ཀ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཞིང་བཟོ་ལས་རང་མགོ་ཐོན་ཙམ་རེ་ཕྱོགས་གཉིས་ཀར་ཡོད་སྟབས་ཚོང་འབྲེལ་དེ་དེ་ཙམ་གལ་ཆེན་པོ་མིན།
མདོར་ན་རྒྱལ་སྤྱིའི་སྟེང་ནས་བོད་དོན་གྱི་གླེང་སློང་གང་ཞིག་ཡིན་རྒྱ་གར་གཞུང་ནི་རྒྱ་ནག་གུང་ཁྲན་གྱི་ལངས་ཕྱོགས་ཉག་གཅིག་ཏུ་འགྲེང་བཞིན་ཡོད། ཡིན་ན་ཡང་༡༩༥༩ ལོའི་ལྷ་སའི་རྒྱ་རྒོལ་ལས་འགུལ་གྱི་ཟིང་འཁྲུགས་ལངས་ནས་མི་ལོ་བཅུ་ཕྲག་ལྔ་འགོར་བའི་དེ་རིང་གི་ཉིན་མོར་ཡང་བོད་མི་རྩམ་ཟན་ཚོ་ཁྱུ་དང་ཁྱུ་བྱས་ནས་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཡོང་གི་ཡོད། ཡིན་ན་ཡང་རྒྱ་གར་ཁ་སྤུ་ཅན་པ་ཚོས་བོད་ཀྱི་གང་ཟག་སྒེར་རེ་ཟུང་གི་ལུས་སྲོག་བསྐྱབ་ཐུབ་ན་ལས་བོད་མི་རིགས་སྤྱིའི་ཆག་འཇིག་ལས་སྐྱོབ་ཐུབ་པའི་རེ་བ་མི་འདུག

རྩོམ་རིག

Post navigation

Previous Post: དབུ་མའི་ལམ་ལ་ཐུགས་རེ་མེད་དམ།
Next Post: ཆ་རྐྱེན་ཅི་ཡང་མེད་པར་བོད་ལ་ལོག་འགྲོ་རྒྱུའི་གྲོས་ཐག་གཅོད་རོགས།

Comments (6) on “བོད་མིས་སྐྱབས་བཅོལ་ཞུ་ཡུལ་ནོར་འདུག”

  1. མེ་རི། says:
    2008-10-26 at 2:39 pm

    ཨོ་ཡ- བོད་ཀྱི་དམིགས་བསལ་ལམ་ཛ་དྲག་ཚོགས་ཆེན་ཐོག་ཏུ་་ཡང་འདི་འདྲ་བའི་གཏམ་གླེང་རྐྱང་རྐྱང་བྱེད་ན། བོད་ལ་རེ་བ་ཞིག་འདུག་གམ།
    ༥༩ལོའི་ཛ་དྲག་གནས་སྟངས་འོག་སྐབས་དེར་ཏཱ་ལའི་བླ་མའི་སྲོག་འགོ་ཐོན་ཐུབ་པ་ཙམ་བྱེད་ས་གཅིག་པུ་ནི་། རྒྱ་གར་ཡིན་ལ། ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་དུས་རྒྱ་གར་སྲིད་བློན་ནཱེརོལ་ལ་འཁྱུམ་ཙམ་འཕྲད་ཐུབ་པ་བྱུང་བ་དང་། ༥༦ལོ་རྒྱ་གར་དུ་མཇལ་ནས་ངོ་ཤེས་ཆགས་ཡོད། ཏཱ་ལའི་བླ་མ་རྒྱ་གར་དུ་བཙན་བྱོལ་ལ་འབྱོད་དུས་ནཱེརོལ་ཆེད་བཅར་གྱི་བསུ་མ་བྱས་ཡོད….།

  2. མྱི་སྨྱོན། says:
    2008-10-26 at 2:54 pm

    རྩོམ་ཡིག་ཡག་པོ་འདུག ཡིན་ན་ཡང་། སྐྱོན་བརྗོད་བྱེད་དགོས་པ་སྨྱོན་པའི་ལས་འགན་ཡིན། དེས་ན་ང་ཚོས་སྐྱབས་བཅོལ་འདི་རྐང་ལམ་ནས་མཁའ་ལམ་ལ་བསྒྱུར་དགོས་པ་རེད་དམ། འདི་ལྟར་འགྲོ་ཐུབ་ན་བོད་ཀྱི་མི་ཚོང་བྱེད་མཁན་ཚོས་མ་རྩ་རྡིབ་རྒྱུ་རེད། འདི་ལ་ཡང་བསམ་བློ་རེ་གཏོང་དགོས། གང་ཡིན་ཞེ་ན་མི་ཚོང་བྱེད་མཁན་ཕལ་ཆེར་མཐོ་རིམ་མི་སྣ་ཡིན་པའི་གནད་ཀྱིས་སོ། །

  3. མྱི་སྨྱོན། says:
    2008-10-26 at 2:56 pm

    འོ་་་་བཤད་རྒྱུ་ཞིག་ལྷག་འདུག ཁྱོད་ཀྱིས་ཕལ་ཆེར་་་སྐྱབས་བཅོལ་ཞུ་ས་ནོར་མེད་པ་ཞིག་རྙེད་ཡོད་ས་རེད།

  4. ཀླུ་སྨྱོན། says:
    2008-10-26 at 2:59 pm

    ངས་ཤམ་བྷ་ལ་རྩད་གཅོད་གཏོང་དོན་ནི་མི་ལོ་ཆིག་སྟོང་གི་སྔོན་ནས་བོད་པའི་ཆོས་དང་རིག་གཞུང་གི་འབྲེལ་ཐག་ཟབ་པའི་ཡུལ་དེར་ང་སྐྱབས་བཅོལ་ཞུ་གི་འགྲོ་ན་འདོད་པས་ཡིན།

  5. མྱི་སྨྱོན། says:
    2008-10-26 at 3:01 pm

    ཀླུ་སྨྱོན། འདི་ཧོར་འཇིགས་ལ་དྲིས་ན་ཁོས་སྔོན་ནས་མངའ་རིས་ས་ཁུལ་ཞིག་ནས་རྙེད་འདུག་ཟེར།

  6. zam ling says:
    2008-10-27 at 4:32 am

    ÇtôzÅ-q-¤fº-»Å-ˆÛÅ-zŤ-±ß¾-hï-zhïm-q-¼ïhü h-z¼-º²¤-JÀÛP-mP-h¤G-ºFâG-GÛ-hzP-GÛÅ-M¾-Dz-ºi-¤Ûm-HÛ-¤Û-¼ÛGÅ-¤P-qô-M¾-Dz-GŸm-¾-BzÅ-zTô¾-ŸÝ-hGôÅ-q-VGÅ-m-»P-M-G¼-hzÞ¾-¾ÞP-¾-BzÅ-zTô¾-mÅ-zÇkh-¤Dm-P-±ô-zôh-q-±ô-GTÛG-qô-¼ïhü hïºÛ-IÝz-ºƒÅ-¾-¾ô¿S-zTߺÛ-XïÅ-ÅÞ-»P-ÇtP-;ô-¾ÞP-qºÛ-mP-ÇtP-;ô-GZÛÅ-¾-VGÅ-mÅ-º-Vh-ºÞ-fÞG-PP-zÇkh-hGôÅ-q-VGÅ-q-¼ïhü h-V-GP-¾ïGÅ-WÛ-¾ïGÅ-È-¤-Gô-z¼-¤fº-m-P-±ôºÛ-h¤ÛGÅ-»Þ¾-GP-»Ûm-»P-D-Gž-¤-fÞz-q¼-GmÅü GŸm-ÁÛ-¼Û-¾P-; ºzï-bï-m¤ü ºzP-¾-ºhï-ÅÛü Í-wÛ-¼Û-;-ÅôGÅ-±P-¤-Í-¼Û-hP-»Þ-¼ôz-¾-BzÅ-zTô¾-z-¾Å-M-G¼-¾-BzÅ-zTô¾-hÝ-xÛm-¤ïhü zôh-ˆÛ-Ç+ÝÏ-iG-±P-¤- 1959 ¾ô-mÅ-Í-¼Û-hP-Dï-m-ºi- ÅÞ-ÅÛ-zTÅ-¾-xÛm-±¼-z-¼ïhü

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme