Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་སུས་བཏགས་པ་རེད།

Posted on 2011-06-012011-06-01 By ཁ་བརྡ་ 16 Comments on བོད་མིའི་སྒྲིག་འཛུགས་སུས་བཏགས་པ་རེད།

སྐྱོ་བྲག་དགའ་དབང་།
གཞིས་བྱེས་བོད་མིའི་ཚབ་མཚོན་ཡིན་པའི་བཙན་བྱོལ་བོད་གཞུང་འདི་མིང་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་པ། ཕར་ལྟས་ཚོད་ལ་ཐེངས་འདིའི་སྒྱུར་བཅོས་ཆེད་འབོད་འགུགས་བྱས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཁར་གྲོས་འཆམས་བྱུང་ནས་བཏགས་དགོས་པ་ལྟ་བུར་ཡོད་ནའང་། ཚོགས་ཆེན་ཁར་བཙན་བྱོལ་བོད་གཞུང་རང་འཇགས་འཇོག་རྒྱུར་སྤྱི་མོས་བྱུང་ཡོད། ཁྲིམས་སྲོལ་ལྟར་ན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་མང་མོས་གང་རུང་གིས་གཏན་ལ་ཕབ་དགོས་པ་ཞིག་ཡིན་ནའང་། ལྷ་སྡེ་གནམ་ལོ་ཡག་གིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐུ་སྒེར་ཡིག་ཚང་ལ་ཞལ་པར་ཕུལ་བའི་བཀའ་ལན་དུ། སྐུ་སྒེར་ཡིག་ཚང་ནས། བོད་མིའི་སྒྲིག་འཛུགས། ཞེས་གནང་བར་བགྲོ་གླེང་སོགས་བརྒྱུད་རིམ་གཅིག་ཀྱང་མེད་པའི་སྒོ་ནས་གཏན་འཁེལ་བྱས་པར་བཤད་ཅིང་། བོད་ཀྱི་བང་ཆེན་དུ། སྐུ་སྒེར་ཡིག་ཚང་ནས། བོད་མིའི་སྒྲིག་འཛུགས། ཞེས་བསྒྱུར་དགོས་པའི་ཕྱག་ཡིག་བསླེབས་པར་ཆ་འཇོག་བྱས་པར་བཤད། ཡིན་ནའང་། དེ་དག་ཐོག་མ་མིན་པར། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཁ་ནས་༧གོང་ས་མཆོག་ལ་སྤྱི་མོས་ཀྱིས་ཕུལ་བའི་ཞུ་ཡིག་ནང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་ཐབས། ཞེས་གསལ་བ་མ་ཟད། གོང་ས་མཆོག་གིས། སྤྱི་འཐུས་གྲོས་ཚོགས་སུ་བསྩལ་བའི་བཀའ་ཡིག་ནང་དུའང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། ཞེས་བཀོད་གནང་འདུག །དེ་ལྟར་ན་ཡང་སྙིང་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་འདི་གང་ཟག་སུ་ཞིག་གིས་བཏགས་པ་རེད།

སྣ་ཚོགས།

Post navigation

Previous Post: རིག་གསར་དང་འབྲེལ་བའི་དེང་རབས་བོད་ཀྱི་རྩོམ་རིག་ལ་དཔྱད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས།
Next Post: ངའི་རྒྱལ་ཁབ་ཇི་ལྟར་བསྐྱལ་བའི་རྒྱུད་རིམ།

Comments (16) on “བོད་མིའི་སྒྲིག་འཛུགས་སུས་བཏགས་པ་རེད།”

  1. ཚ་ཕྲུག་རྒྱལ says:
    2011-06-01 at 4:59 pm

    དེ་གསལ་པོ་རེད། གཙོ་བོ་༸གོང་ས་མཆོག་དང་དེ་བཞིན་དུ་བཀའ་ཁྲི་བློ་བཟང་བསྟན་འཛིན་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ལ་ཐེ་ཚོམ་དགོས་དོན་ཅི་ཡོད། མི་མངོན་པའི་ཚུལ་གྱི་གནས་ཆུང་རྡོ་རྗེ་འཆང་གིས་བཀའ་ལུང་ཡང་ཡིན་སྲིད་དེར་མི་འགྲིག་པ་སུས་བཤད་ཐུབ་བམ།

  2. ལྷོ་ཕྱོགས་ཉི་ཟླ་ནས། says:
    2011-06-01 at 6:05 pm

    སྐྱོ་བྲག་དགའ་དབང་ལགས་གསལ་བྱེད་བྱས་བ་དགའ་ཡོད།
    མི་འདི་ཚོ་རང་ཉིད་དང་མ་དགའ་བའི་ཕྱོགས་ཀྱི་ག་ཚོད་ཀྱི་སྤྱི་དོན་འགྲུབ་ཀྱང་སྐྱོན་ཅན་མ་གཏོགས་མཐོང་མི་ཐུབ། ག་གེ་མོ་འདི་ཚོ་ལ་གསལ་བྱེད་རེ་བྱེད་པ་ལས་ཁོང་ཚོའི་སྒེར་སྐྱོན་གླེང་ན་དེ་ལས་ཕན་པར་སེམས་སོ།

  3. གཞིས་ལུས་ངོ་ཚབས says:
    2011-06-01 at 6:16 pm

    ད་མིང་དེ་སུས་བཏགས་རུང་མ་བཏགས་རུང་བོད་ཀྱི་དབུ་ཁྲིད་དང་བོད་གཞུང་བཅས་པ་མིང་ཙམ་མེད་པ་
    རང་དབང་ལུང་པ་འདི་ནས་ཆུ་མ་ཡོང་གོང་གི་རགས་གཅིན་མ་ཡོང་གོང་གི་ལྡོག་ཡིན་ཟེར་ནས་བཟོས་སོང་
    ད་ཐོབ་ཤོར་གང་ཡང་ཡོད་མ་རེད་
    དེ་ལས་ཤ་ཚ་དགོས་ས་ནི་སྙིང་སྟོབས་མེ་ལྟར་འབར་བའི་གཞིས་ལུས་པ་རེད་
    ཤ་ཚ་འདི་ཚོའི་ཕྱི་ལོགས་ནས་འཇོན་ཡོང་བའི་རེ་བ་བཅང་ནས་མི་ཚེ་བསྐྱེལ་སོང་ཨ་ཁ་ཁ་ཁ་ཁ ཁ

  4. ཚངས་དབྱངས། says:
    2011-06-01 at 10:10 pm

    ཨ་ཁ། 

    ཅིའི་ཕྱིར། “བོད་གཞུང་སྒྲིག་འཛུགས།”ཅེས་མི་བཏགས་པ་རེད། བོད་གཞུང་ཟེར་བའི་མིང་འདི་ངེད་ཚོའི་ངོ་བོ་གཅིག་མཚོན་གྱི་ཡོད་པ་དང་། ད་མགོ་བཞི་བརྒྱ་ལྷགས་དང་། དེའི་མགོ་ལ་ཐམས་བཅད་མཁྱེན་པ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། བཅའ་ཁྲིམས་མཁས་དབང་བློ་སེང་ལགས་དང་། དེ་བཞིན་ང་ཡིན་ཁོ་ཡིན་ཟེར་མཁན་ཚང་མ་འཛོམས་ནས། མཐའ་མ་ཆག་སྒོ་འདི། བོད་གཞུང་ཟེར་བའི་མིང་འདི་མེད་པ་བཟོས་འདུག 

    གལ་ཏེ་རྒྱ་གར་བས་བོད་གཞུང་བཏགས་མི་ཆོག་སྒྲིག་འཛུགས་ཟེར་དགོས་ཡོད་ལབ་ན། བོད་གཞུང་སྒྲིག་འཛུགས་ཟེར་ན་དེ་བཅའ་ཁྲིམས་དང་མི་མཐུན་པ་མིན་འདུག 

    བཙལ་བྱོལ་བ་ཚོས་བོད་གཞུང་ཟེར་བའི་ཐ་སྙད་དེའི་རིན་ཐང་དང་། ལོ་རྒྱུས་ཀྱི་གལ་འགངས། ད་དུང་། དེའི་ནུས་པ་ཚང་མ་སྟོར་འདུག 

    བོད་གཞུང་ཟེར་བའི་མིང་འདི་ལོ་རྒྱུས་ཐོག་ཡོད་པ་དང་། བོད་མིས་ཁས་ལེན་བྱེད་བཞིན་དུ་མེད་པ་བཟོས་པ་འདི་ཨ་ཁ། ཤོད་ཀྱིན་ཤོད་ཀྱིན་ངུ་བྲོ་བ་དང་ཁོང་ཁྲོ་ལངས་ཀྱི་འདུག སྤྱི་འཐུས་དེ་ཚོས་ག་དུས་ཡིན་ནའང་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་གཏན་ནས་བྱེད་ཀྱི་མིན་འདུག 

  5. ལྷ་སྡེ་གནམ་ལོ་ཡག says:
    2011-06-02 at 1:11 pm

    མཁན་པོ་མཆོག་གིས་གསལ་ཁ་བཏོད་པར་ཐུགས་རྗེ་ཆེ།

  6. འུར་ཁང་། says:
    2011-06-02 at 1:37 pm

    ད་ཁྱོད་ཚོ་ཚང་མ་ཁ་མང་པོ་མ་ཤོད་མ་གཏོགས། གོང་མ་ཚང་ལ་སྐུ་གསུང་ཐུགས་ཕོག་བྱུང་ན། རྒྱ་མིའི་མྱུལ་མ་དང་ཡང་མིན་ན་དོལ་རྒྱལ་ཚོགས་པའི་མི་རེད་ཟེར་ནས་མཐའ་བཀག་བྱས་ནས་ཁྱོད་ཚོའི་ཕྲུ་གུའི་ལྟོ་ཕོར་ཡང་ཤོར་ཡོང་།

  7. འུར་ཁང་། says:
    2011-06-02 at 1:40 pm

    ངས་ཤེས་སོང་། བོད་མིའི་སྒྲིག་འཛུགས་འདི་གནམ་ནས་ཟག་པ་རེད།
    གནམ་ཡིག་རེད། གནམ་ཡིག

  8. མེ་ཏོག་དཀར་པོ། says:
    2011-06-02 at 2:06 pm

    འུར་ཁང་འུར་ཁང་ཟེར་བ། །
    ཨ་ཇོ་འུག་པ་རེད་དམ། །
    སྒྲིག་འཛུགས་མི་འགྲིག་ཟེར་ན། །
    ལྟོ་ཕོར་སུ་ཡིས་འཕྲོག་ཡོངས། །

  9. ལྷོ་མོན་འབྲུག་རིས says:
    2011-06-02 at 2:47 pm

    སེམས་ཁྲལ་བྱེད་མི་ཤེས་པའི་སེམས་ཁྲལ་ཅན་ཁྱོད་རྣམས་ཉོན་ཅིག་ བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདིའི་འོག་ཁྱོད་ཀྱིས་བོད་ལ་ཕན་པའི་ལས་དོན་ཅི་ཞིག་བསྒྲུབས་ཡོད་ མིང་འདི་མེད་ན་འབྱུང་འགྱུར་ཁྱོད་ཀྱིས་བསྒྲུབ་རྒྱུའི་ལས་དོན་ཅི་ཞིག་ལ་འགོག་རྐྱེན་འདུག་གམ་ དོན་དམ་མིང་འདི་བསྒྱུར་དགོས་པའི་གནད་ཀ་ངོ་མ་དེ་ཐུག་ས་དེ་རང་ཡིན་ ང་ཚོས་འདི་ནས་མིང་ཙམ་ལ་ཆགས་ནས་ གཞིས་ལུས་བོད་མིའི་གནས་སྟངས་ལ་བསམ་བློ་མ་བཏང་ན་ དེ་ནི་ངོ་མ་ལོ་རྒྱུས་ཐོག་ངོ་གནོང་དགོས་པའི་བྱུང་རྐྱེན་ཞིག་ཏུ་འགྲོ་རྒྱུ་བརྗོད་མེད་རེད་ དེས་ན་ཁྱོད་ཚོ་ལས་གཟིགས་རྒྱ་དང་ མཁྱེན་རྒྱ་ཆེ་བའི་ བླ་ན་མེད་པའི་དབུ་འཁྲིད་རྣམས་ལ་དོན་མེད་སྒྲོ་སྐུར་མ་བྱས་ན་ལེགས་ ཁྱོད་ཚོ་ལས་སེམས་ཚབས་ཆེ་བ་ཁོང་རྣམས་ཡིན་པ་ལོང་བས་ཀྱང་མཐོང་ཐུབ་་་་་་ok

  10. བློ་བཟང་ཆོས་གྲགས། says:
    2011-06-02 at 3:42 pm

    བོད་གཞུང་ཞེས་མ་བཤད་ན་རྒྱལ་ཁབ་ཞིག་ཡིན་པའི་ངོ་བོ་མཚོན་མི་ཐུབ། སྒྲིགས་འཛུག་ས་དར་རྡོ་དར་རེད། ཚོ་བའི་སྒྲིགས་འཛུགས། མི་ཚང་གི་སྒྲིགས་འཛུག སྒེར་བའི་སྒྲིགས་འཛུག་སོགས་ཡོད་པ་མིན་ནམ། སྤྱི་འཐུས་གྲོས་ཚོགས་མང་མོས་ཀྱིས་ཐག་གཅོད་དགོས་པ་བདེན་ཡང་། དོན་ཆེན་རེ་གཉིས་མི་མང་སྤྱིའི་འོས་བསྡུ་བྱས་བྱས་ཀྱང་ལེགས་པར་འདུག བོད་གཞུང་ཞེས་པའི་མིང་དེ་བཀའ་བློན་ཁྲི་བ་དང་། སྤྱི་འཐུས་ཚོགས་གཙོ་གཉིས་སུ་ལའང་སྒྱུར་དབང་མེད་པར་མ་ཟད་། རྒྱལ་ཁབ་ཀྱི་མིང་དོན་ལ་སྲུང་སྐྱོབས་བྱེད་དགོས་པ་ཁོང་གཉིས་ཀའི་ལས་འགན་དང་དམ་བཅའ་མིན་ནམ།

  11. སྟག་སྨྱོན། says:
    2011-06-02 at 3:52 pm

    བོད་མི་སྒྲིག་འཛུགས་ཟེར་བའི་མཐའ་མའི་མིང་འདི་སུས་བཏགས་མིན་གང་ལྟར་ཡང་། མིང་འདི་པེ་ཅིན་གཞུང་གི་མངོན་འདོད་ཡིན་པ་གསལ་བོ་རེད། དེའི་ཕྱིར་པེ་ཅིན་གཞུང་གི་སེམས་གཏམ་དང་མངོན་འདོད་དེ་རྡ་ལམ་སར་སླེབས་ནས་༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་ཐུགས་ལ་སྒོ་གང་འདྲ་ཞིག་བརྒྱུད་ནས་འཛུལ་སོང་བ་རེད་དམ།

  12. སྟག་སྨྱོན། says:
    2011-06-02 at 3:53 pm

    བོད་མི་སྒྲིག་འཛུགས་ཟེར་བའི་མཐའ་མའི་མིང་འདི་སུས་བཏགས་མིན་གང་ལྟར་ཡང་། མིང་འདི་པེ་ཅིན་གཞུང་གི་མངོན་འདོད་ཡིན་པ་གསལ་བོ་རེད། དེའི་ཕྱིར་པེ་ཅིན་གཞུང་གི་སེམས་གཏམ་དང་མངོན་འདོད་དེ་རྡ་ལམ་སར་སླེབས་ནས་༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་ཐུགས་ལ་སྒོ་གང་འདྲ་ཞིག་བརྒྱུད་ནས་འཛུལ་སོང་བ་རེད་དམ།

  13. ཚངས་དབྱངས། says:
    2011-06-02 at 9:50 pm

    ད་བསམ་བཞིན་བསམ་བཞིན་སྐྱོ་བ་སྐྱེས། དྲན་ཞིང་དྲན་ཞིང་འགྱོད་པ་སྐྱེས། ངོ་མ་སྐྱོ་པོ་རེད།

  14. ལ་སྟོད་བུ། says:
    2011-06-03 at 12:54 am

    བོད་མི་སྒྲིག་འཛུགས་ཞེས་པའི་མིང་འདི་སུས་བཏགས་ལས་སླ་མོ་རེད་བསམ།
    དེ་ཟིན་རིས་ཚོགས་ཆུང་བཏགས་པ་རེད་སྙམས།
    ཟིན་རིས་ཚོགས་ཆུང་གི་བྷོས་སུ་ཡིན་མིན་ཤེས་སླ།
    མདོར་ན་མང་གཙོ།
    ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་རྩ་ཁྲིམས་འོག་དུ་སྡོད་དགོས།
    དེ་ཚོ་ཐམས་ཅད་ཡོང་ཁུངས་གཅིག་པ་མིན་ནམ།

  15. བརྩོན་རྒྱམ། says:
    2011-06-03 at 2:04 am

    མིང་འདི་སུ་ཞིག་བཏག་མིན་གཙོ་བོ་མ་རེད་དེའི་བོད་མིའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་དམ་མེད།  མ་ཟད་བོད་མིའི་སྒྲིག་འཛུགས་འདིའི་བོད་མིའི་ངོ་བོ་མཚོན་མི་ཐུབ་པས་རྒྱུ་མཚན་ཅི་ཡོད།  སྤྱིར་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་རུང་དེ་ལྟ་བུའི་སྒྲིག་འཛུགས་ཞིག་ཧ་ཀྱང་ཁག་པོ་ཡིན་རྒྱུ་རེད་བསམ་གྱི་འདུག་དེ་འདྲ་ཡིན་དུས་དེས་མིང་དེ་སུ་ཞིག་གི་བཏག་མིན་གཙོ་བོ་མ་རེད་ང་ཚོས་ངེས་པར་རང་ཁ་རང་གི་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་ཞིག་རེད། གཞིས་ལུས་བོད་མི་ཚོས་གོ་ན་ཁོང་ཚོ་ལ་དོག་པ་སྐྱེ་བྱེད་ཞིག་ལས་ཕན་པ་གང་ཡང་ཡོད་པ་རེད།

  16. ཨ་བུ། says:
    2011-06-03 at 5:10 am

    གསར་འགོད་པ།
    བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་དེ་༸གོང་ས་མཆོག་ཉིད་ནས་བཏགས་གནང་པ་རེད་ཟེར་གྱི་འདུག་པ་བདེན་ནམ།
    ༸གོང་ས་མཆོག
    དེ་འདྲ་མ་རེད།དེ་ཁོང་ཚོས་ཡར་ཁྱེར་ཡོང་པ་རེད།ངས་བཏགས་པ་དེ་འདྲ་མིན།
    གསར་འགོད་པ།
    དེ་ལས་གསལ་ཙམ་ཞིག་གསུང་ཐུབ་བམ།
    ༸གོང་ས་མཆོག
    དེ་ཏོག་ཙམ་ཁག་པོ་འདུག་ངས་ཚོགས་ཆེན་ལ་མགོ་འཇུག་བར་གསུམ་དུ་དོ་སྣང་བྱས་པ་ཡིན།ཚོགས་འདུ་གྲོལ་རྗེས་ཁོ་ཚོ་ང་ལ་ཐུག་ཏུ་ཡོང་པ་རེད།དེ་དུས་ངས་གངས་ལྗོངས་རང་དབང་མང་གཙོ་ཚོགས་པ་ཞེས་བཏགས་པ་ཡིན།རང་ངོས་ནས་དེ་ལ་གོ་རྒྱུ་གང་ཙམ་ཡོད་བསམ་ཡོད།དེ་རྗེས་གྲོས་ཚོགས་ཚུགས་བཞིན་པའི་སྐབས་ཁོ་ཚོས་ང་ལ་མིང་བྱང་མང་པོ་ཞིག་ཁྱེར་ཡོང་ནས་དེ་དག་ལས་གང་དགའ་ཟེར་གྱི་འདུག་ངས་མིང་བྱང་དེ་དག་ལ་ཞིབ་ལྟ་བྱེད་སྐབས་ངས་བཏགས་པའི་སྔར་གྱི་མིང་དེ་མི་འདུག་བྱས་གཙང་ངས་ཁོང་ཚོའི་འདོད་པ་ལྟར་བྱས་པ་ཡིན།ད་དུང་ཁོ་ཚོ་འདོད་པ་མ་ཚིམ་པར་ང་ལ་ཁ་པར་བཏང་ཡོང་གི་འདུག་ད་ང་གང་བྱེད་དགོས་སམ།ད་གསལ་པོ་ཤེས་སོང་ངམ།
    གསར་འགོད་པ།
    བྱས་ན་ཁྱེད་རང་གཞན་དབང་དུ་ཤོར་འདུག་པས་དེ་ལ་བློ་ཕམ་འདྲ་མི་འདུག་གམ།
    ༸གོང་ས་མཆོག
    ཁྱེད་རང་གིས་ཤེས་ཀྱི་མ་རེད།གནས་ཚུལ་དེ་འདྲ་མང་པོ་ལྷག་མྱོང་ཡོད།དེར་རྟེན་ང་ལ་མཚོན་ན་གསར་པ་གང་ཡང་མ་རེད།ཡིན་ནའང་ངའི་མི་ཚེ་དེ་དེ་འདྲ་ཞིག་ཡིན་པ་འད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme