Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་ལྟེ་གནས་ཡིན་པས་དེ་ལའང་རྒྱབ་སྐྱོར་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།

Posted on 2015-11-092015-11-09 By ཁ་བརྡ 21 Comments on བོད་མིའི་སྒྲིག་འཛུགས་ལྟེ་གནས་ཡིན་པས་དེ་ལའང་རྒྱབ་སྐྱོར་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤ་ཡ་ཁུལ་གྱི་ལྷན་ཚོགས་ཐེངས་ ༤ པ་དབུ་འབྱེད་ཐོག སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོཊ་པ་ཚོས་སྒེར་གྱི་ལངས་ཕྱོཊ་ག་ཚོད་ཀྱིས་གལ་ཆེན་པོར་རྩི་ཡི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཞིག་སྤེལ་ཚར་རྗེས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་༡༠ ཐོག་དྷ་ས་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤ་ཡ་ཁུལ་གྱི་ལྷན་ཚོགས་ཐེངས་ ༤ པ་དབུ་འཛུགས་གནང་སོང་བ་དང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྣམ་གཉིས་དང་། དེ་བཞིན་རྒྱ་གར་དང་ཨ་རི། དབྱིན་ཇི། ཐའེ་ཝན། བྷང་ལ་དྷེ་ཤི། ལཱ་ཏིན་ཨ་མི་རི་ཁ། ཨ་ཧྥེ་ཁའི་ཁེ་ན་ཡཱ། མ་ལེ་ཞི་ཡ། ཧྥི་ལི་པིན། ཨི་ཊ་ལི་བཅས་རྒྱལ་ཁབ་ཁག་ ༡༠ ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༡༤ ཡི་ཚོགས་བཅར་བ་ ༤༦ མཉམ་ཞུགས་གནང་འདུག་པ་དང་། མཛད་སྒོའི་ཐོག་བོད་དོན་འབྲེལ་མཐུད་ཁང་གིས་བོད་ཕྱི་ནང་གཉིས་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་མ་འདྲ་བ་གང་དང་གང་བེད་སྤྱོད་བྱེད་ཀྱི་ཡོད་མེད་ཐད་ཞིབ་འཇུག་གནང་བའི་༼བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ཇུས་སྙན་ཐོ།༽ཞེས་པའི་བོད་དབྱིན་གཉིས་ཐོག་ཡོད་པའི་སྙན་ཐོ་ཞིག སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་སོང་།

31རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱུན་ལས་ཚོགས་གཙོ་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། ད་རེས་གཙོ་བོ་ཨེ་ཤ་ཡ་ཁུལ་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ལྷན་འཛོམས་འདིའི་ཐོག ཨེ་ཤ་ཡའི་གླེང་སྟེགས་ཐོག་བོད་དོན་ལས་འགུལ་ཚགས་ཚུད་དུ་གཏོང་བ་དང་། འདས་པའི་ཟླ་བ་ ༡༨ ནང་མ་འགྲིག་པ་ག་རེ་བྱུང་འདུག དེ་ཚོ་ཡར་རྒྱས་གོང་འཕེལ་ག་འདྲ་གཏོང་དགོས་པ་བཅས་ཀྱི་ཐད་གོ་བསྡུར་དང་གླེང་མོལ་གནང་རྒྱུ་དང་། ལྷན་ཚོགས་ཀྱི་ཉིན་གསུམ་པར་ལག་བསྟར་ལས་འཆར་ནན་པོ་ཞིག་འདོན་རྒྱུ་ཡིན། ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་དམིགས་ཡུལ་གཙོ་བོ་ག་རེ་ཟེར་ན། ད་ལྟའི་ཆར་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོགས་པ་མི་འདྲ་བ་ཆེ་ཆུང་ཁག་ ༡༩༢ ཡོད་པ་དང་། དེ་ཚོར་ལྟ་བ་ལངས་ཕྱོགས་མ་འདྲ་བ་ཡོད་ཀྱང་ཚང་མའི་ནུས་པ་མཉམ་དུ་སྤུངས་ཐབས་བྱས་ཏེ། གཙོ་བོ་བོད་ནང་གི་དཀའ་ངལ་སེལ་ཐབས་དང་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་སྤེལ་དགོས་པ། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ནན་པོ་ཞིག་རག་ཐུབ་པའི་དམིགས་ཡུལ་གཙོ་བོ་འདི་ཚོ་གཞིར་བཞག་པའི་ཐོག་ནས་ད་རེས་ཀྱི་ལྷན་ཚོགས་འདི་ཨེ་ཤ་ཡ་ནང་གི་ལྷན་ཚོགས་ཐེངས་ ༤ པ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

2དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མིའི་འབོད་སྒྲ་རྒྱལ་སྤྱིའི་ཐོག་སྐྱེལ་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་ལ། བོད་མིའི་སྒྲིག་འཛུགས་ནི་བོད་དོན་འཐབ་རྩོད་ཀྱི་ལྟེ་གནས་ཡིན་པས། དེ་ལའང་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་གསུངས་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་རྩ་ཆེན་པོ་ཞེ་དྲགས་རེད། ང་ཚོའི་ངོས་ནས་རྒྱུ་དངོས་པོའི་ཐོག་ནས་མཐོང་དང་མིང་གང་ཅིའི་ཐད་ནས་ཁོང་ཚོར་འབུལ་རྒྱུ་གང་ཡང་མེད་ཀྱང་། མ་སྐུལ་དང་བླངས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། གང་ཡིན་ཟེར་ན། མི་འབོར་གྱི་ཐོག་ནས་བལྟས་པ་ཡིན་ན། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་ནག་མི་འབོར་ས་ཡ་གཅིག་སྟོང་གསུམ་བརྒྱ་ལྷག་ཡོད་པ་དང་། རྒྱ་རིགས་རང་ས་ཡ་གཅིག་སྟོང་གཉིས་བརྒྱ་ཡོད་སྟབས། ང་ཚོ་བོད་པ་མི་འབོར་ཉུང་ཉུང་ཞིག་ལས་མེད་ཀྱང་། མི་ཉུང་ཉུང་དེའི་འབོད་སྒྲ་དང་དམིགས་བསལ་དེ་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་གནང་བ་དེ། ཁོང་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་དུས། ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། བོད་དོན་རྒྱབ་སྐྱོར་ཟེར་དུས་ང་ཚོའི་ངོས་ནས་རེ་བ་ག་རེ་ཞུ་ཡི་ཡོད་ལབ་ན། ད་ལྟའི་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པའི་གནད་དོན་དེ་དག་ཁོ་ཚོ་བརྒྱུད་རྒྱལ་སྤྱིའི་ཐོག་ཁྱབ་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད། ཅེས་དང་།

བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་གནས་ཡིན་ལ། དེ་གལ་ཆེ་ཤོས་ཤིག་ཡིན་པས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་འགའ་ཤས་ལ་མོས་མཐུན་མེད་ཀྱང་རྒྱབ་སྐྱོར་གནང་དགོས་པ་དང་། དེ་ག་རེ་ཡིན་མིན་ཕྱི་ལ་གསལ་བཤད་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་བཞིན་བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་ཡོངས་དང་དམིགས་བསལ་གྱིས་ཨེ་ཤ་ཡ་ལ་གལ་ཆེན་པོ་ཡིན་པ་གསུང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཟེར་ན། འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོ་ཞིག་ལ་ང་བཅར་ཡོད་དུས། ད་ལྟ་ཡིན་ནའང་བོད་ནང་གི་གནས་སྟངས་སྐོར་མ་མཁྱེན་མཁན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་མ་མཁྱེན་མཁན། དབུ་མའི་ལམ་གྱི་སྐོར་མ་མཁྱེན་མཁན། དེ་བཞིན་བོད་ཀྱི་ཁོར་ཡུག་སྐོར་ནས་མ་མཁྱེན་མཁན་མང་པོ་འདུག་པས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཚོགས་པ་སྒེར་གྱི་ཐོག་ནས་ལངས་ཕྱོགས་ཀྱི་གནད་དོན་གལ་ཆེན་པོ་ག་ཚོད་རྩི་ཡི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཞིག་སྤེལ་ཚར་རྗེས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་ཐོག འདི་ལོའི་ཉིག་ཡོག་ནང་གི་གསུམ་བཅུའི་དུས་དྲན་སྐབས་ཀྱི་གནད་དོན་སོགས་བོད་དོན་ལས་འགུལ་ཐད་རྒྱབ་ཤུད་རྒྱག་གི་ཡོད་པའི་རྣམ་པ་དེར་བསྐྱར་ཞིབ་གནང་བ་དང་སྦྲགས། བོད་ཀྱི་ཆབ་སྲིད་བཙོན་པ་འཕྲལ་དུ་ཀློད་གྲོལ་གཏོང་ཐབས་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་གི་གནད་དོན་ཐོག་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་ཕྱོགས་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་དཔོན་པོ་དང་ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་དཔོན་རིགས་ཚོའི་རྒྱབ་སྐྱོར་རག་ཐབས་བཅས་གནད་དོན་ཁག་བཞིའི་ཐོག་དཔྱད་ཞིབ་གྲོས་བསྡུས་གནང་སྟེ། མ་འོངས་ཟླ་ ༡༨ ཀྱི་ལས་འཆར་སྒྲིག་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: དུས་རབས་ཉེར་གཅིག་པའི་མེ་ཏོག་ལེན་མཁན། 
Next Post: རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་དང་འཆར་ལྡན་བུ་སྐྱེས་སྲིད་ཇུས།

Comments (21) on “བོད་མིའི་སྒྲིག་འཛུགས་ལྟེ་གནས་ཡིན་པས་དེ་ལའང་རྒྱབ་སྐྱོར་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།”

  1. རྒྱང་མིག says:
    2015-11-09 at 1:52 pm

    ད་ནི་སྲིད་སྐྱོང་གིས་སྐད་ངན་འདྲ་ཞིག་ཤོར་གྱི་ཡོད་པ་འདྲ་བོ་འདུག ཁོང་གིས་”བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་གནས་ཡིན་ལ། དེ་གལ་ཆེ་ཤོས་ཤིག་ཡིན་པས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་འགའ་ཤས་ལ་མོས་མཐུན་མེད་ཀྱང་རྒྱབ་སྐྱོར་གནང་དགོས་པ་དང་། དེ་ག་རེ་ཡིན་མིན་ཕྱི་ལ་གསལ་བཤད་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་བཞིན་བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་ཡོངས་དང་དམིགས་བསལ་གྱིས་ཨེ་ཤ་ཡ་ལ་གལ་ཆེན་པོ་ཡིན་པ་གསུང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཟེར་ན། འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོ་ཞིག་ལ་ང་བཅར་ཡོད་དུས། ད་ལྟ་ཡིན་ནའང་བོད་ནང་གི་གནས་སྟངས་སྐོར་མ་མཁྱེན་མཁན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་མ་མཁྱེན་མཁན། དབུ་མའི་ལམ་གྱི་སྐོར་མ་མཁྱེན་མཁན། དེ་བཞིན་བོད་ཀྱི་ཁོར་ཡུག་སྐོར་ནས་མ་མཁྱེན་མཁན་མང་པོ་འདུག་པས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཚོགས་པ་སྒེར་གྱི་ཐོག་ནས་ལངས་ཕྱོགས་ཀྱི་གནད་དོན་གལ་ཆེན་པོ་ག་ཚོད་རྩི་ཡི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཞིག་སྤེལ་ཚར་རྗེས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།” ཅེས་སོགས་ཀྱི་བརྗོད་དོན་དེ་དག་གིས། རང་གཞུང་ངམ་སྒྲིག་འཛུགས་ཀྱི་གནང་ཕྱོགས་ཤིག་འགྲིག་གི་མེད་པ་གསལ་སྟོན་བྱས་ཡོང་གི་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2015-11-09 at 9:43 pm

    བོད་མིའི་སྲིད་སྐྱོང་རྒྱལ་འགྱུར་ཅིག །

  3. ལེགས་བཤད་ says:
    2015-11-09 at 10:29 pm

    སྟོང་པའི་ངང་ལས་རྒྱལ་གྱུར་ཅིག

  4. ཀརྡོ་གཉེར་ཕྱག་པ་ says:
    2015-11-09 at 10:33 pm

    རྟེན་འབྱུང་དང་། སྟོང་པའི་ངང་ལས་སངས་རྒྱ་རྒྱུ་ཡོད་ན། བོད་དོན་དེ་ཡང་་་་་་་ ཧཧཧཧཧ།།

  5. ལེགས་བཤད་ says:
    2015-11-10 at 12:43 am

    རྟེན་བྱུང་དང་། སངས་རྒྱས་རྒྱུ་དང་། བོད་དོན་གཅིག་ཏུ་བསྲེས་ན་་་་ཧཧཧཧཧ

  6. སྙིང་ཆེན་པོ། says:
    2015-11-10 at 2:02 am

    སྲིད་སྐྱོང་གིས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པ་དེ་ནོར་འཁྲུལ་དང་ལམ་ལོག་ཅིག་མིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད་མདོག་བསྟན་འདུག་ཀ

  7. ཞོལ་གཡག་འབྲོང་རྒྱུད། says:
    2015-11-10 at 3:27 am

    སེམས་གཙོ་སྨྲ་བ་འདི་ཚོས་བོད་དོན་ཡང་་་་་་་་་་་་་ཧ་ཧ།

  8. གནམ says:
    2015-11-10 at 4:05 am

    རྒྱང་མིག་གིས་བླུན་རྟགས་སྟོན་བཞིན་འདུག། ཁྱེད་རང་གིས་གནད་ཀྱི་རྩ་བ་དེ་ཚོ་བཤད་དུས། ཡག་པོ་ཞིག་མཐོང་གི་མེད་ན། ཁྱོད་རང་ལ་འབྱུང་འགྱུར་ཞིག་ཕར་བཞག། ད་ལྟ་ཙམ་ཡང་ཤེས་མེད་ཚོད་རེད། སྲིད་སྐྱོང་ལ་ངན་བཤད་ན་གཞན་མགོ་སྐོར་ནི་འདྲ་བྲིས་ན་ཡག་ཙམ་མིན་འགྲོ།

  9. ཀརྨ་བློ་གསལ་ says:
    2015-11-10 at 5:02 am

    ཁྱོད་ཚོས་སྣོན་རྟགས་དང་འཕྲི་རྟགས་ཨེ་ཤེས། རྒྱལ་སྤྱིའི་སྒང་དུ་བོད་དོན་རྒྱབ་བསྐྱོར་ཚོགས་པ༡༩༢ཁྲོད་ཐེངས་འདིར༡༤ལས་མཉམ་ཞུགས་མི་བྱེད་དོན་ཅི། ལྟ་བ་ལངས་ཕྱོགས་མ་མཐུན་པས་རེད་ཅེས་གོ་སྒྲིག་པ་ཁ་གསལ་འདུག ལྟ་བ་ལངས་ཕྱོགས་གང་ཞེས་ན། བོད་དོན་རྒྱབ་བསྐྱོར༡༧༨ནི་རང་བཙན་ལྟ་བར་བརྒྱབ་བསྐྱོར་གནང་མཁན་རེད། ད་ཤེས་སོང་ངམ།

  10. ལྷ།བྱ་འཕུར་མ། says:
    2015-11-10 at 6:35 am

    འོ་ན་སེང་གེ་ལགས་ཉིད་ཀྱི་བཀའ་ཤག་གིས་འཐུས་ཤོར་ཅན་གྱི་ལས་འགུལ་ཡོད་ནའང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཁ་བཙུམ་ནས་རྒྱབ་སྐྱོར་བྱེད་དགོས་རེད་དམ། ད་ནི་སྐད་ངན་ཤོར་ས་གང་ཡང་ཡོད་པ་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-11-10 at 7:52 am

    བོད་དོན་དང་། ཆོས་ཀྱི་ཉམས་ལེན་བསྲེས་མི་ཤེས་མཁན་གྱི་བོད་ཀྱི་ཆོས་པ་དེ་ཚོ་ཅི་དྲག
    ཡང་།
    སེམས་གཙོ་སྨྲ་བ་དང་། དཔལ་འབྱོར་བསྡུ་གསོག་མི་ཤེས་མཁན་གྱི་མི་རིགས་དེ་སྐྱོ་བ་ལགས།

  12. ནད་མེད་ཚེ་རིང་། says:
    2015-11-10 at 1:55 pm

    བོད་དོན་རྒྱབ་སྐྱོར་བ་ཚང་མ་ཚོགས་བཅར་ཐུབ་རེ་མེད་པ་མངོན་གསལ་རེད། གང་ལ་ཞེ་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཆེ་བའི་ལས་བྱེད་ནི་བོད་རིགས་ལ་ཤ་ཞེན་གྱིས་དྭང་བླངས་ཐོག་ནས་ཕྱག་ལས་གནང་བཞིན་པ་ཡིན། ཁོང་ཚོར་འགྲོ་སོང་གཏོང་མཁན་མེད་ན་ཐག་རིང་རྒྱ་གར་ལྟ་བུ་ལ་ཚོགས་འདུ་བཅར་ཐུབ་རེ་མེད། ད་ལེན་ཕྱི་རྒྱལ་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་བཅར་མ་ཐུབ་པ་ནི་སྒེར་གྱི་ལས་དོན་དང་འགྲོ་གྲོན་ལ་ལ་ཐུག་པ་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མེད་པ་རེ་ཟུང་ལས་ཚང་མས་རྒྱབ་སྐྱོར་གནང་བཞིན་ཡོད། སྲིད་སྐྱོང་བློ་སེང་ལགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་དག་ཚགས་འཚུད་དང་མེད་སར་གསར་འཛུགས་གནང་ཐབས་ལ་འབད་བརྩོན་གནང་དགོས་ནའང་། ངས་ནས་དེ་འདྲ་གནང་བཞིན་པ་ཧ་ལམ་མཐོང་མ་སོང་བཤད་ན་མ་འོས་པ་མིན། བོད་དོན་རྒྱབ་སྐྱོར་ཚོགས་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དགོས་ན་ཁོང་ཚོར་ཆེ་མཐོང་དང་མུ་མཐུད་ནས་འབྲེལ་བ་བཞག་དགོས་པ་ཡིན།

  13. ལུང་རྟོགས། says:
    2015-11-11 at 12:21 am

    བོད་དོན་རྒྱབ་སྐྱོར་ཚོགས་པ་ལ་རིགས་འདྲ་མི་འདྲ་ཡོད་པ་རེད། ཁག་གཅིག་བོད་ལ་ཤ་ཚ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ལ་དེ་ཚོ་ནམ་ཡང་འགྱུར་བ་ཡོད་མ་རེད། ཁག་གཅིག་སྒེར་གྱི་ཁེ་ཕན་སྒྲུབ་ཆེད་བྱེད་ཀྱི་ཡོད་པ་རེད་ལ་དེ་ཚོས་ཁེ་ཕན་མེད་པ་མཐོང་ན་ཕྱིར་འཐེན་བྱེད་འགྲོ་ཡི་རེད།

  14. ཀརྨ་བློ་གསལ་ says:
    2015-11-11 at 7:13 am

    ལོང་རྟོགས་ལགས་སྡིག་པ་མིག་བཙུམས་མ་བྱེད་རོགས། ད་ཚར་ཤག བོད་དོན་རྒྱབ་བསྐྱོར་ཚོགས་པ༡༩༢ཡོད་པའི་ནང་ནས༡༤ལས་སླེབས་མེད་དོན་ཅི། ལྷག་མ༡༧༨དེ་ཁེ་ཕན་སྒྲུབ་མཁན་རེད་དམ། བོད་དོན་རྒྱབ་བསྐྱོར་ཚོགས་པའི་འབྲེལ་མཐུད་ནང་ཕྱག་ལས་གནང་མཁན་སྤྱི་འཐུས་ལས་ཐོགས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཁ་སངས་ནས་ལྟ་བ་མི་མཐུན་པ་བརྗོད་པ་དང་་སྲིད་སྐྱོང་མཆོག་གིས་ལྟ་བ་དོར་ནས་རྒྱབ་བསྐྱོར་གནང་རོགས་ཅེས་ཞུ་བསྐུལ་བྱེད་དོན་ཅི།

  15. ལུང་རྟོགས། says:
    2015-11-11 at 10:33 am

    ཀར་ལོག མ་ཤེས་ན་འུར་རྒྱག་མ་འདུག དེ་རིང་གི་ཚོགས་འདུ་འདི་ཨེ་ཤ་ཡའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཡིན་པ་གསལ་མི་འདུག་གམ། དེའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མ་མཉམ་ཞུགས་དགོས་པའི་ངེས་པ་མེད།

  16. ནད་མེད་ཚེ་རིང་། says:
    2015-11-12 at 2:54 am

    ལུང་རྟོགས་ལགས། མཁས་མདོག་མ་བྱས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ནང་ཨ་རི་དང་། དབྱིན་ཡུལ། ཀེ་ནི་ཡ་བཅས་ནས་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅར་འདུག བཙན་བྱོལ་བོད་མིའི་དྲ་རྒྱར་ཀློག་རོགས།

  17. ལྷག་པ། says:
    2015-11-12 at 6:25 am

    ལུང་རྟོགས་ཟེར་བར་མཆན་སྔོན་མའི་ལན་འདེབས།
    1. ཁྱོད་ཀྱིས་བློ་སེང་གིས་བྱས་ཚད་ཐམས་ཅད་བསྟོད་པ་འཐེན་བཞག་པ་མེད་ན། བློ་སེང་གིས་བྱས་ཉེས་བསགས་དུས་ཁྱོད་ཁ་བཙུམ་ནས་བསྡད། བློ་སེང་གིས་བྱས་རབས་བཤད་དུས་ཁྱོད་ཀྱིས་ཀྱང་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་འདུག དེ་ལྟར་ཡིན་པ་བློ་སེང་གིས་བྱས་ཉེས་ལ་སྐྱོན་བརྗོད་བྱས་པའི་མཆན་བསྟན་རྒྱུ་མེད་པ་དེ་ནས་ར་འཕྲོད། ཁྱོད་ཀྱི་དྲང་བདེན་ཟེར་བ་དེ་ལྟ་བུ་ཡིན་ནམ།
    2. ཁྱོད་ཀྱི་ཤོད་ཕྱོགས་གཅིག་བསྒྱུར་ན། འདི་ལྟར། ངས་སྲིད་སྐྱོང་གིས་སྐྱོན་རྣམས་གསལ་བར་མཐོང་བཞིན་ད་དུང་དྲྭ་རྒྱར་རྟག་ཏུ། གོང་ས་མཆོག་གིས་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་ས། བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ། དེང་དུས་ཀྱི་ཤེས་ཡོན་རྩེར་སོན། བོད་ཕྱི་ནང་གི་མི་མང་གིས་དགའ་མོས་ཆེ་ཤོས་ཞུ་ཡུལ། མི་སེར་དཀྱུས་མ་ཞིག་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཡོད་པའི་སྲིད་འཛིན་ཐོག་མ། ཞེས་སྡིག་པ་མིག་བཙུམ་གྱིས་མི་སེར་དཀྱུས་མ་མགོ་བོ་རྨོངས་བྱེད་འབིར་སྨན་སྤྲོད་ཐབས་བྱེད་པའི་མཐོང་སྣང་ཡོད་ནའང་ང་ལ་ལྐོག་རྔན་འཕོན་ཆེ་ཐོབ་ཀྱི་ཡོད། དེ་ནི་དོན་ངོ་མ་དགྲ་བོའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཡིན། མ་ཟད། རང་ཉིད་ལྟ་བུ་ཐ་ཤལ་བ་རྣམས་ཀྱི་བྱ་སྤྱོད་ཡིན་པས་ང་ལ་ངོ་ཚ་ཟེར་བ་མེད་ལ། ཕྱི་རུ་དཔའ་ཆེ་མདོག་བྱེད་ཀྱི་ཡོད་ཅེས་བརྗོད་ན་ག་འདྲ་འདུག
    3. ངས་རང་གི་དགྲ་ལ་བཤད་མི་ནུས་པ་ཁྱོད་ཀྱིས་ཇི་ལྟར་ཤེས།
    4. བློ་སེང་ལ་དེང་དུས་ཀྱི་ཤེས་ཡོན་རྩེར་སོན་ཞེས་བརྗོད་ན། བོད་པའི་ཤེས་ཡོན་ཅན་མཇུག་རྫོགས་པ་ལྟ་བུ་མ་ཤོད། ཚད་ལྡན་གྱི་རྩོམ་ཡིག་རྐང་གཅིག་བསྟན་རྒྱུ་མེད་པ་མ་ཟད། བློ་སེང་གིས་སྐད་ཆ་ཉོན་དང་། སློབ་ཕྲུག་ཆུང་ངུ་རྣམས་ལ་མགོ་བསྐོར་གཏོང་བའི་ནང་དོན་དང་ཚིག་གང་ཅི་ནས་ལྗིད་ཚད་ཏིལ་འབྲུ་ཙམ་ལས་མི་འདུག མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ནས་བློ་སེང་ལ་ཁྱད་ཆོས་གཅིག་ཀྱང་ཚང་མི་འདུག ༸གོང་ས་མཆོག་གིས་ཐུགས་རྒྱ་ཆེན་པོས་བསྟོད་བསྔགས་གནང་བ་བློ་སེང་སྒེར་ལ་མ་ཡིན་པར་སྲིད་སྐྱོང་གི་ཁྲི་དེར་ཡིན་པ་ཤེས་པར་གྱིས། སླད་ཕྱིན་ཀྱང་སྲིད་སྐྱོང་སུ་སླེབས་ཀྱང་༸གོང་ས་མཆོག་གིས་བསྟོད་བསྔགས་གནང་རྒྱུར་ཐེ་ཚོམ་མེད། ཁྱོད་ཚོས་གོང་ས་མཆོག་གིས་བསྟོད་བསྔགས་གནང་སོང་ཞེས་བློ་སེང་མི་ཁྱད་དུ་འཕགས་པར་བསྒྲུབས་ཀྱི་འདུག གོ་བ་ལོག་སྒྲུབ་མ་བྱེད། ཡིད་ཕམ་པ་ཞིག་ལ་༸གོང་ས་མཆོག་གིས་བསྟོད་བསྔགས་གནང་བའི་བཀའ་དྲིན་གྱི་ཚབ་ཏུ་བློ་སེང་གིས་དྲིན་ལན་ལོག་འཇལ་གྱིས་ཨ་རིའི་དོན་གཅོད་དུ་༸གོང་ས་མཆོག་གི་སྐུ་པར་གྱི་ཚབ་ཁོ་པའི་འདྲ་པར་བཀལ་བ་དང་། བོད་མི་མང་གྲོས་ཚོགས་ཀྱི་དྲི་རྩད་བྱས་པ་མ་གཏོགས་དོན་གཅོད་གཞན་ལ་ཡང་བཀའ་དེ་ལྟ་བུ་བཏང་ཡོད་པ་གསལ་པོ་ཆགས་སོང་བ་དེ་དུས་ཁྱོད་ཀྱི་རྣ་བས་སྤར་བས་བཀབ། མིག་ཐལ་བས་བསྒྲིབས་སོང་ངམ།
    5. བློ་སེང་སྲིད་སྐྱོང་དུ་མ་སླེབས་གོང་ཁྱོད་ཀྱིས་ང་ཚོའི་མང་གཙོའི་གཞུང་ཚད་ལྡན་མ་ཡིན་ཟེར་གྱི་ཡོད་དམ། ཁྱོད་ཀྱིས་མ་ཎེ་བཞིན་ཤོད་པའི་བོད་དམངས་གཙོའི་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ། ཞེས་པའི་མང་གཙོའི་གཞུང་ཞེས་པ་བློ་སེང་སྲིད་སྐྱོང་སླེབས་པ་ནས་ཟེར་རམ། དོན་དངོས་དམངས་གཙོའི་གཞུང་ཚད་ལྡན་ཡིན་ཕྱིན་གང་ཟག་འབྱོར་ཕྱུག་ཁྱད་མེད་སྲིད་སྐྱོང་སླེབས་ཀྱང་དོན་སྙིང་གཅིག་ཡིན་པས། མི་སེར་དཀྱུས་མ་སྲིད་སྐྱོང་ལ་སླེབས་པ་དེ་ནི་མི་དེ་ལ་དོན་སྙིང་དམིགས་བསལ་གང་ཡང་མེད། ད་ལྟའི་ཁྱོད་ཚོའི་བཤད་སྟངས་འདི་ལམ་དུ་བཏང་ཚེ། མ་འོངས་བོད་ཀྱི་མང་གཙོའི་སྲོལ་གཏོད་བློ་སེང་ཡིན་ཞེས་བརྗོད་པར་ཐེ་ཚོམ་མི་འདུག དཔེར་ན། ཉེ་འཆར་བློ་སེང་གིས་ངས་ཐོག་ས་དང་པོ་བརྩེགས་ཟིན། རྨང་གཞི་འདིའི་ཐོག་ལ་གཉིས་པ་དང་གསུམ་པ་བརྩེགས་བདེ་པོ་ཡོད་ཅེས་༸གོང་ས་མཆོག་དབུས་གོང་མ་བཀའ་དྲིན་ཅན་རྣམས་ཀྱི་གྲུབ་འབྲས་སྐད་ཅིག་གིས་ཁྱུར་མིད་གཏོང་རྩིས་བྱས་སོང་བ་དེ་དང་ཞེ་ཕུགས་གཅིག་མཚུངས་རེད་འདུག
    6. ང་ལ་ལས་ཀ་ཆེན་པོ་ཞིག་ཡོད་མདོག་བསྟན་གྱི་མེད། ངས་དྲང་བདེན་གྱི་གོས་གྱོན། དྲང་བདེན་གྱི་ཟས་བཟོས། གནད་དོན་གང་ཅིར་རང་ཉིད་ཀྱིས་བསམས་གཞིགས་བགྱིས། རང་ལ་ཡོད་པའི་སྨྲ་སྒོ་དང་སྨྱུ་ཁ་བེད་སྤྱོད་ཅུང་ཡོད་པ་གཞན་གྱི་བཀོལ་སྤྱོད་དུ་མ་སོང་བར། རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་གསལ་སྟོན་དང་། ལྷག་པར་བོད་མི་མང་གིས་འཁུར་དུ་མ་སོང་བ་ཞིག་བྱ་སྙམ་པའི་ཀུན་སློང་མཁྲེག་པོ་འདིས་ཁྱོད་ལ་ཉིན་མཚན་དྲྭ་རྒྱ་སྲུང་ནས་སྡོད་རྒྱུའི་དུས་ཚོད་དང་ཆ་རྐྱེན་བློ་སེང་གིས་སྦྱར་བ་བཞིན་ང་ལ་དེ་ལྟ་མེད་ཅེས་ཟེར་བ་ཡིན།
    7. ཁྱོད་བློ་སེང་གི་གསང་བའི་ལས་དོན་སྒྲུབ་མཁན་ཡིན་པར་སྐྱོན་རྩ་བ་ནས་མེད། སྲིད་སྐྱོང་ཞིག་ལ་དགོས་ངེས་རེད། འོན་ཀྱང་གསང་བའི་རྒྱུག་ཁྱི་ཡིན་པར་སྐྱོན་ཆེན་པོ་ཡོད་རེད། ཁྱོད་ཀྱིས་བཤད་པ་དང་། བྱས་པ། བྲིས་པ་ཚང་མར་མིས་ཡིད་ཆེས་བྱེད་ཀྱི་མ་རེད། མི་གྲལ་ནས་བུད་འགྲོ་གི་རེད། རྒྱུགས་ཁྱི། རྒྱུགས་ཁྱི། རྒྱུགས་ཁྱི། མི་ཟེར་བ་འདི་ཟས་གོས་འབྱོར་ཕྱུག་ལེགས་པོ་ཡོད་ཀྱང་མི་གྲལ་ནས་བུད་ན་སེམས་ཁམས་ལ་དཀའ་ངལ་འཕྲད་ཀྱི་རེད། དཔེར་ན། འདས་པའི་ལོ་རྒྱུས་སུ་ཐེ་ཝན་གོ་མིན་ཏང་གི་རྒྱུགས་ཁྱི་ལི་ཐང་ཨ་ཐར་ནོར་བུ་བཞིན་ནོ།
    8. ཧ། ཧ། ཧ། ད་ལུང་རྟོགས་ལགས་སྐུ་ལས་ཁག་པོ་བྱུང་འདུག ང་ལ་ཞི་ཅིན་ཕིན་གྱི་གསང་བའི་རྒྱུག་ཁྱི་ཞེས་བཤད་འདུག ཤོད་སྟངས་འདི་ཁྱོད་རང་འུ་ཐུག་པའི་རྟགས་ཡིན་པ་ཤེས་ཀྱི་ཡོད། ད་དུང་དོལ་རྒྱལ་ཚོགས་པའི་མི་ཞེས་ཤོད་ཤོག སྔོན་ཆད་ཁྱོད་ཀྱིས་བློ་སེང་འུད་སྒྲོག་བྱེད་སྐབས་གཟུར་གནས་མང་པོས་ཁྱོད་ལ་མཛུབ་མོ་རི་སྟོན་གྱིས་ར་སྤྲོད་རེ་རེ་བཞིན་བགྱིས་ཏེ། མཐར་བཀག་གིས་ཁྱོད་མཛུབ་མོ་ཁ་རུ་བཅུག་ནས་སྡོད་དགོས་པ་བཟོ་སྐབས་ཁྱོད་ཀྱིས་མཐའ་མར་དྲྭ་གྲོགས་དེ་རིགས་ལ་རྒྱ་མིའི་རྒྱུགས་ཁྱི་དང་། དོལ་ཚོགས་ཀྱི་མི་ཞེས་ལན་མང་བྲིས་པ་དྲྭ་གྲོགས་ཚང་མས་མཐོང་ཡོད།

  18. འབོར་བློ་བཟང་རྒྱ་མཚོ། says:
    2015-11-13 at 12:55 pm

    བོད་མིའི་སྒྲིག་འཛུགས་ལ་རྒྱབ་བསྐྱོར་ཡོད། ལྐོག་ངན་དང་གཡོ་ཐབས་ལ་རྒྱབ་བསྐྱོར་མེད།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 11:04 pm

    ངན་པ་ལངས་ཤོར་རྒྱུན་ཆད་ཤོག །
    སྐོག་ཟ་རུལ་སུངས་རྒྱུན་ཆད་ཤོག །
    ་
    བོད་མིའི་སྒྲིག་འཛུགས་སྲ་བརྟན་ཤོག །
    སྲིད་སྐྱོང་ཐོབ་ཚད་རྒྱལ་འགྱུར་ཅིག །
    ་
    ཆོས་དང་ལེགས་བྱང་དར་རྒྱས་ཤོག །
    སྐད་ཡིག་ཡོན་ཤེས་ཡོན་ཕུན་སུམ་ཚོགས། །
    ་
    གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་དང་། །
    མི་རིགས་དཔལ་འབྱོར་གོང་འཕེལ་ཤོག །

  20. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 11:05 pm

    ཆོས་དང་ལེགས་བྱང་དར་རྒྱས་ཤོག །
    སྐད་ཡིག་༼ཡོན་༽ཤེས་ཡོན་ཕུན་སུམ་ཚོགས། །
    འདི།
    ཆོས་དང་ལེགས་བྱང་དར་རྒྱས་ཤོག །
    སྐད་ཡིག་ཤེས་ཡོན་ཕུན་སུམ་ཚོགས། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-13 at 11:08 pm

    དྲན་ཚད་ཁ་རུ་ཐོན་པ་དང་། །
    བཤད་ཚད་ལག་ཏུ་འཁེལ་བར་ཤོག །
    ལ་རྒྱ་གོང་དུ་འཕེལ་བ་དང་། །
    ཆིག་སྒྲིལ་རྡོག་རྩ་གཅིག་དྲིལ་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme