Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་ཀྱིས་བསྟི་གནས་རྡ་ས་གངས་སྐྱིད་དུ་འབྱོར་བའི་མཐོང་ཚུལ་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ།

Posted on 2018-09-202018-09-20 By ཁ་བརྡ 5 Comments on བོད་མིའི་སྒྲིག་འཛུགས་ཀྱིས་བསྟི་གནས་རྡ་ས་གངས་སྐྱིད་དུ་འབྱོར་བའི་མཐོང་ཚུལ་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ།

ཚེ་དབང་བསོད་ནམས་ནས།
 
ཉེ་ལམ་ཟླ་འདིའི་ནང་པཎ་འཇབ་ལུ་ཐི་ཨ་ནར་བལ་གོས་ཉོ་འདོན་དུ་འགྲོ་ཞོར་རྡ་སར་ལས་དོན་ཞིག་དང་འབྲེལ་ནས་འཁྱུག་ཙམ་རིང་གངས་སྐྱིད་དུ་འབྱོར་སྐབས། ང་ལ་མཐོང་ཚུལ་དང་བསམ་ཚུལ་གང་བྱུང་བ་དེ་འདིར་གླེང་འདོད་བྱུང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ་སུ་འདྲ་ཞིག་གཞིས་ཆགས་ཁག་ཏུ་གཟིགས་བསྐོར་དུ་ཕེབས་སྐབས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་དགོས་པའི་བཀའ་སློབ་ཕེབས་བཞིན་པ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལས་འཆར་བཀོད་སྒྲིག་ཇི་ཡོད་མ་ཤེས་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་གནས་པའི་ལྷན་ཁང་ཁག་གི་ལས་ཁུང་དང་། ཚོགས་ཁང་། སྣུམ་འཁོར་འཇོག་ས་སོགས་མཐོང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་ལྔ་དང་ལྔ་བཅུའི་ལས་འཆར་ནས་ལྔ་བཅུའི་ལས་འཆར་ལ་སྔོན་ཐོན་གནང་ནས་འཛུགས་བསྐྲུན་འདི་དག་ལ་བསམ་སྐབས། ལོ་ལྔ་བཅུ་ཕར་བཞག་ནས་ལོ་བརྒྱ་ཕྲག་མི་ཡུལ་དུ་བསྡད་ནས་རང་བཙན་འཐབ་རྩོད་མུ་མཐུད་ནས་མི་ཐོག་ནས་མི་ཐོག་བྱ་དགོས་བྱུང་ཡང་། གཞན་བསྟེན་མི་དགོས་པར་རང་རྒྱུ་རང་བདག་གི་ལམ་ནས་མི་ཡུལ་དུ་ལོ་བརྒྱ་ཕྲག་འགར་འཚོ་ཐུབ་པའི་འཛུགས་བསྐྲུན་འདི་དག་ལྔ་དང་ལྔ་བཅུའི་འཆར་སྣང་གི་གྲུབ་འབྲས་རླབས་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ།

དེ་དང་ཕྱོགས་མཚུངས་གངས་ཅན་སྐྱིད་གཤོངས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་གཙོས་པའི་ལྷན་ཁང་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་སྡེ་ཁག་བཅས་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་སྣ་ས་ཁུལ་འདིར་གཉེན་སྤུན་ཐུག་འཕྲད་དང་། ཕྲུ་གུ་སློབ་འཇུག་སོགས་ལ་བདེ་སྡུག་ཞུ་མཁན་འཛོམས་ཆེ་བའི་ས་གནས་གལ་ཆེན་འདིར་མི་མང་གསང་སྤྱོད་༼Public Toilet ༽མེད་པའི་ཚོར་སྣང་ཞིག་བྱུང་ལ། ཕྱི་ནས་ཕེབས་མཁན་ཚོར་མི་མང་སྤྱི་སྤྱོད་གསང་སྤྱོད་མེད་པའི་དཀའ་ངལ་ལས། ལྔ་དང་ལྔ་བཅུའི་འཆར་སྣང་དེ་དག་གལ་ཆེན་དོན་ཆེན་ལ་རྩིས་ཏེ་ལྔ་ཡི་ལས་འཆར་ལ་འགན་འཁུར་གྱིས་མི་མང་སྤྱི་སྤྱོད་གསང་སྤྱོད་རྒྱ་སྐྱེད་མ་གནང་བ་དེས་མི་མང་གི་འཕྲོད་བསྟེན་དང་། འཁོར་ཡུག་གཙང་སྦྲ་ལ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་ནས་ཐུགས་སྣང་དང་ཐུགས་འགན་མ་བཞེས་པ་ལ་ནམ་ཡང་ངོས་འཛིན་ཞུ་གི་མེད་ཀྱང་། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་ག་འདྲ་ཞིག་ཏུ་སླེབས་ཀྱང་མི་མང་སྤྱི་སྤྱོད་ཀྱི་གསང་སྤྱོད་ནི་ཡག་སྡུག་ལ་མ་བལྟས་པར་མི་མང་གིས་བེད་སྤྱོད་བཏང་ཆོག་ཡོད་པ་ནི་མི་མང་གི་དཀའ་ངལ་སེལ་བ་དང་། འཁོར་ཡུག་སྲུང་སྐྱོབས་དང་གཙང་སྦྲ་འཕྲོད་བསྟེན་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པས་ན། བོད་མིའི་སྒྲིགས་འཛུགས་འཕྲོད་བསྟེན་ལྷན་ཁང་གིས་གངས་སྐྱིད་ཉེ་འཁོར་དུ་མི་མང་གསང་སྤྱོད་དང་འཁྲུས་ཁང་ ( Public Toilet Cum Bathroom ) རྒྱག་ཐུབ་ན་ཕྱོགས་མཐའ་ནས་ཕེབས་མཁན་ཚོར་ཕན་ཐོག་དང་འཁོར་ཡུག་དང་གཙང་སྦྲ་འཕྲོད་བསྟེན་སོགས་ལ་སྲུང་སྐྱོབས་ཡོང་རྒྱུ་བཅས་གང་ཟག་སྒེར་གྱི་བསམ་ཚུལ་གསལ་སྟོན་ཞུས་པ་ལས་སྐྱོན་འཛུགས་མིན་པ་དེ་ཡང་མཁྱེན་དགོས་པ་བཅས།

སླར་སྨྲས་པ།
མ་བསམ་མ་མཐོང་ཐམས་ཅད་རྗེས་ལུས་ཡིན་།
བསམ་པ་མཐོང་བ་ཐམས་ཅད་སྔོན་འཐོན་ཡིན་།
སྔོན་འཐོན་རྗེས་ལུས་ཚོད་དཔག་མ་ཐུབ་ན་།
ཆབ་སྲིད་རིག་པར་རྒྱལ་ཁ་ཉིན་སྐར་ཙམ་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༨ཕྱི་ཟླ་༩པའི་ཚེས་༡༩ཉིན་ཟིན་བྲིས་སུ་བཏབ་།

བསམ་ཚུལ།

Post navigation

Previous Post: རྨི་ལམ་འཁྲུགས་པོ་ཞིག
Next Post: ས་ཐོག་ཏུ།

Comments (5) on “བོད་མིའི་སྒྲིག་འཛུགས་ཀྱིས་བསྟི་གནས་རྡ་ས་གངས་སྐྱིད་དུ་འབྱོར་བའི་མཐོང་ཚུལ་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དཔྱད་པའི་གཏམ།”

  1. ྸAbharu Jigwang says:
    2018-09-23 at 11:47 pm

    སའི་གོ་ལ་འདིར་ག་དུས་ཡིན་ཡང་འདོད་པ་ཁེངས་པའི་གནས་ཚུལ་ཡོང་ཐབས་མེད་པ་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2018-09-24 at 1:20 am

    ་་་་་་་་་་་་་་་་་་་་་་ ཕྲུ་གུ་སློབ་འཇུག་སོགས་ལ་བདེ་སྡུག་ཞུ་མཁན་འཛོམས་ཆེ་བའི་ས་གནས་གལ་ཆེན་འདིར་མི་མང་གསང་སྤྱོད་༼Public Toilet ༽མེད་པའི་ཚོར་སྣང་ཞིག་བྱུང་ལ། ཕྱི་ནས་ཕེབས་མཁན་ཚོར་མི་མང་སྤྱི་སྤྱོད་གསང་སྤྱོད་མེད་པའི་དཀའ་ངལ་ལས། ལྔ་དང་ལྔ་བཅུའི་འཆར་སྣང་དེ་དག་གལ་ཆེན་དོན་ཆེན་ལ་རྩིས་ཏེ་་་་་་་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2018-09-24 at 1:21 am

    བཞུགས་སྒར་དྷ་རམ་ས་ལར།
    ་་་་་་་་་་ ཕྱི་ནས་ཕེབས་མཁན་ཚོར་མི་མང་སྤྱི་སྤྱོད་གསང་སྤྱོད་མེད་པའི་དཀའ་ངལ་་་་་་་་་་་་

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-09-24 at 10:30 am

    གཏམ་ཨ་ཕས་མ་བཤད་ཨ་མས་བཤད་།
    ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    སའི་གོ་ལའི་སྐོར་ལ་གང་ཡང་བཤད་མེད་།
    ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནོར་མི་ཉན་ལ་
    གཡག་རྔ་དཀར་དང་གྲངས་ཀྱི་ལྔ་གཉིས་དེ་བས་
    ཀྱང་ནོར་མི་ཉན་ནོ།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-09-24 at 10:30 pm

    དྲང་གཏམ་གཅེར་བུར་སྟོན་ལ་གཞུང་པ་ཙམ་།
    ཕྱོགས་གཏོགས་མཁྱོགས་བཤད་སྨྲ་ལ་དྲ་བུ་མཁས་།
    ལྷག་བསམ་དཀར་པོའི་བསམ་ཚུལ་གླེང་པ་འདི་།
    ཇུས་མེད་འགན་ཁུར་སྙན་ལ་མ་གསན་ཤོག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme