Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པས་བོད་སྐད་ཡིག་ཐོག་ནས་རྒྱུན་འབྲེལ་དགོས་པའི་གྲོས་ཆོད་བཞག

Posted on 2017-09-232017-09-23 By ཁ་བརྡ་ 3 Comments on བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པས་བོད་སྐད་ཡིག་ཐོག་ནས་རྒྱུན་འབྲེལ་དགོས་པའི་གྲོས་ཆོད་བཞག

ཡོང་ཁུངས། བོད་ཀྱི་དུས་བབ།

 
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་གི་སྲིད་ཇུས་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་ཆོས་རྣམས་རྩ་མེད་བཏང་སྟེ་བོད་རིགས་རྒྱ་རིགས་ལ་བསྒྱུར་རྒྱུ་དེ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ནི་དེ་དག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་སྐོར་གསུངས་སོང་།
དེ་རིང་གྲོས་ཚོགས་ལས་ཉིན་བཞི་པའི་སྔ་དྲོར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན། དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་བསྣམས་ཕེབས་པ་དེའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་བརྒྱུད་མང་མོས་ཐོག་གྲོས་ཆོད་གཏན་འབེབས་གནང་སོང་།

སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཕྱིར་མིག་བལྟས་སྐབས། ང་ཚོའི་སྐད་ཡིག་གིས་བོད་ཆོལ་ཁ་གསུམ་གཅིག་ཡིན་པ་དང་། བོད་རྒྱལ་ཁབ་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་སྟབས་བོད་ཀྱི་སྐད་ཡིག་དེ་རྩ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། དེང་སང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་དེ་མི་ཉམས་རྒྱུན་འཛིན་ཡོང་བའི་འབད་བརྩོན་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་མཐོང་གི་འདུག་ལ། ༧གོང་ས་མཆོག་གིས་ཀྱང་དུས་རྒྱུན་དུ་བོད་ཀྱི་སྐད་ཡིག་དེ་ང་ཚོའི་བླ་སྲོག་ཆགས་ཀྱི་ཡོད་པར་བརྟེན། དེར་དོ་སྣང་དང་ཉིན་ལྟར་བེད་སྤྱོད་གཏོང་ཐབས་བྱེད་དགོས་སྐོར་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་བོད་ཡིག་ཅུང་ཟད་ཤེས་མཁན་ཚོས་ང་རྒྱལ་དང་ཁེངས་པ་བྱས་ཏེ། བོད་ཡིག་ལེགས་པོ་མི་ཤེས་པའི་ཕ་རོལ་པོར་བོད་མི་མཚན་ལྡན་ཡིན་མིན་སོགས་དྲི་བ་སྣ་ཚོགས་དྲིས་ནས་སྟབས་མ་བདེ་བ་བཟོས་པ་ནི་སློབ་གསོ་བྱེད་སྟངས་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་ཡིག་མ་ཤེས་མཁན་ཚོར་བོད་ཡིག་སྦྱོང་དགོས་པའི་སེམས་ཤུགས་དང་དེ་སྦྱོང་བའི་ཐབས་ལམ་བསྩལ་ནས་ལམ་སྟོན་བྱེད་དགོས་པ་ལས་དམའ་འབེབས་བྱས་ན། རང་ཉིད་བོད་པ་ཡིན་པའི་སྤོབས་པ་ལྡན་ཞིང་བོད་མི་ཞིག་ཡིན་པའི་ལས་འགན་གཙང་མ་འཁུར་མཁན་བོད་མི་མི་རབས་གསར་པ་ཚོ་སེམས་ཤུགས་ཆག་འགྲོ་བའི་ཉེན་ཁ་ཡོད་སྟབས། བོད་ཡིག་ཤེས་མཁན་ཚོས་དམའ་འབེབས་ཀྱི་ལམ་ནས་བོད་ཡིག་སྦྱོང་དགོས་སྐོར་བཤད་ན་ཕན་པ་ལས་གནོད་པ་ཆེ་བ་ལྟ་བུར་མཐོང་གི་འདུག་སྐོར་བརྗོད་སོང་།

ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་ཅེས་བཤད་བསྡད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དང་། དེའི་ནང་ནས་ཁ་ཤས་ཤིག་ནི་བོད་ཡིག་མ་གཏོགས་མ་ཤེས་མཁན་ཆགས་བསྡད་ཡོད་པ་རེད། བོད་ཀྱི་སྐད་ཡིག་མ་གཏོགས་མ་ཤེས་མཁན་ཚོས་བོད་ཡིག་དུས་རབས་དང་མཐུན་པའི་ཡར་རྒྱས་ཤིག་གཏོང་ཐུབ་རྒྱུ་ཁག་པོ་ཡིན་ལ། བོད་སྐད་ཡིག་ཡར་རྒྱས་གཏོང་བར་སྐད་ཡིག་མང་པོ་ཤེས་དགོས་ཀྱི་ཡོད་སྐོར་དང་། ད་ལྟ་བར་དུ་བོད་ཀྱི་སྐད་ཡིག་གཅིག་པུ་སྦྱངས་ནས་ཡོང་མཁན་ཚོས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་གང་འཚམས་ཤིག་བཞག་ཡོད་ཀྱང་། སྐབས་རེར་ཁོང་ཚོར་སྐྱོན་ཆ་ཡོད་པ་ཞིག་ཀྱང་མཐོང་གི་འདུག དེ་ཡང་། བོད་ཀྱི་སྐད་ཡིག་གི་ཐོག་ནས་ཡི་གེ་འབྲི་མཁན་ཚོས། གང་བྲིས་པ་དེར་ཚིག་མ་འདྲ་བ་རྐྱང་རྐྱང་བེད་སྤྱོད་བཏང་ནས་རྫིག་པོ་བཟོ་ཐབས་ལས། ཀློག་མཁན་ལ་ག་ཚོད་ཅིག་གོ་བརྡ་འཕྲོད་ཀྱི་ཡོད་མེད་ལ་བསམ་བློ་གཏོང་གི་མེད་སྟབས། སྐད་ཡིག་དང་ཀློག་པ་པོའི་བར་ལ་བར་ཐག་ཅིག་ཡོང་གི་ཡོད་པ་དང་། དེ་ནི་བོད་ཀྱི་སྐད་ཡིག་ནང་དུ་ལས་ཀ་བྱེད་མཁན་ཚོས་དེ་ཙམ་བསམ་བློ་མ་བཏང་བའི་གནས་སྟངས་ཤིག་གི་འོག་ནས་ཡོང་གི་ཡོད་པར་བརྟེན། ཀློག་པ་པོ་དང་སྐད་ཡིག་བར་གྱི་སྟོང་ཆ་སྐོང་བའི་འགན་དེ་བོད་ཀྱི་སྐད་ཡིག་ནང་དུ་ལས་ཀ་ལས་མཁན་ཚོར་ཡོད་ན་ཡང་། དེའི་སྟོང་ཆ་དེ་བསྐང་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཛད་སྒོ་ཁག་དང་ཚོགས་འདུ་སོགས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཡིག་བེད་སྤྱོད་བྱས་དང་བྱེད་མུས་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ལས་ཁུངས་ཁག་གི་ཡིག་ཆ་དེ་དག་གཙོ་བོ་བོད་ཡིག་གི་སྒང་ལ་ཡོད་པ་མ་ཟད། གཞིས་ཆགས་དང་སློབ་གྲྭ་སྨན་ཁང་སོགས་ཡན་ལག་ཁག་ལ་མཚོན་ནའང་བོད་ཡིག་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། དེ་བཞིན། ཤེས་ཡོན་ལྷན་ཚོགས་ངོས་ནས་འཆར་འབུལ་ལྟར་བཀའ་ཤག་ཡིན་ན་ཡང་གཞིས་ཆགས་ཁག་དང་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་གཙོ་བོ་བྱས་ཏེ། བོད་ཡིག་བེད་སྤྱོད་གཏོང་དགོས་པ་རེད་ཅེས་བཀོད་ཁྱབ་བཏང་སྟེ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་གསུངས་སོང་།

ཡང་ཁོང་གིས། རྒྱ་ནག་གཞུང་གི་འཕྲལ་ཕུགས་ཀྱི་སྲིད་ཇུས་དེ་བོད་རིགས་རྒྱ་རིགས་ལ་བསྒྱུར་རྒྱུ་དེ་ཡིན་པ་རེད། དེ་ཡང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་ནས་བསྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་འཕྲལ་ཕུགས་གཉིས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་ཆོས་དེ་དག་མི་ཉམས་རྒྱུན་འཛིན་གྱིས་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། དེར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དེ་བོད་མིའི་རང་དབང་དང་མི་རིགས་ཀྱི་ངོ་བོ་བསྐྱར་གསོ་བྱ་རྒྱུ་དེ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

གསར་འགྱུར།

Post navigation

Previous Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་༤ པའི་ཉིན་ ༥ །
Next Post: ༼ ཆང་གཏམ། ༽

Comments (3) on “བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པས་བོད་སྐད་ཡིག་ཐོག་ནས་རྒྱུན་འབྲེལ་དགོས་པའི་གྲོས་ཆོད་བཞག”

  1. ཨ་འབར་འཇིགས་དབང་། says:
    2017-09-23 at 2:13 pm

    ༄༅། བོད་ཀྱི་སྐད་ཡིག་འདི་གལ་ཆེན་པོ་ཡིན་པ་མི་ལོ་ ༦༠ རྗེས་ལ་གཞི་ནས་ཤེས་ཀྱི་ཡོད་པ་ནི་
    ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-24 at 3:13 am

    སྐད་ཡིག་ནི་མི་རིགས་དེའི་ངོ་རྟགས་ཟེར་ན་ཡང་འདྲ་འབྱུང་ཁུང་ཟེར་ན་ཡང་འདྲ་བླ་སྲོག་ཟེར་ན་ཡང་འདྲ་གང་ལྟར་མི་རིགས་ཞིག་འཚོ་གནས་ཐུབ་པའི་སྐད་ཡིག་ལ་ཉམས་ཆགས་ཕྱིན་པའི་ཉིན་མོ་ནས་མི་རིགས་དེ་རང་བཞིན་གྱི་ཡལ་འགྲོ་བ་ནི་འདས་པའི་འཛམ་གླིང་གི་སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་ནས་ང་ཚོར་ངོ་སྤྲོད་ཐོབ་ཡོད་ལ་ད་ལམ་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་སྤྱི་ཚོགས་ནང་དབུས་ས་གཉིས་བར་འབྲེལ་ལམ་ཡོངས་རྫོགས་བོད་སྐད་ཡིག་ཐོག་གནང་དགོས་པའི་གྲོས་ཆོད་བཞག་པ་ལ་དགའ་བསུ་དང་རྗེས་སུ་ཡིད་རངས་ཞུ་གི་ཡོད་ལ་གལ་ཆེ་བཤོས་དེ་གལ་ཆེན་དོན་ཆེན་འདིའི་རིགས་གྲོས་ཆོད་ལ་འགན་བཀུར་ཐུབ་ཙམ་ལ་ཆོག་ཤེས་མ་གནང་བར་བཅའ་ཁྲིམས་ནང་གཏན་འབེབས་གནང་ནས་ཁྲིམས་ལུགས་སུ་ཁ་ཕྱོགས་དགོས་པ་ནི་དེ་སྔོན་དབུ་མའི་ལམ་བཅའ་ཁྲིམས་ནང་གཏན་འབེབས་མ་གནང་བར་གྲོས་ཆོད་ལ་ཁ་ཕྱོགས་པ་ནས་གྲོས་ཆོད་ཀྱི་ནུས་པ་དེ་ཁྲིམས་ལུགས་ཀྱི་ནུས་པ་ལས་དམའ་བ་ཡོད་པ་ནས་དོན་དངོས་ལག་ལེན་ཐོག་བརྒྱ་ཆ་ག་ཚོད་ལག་ལྟར་ཐུབ་ཀྱི་ཡོད་དེ་ཡང་འཐེ་འཚོམས་ནང་ལྷག་མི་འདུག་གམ་?

  3. ཨ་འབར་འཇིགས་དབང། says:
    2017-10-01 at 6:03 pm

    ༄༅། སྐད་ཡིག་རྨོངས་མུན་སེལ་བའི་ཉི་མ་ཡིན།།
    སྐད་ཡིག་ཚ་གདུང་སེལ་བའི་ཟླ་བ་ཡིན།།
    སྐད་ཡིག་འདོད་རྒུ་འཇོ་བའི་ནོར་བུ་ཡིན།།
    སྐད་ཡིག་མི་རིགས་འཚོ་བའི་བླ་སྲོག་ཡིན།།
    སྐད་ཡིག་བཟང་སྤྱོད་སྟེར་བའི་དེད་དཔོན་ཡིན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme