Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒེར་ལངས་ལ་དཔྱད་པའི་གཏམ།

Posted on 2019-02-17 By ཁ་བརྡ 3 Comments on བོད་མིའི་སྒེར་ལངས་ལ་དཔྱད་པའི་གཏམ།

ཚེ་དབང་བསོད་ནམས།

ཕྱི་ལོ་༡༩༥༩་ལོར་རྒྱ་མིའི་བོད་དུ་བཙན་གནོན་གྱིས་བོད་མི་ཁྲི་ཚོ་མང་པོ་དམར་བསོད་བཏང་བ་དང་བོད་མི་སྟོང་ཚོ་མང་པོ་རྨས་སྐྱོན་འོག་ཤི་གསོན་གྱི་ས་མཚམས་སུ་ལྷག་པ་དང་ཕ་མ་བུ་ཕྲུག་སྟོང་ཚོ་མང་པོ་གསོན་བྲལ་བཏང་བ་དང་བཟའ་ཚང་སྟོང་ཚོ་མང་པོ་ཁ་བྲལ་བཏང་བ་དང་བོད་མི་སྟོང་ཚོ་མང་པོ་ལྟོག་ཤི་ཐེབ་པ་དང་བོད་མི་བརྒྱ་ཕྲག་མང་པོ་རང་ཤི་རྒྱབ་པ་སོགས་དམྱལ་བ་མི་ཡུལ་དུ་དངོས་སུ་བོད་མིའི་མྱོངས་བའི་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཆོལ་ཁ་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྒྱ་མིར་ཞི་བའི་ངོ་རྒོལ་གྱིས་ལས་འགུལ་སྤེལ་ནས་འབོད་ཚིག་ཏུ་བོད་རང་བཙན་ཡིན་བོད་ཀྱི་བདག་པོ་བོད་མི་ཡིན་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཟེར་བའི་དེང་དུས་རྒྱལ་སྤྱིའི་སྲིད་དོན་ཚན་རིག་དང་མཐུན་པའི་ཆབ་སྲིད་རིག་པའི་ཐ་སྙད་འོག་རྒྱ་མིར་ངོ་རྒོལ་གྱིས་ལས་འགུལ་གནམ་ས་གྲགས་པ་སྤེལ་པ་ནས་བཟུང་ལོ་ལྟར་ང་ཚོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བོད་མི་གནས་སྡོད་བྱེད་སའི་ལུང་པ་ཚང་མའི་ནང་གསུམ་དུས་སྲུང་རྩི་ཞུ་བཞིན་པ་ནས་སྐད་འབོད་ཀྱི་འབོད་ཚིག་ལ་རིམ་པས་འགྱུར་བ་ཕྱིན་ནས་བར་ལམ་ཞིག་ནས་འཚེ་མེད་ཞི་བའི་ལྟ་སྒྲུབ་འོག་བྱང་ཆུབ་སེམས་མཆོག་ལ་སྐྱབས་བཅོལ་ནས་གསུམ་བཅུའི་སྒེར་ལངས་དུས་དྲན་སྲུང་རྩི་ཞུ་བཞིན་པ་དང་ལོ་རབས་ཉི་སྟོང་ཤར་ནས་ང་ཚོའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་ནས་དབུ་མའི་ལམ་ལ་འགན་ཁུར་ནས་བོད་རྒྱ་ནང་འགྲིག་གི་སྲིད་ཇུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་གི་དགོས་འདུན་སྟོན་པ་ནས་དེ་སྔ་ཕྱི་ལོ་༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་ཀྱིས་འབོད་སྒྲ་བོད་ཀྱི་བདག་པོ་བོད་མི་ཡིན་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཟེར་བའི་ཐ་སྙད་དེ་དག་འཇུག་བསྡུས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་དང་བོད་ཀྱི་འཁོར་ཡུག་ཉམས་ཆགས་སྐོར་སོགས་རྩལ་དུ་གཏོད་ནས་དེ་སྔའི་འབོད་སྒྲ་བོད་རང་བཙན་ཡིན་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བའི་ཐ་སྙད་དེ་དག་གོ་རྒྱུ་དང་ཐོས་རྒྱུ་མེད་པ་ནས་གསུམ་བཅུའི་དུས་དྲན་དེ་ཆོ་ག་ཕྱག་ལེན་ཙམ་དུ་སླ་བཅོས་སུ་ཁ་ཕྱོགས་ནས་སྔ་དྲོ་ཆུ་ཚོད་གཅིག་ཙམ་རིང་ས་གནས་སོ་སོར་མི་མང་འདུ་འཛོམས་ཐོག་བྱང་ཆུབ་སེམས་མཆོག་འུར་འདོན་དང་བཀའ་ཤག་དང་སྤྱི་འཐུས་ཀྱིས་གཏམ་བཤད་བཅས་ལ་གསུམ་དུས་ཀྱི་ངོ་བོ་ཙམ་ལས་ཕྱི་ལོ་༡༩༥༩ ལོར་ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་མི་མང་ལས་འགུལ་གྱི་སྒེར་ལངས་ལ་རྗེས་མཐུད་ཐུབ་པའི་རྣམ་འགྱུར་ཆུང་དུ་ཕྱིན་པ་ནི་བོད་མི་རིགས་ལ་བསམ་ན་སྔ་འགྱེལ་རྗེས་ལངས་ཐུབ་པའི་ཆོད་སེམས་བརྟན་པོ་ཨ་ཡོད་བསམ་པ་དང་ཕྱི་ལོ་༡༩༥༩ ས་མོ་ཕག་གི་ལོ་ལ་བོད་རྒྱ་མིའི་འོག་ཏུ་ཤོར་བ་ནས་ད་ལོ་བར་མི་ལོ་དྲུག་བཅུ་ཐམ་པ་འཁོར་ནས་འདི་ལོ་༢༠༡༩ ས་མོ་ཕག་གི་ལོ་འདི་ལ་བོད་ཀྱི་བདེན་མཐའ་གསལ་ཐུབ་པའི་འགན་ཁུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་ལྔ་དང་ལྔ་བཅུ་ལས་ལྔ་ལ་འགན་ཁུར་ནས་འཛིན་སྐྱོང་བཀའ་ཤག་གི་དབུ་འཁྲིད་འོག་འགོ་འཁྲིད་གཅིག་དང་དར་ཆ་གཅིག་གི་འོག་ཏུ་འཆར་གཞི་གཅིག་དང་དགོས་འདུན་གཅིག་དང་འབོད་སྒྲ་གཅིག་དང་རྣམ་འགྱུར་གཅིག་དང་ལས་འགུལ་གཅིག་གི་རྒྱུད་ནས་ཆོལ་གསུམ་རྒྱ་ཆེ་མི་མང་ནས་བོད་དོན་བདེན་མཐའ་གསལ་ཐུབ་པའི་འགན་ཁུར་བླངས་མ་ཐུབ་ཚེ་ལོ་རྒྱུས་ཀྱི་ང་ཚོར་ནམ་ཡང་དགོངས་སེལ་ཞུ་མི་སྲིད་པ་དེ་ཡང་ང་ཚོ་ཚང་མས་ངེས་པར་དུ་མཁྱེན་པའི་ཐོག་ནས་གསུམ་དུས་ཐེངས་དྲུག་བཅུ་པ་འདི་ལ་ང་ཚོའི་གཞི་རྒྱ་ཆེ་བའི་ནུས་ལྡན་གྱིས་་ལས་འགུལ་སྤེལ་རྒྱུའི་སྒྲ་སྒྲིག་ད་ལྟ་ནས་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་གནང་དགོས་པ་དེ་ང་ཚོ་བོད་མི་གཞིས་བྱེས་གཉིས་ཀྱི་གཡོལ་ཐབས་མེད་པའི་ལས་འགན་ངོ་མ་དེ་ཡིན་པ་ནས་མ་འོངས་མི་རབས་གསར་པའི་མདུན་ང་ཚོ་ངོ་གནོང་མི་དགོས་པའི་འགན་དེ་ད་ལྟའི་མི་ཐོག་འདི་ལ་ཡོད་པའི་ངོས་འཛིན་དང་བཅས་བདེན་པ་ཉིད་རྒྱལ་རྒྱུར་ཅིག་བོད་རྒྱལ་ལོ།

སླར་སྨྲས་པ།

རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་ཆོལ་གསུམ་བོད་མིའི་སྒེར་ལངས་སྤེལ།
སྤེལ་བའི་ལས་འགུལ་་འཛམ་གླིང་གྲགས་ནས་བོད་ཅེས་རྒྱལ་ཁབ་ངོ་སྤྲོད་གནང།
གནང་བའི་བྱ་བ་རླབས་ཆེན་གུང་རྒོལ་བོད་མིའི་སྒེར་ལངས་གཟི་བརྗིད་ཆེ།
ཆེ་བཙན་ཀླ་ཀློ་ཆོས་མེད་དམར་པོའི་གངས་ལྗོངས་ཡུལ་གྱི་གནོད་བཅུད་བཅོམ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༩ ཕྱི་ཟླ་ ༢ པའི་ཚེས་ ༡༦ ཉིན་སྦེང་ལོར་ཀམ་པུ་གྷོ་ཊའི་གནམ་ཐང་དུ་ཟིན་བྲིས་སུ་བཏབ།

སྣ་ཚོགས།

Post navigation

Previous Post: ང་ཚོར་འཚོ་རླུང་དགོས་སམ།
Next Post: ཡོལ་མོའི་གཞི་བདག་མོ།

Comments (3) on “བོད་མིའི་སྒེར་ལངས་ལ་དཔྱད་པའི་གཏམ།”

  1. དྲང་སྲོང་གཅེར་བུ says:
    2019-02-20 at 5:36 pm

    ཚང་མ་གཅིག་རྐྱང་རྐྱང་བྱས་ན་ཁག་པོ་རེད། དམར་ཤོག་འདྲ་པོ་ཞིག་མཐོང་སོང་།

  2. ཀརྡོ་རབ་འབྱམས་པ་ says:
    2019-02-21 at 12:44 am

    གསུམ་བཅུའི་དུས་དྲན་གྱི་སྒྲ་སྔ་ཕྱི་གཉིས་ནི།
    1959.03.10
    ་་་་་་་་་་་་་་་་་ རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྒྱ་མིར་ཞི་བའི་ངོ་རྒོལ་གྱིས་ལས་འགུལ་སྤེལ་ནས་འབོད་ཚིག་ཏུ་བོད་རང་བཙན་ཡིན་བོད་ཀྱི་བདག་པོ་བོད་མི་ཡིན་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་་་་་་་་་་་་
    ་
    ༡༩༧༤ ནས་དབུ་མའི་ལམ་གྱི་ནི།
    ་་་་་་་་་་་ ཐ་སྙད་དེ་དག་འཇུག་བསྡུས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་དང་བོད་ཀྱི་འཁོར་ཡུག་ཉམས་ཆགས་སྐོར་སོགས་རྩལ་དུ་གཏོད་་་་་་་་་་་་་ ཟེར།

  3. ཀརྡོ་རབ་འབྱམས་པ་ says:
    2019-02-21 at 1:17 am

    སྲིད་སྐྱོང་མཆོག་ལགས།
    ་
    བློ་སེང་སྲིད་སྐྱོང་བྱས་ནས་བཟུང་། །
    ལྔ་དང་སྔ་བཅུའི་ལམ་བསྟན་གྱིས། །
    གཉིས་སྨན་དབུ་མར་ལྷོད་དལ་ཤོར། །
    ་
    རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། །
    ལྷག་པར་ཧུ་ཅིན་དར་ལམ་ལ། །
    སྐྱོན་འབེབས་བྱས་པས་ཁད་རྒྱང་ཤོར། །
    ་
    ད་ནས་བཀའ་ཁྲི་ཟམ་གདོང་བཞིན། །
    ངོ་རྒོལ་སྤོངས་ལ་སྔར་སྐྱོན་ཞོགས། །
    རྒྱ་གཞུང་དགའ་བའི་ལས་ལ་འབུངས། །་
    ་
    དེ་ལ་སྲོང་བཙན་ཀོང་ཇོ་ནས། །
    ཀོང་ཇོ་གཉིས་པ་ཧ་ཤང་སོགས། །
    ཨ་བན་རྒྱ་ཧན་འབྲེལ་ལམ་སོམས། །
    ་
    ད་དུང་མི་རིགས་འབྲེལ་བཟང་། །
    ཁྱིམ་མཚེས་ཆོས་ཡོན་སྦྱིན་སོགས། །
    རྒྱ་བོད་ཡག་འབྲེལ་རྐྱང་རྐྱང་ཤོད། །
    ་
    ཞེ་དགུ་དོན་བཞི་ལོ་ཉེར་ལྔར། །
    བོད་མིས་མྱངས་པའི་ལོ་རྒྱུས་ཤོད། །
    གཉིས་སྨན་དབུ་མར་ཤུགས་ཆེན་རྒྱོབས། །
    ་
    དོན་བཞི་ཉི་སྟོང་བཅུ་དགུའི་བར། །
    གཉིས་སྨན་ལོ་ངོ་ཞེ་ལྔ་ཡི། །
    མཐུན་སྦྱོར་ལག་བསྐྱངས་རིང་དུ་སྐྱོངས། །
    ་
    ད་ནས་སྐད་ཡིག་ལེགས་བྱང་དང་། །
    ཁོར་ཡུག་འགྲོ་མིའི་རང་དབང་ལས། །
    དེ་མིན་ཀྲུང་གོར་སྐྱོན་བརྗོད་ཞོགས། །
    ་
    མ་འོངས་བོད་རྒྱ་མཉམ་གནས་དང་། །
    གཉིས་སྨན་འོངས་བར་དད་དམ་དང་། །
    གཅིག་གི་གཅིག་ལ་རེ་སེམས་ཆོངས། །
    ་
    སྲིད་སྐྱོང་འབུམ་རམས་ཐོན་ན་ཡང་། །
    རབ་འབྱམས་པ་ངས་རེ་འབོད་འདི། །
    ཁ་བརྡར་བྲིས་ཐལ་ཤོར་སོང་ལགས། །
    ་
    མཆན་མཁན་ཀརྡོས་ཕུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme