Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ

Posted on 2012-02-202012-02-20 By ཁ་བརྡ་ 14 Comments on བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ

གནས་ཚུལ་སྤྲོད་མཁན། ཨ་ བཙན་པོ།
སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༠༢ ཚེས་ ༡༩ ཉིན་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བཀོད་སྒྲིག་འོག་”བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ”ཞེས་པའི་ཛ་དྲག་གི་བགྲོ་གླེང་སྐབས་བཀུར་འོས་མདོ་སྟོད་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་དང་། མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ། དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས། ལོ་རྒྱུས་ཉམས་ཞིབ་པ་མཁན་པོ་འཇུ་བསྟན་སྐྱོང། ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ལྷ་ལུང་རྒྱལ། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་དང་། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། རྡ་སའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན། གོ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ་བཅས་དང་། ཟུར་ཉན་པ་དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཟུར་བ་གཡང་ཁོ་རྒྱལ་དང་། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་། བློ་བཟང་ཡེ་ཤེས། དེ་བཞིན་ས་རཱ་མཐོབ་སློབ་ཀྱི་སློབ་མ་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་མ་སོགས་ཁྱོན་བཅུ་ཕྲག་བདུན་ལྷག་མཉམ་འཛོམས་ཀྱིས་བགྲོ་གླེང་གནང་ཡོད་ལ། སྐབས་དེར་བཀའ་སྤྱི་གཉིས་ལ་ཞེན་སྐུལ་གྱི་ཚུལ་དུ་སྙན་ཞུ་ཞིག་དང་། གོ་སྒྲིག་པའི་ངོས་ནས་སྐབས་དེ་དང་བསྟུན་ནས་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་འདུག

གསར་འགོད་བསྒྲགས་གཏམ།
ང་ཚོས་ཅིའི་ཕྱིར་ངོ་རྒོལ་སྤེལ།
ད་ལྟ་ང་ཚོའི་བགྲོ་གླེང་བྱེད་ཀྱིན་པའི་སྐབས་ཏག་ཏག་ལ་མདོ་སྨད་རྔ་བ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་། མ་སྙིང་མོ་གཉིས་ཀྱི་བུ་སྣང་གྲོལ་ལགས་ཀྱིས་འཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་ཏེ་སྐུ་གྲོངས་པའི་རླབས་ཆེན་གྱི་གནས་ཚུལ་ཐོན་པ་དང་། རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་གཙོ་བྱས་པའི་བོད་ནང་གི་རྒྱལ་གཅེས་དཔའ་རྒོད་རྣམས་ལ་གུས་འདུད་དང་བཅས། བྱུང་བཞིན་པའི་འཚེ་བ་མེད་པའི་མེར་བསྲེགས་ལས་འགུལ་གྱི་ཐད་ལ་བགྲོ་གླེང་གང་རྒྱས་བྱས་རྗེས། རྒྱ་གཞུང་གིས་ད་ལྟའི་བར་དུ་སྒོ་དང་སྒེའུ་ཁུང་ཡོད་ཚད་ནས་འཁྱོག་བརྗོད་དང་རྫུན་གཏམ་ཤ་སྟག་ལས་བོད་ཀྱི་གནད་དོན་ཐད་ལ་དྲང་བདེན་གྱི་སྐད་ཆ་ཚིག་གཅིག་ཀྱང་ཐོན་མ་མྱོང་བ་དང་། ད་དུང་མུ་མཐུད་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་དང་བདེན་དོན་རྫུན་བསྒྱུར། དད་མོས་དམ་བསྒྲགས་བྱེད་ཀྱིན་པ་བཅས་ནི། བོད་མིས་ལུས་སྲོག་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཡིན་པའི་བསམ་ཚུལ་བྱུང་ཞིང་། གཤམ་གསལ་ཁག་ནི་བྱུས་ངན་དེ་དག་ཐེར་འདོན་བྱས་པའི་སྐོར་གྱི་དོན་ཚན་འགའ་ཡིན།
ཀ༽ བོད་འདི་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཚུལ་གྱི་རྫུན་བསྒྲིགས་ལོ་རྒྱུས་རྒྱུན་མུར་སྤེལ་ཏེ་མི་རབས་གསར་བའི་བསམ་བློ་རྨོངས་སྒྱུར་དང་མི་རིགས་ཀྱི་ལོ་རྒྱུས་ནག་བསུབ་དང་གཞི་རྩའི་ཐོབ་ཐང་རྡོག་རོལ་གྱི་ཉེས་པ་ཆེན་པོ་བསགས་པ།
ཁ༽ བོད་ཞི་བས་བཅིངས་འགྲོལ་བཏང་ཚུལ་གྱི་ཧམ་བཤད་བྱས་ཏེ་གཉའ་གནོན་དང་བཙན་འཛུལ་གྱི་ནག་ཉེས་ཡོད་དོ་ཅོག་འགེབས་སྦས་ཀྱི་བྱུས་ངན་ཆེད་དུ་སྤེལ་བ།
ག༽ བོད་ཆོལ་ཁ་གསུམ་པོ་དུམ་བུ་མང་པོར་བཅད་བགོས་ཀྱིས་མི་རིགས་གཅིག་གྱུར་གྱི་རང་སྐྱོང་ཁེ་དབང་ལ་གནོད་ཚབས་ཆེན་པོ་བཏང་ཞིང་མི་རིགས་ཀྱི་ངོ་བོ་གཞན་འགྱུར་གྱི་བྱུས་ངན་སྤེལ་བ།
ང༽ རྒྱ་མི་མང་པོ་བོད་དུ་གནས་སྤོ་ཤུགས་ཆེན་གྱིས་བོད་ཡུལ་མི་སེར་སྤེལ་ཡུལ་བཟོ་བཞིན་པ་དང་། བོད་ཀྱི་འབྲོག་པ་རྩ་སྟོང་དང་མཉམ་ལས་སྲིད་བྱུས་སྤེལ་བ།
ཅ༽ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས༸སྐྱབས་མགོན་ཆེན་པོར་ཉེས་འགེལ་མཚན་དམོད་ཀྱིས་བོད་མིའི་རང་དབང་དད་མོས་ལ་བཙན་གནོན་རྒྱུན་མུར་སྤེལ་བ།
ཆ༽ བོད་རིགས་མང་ཚོགས་ཀྱིས་༸གོང་ས་མཆོག་བོད་དུ་གདན་ཞུ་དང་། བོད་ཀྱི་ཆོས་ལུགས་དད་མོས་རང་དབང་དང་། བོད་མིའི་ཁེ་དབང་སྲུང་སྐྱོབ། བོད་རང་དབང་རང་བཙན།ཆ༸པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཚབ་སྲིད་བཙོན་མ་རྣམས་ངེས་པར་གློད་གྲོལ་གཏོང་དགོས་པ་སོགས་ཀྱི་ཆེད་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་ཐེ་ཚོམ་མེད་པར་ཉེས་རྡུང་དང་། དྲག་གནོན་བྱས་ཏེ་ད་བར་དུ་བོད་མི་མང་པོ་དམར་གསོད་བཏང་བ།
ཇ༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་འབྱུང་འགྱུར་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་མཉམ་གནས་འཆམ་མཐུན་གྱིས་འཚོ་རྒྱུར་ཕྱི་གསལ་ནང་གསལ་གྱིས་བོད་རིགས་རང་སྐྱོང་སྐོར་ལ་ཀྲུང་གོའི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་གཞུང་འབྲེལ་བསམ་འཆར་ཡིག་ཆ་ཕུལ་བར་ཡང་བརྡ་ལན་དོན་ལྡན་མ་བྱུང་ཁར་ངོ་བོ་འགྱུར་བའམ་ཕྱེད་རང་བཙན་སོགས་ཀྱི་མིང་འདོགས་ཀྱིས་བོད་རིགས་ཚང་མར་ས་ཁོངས་གཅིག་གི་རང་སྐྱོང་སྤྲོད་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ནས་བོད་རྒྱ་ཞི་མོལ་གྱི་ལམ་བུ་བཀག་ཅིང་མི་རིགས་རང་སྐྱོང་གི་གཞི་རྩའི་ཐོབ་ཐང་རྩིས་མེད་བཏང་བ།
གོང་གསལ་གནད་དོན་འདི་དག་གིས་གཞིས་བཞུགས་བོད་མིའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་རླབས་ཕྲེང་དང་མེ་ལྕེ་ཤུགས་ཀྱིས་མཆེད་བཞིན་པ་ཡིན་པས་འདིའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས་པར་མ་ཟད། རྒྱ་ནག་མི་མང་གི་གཙོས་འཛམ་གླིང་གི་མི་མང་ཡོངས་ཀྱིས་དེ་དོན་གསལ་རྟོགས་ཐུབ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་དུ་གཞིས་བཞུགས་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་བོད་དོན་ཆེད་སྙིང་སྟོབས་ཆེན་པོའི་སྒོ་ནས་རང་ལུས་མེ་མཆོད་ལ་ཕུལ་བཞིན་པ་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བའི་བློས་གཏོང་ཆེན་པོ་ཞིག་དང་། སྙིང་སྟོབས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་དང་འབྲེལ། རྒྱལ་སྤྱིའི་གཟུར་གནས་གཞུང་མང་ཡོངས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་གིས་རང་ལུས་མེ་མཆོད་འབུལ་བཞིན་པའི་དགོས་དོན་གང་ཡིན། རྒྱ་གཞུང་གི་ཐ་ཤལ་གྱི་སྤྱོད་པ་སོགས་ལ་རྒྱུས་ལོན་བྱས་ཏེ་དྲང་བདེན་གྱི་སྒོ་ནས་རྒྱབ་སྐྱོར་ཅི་ནུས་གནང་སྐྱོང་ཡོང་བའི་གཞེན་སྐུལ་ཡང་ཞུ་གིན་ཡོད།
ཞེས་བོད་མིའི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ་ཞེས་པའི་བགྲོ་གླེང་སྐབས་བཀོད་སྒྲིག་ཚོགས་ཆུང་ནས་སྤྱི་ལོ༢༠༡༢ ལོའི་ཟླ་ ༠༢ པའི་ཚེས་ ༡༩ ལ་སྤེལ།

བཀའ་སྤྱི་གཉིས་ལ་ཞེན་སྐུལ་སྙན་ཞུ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་དང་བཀའ་ཤག་ལྷན་རྒྱས་པའི་དྲུང་དུ།
ཆེད་ཞུ།
སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༠༢ ཚེས་ ༡༩ ཉིན་ཚངས་དབྱངས་ལགས་ཀྱིས་བཀོད་སྒྲིག་འོག་”བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ”ཞེས་པའི་ཛ་དྲག་གི་བགྲོ་གླེང་སྐབས་བཀུར་འོས་མདོ་སྟོད་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་དང་། མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ། དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས། ལོ་རྒྱུས་ཉམས་ཞིབ་པ་མཁན་པོ་འཇུ་བསྟན་སྐྱོང། ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ལྷ་ལུང་རྒྱལ། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་དང་། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། རྡ་སའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་བཅས་པ་མཉམ་འཛོམས་ཀྱིས་བགྲོ་གླེང་གནང་སྐབས། བཙན་བྱོལ་བོད་མིའི་ད་ལྟའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཇི་ལྟར་གོང་འཕེལ་གཏོང་ཐབས་སྐོར་ལ་གཤམ་གསལ་བསམ་ཚུལ་ཁག་བརྒྱད་ཙམ་བྱུང་བ་འདི་འདྲ་རེད།
ཀ༽ གཞུང་དང་གཞུང་འབྲེལ་མིན་པའི་དབར་ལ་ཀུ་ཡངས་ཀྱི་ལྟ་ཚུལ་འོག་ཆིག་སྒྲིལ་དང་ཐུན་མོང་གི་ནུས་པ་འདོན་ཐབས་ལ་ང་ཚོ་ཐུན་མོང་གིས་ནུས་པ་ངེས་པར་འདོན་དགོས།
ཁ༽ ད་ལྟའི་གནས་སྐབས་སུ་གསར་འགྱུར་མཁོ་སྤྲོད་བྱེད་སྟངས་ཐད་ལ་འཐུས་ཤོར་ཆེན་པོ་འགྲོ་གིན་འདུག་པའི་ལྟ་ཚུལ་ཐུན་མོང་ལ་བྱུང་ཞིང་། འཐུས་ཤོར་དེ་བསུབ་ཐབས་ལ་ལྟ་ཚུལ་སྣ་ཚོགས་པ་ཞིག་བྱུང་བ་ལས་གཙོ་ཆེ་བ་གཉིས་བྱུང་། གཅིག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་ས་ཁུལ་ཁག་ཡོངས་རྫོགས་ཀྱི་མི་སྣ་འདུས་པའི་ཚོགས་ཆུང་ཞིག་བཙུགས་ནས་བོད་ནང་གི་གནས་ཚུལ་ཇི་བྱུང་བསྡུ་ལེན་དང་ཞིབ་འཇུག་བྱས་ཏེ་གསར་ལམ་ཁག་ལ་མཁོ་སྤྲོད་དང་ལོ་རྒྱུས་ལ་ཉར་ཐབས་བྱེད་རྒྱུདང་།
གཉིས། ད་ལྟའི་གནས་སྐབས་སུ་མི་སྒེར་དང་ཚོགས་པ་ཁག་གང་ལ་བོད་ནང་གི་གནས་ཚུལ་འབྱོར་ནའང་། དང་པོར་བདེ་སྲུང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྤྲད་དེ། བདེ་སྲུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་མར་མཁོ་སྤྲོད་བྱས་རྗེས་ད་གཟོད་གསར་ལམ་ཁག་ལ་བསྒྲགས་རྒྱུའི་བྱེད་ཐབས་གཉིས་བྱུང་།
ག༽ ད་ལྟའི་ལྷག་དཀར་ལས་འགུལ་ལྟ་བུ་ནི་ངེས་པར་དགོས་ངེས་དང་ད་དུང་འཐུས་ཚང་ལ་བཏང་ནས་མི་བསྟུན་པའི་ལས་འགུལ་ཚད་ལྡན་ཞིག་ཡོང་ཐབས་ལ་འབད་པ་བྱེད་དགོས།
ང༽ ད་ལྟའི་ཆར་ང་ཚོས་ངེས་པར་ལས་འགུལ་སྤེལ་སྐབས་ལས་འགུལ་བ་མང་ཆེ་བས་ལས་འགུལ་གྱི་ངོ་བོ་ཤེས་རྟོགས་མེད་པའི་སྣང་ཚུལ་ཞིག་འབྱུང་གིན་ཡོད་པས། ལས་འགུལ་སྤེལ་ཐབས་ཀྱི་སྐོར་ལ་སྦྱོར་བརྡར་ངེས་པར་སྤེལ་དགོས།
ཅ༽ ད་ལྟའི་ཆར་བོད་ཀྱི་བླ་མ་ཁག་ལ་རྗེས་འཇུག་འབུམ་ཚོ་བརྒལ་བ་ལོངས་ཀྱིན་ཡོད་པ་རེད། ཁོང་དག་གིས་བོད་ཀྱི་རྩ་དོན་ལ་འགན་བླངས་ནས་འགྲེལ་བཤད་གནང་རྒྱུ་གལ་ཆེན་རེད།
ཆ༽ ཉིན་བཅུ་དང་བཅོ་ལྔའི་རྗེས་ནས་ལུས་འགུལ་བ་བརྗེ་རེས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་། མཉམ་འབྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཡུ་རོབ་སྤྱི་མཐུན་བཅས་ཀྱི་སྒོ་ཁར་ཟླ་དང་ལོ་བསྟུན་ནས་ལས་འགུལ་སྤེལ་དགོས།
ཇ ༽ ད་ལྟའི་བཀའ་བློ་ཁྲི་པ་ལྟ་བུར་བོད་ནང་གི་བོད་མིའི་གདེང་འཇོག་དང་གུས་བརྩི་ཆེན་པོ་དེ་ཡོད་པའི་སྐབས་དང་བསྟུན་ནས་བོད་ནང་གི་མེར་བསྲེག་ལས་འགུལ་ལ་ཁ་ཕྱོགས་ཤིག་སྟོན་རྒྱུ་གལ་ཆེན་ཡིན་པ།
ཉ ༽ ལོ་ངོ་ལྔ་བཅུའི་འཐབ་རྩོད་ཀྱི་བརྒྱུད་ལམ་ཁག་ལ་ལེགས་ཉེས་ཅི་བྱུང་གི་སྐོར་ལ་ངེས་པར་བསྐྱབ་ཞིབ་ཅིག་བྱེད་དགོས།
གོང་གསལ་དོན་ཚན་ཁག་ནི་བགྲོ་གླེང་སྐབས་བྱུང་བའི་བསམ་ཚུལ་དག་གཅེས་བསྡུས་བྱས་པ་ཡིན་པས་ངེས་པར་དགོངས་བཞེས་ཅེས་”བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ”བགྲོ་གླེང་བཀོད་སྒྲིག་པ་ཚོགས་ཞུགས་པ་ཐུན་མོང་ནས་གུས་འདུད་དང་བཅས།

མིའི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ་ཞེས་པའི་
བགྲོ་གླེང་སྐབས་ཀྱི་ཚོགས་ཞུགས་པ་རྣམ་པའི་མཚན་གཤམ་གསལ།

1. བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན།

2. བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན།

3. བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ།

4. བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ།

5. བོད་མི་མང་སྤྱི་འཐུས་གངས་ལྷ་མོ།

6. ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས།

7. ནོར་གླིང་མཐོ་སློབ་གྱི་ལོ་རྒྱུས་སློབ་དཔོན་དགེན་ལྷ་ལུང་།

8. ལོ་རྒྱུས་ཉམས་ཞིབ་པ་འཇུ་བསྟན་སྐྱོང་།

9. རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།

10. ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་།
11. དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར།
12. བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་།
13. རྡ་སར་ཡོད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན།
14. བགྲོ་གླེང་གོ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ།
15. ཟུར་ཉན་པ་དབུས་འོས་བསྡུའི་འགན་འཛིན་ལས་འཕར་ཟུར་བ་གཡང་ཁོ་རྒྱལ་དང་། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་། བློ་བཟང་ཡེ་ཤེེས། དེ་བཞིན་ས་རཱ་མཐོབ་སློབ་ཀྱི་སློབ་མ་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་མ་སོགས་ཁྱོན་བཅུ་ཕྲག་ལྔ་ལྷག་ཡོད།

གསར་འགྱུར།

Post navigation

Previous Post: ཕ་ཡུལ་དུ་ལོག་པའི་ལམ་བར།
Next Post: ཨ་སྐྱོང་ཇོ་ནང་དགོན་པའི་ད་ལྟའི་གནས་སྟངས།

Comments (14) on “བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ”

  1. ཞལ་ལུ་དཀར་པོ says:
    2012-02-20 at 10:40 am

    ད་ཡིན་ན་ད་རེས་བགྲོ་གླེང་དེ་དོན་སྙིང་ལྡན་པ་ཞིག་འོང་བའི་ཡིད་ཆེས་ཡོད།

  2. འབྲོག་རིན་པོ་ཆེ། says:
    2012-02-20 at 11:01 am

    བགྲོ་གླེང་པ་དག་གི་ཤེས་ཚད་དང་འཇོན་ཚད་ལ་མི་འཛའ་པའི་མིང་རེ་བཏགས་པ་དེ་དེ་འདྲའི་མཚམས་པོ་ཞིག་ཏུ་མཐོང་མ་སོང་། ངོ་མ་ཚད་འཇལ་མི་ཤེས་མཁན་གྱི་བཙན་བྱོལ་པ་འདི་དག་རང་ཚོད་ནས་མི་འདུག་པ་འདི་ཅིས་ཉེས་སམ། དགེ་རྒན་དང་སློབ་དཔོན་གཉིས་ལ་དབྱེ་བ་ཡོད་ནི་རེད། ངས་བལྟས་ན་བཙན་བྱོལ་ཁྲོད་དགེ་རྒན་ཚད་ལྡན་ཞིག་བཙལ་ན་ཡང་དཀའ་ཚོད་ཡིན་དུས་སློབ་དཔོན་ཞིག་གང་ན་ཡོད། ལྷག་པར་ནོར་གླིང་དང་ས་ར་སོགས་ན་སློབ་དཔོན་ཞིག་ཡོད་མེད་ང་ཚོར་ཕྱི་གསལ་ནང་གསལ་ཡིན་པ་ཤེས་བཞིན་དུ་འདི་ལྟར་འཇོག་པ་ནི་མིའི་དོན་དངོས་ཀྱི་གོ་ཐོབ་ལ་སྣང་ཆུང་བྱས་པ་ཞིག་རེད་ལགས། དེ་བས་ད་ནས་བཟུང་བཙན་བྱོལ་ཚང་གི་མི་ཚོས་སྐད་གྲགས་ཅན་དང་ཉམས་ཞིབ་པ།སློབ་དཔོན་སོགས་ཀྱི་ཐ་སྙད་འདི་དག་ལ་རྒྱུས་ལོན་བྱས་ནས་འབྲི་རོགས། འདི་ནི་ང་གོང་གི་མི་དེ་དག་ལ་མ་དགའ་ནས་བྲིས་པ་ཙམ་མིན་པར་ང་ཚོ་སྤྱི་ཡོངས་ལ་འགན་ཁུར་བའི་ཐོག་ནས་བཤད་ཀི་ཡོད་པས་དེ་དོན་ཐུགས་སུ་འཇགས་རོགས་ཞུ།

  3. འདོད་ལྷ་ཁམས་པ། says:
    2012-02-20 at 11:37 am

    བགྲོ་གླེང་འཚོགས་དགོས་གི་རེད། གནད་དོན་ཐག་གཅོད་དགོས་གི་རེད། བགྲོ་གླེང་མང་ཙམ་འཚོགས་ན་གནད་དོན་མང་ཙམ་ཤེས་རྟོགས་ཡོང་གི་རེད། ལྷག་པར་དུ་ས་གནས་ག་ས་གང་དུ་བགྲོ་གླེང་འཚོགས་དགོས་གི་རེད། ད་རེས་གོ་སྒྲིག་པ་ཡིནན་ནའང་རེད།གཏམ་བཤད་པ་ཡིན་ནའང་རེད། ཚང་མ་ཡག་པོ་རེད། གོ་སྒྲིག་པ་གསར་པ་རེ་གིས་མི་སྣ་གསར་པ་རེ་གདན་དྲངས་ནས་བགྲོ་གླེང་གནང་ན་སྐད་ཆ་གསར་པ་དང་བསམ་ཚུལ་གསར་པ། དེ་བཞིན་གནས་ཚུལ་གསར་པ་སོགས་མང་ཙམ་བློ་སྐྱེད་ཡོང་གི་རེད།
    དེ་འདྲ་མིན་པར་ནམ་རྒྱུན་ཚོགས་པ་གཅིག་དང་མི་གཅིག་གིས་བཤད་བཤད་པར་བསྡད་ན་སྐད་ཆ་དང་བསམ་རང་འཇགས་བསྡད་གི་རེད། སོང་ཙང་། ཧ་ཅང་ཡག་པོ་རེད། མི་ཚང་མས་མི་གཅིག་ལ་རྒྱབ་ནས་བཤད་བཤད་གཏོང་རྒྱུའི་ཚབ་ལ་རང་རང་ས་གནས་སུ་གོ་སྒྲིག་དང་བགྲོ་གླེང་རེ་འཚོགས་དང་།
    རང་ཕན་གཞན་ཕན་ཡོང་གི་རེད།

  4. ཨ་མ་ཆང་མ། says:
    2012-02-20 at 11:51 am

    སྟོང་པ་མིན་ཙམ་དུ་ཁ་དམག་ཅིག་རྒྱབ་པར་དགའ་བསུ་ཞུ། རེ་བར། ཁ་བཤད་ཆུ་ཡི་ལྦུ། ལག་ལེན་གསེར་གྱི་ཐིགས་པ། ལྟ་བུ་མིན་པའི་རེ་བ་ཆེ།

  5. བོད་ལ་ཞེན། says:
    2012-02-20 at 12:07 pm

    ཡིད་རངས་ཡོད། བོད་མི་འགན་ཞིག་འཁུར་ནས་ཕྱག་ལས་གནང་བ་རེད། ཁ་བརྡའི་མཆན་བུ་བ་སྨྱོན་པ་དེ་ཚོ་དང་འདྲ་ཡི་མ་རེད། དྲ་འབུ་དེ་ཚོ་ཆུ་ཚོད་སྐར་མ་གཅིག་སྤྱི་པའི་དོན་དུ་བཏང་མ་མྱོང་བར་བོད་དོན་ཕྱག་ལས་གནང་མཁན་སྤྱི་སྒེར་ཚང་མར་གཞི་མེད་ཀྱི་སྐྱོན་བཏགས་ནས་བསྡད་ཀྱི་རེད། ཡིད་མ་ཆེས་ན་དེ་ཚོའི་མཆན་ལ་ལྟོས་དང་དེ་ཚོས་ཁ་མ་བཏང་སའི་གཞུང་དང་ཚོགས་པ་སུ་འདུག གཞུང་དང་། ཚོགས་པ་ཁག བོད་དོན་ལས་འགུལ་བ། བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་སོགས་ཐམས་ཅད་ལ་གཞི་མེད་ཀྱི་སྐྱོན་བཏགས་ཀྱི་རེད།

  6. ཨ་རིག་དགེ་མཐོང་། says:
    2012-02-20 at 12:19 pm

    བགྲོ་གླེང་གི་གོ་སྐབས་ཤིག་བསྐྲུན་པར་དགའ་བསུ་ཞུ། ལེགས་འགྲུབ་བྱུང་བ་དེ་བས་ཀྱང་དགའ་ཡོད།

  7. བཀྲ་ཤིས་སྒ་འཁྱིལ། says:
    2012-02-20 at 12:33 pm

    ད་ཐེངས་བགྲོ་གླེང་གི་དོན་མཚན་འདི་དག་ཐག་གཅོད་ཀྱི་རང་བཞིན་གསལ་བ་ལྟར་དོན་འབྲས་རྒྱུན་འཁྱོང་ཡོང་བའི་ཡིད་ཆེས་ཡོད།

  8. འཇིགས་མེད། says:
    2012-02-20 at 1:00 pm

    བགྲོ་གླེང་གོ་སྒྲིག་གནང་མཁན་དང་། བགྲོ་གླེང་བ་ཚང་མར་དགའ་བསུ་ཡོད། བཀུར་འོས་སྤྱི་འཐུས་རྣམ་པ་དང་། དགེ་རྒན་དང་ཉམས་ཞིབ་པ། རྩོམ་པ་པོ། ཟུར་ཉན་པ་ཚང་མས་འགན་ཞིག་བླངས་བ་རེད། དུས་ཚོད་ཅིག་བཏང་བ་རེད། ངོ་མ་བཟང་བྱུང་། བགྲོ་གླེང་མང་ཙམ་གནང་ན་བློ་བསྐྱེད་དང་མི་རབས་གསར་པ་བསྐྱེད་བསྲིངས་ཀྱི་མིག་དཔེར་འགྱུར་ངེས་རེད། ༢༩་དགུའི་གླུད་རྫོང་གི་གཏོར་མ་འདིའགན་འཁུར་མེད་པའི་དྲ་འབུ་ཚོས་ཁ་ནང་ལ་འཕངས་བ་ཡིན། འདི་ཚོ་རེ་རེ་བཞིན་ལོ་རྙིང་བའི་གད་སྙིགས་ཀྱི་ནང་དུ་གཡུག་རྒྱུ་ཡིན།

  9. བོད་ཀྱི་བུ། says:
    2012-02-20 at 6:47 pm

    ཧ་ཅང་ཡག་པོ་རེད། ང་ཚོའི་སྤྱི་ཚོགས་ཀྱི་མ་འདང་ས་གཙོ་བོ་ཞིག་ཡོད་པ་ནི་སྤྱི་ཚོགས་དཔྱད་གླེང་དང་གནད་དོན་དབྱེ་བསལ་གྱི་བགྲོ་གླེང་རེད། འདི་དག་མེད་པའི་རྐྱེན་གྱིས་ལས་འཆར་གནད་འཁེལ་ཞིག་ཀྱང་འདོན་ཐུབ་ཀྱི་མེད་པ་རེད། དེ་བས་ད་རེའི་བགྲོ་གླེང་འདི་ཧ་ཅང་ཡག་བྱུང་འདུག ད་དུང་མུ་མཐུད་ནས་ཕྱོགས་ངོས་མང་པོ་ནས་བགྲོ་གླེང་བྱེད་དགོས་ཀྱི་གལ་ཆེ་བར་མཐོང་།

    དེ་ནས་དྲ་འབུ་ཁ་ཤས་ཀྱིས་སོ་སོའི་མིང་ལ་བསམ་བློ་མ་བཏང་ནས་གཞན་གྱི་མིང་ལ་ཕྲག་དོག་བྱེད་སྟངས་འདི་ཅི་འདྲའི་དགོད་བྲོ་བ་ཞིག་རེད།

  10. རྩམ་དགའ། says:
    2012-02-20 at 7:50 pm

    རྒྱབ་སྐྱོར་ཡོད། བགྲོ་གླེང་འདི་ཡང་ལས་འགུལ་སྤེལ་སྟངས་ཤིག་རེད། ལས་རིགས་འདྲ་མིན་གྱི་ནང་ནས་དམངས་ཚོགས་ནས་མ་ཤེས་པ་དང་མ་མཐོང་བ། ད་དུང་ལས་ཀྱི་སྣེ་མོ་བའི་མ་འཇོན་པའམ་སྣེ་མ་རྩོམ་པའི་རིགས་ཅི་ཡོད་གསལ་འདོན་བྱེད་པའི་ཐར་ལམ་ཡག་ཤོས་རེད། མུར་མཐུད་དུ་བགྲོ་གླེང་བྱོས། སུ་རྒྱལ་སུ་ཕམ་ཁ་ལྕེ་སུ་བདེ་བའི་གནད་དོན་མ་རེད། བགྲོ་གླེང་ནི་གཞུང་དམངས་བར་གྱི་མི་མཐུན་ཕྱོགས་བསལ་བྱེད་ཀྱི་སྒྲོན་མེ་ལྟ་བུར་ཡིན་སྟབས་་་་་་་་མུར་མཐུན་བགྲོ་གླེང་བྱོས།

  11. བདག་པོ། says:
    2012-02-20 at 10:17 pm

    རྡ་སའི་གཤོངས་ནས་འབྲུག་སྐད་རྒྱབ་པ་མ་གཏོགས་ཆར་པ་གཏོང་ཡས་ཁག

  12. ཞལ་ལུ་དཀར་པོ says:
    2012-02-20 at 11:12 pm

    བདག་པོ་ལོས་བདེན།
    རྡ་སའི་མཁའ་དབྱིངས་ན་སྤྲིན་པ་ཐར་ཐོར་ཞིག་འཁྲིགས་ནས་ལོ་ངོ་ལྔ་བཅུ་ལྷག་ཙམ་ཕྱིན་ཡང་ཆར་འབྲུ་གཅིག་ཀྱང་ས་ལ་འབབ་མ་མྱོང་།
    ད་ནི་ནམ་མཁའ་ན་སྤྲིན་པ་ཡོད་མེད་ཙམ་ལའང་ལྟ་བར་མི་འདོད།
    ལ་ལ་དག་གིས་ལྟོས་དང་དེ་རིང་ནམ་མཁའ་ན་སྤྲིན་ཞིག་འཁྲིག་རྩིས་འདུག་ཅེས་ཤོད་ནའང། རེ་ཐག་ཡོངས་སུ་ཆད་པའི་སེམས་ཁུངས་འདིས་མགོ་བོ་བྲང་ངོགས་ལ་སྒུར་བ་ལས་དགྱེ་འདོད་ཀྱི་ཀུན་སློང་ཡལ་ཟིན།
    ད་ལྟའི་སྤྲིན་པ་འདིའང་སྤྲིན་པ་རང་ག་བ་ཞིག་ལས་དམིགས་བསལ་གྱི་རེ་བ་གང་ཡང་མ་བསྐྱས།
    དེ་ནི་སྔོན་ཆད་ཀྱི་སྤྲིན་པའི་བསླུས་པ་ལ་ཡི་ཐང་ཆད་པ་ལོས་ཡིན།
    གནས་གཞིའི་ནགས་ཚལ་འདི་སྟུག་དྲགས་པས་རླུངས་བུའི་རྒྱུ་བ་བར་མཐའ་ཡས་ཞེས་ཟེར།
    དྲི་བཞོན་ལྷ་མོ་དྲག་ཏུ་ཁྲོས་ན་སྤྲིན་རུམ་ཚལ་བུར་གཏོར་བ་ནི་ཆོས་ཉིད་ཀྱི་རིགས་པ་ཞིག་རེད།
    ཨོ་་་་་་་་་་་གནམ་ལ་བལྟ་བ་ལས་ས་ལ་ལྟོས་དང་་་་་་་་་་་རྡོག་སྣ་ཙམ་མ་འཐོག་ན་དེ་ག་རེད་་་་་་་་་་་་་ཨོ་་་ཧུ་ཧུ་ཧུ།

  13. གཞིས་ཆགས་བུ། says:
    2012-02-21 at 12:19 am

    ངོ་མ་བགྲོ་གླེང་དེ་འདྲ་ཞིག་གོ་སྒྲིག་ཐུབ་པར་བཟང། སྤྱི་ཚོགས་ནང་དུ་ཀླད་པ་སྟོང་པ་ཞིག་ཁྱེར་ནས་ལས་འགུལ་ཞིག་སྤེལ་བ་ལས། དོན་སྙིང་ལྡན་པའི་སྒོ་ནས་བགྲོ་གླེང་ཞིག་བྱས་ན་བཟང་། ཤེས་ལྡན་པ་ཞིག་གིས་ལས་འགུལ་གཅིག་སྤེལ་བ་དེས་ཤེས་ཡོན་མེད་པ་ཞིག་གིས་ལས་འགུལ་བརྒྱ་སྤེལ་བ་དང་ཁྱད་པར་མེད། ཤེས་ལྡན་པ་དེས་དོན་ལ་དམིགས་པའི་ཐོག་ནས་ལས་འགུལ་སྤེལ་གྱིས་རེད།

    དེར་བརྟེན་དེ་འདྲ་བའི་བགྲོ་གླེང་དང་དཔྱད་གླེང་ང་རང་ཚོའི་སྤྱི་ཚོགས་ནང་མང་ཙམ་གནང་དགོས་པ་གལ་ཆེན་པོ་རེད། བོད་ནང་དུ་མཚོན་ནའང་དེ་འདྲའི་དཔྱད་གླེང་དང་བགྲོ་གླེང་ཅི་འདྲ་མང་པོ་ཞིགས་འཚོགས་ཀྱིན་མི་འདུག་གམ། དེ་ཚོ་ནི་ཁོང་ཚོར་དུས་ཚོད་མང་དྲགས་པ་དང་ལས་ཀ་མེད་པ་སོགས་ཀྱིས་མིན་པར་། སྤྱི་ཚོགས་ཀྱི་ནང་དུ་སྐྱོན་རྣམས་འཐེར་འདོན་དང་ཡོན་ཏན་རྣམས་བརྗོད་པར་བྱེད་ནས་སྤྱི་ཚོགས་ཀྱི་ཤེས་ཡོན་ལ་སོགས་པ་ཡར་རྒྱས་གཏོང་གིན་ཡོད།

  14. གསེར་འབྲུག་སྡེར་ལྔ་ says:
    2012-02-21 at 9:35 am

    དོན་མཚན་༼ཀ་པ་༽དེ་དམིགས་བསལ་བཙན་བྱོལ་སྤྱི་ཚོགས་ནང་དགོས་ངེས་ཅན་གྱི་གནད་དོན་ཞིག་རེད། རྒྱུ་མཚན་དུས་བབས་ཀྱི་རྒྱུད་ལམ་ནང་མཆན་ཞབས་པ་སྲོང་བཙན་སྒམ་པོ་ཞེས་པ་ཁྱི་ལ་སེང་གེའི་མིང་བཏགས་མཁན་ཞིག་གིས་གཞོན་ནུའི་ལས་འགུལ་སྤེལ་ཕྱོགས་ལ་མི་ཐད་པའི་རྣམ་འགྱུར་ངན་པའི་འོག་སྡིག་བསྐུལ་བྱས་ནས་མི་རབས་གསར་པ་དང་མི་རབས་རྙིང་པའི་བར་འགལ་ཟླ་བཟོ་རྩིས་བྱེད་པའི་བྱ་སྤྱོད་འདི་འཚམས་འཇོག་ངེས་པར་དུ་མ་བྱས་ན་འཇུག་འབྲས་ལ་འགན་ལེན་བྱེད་དགོས་པ་རེད། སྡིག་བསྐུལ་དང་འཇིགས་བསྐུལ་བྱེད་རྒྱུ་ཞིག་ཡོད་ན་སྡུག་ཁ་རྒྱ་ལ་བསྐོར་ནས་མ་བྱས་པར་སྡུག་ཁ་ནང་ལ་བསྐོར་ནས་བྱེད་སྟངས་འདི་ཅི་འདྲའི་ཡ་མཚན་ཅན་ཞིག་མ་རེད་པས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme