Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་མཚོན་ཆ་མེར་སྲེག་གི་བྱ་འགུལ། ༼པཪ་རིས༽

Posted on 2013-11-262013-11-26 By ཁ་བརྡ་ 32 Comments on བོད་མིའི་མཚོན་ཆ་མེར་སྲེག་གི་བྱ་འགུལ། ༼པཪ་རིས༽

石渠县智噶寺

འཕྲོས་འབྲེལ་ཐག་འདི་ནས་གཟིགས། http://woeser.middle-way.net

གསར་འགྱུར།

Post navigation

Previous Post: དགྱ་དམག་གི་དྲག་གནོན་དང་བོད་མིའི་ངོ་རྒོལ།
Next Post: ཨེ་མཐོང་ལགས།

Comments (32) on “བོད་མིའི་མཚོན་ཆ་མེར་སྲེག་གི་བྱ་འགུལ། ༼པཪ་རིས༽”

  1. རིག་པའི་བུ says:
    2013-11-26 at 1:16 pm

    བླ་རྒན་འདི་ཚོས་རང་ལ་ཁེ་ཕན་ཐོབ་ཆེད་མི་རིགས་འདི་རྩ་མེད་བཟོ་ངེས་རེད།

  2. གནམ says:
    2013-11-26 at 2:13 pm

    ད་ནི་བློང་རྟགས་ཟིག་བསྟན་ཡོང་གི་འདུག།
    བསྔགས་བརྗོད་རྩ་ནས་མི་བྱེད།
    དགྲ་ཇག་ཆོམ་རྐུན་འདི་འདྲའི་ཆེ་ས་ན།

    འདྲེ་ལག་ཏོ་འདིས་ཚོས་ཁ་དགེ་ལེན་མདོག་གི། མི་རིགས་ཡོབ་ལ་གཏོང་འདོད་ཅི་ཡིན་ནམ།

  3. ཁྱུང་དཀར། says:
    2013-11-26 at 2:34 pm

    མེ་མདའ་ཉོས་ན་ཞེ་དྲག་གོང་ཆེན་རེད། འུར་འདྲོག་ཅིག་གིས་བསྲེགས་བཞག་ན་རྒྱུ་ནོར་ཕངས་མེད་དུ་བཏང་བ་མ་རེད་བེ། བླ་མ་ཁྲི་ཐོག་ལ་བསྡད་ནས་སྐྱ་བོའི་ཅ་དངོས་བསྲེགས་ན་དགོས་པ་ག་རེ་ཡོད་དམ། ཅ་དངོས་འདི་དག་རང་རིགས་གསོད་སྤྱད་ནི་ཡིན་རྒྱུ་མ་རེད།

  4. ཨ་ཕྱི་ཆོས་སྒྲོན says:
    2013-11-26 at 4:09 pm

    ངོ་མ་ད་ཤེས་ས་མ་རེད། སྔོན་མ་སྔོན་མ་ཡིན་ན་བོད་རིགས་འདི་དཔའ་མཛངས་གཉིས་ལྡན་གྱི་རྒྱལ་ཁབ་ཡག་པོ། འཛམ་གླིང་སུམ་གཉིས་ལ་དབང་བའི་རྒྱལ་ཁབ་ཅིག་ཡོད་རབས་འདུག ད་སྔོན་ཡིན་ན་རྒྱ་མི་མི་དྲག་ཚོས་དགོན་པ་མེ་ལ་རྒྱབ་གཏོར། བོད་མི་གང་དྲག་ཚོས་གཅན་གཟན་ལྤགས་པ་དང་གཟི་བྱུར་སོགས་མེ་ལ་བསྲེག བར་སྐབས་ཤིག་ལ་དར་ཟབ་མེ་བསྲེག མཚོན་ཆ་མེ་ལ་བསྲེག ད་ཡིན་ན་མི་ལུས་རིན་པོ་ཆེ་ཡང་མེ་བསྲེག་ཐབས་བྱས་ནས་བོད་མི་སྣོད་བཅུད་ལ་ཡར་ཏིལ་ཙམ་ཕན་ཐོག་མེད་པར་མར་མེ་བསྲེག་གཏོང་ན་ཡི་རང་དང་མོས་མཐུན་གཏན་ནས་མི་འདུག

  5. སྟག་སྨྱོན། says:
    2013-11-26 at 6:20 pm

    ད་དུང་དགྲ་ཤ་ལོན་མེད་པས་མཚོན་ཆ་བསྲེགས་ཚད་སྔ་དྲགས་པ་རེད། རྒྱལ་ཁབ་དང་ཕ་ས་ཕྱིར་ལོན་རྒྱུའི་རེ་བ་མེད་ནའང་། ཕ་མ་གཉེན་ཉེ་བསད་པའི་དགྲ་ཤ་མ་ལོན་པར་ཤི་ན་འགྱོད་ས་རེད། རྒྱ་མིས་བོད་མི་འབུམ་མང་པོ་བསད་ཚར་བ་རེད། གསོན་པོ་རྣམས་ཀྱང་བོད་པ་བྱས་ནས་བསྡོད་དུ་འཇུག་འདོད་མེད་ཤེས་གསལ་རེད། བླ་རྒན་བསམ་མེད་ཚོས་གང་ཡང་བྱེད་སྲིད། མཐའ་མ་སྡུག་ལས་བྱེད་པའི་ལག་ཆ་གཙོ་བོ་མི་སོ་སོའི་ལག་པ་དང་མཛུབ་མོ་ཡིན་པས། བོད་མི་ཚོས་རང་རང་གི་མཛུབ་མོ་དང་ལག་པ་གཅོད་དགོས་ཟེར་སྲིད། ལག་འཛུབ་བཅད་ནས་མེ་རུ་བསྲེགས་དགོས་ཟེར་སྲིད།
    མཚོན་ཆ་ནི་ངེས་པར་དུ་ཉར་དགོས་པ་ཞིག་རེད། ནམ་ཞིག་གཤེད་མ་སྲོག་ལེན་དུ་སྒོ་བརྡུང་ནས་ཡོང་དུས། མཚོན་ཆ་མེད་ན་ཅི་བྱེད། མཚན་ཆ་ཞེས་པ་ཚེ་སྲོག་གི་སྲུང་མ་རེད། སྲུང་མ་མེ་ལ་བསྲེག་ན་རང་གི་ཚེ་སྲོག་མགོན་མེད་སྐྱབས་མེད་བཟོས་པ་རེད། འོན་ཀྱང་སྲུང་མ་འདི་དག་ཕྱི་དགྲ་སྲུང་ཆེད་ལས་ནང་དམེའི་ཆེད་སྤྱོད་མི་རུང་བའི་དམ་བཅའ་ལོས་དགོས།

  6. སྟག་སྨྱོན། says:
    2013-11-26 at 6:27 pm

    ༡
    མཚོན་རྣོ་བོ་སྲོག་གི་སྲུང་མ་རེད།།
    དགྲ་ནག་པོའི་མགོ་བོ་གཏོར་ཆེད་རེད།།
    མགོ་ཟླུམ་པོ་ཆོས་པ་བསམ་མེད་ཚོས།།
    མི་རེ་རེའི་སྲུང་མ་མེ་ལ་བསྲེགས།།
    ༢
    མཚོན་རྣོ་བོ་ཕུ་ནུའི་སྲུང་མ་རེད།།
    དགྲ་ནག་པོ་གདོང་ནས་འགོག་ཆེད་རེད།།
    མགོ་ཟླུམ་པོ་ཆོས་པ་ཁ་རྒྱགས་ཚོས།།
    ནང་ཕུ་ནུའི་སྲུང་མ་མེ་ལ་བསྲེགས།།

  7. རོང་བཙན། says:
    2013-11-26 at 7:08 pm

    མཚོན་ཆས་མི་ལ་ཚུར་བེད་སྤྱོད་ཀྱི་ཡོད་རེད་དམ། མི་ཡིས་མཚོན་ཆ་ཕར་བེད་སྤྱོད་ཀྱི་ཡོད་རེད། ཀླད་མེད་བོད་རྒན་འདི་ཚོས་མི་རིགས་ཀྱི་ཡོད་ཚོད་ནས་ཡོད་ཚོད་ཕུང་ལ་སྦྱོར་རྒྱུ་ཡིན་པ་འདྲ།།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-26 at 10:15 pm

    ལ་དྭགས་ཡུལ་དུ་དགྲ་གཞན་ལ་གྲིས་འཛིངས་དགོས་བསམས་ནས། གྲི་ཁྱེར་ནས་འགྲོ་སྲོལ་ཞིག་མེད་པ་སྔར་བཤད་ཟིན་པ་ཡིན། གྲི་ཡིས་དགྲ་ལ་འཛིངས་ནས་གྱོང་མ་གཏོགས་ཁེ་ཞིག་ཅང་མེད་པ་མཐོང་། བོད་ཤར་ཕྱོགས་སུ་མི་ཞིག་གིས་མི་གཞན་ཞིག་བསད་པ་ན། རེ་ཞིག་མི་དེ་བསད་པས་རྒྱལ་ཁ་ལོན་པ་ལྟ་བུ་བྱུང་ཡང་། མཐར་བསད་པའི་མི་དེའི་བུ་ཚ་ཀུན་ཆེར་སོང་བ་ན། རང་གི་ཕ་གསོད་མཁན་དེ་ཡི་དགྲ་ཤ་ལེན་པའི་གཏམ་རྒྱུད་རླུང་ལྟར་གྲགས།
    གཞན་ཡང་ཨ་རི་པ་ངའི་གྲགས་པོ་ཞིག་གིས་བཤད་པའི་གཏམ་རྒྱུད་དངོས་བྱུང་ཞིག་ནི། མི་ཞིག་གིས་མི་གཞན་ཞིག་མེ་མདས་བསད། གསོད་མཁན་དེ་རང་ཉིད་དཔའ་བོ། སུ་གང་གིས་ཀྱང་རྒོལ་མི་ཐུབ་པ་ཞིག་ཡིན་པར་སེམས་ལ་ཡོད་ཀྱང་། ཉིན་ཅིག་ཁོས་བསད་པའི་མིའི་དེའི་ཆུང་མས་མེ་མདའ་སྦས་ནས་ཁྱེར་ནས། ཤིང་རྟར་བཞོན་ཏེ། རང་ཉིད་དཔའ་བོ་ཡིན་སེམས་མཁན་དེའི་ཁང་པའི་འགྲམ་དུ་ཕྱིན། མི་དེ་ཕྱིར་འཐོན་ཏེ། རྔམས་བཞིན་བུད་མེད་ཀྱིས་གང་བྱེད་ཐུབ་སེམས་བཞིན་འགྱིང་བ་ན། བུད་མེད་དཔའ་བོ་དེས་མི་དེ་ལ་མེ་མདའ་བརྒྱབས་ཏེ། ལྔ་པའི་ལམ་དུ་བཏང་། རང་གིས་ཁྱོ་གའི་དགྲ་ཤ་བླངས་པའི་ལོ་རྒྱུས་ཐོས་སོ།
    ཨོ་ཀོང་རིན་པོ་ཆེ་བོད་པའི་མེ་མདས་བསད་པ་ཐོས་སྐབས། ཨ་རི་ཡུལ་དུ་བློ་ལྡན་རྣམས་ཀྱིས་མེ་མདའ་འགོག་པའི་ཐབས་ལ་འབད་པ་བཞིན་དུ། བོད་ཡུལ་དུ་མེ་མདའ་ཁྱེར་སྲོལ་མེད་པ་བཟོ་བར་བྲིས་པ་དེའི་་གྲུབ་འབྲས་དངོས་སུ་མཐོང་བར་དགའ་བ་ཆེན་པོ་བྱུང་། ཀྱེ་ཀྱེ་སྭ་སྭ་ལྷ་རྒྱལ་ལོ།
    ་་་
    སྤྱི་ལོ་༡༣ ཟླ་བ་༡༠ ཚེས་༡༢་ལ་བདག་གིས་འདི་ལྟར་བྲིས་ཏེ།
    ཆོས་དར་སར་བདུད་ཅེས་པ་ལྟར་བོད་མི་འགའ་ཞིག་ཁྲོད་དུ་དགྲ་ལ་འཛིངས་བསམས་ནས། གྲི་ཁུར་ནས་འགྲོ་བ་མཐོང་། ང་བཀྲ་ཤིས་ལྷུན་པོར་ཡོད་སྐབས་ཤག་ཚང་གཅིག་པ་ཞིག་ཡོད་པས། སྟོད་འགག་གི་འོག་ཏུ་གྲི་ཆེན་ཁུར་ནས་འགྲོ། ད་ལྟ་ཁོང་གྲོངས་ནས་ལོ་ངོ་སུམ་ཅུར་ལོན། ཁོ་མེད་ཀྱང་། ལོ་རྒྱུས་ནི་ངའི་སེམས་ལ་གནས། ཉིན་གཅིག་ང་ལ་ཐང་རྐྱལ་ཞིག་ཡོད་པ་གཡར་དགོས་ཟེར་བ་ན། ང་རང་ཡང་སེམས་གྱོང་དྲག་ནས། མི་གཡར་ཟེར་བ་ན། ཤག་ཚང་གཅིག་པ་དེས་ཤ་གཏུབ་བྱེད་འབོག་ད་ལག་ཏུ་ཁུར་ནས། ང་ལ་འཇིགས་སྣང་བསྐུལ། ང་ཁ་སྒྲོག་ལ་བསྡད་པས་ཡིན་ངེས། འཁྲུགས་འཛིངས་དེ་ཞི་འཇམས་སུ་སོང་། གཞན་ཡང་ང་བཀྲ་ཤིས་ལྷུན་པོར་སླེབས་སྐབས་སུ་གྲྭ་པ་ཞིག། རང་གི་ཤག་ལ་དགོན་པ་གཞུང་གིས་སྒོ་ཐེ་བརྒྱབས་ནས། སྡོད་ཤག་མེད་པར་ཁང་ཚན་སྤྱིའི་ཐབ་ཏུ་བསྡད། དེ་ཡང་འདོད་ཆགས་ཀྱིས་བོད་ཕྲུག་གཅིག་དང་ཤག་ཚང་གཅིག་པ་ཆགས། བོད་ཕྲུག་དེས་གྲི་ཁུར་ནས་འགྲོ་བོའི་སྐབས་སུ། རྒྱ་ཁམས་པའི་གྲྭ་པ་དོབ་དོབ་ཅིག་གིས་འདོད་ཆགས་ཀྱིས་བོད་ཕྲུག་དེ་འཐེན་པ་ན། བོད་ཕྲུག་དེས་ཁམས་པ་དོབ་དོབ་དེ་ལ་གྲི་བརྒྱབས་ཏེ་བསད། དེ་ནས་མི་གསོད་མཁན་བོད་ཕྲུག་དེ་བོད་ནས་བྲོས་ཏེ། ཀ་ལིམ་པོང་དུ་ལྷམ་བཟོ་མཁན་ཞིག་ཏུ་གྱུར།
    སྟབས་ལེགས་པ་ཞིག་ལ། ལ་དྭགས་སུ་དགྲ་དང་འཛིངས་པ་ན། ལག་རྗེན་གྱིས་འཛིངས་པ་མ་གཏོགས་གྲི་འཛུགས་པའི་སྲོལ་ངན་དེ་ཆགས་མི་འདུག འོན་ཀྱང་༡༩༦༠ རེ་གྲངས་རྣམས་སུ་ལ་དྭགས་ཅོག་ཚལ་ཞེས་པར་སྐྱབས་བཅོལ་པའི་སྒར་ནས། གྲི་ཁྱེར་ནས་སྐྱབས་བཅོལ་པ་ཞིག་གྲོང་གསེབ་ཏུ་སོང་བ་ན། གྲོང་གསེབ་པ་དང་འཁྲུགས་པ་ཤོར་ཏེ། གྲོང་གསེབ་པ་དེ་གྲིས་བཀུམ། གསོད་མཁན་དེ་ཡང་ཁྲིམས་ཀྱིས་སྲོག་ལན་དུ་བསད་མེད་ཀྱང་། ཚེ་གང་བཙོན་ལ་བསྡད་དགོས་པ་སྲིད། དེས་ན་ཨ་རིའི་ཡུལ་དུ་མེ་མདའ་མེད་པར་བཟོ་བའི་ཐབས་ལ་འབད་རྩོལ་བྱེད་པ་ལྟར་བོད་ཡུལ་དུ་ཡང་གྲི་ཁྱེར་ནས་འགྲོ་བའི་ལུགས་སྲོལ་དེ་མེད་པར་བཟོ་བའི་ཐབས་ལ་འབད་དགོས་སོ།

  9. གངས་ལྡོམ། says:
    2013-11-26 at 10:42 pm

    མཚོན་ཆ་འདི་ཚོ་བེད་སྤྱད་ནས་དགྲ་གཅིག་གསོད་ཐུབ་ན་དགའ་བ་ལ།

  10. གནམ says:
    2013-11-26 at 10:45 pm

    བོད་ཀྱི་གོར་གཟན།
    ཨ་རིའི་ཁ་རྒྱགས།
    ལ་ཏོག་པའི་བསྟོན་པ།
    ཁྱེད་འདྲ་འདྲའི་འཇིག་རྟེན་གྱི་བདེ་སྡུག་མི་ཤེས་མཁན་ཚོས། གདོང་གྱང་ལ་གཏད་ནས་སངས་རྒྱས་བའི་གོ་འཕངས་སྙེག་ན་རན་པོ་རེད་དོ།
    སྐུ་རླུང་མ་བཞེངས། བཤད་དགོས་དངོས་ཀྱིས་སྡོད་མ་ཚུགས་སོ།

  11. སྤོབས་པ་མཐའ་ཡས། says:
    2013-11-27 at 1:29 am

    སྤྱིར་ན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་མེ་མདའ་མེད་པར་བཟོས་ན་ལེགས་པའི་དགོངས་པ་དེ་ལ་རྒྱབ་སྐྱོར་དང་ལེགས་སོ་ཞུ་བ་ཡིན། འོན་ཀྱང་བོད་པ་དང་རྒྱ་ཁམས་པ་ཟེར་བ་ལྟ་བུའི་བོད་ནང་ཁུལ་ལ་དབྱེ་འབྱེད་དང་། ས་ཁུལ་སྡེ་རིས་ལས་བརྩམས་ཏེ་ཟུར་ཟ་བྱེབྱེད་ན་ནི་མི་ཡ་རབ་ཅིག་གི་སྐད་ཆ་བཤད་སྟངས་ལ་གཏན་ནས་བརྩི་འདོད་མེད། དེ་བཞིན་དུ་ཁྱེད་ཀྱིས་རྒྱ་དམར་གཞུང་གི་གསོལ་སྟོན་རེ་ལ་ཞུགས་ཐུབ་ཡོད་སྲིད་ན་ཡང་ནམ་ཡིན་ན་ཡང་རྒྱ་བསྟོད་སྨད་མི་བྱེད་པའི་རེ་བ་ཡོད།

  12. འབྲོང་མགོ་སྐམ་པོ། says:
    2013-11-27 at 2:08 am

    ད་ནི་བོད་ཀྱི་རྒྱ་བླ་དེ་ཚོར་ལས་རྒྱུ་ཟིག་མ་རྙེད་པར་བསྡད་ཡོད་པས་རེད། སྔོན་མ་ཨེ་ཟི་རལ་ལ་རང་བཙན་ཐོབ་དོན་ནི་འབངས་མི་སེར་ཡོངས་ལ་མེ་མདའ་ཡོད་པ་དང་མེ་མདའ་རྒྱག་ཤེས་པས་རེད། ང་ཚོའི་བོད་པ་ཚོའི་ལག་ནས་༡༩༩༥ནས་༢༠༠༠ལོའི་བར་རྒྱ་གཞུང་གིས་མེ་མདའ་ཐམས་ཅད་ཕྱིར་སྤྲོད་རྒྱུ་ཡིན་ལུགས་བཤད་ནས་ཕྱིར་བསྡུས་པ་རེད། མཐའ་མ་གཅིག་ཀྱང་སྤྲད་ཡོད་པ་མ་རེད་ལ་དེའི་རིན་ལ་གུན་གསབ་ཀྱང་སྤྲད་ཡོད་པ་མ་རེད། རེ་ཟུང་ལུས་པ་འདི་མ་འོངས་པ་ན་མཁོ་དུས་ཤིག་ཡོད་ཀྱང་བོད་ཁམས་ཀྱི་ཡོན་ཏན་མེད་པའི་བླ་མ་དག་དང་ལྷག་ཏུ་དགེ་བཅུའི་ཁྲིམས་སོགས་ཁ་ལ་འཁྱེར་ནས་དམིགས་ཡུལ་གཞན་ཞིག་བསྒྲུབས་དང་སྒྲུབ་ཀྱིན་པའི་བླ་གྲྭ་འདི་ཚོས་བོད་མི་རིགས་ཚང་མ་མི་ལ་རས་པ་བཞིན་བྱེད་དགོས་པར་སྐུལ་བཞིན་ཡོད་པ་ནི་མི་རིགས་འདི་རྒུད་པའི་ཕྱོགས་སུ་འདེད་པ་ལས་ཡར་རྒྱས་སུ་འགྲོ་བར་ག་ལ་ཕན། གཏན་ནས་མི་ཕན་ནོ།།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-27 at 2:51 am

    སྤོབས་པ་མཐའ་ཡས་མཆོག
    རྒྱ་དམར་གཞུང་གཞུང་གིས་བོད་ཀྱི་རིག་གཞུང་དང་ལེགས་བྱང་མེད་པར་བཟོ་བའི་བསམ་པས་སྔར་གྱི་དངོས་རྫས་མང་པོ་གཏོར་བཤིག་བྱས་པའི་རྒྱུ་མཚན་གྱིས་དེའི་གསོལ་སྟོན་རེ་ལ་འཇུག་པའི་རེ་བ་ནམ་ཡང་མེད་། འོན་ཀྱང་བོད་ཀྱི་རིག་གཞུང་སྐྱོབ་པ་པོ་ཞིག་ཡིན་ན། རྒྱ་་ཡིན་ཀྱང་དེ་ལ་བསྟོད་དགོས བོད་ཀྱི་རིག་གཟུང་འཇིག་པ་པོ་ཞིག་ཡིན་ན། རྒྱ་ཡིན་ཀྱང་སྨད་དགོས་པར་མ་ཟད་བོད་པ་ཡིན་ཀྱང་དེ་ཁོ་ན་ལྟར་རོ།
    ཁྱེད་ཀྱིས་ཡ་རབས་ཤིག་ཞེས་པར་། ཡ་རབ་ཅིག ཅེས་འབྲི་ན། བོད་ཀྱི་སྐད་ལ་གནོད། པཎ་ཆེན་སྐུ་གོང་མས་གསུངས་པ་ལྟར་བོད་པས་བོད་ཀྱི་སྐད་སྲུང་ཞིང་སྤེལ་དགོས། ཁྱེ་རྒན་པས་དེ་ལྟ་འབྲི་བོད་གཞོན་སྐྱེས་ཀུན་གྱིས་ཀྱང་དེ་ལྟར་བྱེད་པ་མཐོང་བཞིན་ཡ་ཡིན། བོད་སྐད་མེད་པར་འགྲོ་ན། བོད་ཀྱི་ལུགས་བཟང་དང་ལེགས་བྱང་ཐམས་ཅད་མེད་པར་འགྲོ་བ་ནི། ཁྱེད་སྤོབས་པ་མཐའ་ཡས་ཡིན་པས། གནས་ལུགས་འདི་མང་དུ་ཞུ་ཅི་དགོས།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-27 at 2:57 am

    ཁྱེ་རྒན་པས་དེ་ལྟ་འབྲི་བོད་གཞོན་སྐྱེས་ཀུན་གྱིས་ཀྱང་དེ་ལྟར་བྱེད་པ་མཐོང་བཞིན་ཡ་ཡིན། ཞེས་པ། ཁྱེད་རྒན་པས་དེ་ལྟར་འབྲི་ན། བོད་གཞོན་སྐྱེས་ཀུན་གྱིས་ཀྱང་དེ་ལྟར་བྱེད་པ་མཐོང་བཞིན་པ་ཡིན། ཞེས་བཅོས་སོ།

  15. བསྟན་འཛིན་ཆོས་འཛོམས་ says:
    2013-11-27 at 3:15 am

    མཚོན་ཆ་མེར་བསྲེགས་དང་གཏན་གཅོད་བྱེད་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད།ད་སྔ་བོད་པས་གྲི་དང་མེ་མདའ་བཟུང་སྟེ་རྒྱ་ག་ཚོད་བསད་ཐུབ་ཡོད།ཅི་གང་བསད་ཐུབ་མེད་པ་རེད།ང་ད་བར་བོད་ནང་ནས་བསྡད་པ་ཡིན།དེ་ངས་ཤེས་ནི་རེད།འོན་ཀྱང་།བོད་མིས་གྲི་དང་མེ་མདའ་འདི་ཚོས་རང་གི་སྤུན་གྲོགས་མནའ་བཅད་ཚུན་ཆད་མང་པོ་བསད་ཚར་བ་རེད།ཨ་མདོའི་འབྲོག་ས་ཁག་དང་ཁམས་ཁུལ་དུ་གྲོང་གསེབ་རེ་རེར་ཡང་ལོ་རེའི་ནང་ཆ་སྙོམས་བོད་མིས་བོད་མི་གཅིག་གཉིས་རེ་བསོད་རེས་གཏོང་རྒྱུ་འཆར་ཅན་ཡིན།དེ་ཚོར་གྲི་དང་མེ་མདའ་འདི་རིགས་བེད་སྤྱོད་གཏོང་གི་ཡོད།
    མ་གཞི་བོད་འདི་ནང་ཁུལ་འཁྲུག་རྩོད་ལ་ཤིན་ཏུ་དགའ་བོ་རེད།རྒྱ་གར་དང་ཨིན་ཇི།རྒྱ་མི་སོགས་མང་པོ་ཡོད་སར་བོད་མི་རེ་ཟུང་ཡོད་ན་ཇི་གང་སྐྱོན་མི་འདུག་མོད།བོད་མི་ཁོ་རང་ཚོ་མང་ཙམ་འཛོམས་ཚེ་ནང་ཁུལ་རྒྱག་རེས་ཤོར་ངེས་ཅན་རེད།ངེས་པར་དུ་རྒྱག་རེས་བརྒྱབས་སར་བོད་མི་ཅིག་དགོས་པ་རེད།ཐབས་སྐྱོ་བོ་དེ་འདྲ་རེད།རྒྱ་ལ་དགྲ་ཤ་ལེན་རྒྱུ་སོགས་ནི་ཕ་རིའི་སྤང་བརྒྱན་རེད།
    དེ་བས་དེང་སང་བོད་ཀྱི་བླ་སྤྲུལ་དྲིན་ཅན་བསམ་ཡོད་ཁ་ཤས་ཀྱིས་མཚོན་ཆ་དང་ནང་འཁྲུག་མེད་པར་བཟོ་བཞིན་པ་འདི་ཧ་ཅང་གལ་གནད་རེད།
    ཁ་ཤས་ཀྱིས་གྲི་དང་མེ་མདའ་དགོས་དུས་ཤིག་ཡོད་མདོག་མདོག་དང་དགྲ་ཤ་ལེན་དགོས་པ་སོགས་བྲིས་འདུག་མོད།དེང་སང་གི་དུས་རབས་འདི་འདྲར་གྲི་དང་མེ་མདའ་གོབ་ཏོ་ཁ་ཤས་ཀྱིས་གོ་ཆོད་དམ།དགྲ་ཤ་ཅིག་ལོན་ཐབས་མེད་པ་ཤེས་བཞིན་དུ་དགྲ་ཤ་ལེན་དགོས་ཞེས་རང་རིགས་གཞོན་སྐྱེས་ཚོ་ཕུངས་ལ་སྦྱར་ཏེ་ལག་སྣེར་བསྐྱོན་ན་སྙིང་པོ་འདུག་གམ།མི་ཕུངས་ཚད་ཁ་ཡིས་ཕོངས་ཟེར་བར་བསམ་བློ་གཏོང་དགོས་རེད་ད།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-27 at 3:16 am

    གནམ་མཆོག
    ཁྱེད་མི་ཡ་རབས་ཅན་ཞིག་ཏུ་མཐོང་བས། ཤ་ཚས་བསླབ་བྱ་ཞིག་རྒྱབ་དགོས་པར་མཐོང་། ཁྱེད་ཀྱིས་བོད་དང་བོད་སྲོལ་བཟང་སྐྱོང་བར་འདོད་ཅིང་། རང་གི་འདོད་དོན་ཡི་གེར་འབྲི་ན། དང་པོ། དཔེ་ཆ་ཡི་གེ་དག་པ་རེ་ལ་བལྟ། ཡི་གེའི་ཐོབ་སྟངས་ལེགས་པར་སྦྱང་། དེ་ནས་ཁྱེད་ཀྱི་འདོད་པ་གང་ཡིན་འབྲི་ན། དེ་ཉིད་ཤུགས་ཅན་དུ་འགྱུར། དེར་མ་ཟད་ཁྱེད་ན་སོ་རྒས་ཀྱང་། ང་ལ་འབྱུང་བ་ལ་ལྟར་ལོ་རྒས་ཀྱང་གཞོན་པའི་ཉམས་འབྱུང་བ་ཐག་ཆོད་པ་ཡིན་པ་ཐུགས་ལ་འཇོག་དགོས།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-11-27 at 4:25 am

    མཚོན་བྱ་སྒེར་བདག་མི་བྱེད་པ་ལ་རྒྱབ་སྐྱོར་ཡོད། འོནད་ཀྱང་མཚོན་བྱ་བཟོས་ཟིན་པ་འདི་ག་ཀྱང་རྒྱུ་དངོས་པོ་ཅིག་ཡིན་པས། སྤྱི་ཁང་འགྲེམས་སྟོན་གཅིག་གི་ནང་ལ་གསོག་འཇོག་བྱས་ན་སྐྱོན་དེ་ཙམ་ཡོད་དམ།

  18. སྙིང་སྟོབས། says:
    2013-11-27 at 5:41 am

    ཕྱི་ཡི་མཚོན་ཆ་མེར་བསྲེགས་ན་ཕན་ལས་གནོད་ཆེ། དེ་ལས་ནང་གི་སེམས་རྒྱུད་བཅོས་ཚུལ་ལ་བསླབ་བྱ་མང་ཙམ་རྒྱབ་ན་ལེགས།

  19. ཇུས་མེད་ཇུས་གཏོགས། says:
    2013-11-27 at 6:25 am

    ང་ཚོ་རྒྱ་ནག་གཞུང་གི་ལག་པའི་ནང་གི་བྱ་སྒོང་ཞིག་བྱེད་འདོད་ཡོད་དམ་ཡང་ན་ང་ཚོ་དངོས་ཡོད་ཀྱི་ལོ་རྒྱུད་ལ་གཞི་ཞག་ནས་མདུན་སྐྱོད་བྱེད་རྒྱུ་ཡིན་ནམ་

  20. ཇུས་མེད་ཇུས་གཏོགས། says:
    2013-11-27 at 6:25 am

    ང་ཚོ་རྒྱ་ནག་གཞུང་གི་ལག་པའི་ནང་གི་བྱ་སྒོང་ཞིག་བྱེད་འདོད་ཡོད་དམ་ཡང་ན་ང་ཚོ་དངོས་ཡོད་ཀྱི་ལོ་རྒྱུད་ལ་གཞི་ཞག་ནས་མདུན་སྐྱོད་བྱེད་རྒྱུ་ཡིན་ནམ་

  21. ཁྲ་ཚང་གཡུ་སྣ says:
    2013-11-27 at 7:55 am

    མཚོན་ཆ་འདི་ཚོས་བོད་རང་བཙན་ལེན་པར་ཕན་པའི་ཆ་དང་གནོད་པའི་ཆ་གང་ཆེ་ཡོད་དམ? དེ་ལས་ཀརྡོས་བཤད་པ་ལྟར་བྱུང་ན་དགེ་མཚན་ཆེ།

  22. བསྟན་འཛིན་ཆོས་འཛོམས། says:
    2013-11-27 at 9:24 am

    རྒན་ལ་དྭགས་པས་རྒྱ་ཁམས་པ་ཟེར་བར་ཁག་མེད་པ་རེད་སྙམ།ངའི་ཕ་ཡུལ་ནས་ཀྱང་རྒྱ་བོད་པ་ཟེར་སྲོལ་ཡོད་པ་མ་ཟད།དེ་གཉིས་ཀ་མགོ་བདེ་བོ་དང་ཁོག་ནག་པོ།གཡོ་སྒྱུ་ཆེན་པོ་བློ་གཏད་ཡིད་ཆེས་བྱེད་མི་འོས་ས་ཅིག་ལ་བརྩིས་ཀྱི་འདུག གཅིག་བྱས་ན་སྐད་ཆ་དེ་ཚོར་རྒྱུ་མཚན་ཡོད་སྲིད་པ་རེད།གཅིག་བྱས་ན་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དབང་གིས་གོ་བ་ལོག་སྒྲུབ་ཀྱང་ཡིན་སྲིད་པ་རེད།

  23. གནམ says:
    2013-11-27 at 9:38 am

    ལ་ཐོག་པ། ལ་ཏོག་པ། ལ་དྭགས་པ། ལ་ཐོད་པ། ལ་དོག་པ། ངས་ཁྱེད་ལ་ཞུ་བྱ་ཞིག་ཡོད། ལོ་བརྒྱ་ལོན་ནས་སེམས་གཅིག་མ་ཤེས་ཟེར་བའི་དཔེ་ལྟར། ཡ་རབ་ལ་འགྲོགས་ན་ཡ་རབ་དང་། མ་རབ་ལ་འགྲོགས་ན་མ་རབ་ཞིག་ཡོད།
    བསླབ་བྱ་ནི་ཡག་པོ་རེད། དང་ལེན་ནི་ཁག་པོ་རེད། ཆོས་དང་འཇིག་རྟེན་ནི་ཁ་ཁ་ཡིན་པས། མགོ་ཉོག་གི་གཏམ་མ་མང་ན་བཟང་།
    ཕ་དང་མ་བྱེད་འདོད་ནི་ཁྱེད་ལ་མེད། བུ་དང་བུ་མོ་སྐྱོང་འདོད་ནི་ཁྱེད་ལ་མེད། མྱི་རབས་ཚ་རྒྱུད་ནི་ཁྱེད་ལ་མི་དགོས། བློ་ཆོས་དང་ཕྱི་མ་དག་ཞིང་ཡིན་པས། ང་ཚོ་ཁྱེད་དང་ནམ་ཡང་མི་འདྲ་བས། ང་ཚོ་ལ་སྟོབས་དང་ནུས་བ་དགོས།

  24. རྒྱང་མིག says:
    2013-11-27 at 9:57 am

    གྲྭ་རྒན་དེ་ཚོས་རང་རྒྱུད་ཀྱི་མ་རུང་བ་ཉོན་མོངས་དུག་གསུམ་འདུལ་ཐབས་ངང་བསླབ་པ་སློབ་གཉེར་མི་བྱེད་པར། ཉམ་ཆུང་བོད་མི་ཚོར་ཤ་ཚ་ཡོད་མདོག་གིས་ཁོ་ཚོའི་རང་སྲུང་མཚོན་ཆ་ཚུན་ཡང་མེད་པར་བཟོས། ལེགས་ཉེས་ལ་མ་བལྟས་པར་མཚོན་ཆ་དེ་ཚོའི་གྲས་ན་བོད་མིའི་རིག་ཤེས་རྩལ་གསུམ་དང་འབྲེལ་བ་ཡོད་པ་ག་ཚོད་ཅིག་ཡོད་ཨང་།

    དགོན་སྡེ་དང་གྲྭ་རྒན་དེ་ཚོ་གང་ཞིག་ཡིན་རུང་བོད་མི་ཚོ་ལ་དོན་གྱི་ཤ་ཚའི་ཐུགས་བསམ་ཞིག་བཞེས་ཀྱི་ཡོད་ན། བོད་མི་ཚོ་ལ་གོ་སྐོན་བློ་འགུག་གི་བསླབ་བྱ་ཡང་ནས་ཡང་དུ་རྒྱག་ཞོར་ཁོ་ཚོར་ཤེས་ཡོན་སྤྲོད་ཐབས་གནང་དགོས་པ་ལས། བོད་མི་ཚོས་གལ་ཆེན་དང་གཅེས་སྤྲས་བྱེད་པའི་རང་སྲུང་མཚོན་ཆའི་རིགས་རྩ་བརླགས་བཟོས་པས་ཅི་ཕན།

    འོ་ན། རིག་གསར་སྐབས་ཀྱི་གསུང་རབ་མེར་བསྲེགས་ཀྱི་རྣམ་པ་ཇི་བཞིན་མཚོན་ཆའི་རིགས་ཀྱང་འདི་ལྟར་མེད་ཐབས་བཟོས་ན། བོད་ཀྱི་གལ་ཆེའི་གནད་དོན་ཅིག་གྲྭ་རྒན་དེ་ཚོས་ཐག་གཅོད་བྱེད་ཐུབ་སོང་བ་ཡིན་ནམ། ངས་བསམ་ན། མང་ཚོགས་ལ་སྐུལ་སློང་བྱེད་མཁན་གཏེ་བོ་གྲྭ་རྒན་དེ་ཚོར་དཔྱོད་ཤེས་ཟབ་མོ་མེད་པས་རེད། ཧ་ཅང་ཕངས་པོ་རེད།

  25. ལུང་རྟོགས། says:
    2013-11-27 at 11:40 am

    ཧ་ཅང་ཡག་པོ་རེད། ང་ཚོའི་མཚོན་ཆས་ཕུ་ནུ་ནང་གསོད་གཏོང་སྤྱད་ཙམ་ལས་དགྲ་བོ་མི་སོད་པ་མངོན་གསལ་རེད་ལ། ང་ཚོས་རྒྱ་གཞུང་ལ་མཚོན་ཆས་ཡ་ལན་གཞལ་བ་ནི་བྱ་སྒོང་བྲག་ལ་རྒྱབ་པ་དང་གཅིག་མཚུངས་རེད། གང་ལྟར་བོད་པའི་མཚོན་ཆ་ལ་བཟང་ཆ་གཏན་ནས་མེད།

  26. སྤོབས་པ་མཐའ་ཡས། says:
    2013-11-27 at 1:07 pm

    མཚོན་ཆ་བརྒྱ་ཆ་དགུ་བཅུ་དེ་ཁྲིམས་འགལ་གྱིས་ཉར་ཡོད་པ་རེད། མེར་བསྲེགས་མི་བྱེད་ན་བདམ་ཀ་གཉིས་མ་གཏོགས་མེད། ཡང་མིན་ན་རྒྡ་དམར་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་རེད། དེ་མི་འདོད་ན་བཙོན་ཁང་ལ་འགྲོ་རྒྱུ་རེད། ངས་འདི་གཉིས་ལ་སྐུལ་སློང་བྱ་འདོད་མེད། དེ་ལས་བོད་མི་རང་རང་གི་ལག་གིས་རྩ་མེད་བཟོས་ན་ཆོས་ལུགས་ཁྲིམས་ལུགས་གཉིས་ཐད་ནས་བྱེད་སྟངས་སྙིང་ཚིམ་པོ་ཞིག་རེད་བསམ། འདི་ལྟ་བུའི་ལམ་སྟོན་མཁན་གྱི་དགེ་འདུན་པ་དག་ལ་མགོ་ཡི་རལ་བ་གདན་དུ་འབུལ་བར་དགའ་མགུ་ཡི་རིང་གིས་དད་ཕྱག་དབུལ་བར་བགྱིའོ།།

  27. ཁྲ་ཚང་གཡུ་སྣ says:
    2013-11-27 at 1:27 pm

    རྒྱ་མི་བོད་ལ་མ་ཡོང་སྔོན་ནས་བོད་པ་ཚང་ལ་རང་སྲུང་མཚོན་ཆ་ཡོད་པས་སུའི་ཁྲིམས་དང་འགལ་བ་ཡིན་ནམ?

  28. ཅོ་རི་ཉི་མ། says:
    2013-11-27 at 2:21 pm

    ཨོ་ཡ་་་་སྐད་ཆ་ཚིག་གསུམ་བཤད་མཁན་བསླེབས་པ་ཡིན། བོད་མི་ནང་ཁུལ་དུ་བསད་རེས་བྱས་དང་བྱེད་བཞིན་པའི་གནས་སྟངས་འདི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་རེད། ལྷ་སྲས་དར་མའི་མགོ་ལ་གླང་རྭ་བཙུགས་ནས་བསད་པའི་རྗེས་སུ་བོད་སིལ་བུ་འཐོར་བ་དང་། ལུང་ཚན་རིང་ལུགས་བྱས་ནས་བསད་རེའི་མང་པོ་བྱས་པ་རེད། ཆོས་ལུགས་པའི་ནང་ཁུལ་དུ་བསད་རེས་བྱས་པའི་ལོ་རྒྱུས་དྲི་ངན་ཅན་དེ་ལ་མི་བཤད།

    རྒྱ་དམར་གུན་ཁྲན་ཏང་བསླེབས་ནས་ད་ལྟའི་བར་དུ་བོད་མི་ནང་ཁུལ་དུ་བསད་རེའི་བྱས་པའི་ལོ་རྒྱུས་ལ་ཕྱོགས་སྡོམ་ཞིག་བརྒྱབ་ན་་་་བོད་མིས་བོད་མི་ག་ཚོད་བསད་རེས་བྱས་སོང་། ༡༩༥༧་་་༥༨་༥༩་ལོར་བོད་མི་མང་པོ་རྒྱ་དམག་ནང་དུ་མཛུལ་ཞུགས་བྱས་ནས་བོད་མི་ནང་ཁུལ་དུ་བསད་རེས་ག་ཚོད་བྱས་ཡོད། དེ་ནས་༡༩༦༠ནས་མཉམ་ལས་ཟེར་བ་ཞིག་བཙུགས་ནས་མ་འཐོར་གྱི་བར་དུ་་་༡༩༨༦་ཙམ་བར་དུ་བོད་མི་ཁུལ་དུ་བསད་རེས་ག་ཚོད་བཏང་ཡོད།
    དེའི་རྗེས་ནས་ད་ལྟའི་ཨ་ཀོང་བླ་མའི་བར་དུ་བོད་མི་ནང་ཁུལ་བསད་རེས་ག་ཚོད་གཅིག་བཏང་རེས་བྱས་མ་སོང་ངམ། ཁྱོད་ཚོས་མཐོང་ཐོས་བྱུང་ངམ། ??????????? ངས་མཐོང་ཐོས་བྱུང་བ་ནི་ཤ་མྱི་བུ་སྤུན་དང་གྲོགས་པོ། ཆུང་དུས་ཀྱི་སློབ་གྲོགས། སོགས་རང་དང་ཉེ་བའི་བོད་མི་མང་པོ་ཞིག་གྲི་ཤི་ཕྱིན། དེ་ཡང་བོད་མི་ནང་ཁུལ་དུ་བསད་རེས་བྱས་ནས་ཤི་སོང་བ་རེད།

    ངའི་ཤ་ཉེ་འབྲེལ་དེ་དག་གི་བསད་རེས་བྱས་དུས་ཀྱི་ལག་ཆ་གྲི་དང་མེ་མདའ་རེད། སྔོན་མ་རི་པན་བོང་གྲི་དང་། རྒྱ་ནག་ནས་ཐོན་པའི་རག་གྲི་འབྲུག་གྱི་རི་མོ་ཡོད་པ་གཉིས་སྐད་གྲགས་ཆེ་ཤོས་རེད། དེ་ནས་་་བྱེའུ་བོང་ཟེར་བའི་མེ་མདའ་ཞིག་ཐོན་པ་རེད། མེ་མདའ་དེ་ལ་གོ་རིང་ཐུང་གཉིས་འདུག དེ་ནས་ཙི་འདྲ་ཟེར་བའི་མེ་དམའ་དང་། ཚེ་སྔོན་གྱི་མེ་དམའ་རྙིང་པ་དེ་དག་བེད་སྤྱོད་ནས་བོད་མི་ནང་ཁུལ་དུ་བསད་རེས་བྱས་པ་རེད།

    གོང་གི་གོ་ལག་ཆ་གྲི་དང་མེ་དམའ་དེ་དག་གི་དགྲ་བོའི་ཁ་གཏད་བཅག་གི་ཡིན་ཟེར་ན་་་B52དམག་གི་གནམ་གྲུ་མིག་གིས་མཐོང་མ་མྱོང་བའི་ལོང་བ་ཞིག་ཡིན་པ་རེད། གོང་གི་ལག་ཆ་དེ་དག་བོད་མི་ནང་གསོད་གཏོང་རྐྱེན་མཁོ་ན་མུ་མཐུད་ནས་བདག་པོ་རྒྱོབ། རྒྱའི་ཁ་གཏད་བཅག་དགོས་མདོག་མདོག་དང་ཁྱོད་རྣམས་པ་ཚོས་བཤད་པ་ཡིན་གྱི་མ་རེད་བ་་་་་་་་་་ཧཧཧཧ

  29. སྤོབས་པ་མཐའ་ཡས། says:
    2013-11-27 at 2:27 pm

    རྒྱ་མི་བོད་ལ་མ་སླེབས་གོང་ཡིན་ན་འདྲ། སླེབས་པའི་རྗེས་ཡིན་ན་འདྲ། མེ་མདའ་ཉར་བ་དེ་ཡག་པོ་ཞིག་ཅི་གང་ཡང་མ་རེད། མདོ་ཁམས་ཀྱི་རྒྱུད་ཀྱི་ནང་ཁུལ་དམར་གསོད་ཀྱི་སྲོལ་ངན་ཤུགས་ཆེ་ས་ཚོར་ཁ་ལ་ཟ་རྒྱུ་དང་རྒྦ་ལ་གྱོན་ལྒྱུ་ཡག་པོ་མེད་བཞིན་དུ་མེ་མདའ་ཉོ་བ་དང་ རང་ལ་རྒྱལ་ཁབ་ཅིག་རོད་མེད་ཀྱང་ཧ་མི་གོ་བཞིན་དུ་ནང་ཁུལ་ལ་མདའ་བེད་སྤྱོད་བྱེད་སྲོལ་འདི་རིགས་གནའ་ནས་ད་བར་དུ་རང་མགོ་གཞན་ལག་ལ་ཤོར་བའི་རྒྱུ་རྐྱེན་ངོ་མ་དེ་ཡིན། སྔོན་དུས་སུ་གྲྭ་བ་ཚོས་མེ་མདའ་ཉར་བའི་སྲོལ་ངན་དར་མྱོང་ཡོད། ད་གྲྭ་བས་སྣེ་ཁྲིད་དེ་མེ་མདའ་མེད་པར་བཟོ་བ་དེ་བཀྲ་ཤིས་པའི་བྱ་བ་ཞིག་ཡིན།

  30. ཅོ་རི་ཉི་མ། says:
    2013-11-27 at 2:28 pm

    ཨོ་ཉི་་་་བཀོར་ཁུག་་་ཁྱོད་ལ་ཅང་བཤད་ཀྱི་འདྲ་མེད་དམ།་་་

  31. སྤོབས་པ་མཐའ་ཡས། says:
    2013-11-27 at 8:14 pm

    རྒྱ་མི་བོད་ལ་མ་སླེབས་གོང་ཡིན་ན་འདྲ། སླེབས་པའི་རྗེས་ཡིན་ན་འདྲ། མེ་མདའ་ཉར་བ་དེ་ཡག་པོ་ཞིག་ཅི་གང་ཡང་མ་རེད། མདོ་ཁམས་རྒྱུད་ཀྱི་ནང་ཁུལ་དམར་གསོད་ཀྱི་སྲོལ་ངན་ཤུགས་ཆེ་ས་ཚོར་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ་ཡག་པོ་མེད་བཞིན་དུ་མེ་མདའ་ཉོ་བ་དང་། རང་ལ་རྒྱལ་ཁབ་ཅིག་ཡོད་མེད་ཀྱང་ཧ་མི་གོ་བཞིན་དུ་ནང་ཁུལ་ལ་མེ་མདའ་བེད་སྤྱོད་བྱེད་སྲོལ་འདི་རིགས་གནའ་ནས་ད་བར་དུ་རང་མགོ་གཞན་ལག་ལ་ཤོར་བའི་རྒྱུ་རྐྱེན་ངོ་མ་དེ་ཡིན། སྔོན་དུས་སུ་གྲྭ་བ་ཚོས་མེ་མདའ་ཉར་བའི་སྲོལ་ངན་དར་མྱོང་ཡོད། ད་གྲྭ་བས་སྣེ་ཁྲིད་དེ་མེ་མདའ་མེད་པར་བཟོ་བ་དེ་བཀྲ་ཤིས་པའི་བྱ་བ་ཞིག་ཡིན།
    རང་སྲུང་གི་ཆེད་དུ་མེ་མདའ་ཉར་ཟེར་བ་དེ་རྣ་བར་གཏན་ནས་མི་འགྲོ་བའི་སྐད་ཆ་རེད། དཔེར་ན། ང་ལ་རང་སྲུང་གི་མེ་མདའ་དང་གྲི་རིང་ཡོད། ཁྱོད་ལ་རང་སྲུང་གི་མེ་མདའ་དང་གྲི་རིང་ཡོད། ད་ཁྱོད་དང་ངེད་གཉིས་རྒྱག་རེས་ཤོར་ན་ངེད་གཉིས་ཀྱིས་མེ་མདའ་རྒྱག་རེས་བྱེད་ཀྱི་རེད། གལ་སྲིད་ཁྱོད་ངེད་གཉིས་ཀ་ལ་མེད་མདའ་མེད་ན་རྒྱག་རེས་ཤོར་ན་ཡང་གསོད་རེས་བྱེད་པའི་ཉེན་ཁ་ཆུང་བ་རེད། དཔེ་དེས་གཞལ་ནས་མེ་མདའ་རང་སྲུང་མི་ཐུབ་པ་ཤེས་དགོས།
    མེ་མདའ་ཉོ་བ་འདིའི་ནང་ཁུལ་གྱི་བདེ་འཇགས་ལ་གནོད། དཔལ་འབྱོར་ལ་གནོད། མཐུན་སྒྲིལ་ལ་གནོད། ཡུལ་ལུང་ཕལ་མོ་ཆེར་སྲིད་གཞུང་གི་ཆོག་མཆན་དང་ལག་ཁྱེར་མེད་པར་མེ་མདའ་ཉར་བ་ནི་ཁྲིམས་འགལ་ཡིན་པས་བོད་མིས་མེ་མདའ་མེད་པར་བཟོ་བའི་ལས་འགུལ་སྤེལ་བ་ནི་དགའ་འོས་པ་ཞིག་ཡིན་པས་ཤེས་ཡོན་ཅན་ཚོས་ངེས་པར་དུ་ཡང་སྐུལ་སློང་བྱ་བར་རིགས་སོ།།

  32. མགོན་པོ says:
    2013-11-29 at 5:29 am

    ངོ་མ་ལྐུག་པ་འདི་ཚོ་ཤ་ཚ ངས་ཁ་པར་བརྒྱུད་ནས་ངའི་ནང་མི་དང་ངོ་ཤེས་སོགས་ལ་རྒྱུན་དུ་བཤད་ཀྱི་ཡོད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme